CLOSE WINDOW

GT3177: rnal 'byor gyi glu
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཡོ་ག་གཱི་ཏ། བོད་སྐད་དུ། རྣལ་འབྱོར་གྱི་གླུ། སངས་རྒྱས་ལ་ཕྱག་འཚལ་ལོ།། ཀྱེ་ཀྱེ་སྦུ་གུ་ཚུར་ཤོག་ཉོན།། སྒྲིབ་པ་གསུམ་པོ་སྦྱངས་པ་དང་།། བླ་མའི་ཞབས་བསྟེན་གཉིས་པར ་བྱས། རྡོ་རྗེའི་ལུས་འདི་གཙང་མར་གྱིས།། འགྲོ་བ་འདི་རྣམས་ཀུན་ལ་ཁྱབ།། ཡེ་ཤོས་གཅིག་ནི་ལྔ་ཡོས་གཟུགས།། དྲུག་པ་རྡོ་རྗེ་སེམས་དཔའི་ཉིང།། འོད་ཟེར་སྣང་བ་མཆོག་གི་མཆོག། རྒྱུ་དང་མི་རྒྱུ་སྣ་ཚོགས་འདི།། དེ་བཞིན་ག ་པོཔོར་དབུགས་ཕྱུང་ནས།། བདེ་བ་ཆེན་པོ་གཅིག་ཏུ་བྱོས།། སངས་རྒྱས་རྒྱུ་དང་འབྲས་བུ་འབྱུང་།། བརྗོད་དུ་མེད་ཅིང་སྤྲོས་པོ་མེད།། རང་བཞིན་ཀུན་དང་རྣམ་པ་ཀུན།། སྒྲ་སྐད་ཀུན་དང་མི་འགྱུར་བཱི།། རབ་ཏུ་གསལ་བ་ལྟོས ་ཤིག་ཀྱེ།། འབྱུང་རྣམས་དེ་ཉིད་ལྔ་ལས་བྱུང་།། དེ་ཡོང་བདེ་བ་ཆེ་ལས་བྱུང་།། འགྲོ་བ་གསུམ་པོ་འཇིག་རྟེན་བཅས།། ཁྲོ་བོ་སངས་རྒྱས་དེ་ལས་སྐྱེས།། དེ་ཉིད་དྲུག་པོ་དེ་བཞིན་དུ།། ལུས་དང་ངགྲ་ཡིད་བདེ་བ་སྟེ།། འཁོར་བ་ཞི་པ ་བ་རྡོ་རྗེ་སྐུ།། དེ་ལས་སྤྲུལ་ཞིང་དེར་གྲོལ་ལི།། ཡིད་འོང་འདོད་ཆགས་ལུས་མེད་ཡིན།། གཉིས་གཉིས་ན་མཁའི་དབུས་སུ་ཞུགས།། སེམས་དང་ལུས་ཏེ་ཡུལ་ཙན་དང་།། ཡུལ་ཀུན་སྤྲུལ་པར་བྱེད་པའོ།། ཀྱཻ་ཀྱཻ་ཀྱཻ་ལགས་ཨཱ ་ཧོ་ཆུ་ར།། གཅིག་ཏུ་གཉིས་དང་དེ་ལས་ལྔ།། དྲུག་དང་བཅུ་ལས་མཚོན་བྱ་གཅིག། རྒྱུ་དང་འབྲས་བུའི་མཚན་ཉིད་ལྟོས།། སྒྱུ་མ་སྤྲུལ་པ་དེ་བཞིན་དུ།། འཇིག་རྟེན་རི་མོ་རྣམ་པར་བཀྲ། ནོང་གོ་ལུས་ནི་ཚོགས་པ་འདྲ། ་འཇིག་རྟེན་སྒྱུ་མ་འདི་ལས་སྤྱོས།། ཆོས་ཀྱི་དམ་པ་ན་མཁའ་དང་།། ས་བཞིན་གཡོ་བ་མེད་པར་གནས།། སྒྱུ་མའི་འཁྲུལ་འཁོར་འཇིག་བྱེད་པ།། ལམ་གྱི་གནས་པའི་དེ་བརྗོད་དོ།། ཨ་རེ་ཨ་རེ་ཁཎྜག ་པའི་ལྷ་ནི་རྫུན་པའི་འབྲས་བུ་ཙ་ནི།། བཅུ་དྲུག་དེ་ཉིད་མེད་ན་ཡང་བསླུ།། ཡོངས་སུ་གྲུབ་པ་མངོན་སུམ་རྟགས་པ་བྲལ།། ས་ལ་བྱུང་བ་གཉིས་ནི་ཤིན་ཏུ་འདྲེས།། སོ་སོར་བསྡུད་པ་སྤོས་དང་བྲལ།། རྟག་ཏུ་སྣང་བཱི ་མཚན་ཉིད་དོ།། གཟུགས་དདྷ་སེམས་ནི་མཉམ་འགྱུར་པ།། འཇིག་མེད་བསམ་གཏན་ན་མཁའ་མཉམ།། རྩ་གཉིས་འགགས་པའི་ཡེ་ཤེས་དང་།། ཉི་མ་ཟླ་བའི་སྲོགས་འགོག་པ།། དེ་ལས་ཁམས་རྣམས་ཐོམས་ཅད ་ནི།། ཐིག་ལེར་ཞུགས་པས་འཛིན་པ་ཉིད།། འཁོར་ལོ་རྣམས་འགྲོ་དང་འོང་།། སྦོམ་པོའི་ནུས་པ་བཅོམ་ནས་ནི།། དེ་ཉིད་ལྔ་པ་གཉིས་པོ་དག། རེ་རེ་ར་དེ་ཉིད་ལྔ་རྣམས་ཐིམ།། དེ་ལས་གཏུམ་མོའི་སྣང་པ་བཅུ།། ཁམསྲ་གསུམ ་པོ་ཡི་གཟུགསུ་སྣང་།། རྡོ་རྗེ་མེ་ལ་སྲོག་ཐིམ་མོ།། འབད་པའི་སྡུག་བསྔལ་ལས་གྲོལ་ཡིན།། ན་མཁའ་ལས་བྱུང་བུ་མོ་བཅུ།། ལྗོན་ཤིང་ཁུ་བུ་འཐུངས་པ་དང་།། ཡིད་ཀྱི་རྟོག་པའི་ཁ་ཟས་ཟློས།། ལུས་རྟ་ས་དེ་རྣམས ་ཆུང་མར་འགྱུར།། རྣམ་པ་བཅུ་ནི་ལྷན་ཅིག་འདུས།། རྡོ་རྗེ་ཝཾ་ཡིག་ཨེ་ལ་འདྲེ།། རྟག་པ་བརྟན་པ་འགྱུར་མེད་བདེ།། ཅི་སྟེ་མ་ཐོབ་ཁྱིམ་དུ་རོལ།། གཅིག་གཉིས་འདྲེས་པའི་བུད་མེད་ལ།། སྦྱོར་བས་རྣམ་དག་བདེ་བ་ནི།། ་འདོད་པ་དག་པ་བཅུ་ཐོབ་ནས།། བཅུ་གཅིག་པ་ནི་འཕོ་མེད་དོ།། སྟོང་དང་བདེ་རྗེས་དྲན་དེ་ལས།། ཁུ་བ་ཁྲག་དང་དབུགས་འགག་སྟེ།། ལུས་དང་ངག་སེམས་འགོག་པ་ལྔ།། རྡོ་རྗེ་རྣམ་བཞི་ཐོབ་པའོ།། ཁམས་གསུམ་སྲིད ་པ་གསུམ་འབྲས་བུ།། རྡོ་རྗེའི་སྐུ་ཡི་ཁྱད་པར་ལས།། སྣང་བ་བཅུ་ལས་གཞན་དུ་མེད།། ཡན་ལག་ཀུན་ལ་དེ་ལྟར་རྟོགས།། ཨཱ་རེ་ཨཱ་ཧོ་ཉོན་ཅིག་པུ་ཚུར་ཉོན།། སེམས་ནི་རེངས་ཤིང་སྣང་བ་ཐོབ་པ་དང་།། གནས་པ་དང ་ནི་འགག་དང་འགག་དང་འབར་བ་དང་།། བདྲེ་བའི་ཕྱིར་ན་སུམ་ཅུ་རྩ་དྲུག་གོ།། མེ་ནི་བརྟན་པར་མ་གྱུར་པར།། ནད་རྣམ་པ་མེང་པོ་ཡིས།། བཙན་ཐབས་སྒྲུབ་པས་དེ་དེ་ཐོབ།། བླ་མའི་མིན་ངག་བསྟན་པའོ།། སྣ་ཚོགས ་ཚེཆོ་ག་ཐ་དད་དང་།། སྣ་ཚོགས་བསམ་གཏན་དེ་དག་ཀྱང་།། ཆུ་ཤིང་ཇི་བཞིན་སྙིང་པོ་མེད།། དོན་དམ་གཅིག་པུ་གཉིས་སུ་མེད།། ལུས་ངག་སེམས་ནི་འགག་པ་ན།། རྡོ་རྗེའི་ལུགསུ་དེ་འགྱུར་རོ།། རྡོ་རྗེའི་ལུས་ཀྱི་གནས ་ཐོབ་ནས། དོན་ཆེན་དམ་པའི་ས་སྒྲུབ་པོ།། གཅིག་ཤོས་ཁམས་གསུམ་འགག་པ་སྟེ།། རིམ་པས་བྱེད་པ་སྒྱུ་མ་གསོག། དེ་ཉིད་གསུམ་གྱི་སྒྲིབ་པ་རྣམས།། སྤངས་པའི་བདེན་དོན་བཅུ་གཉིས་སོ།། ལྷན་སྐྱེས་སྐད་ཅིག ་གཅིག་པ་སྟེ།། ཡེ་ཤེས་ལྔ་དང་སྟོང་པ་ཉིད།། སྲིད་གསུམ་གཟུགས་བརྙན་འཆང་བས་ན།། བྱང་ཆུབ་དང་ནི་བྱང་ཆུབ་གཞི།། མ་སྐྱེས་གཟུགས་དང་གཞོམ་མེད་དང་།། རིག་པར་ཉམས་བག་དགའ་བའི་གནས།། ་དེ་རྣམས་རྣམ་པ་ཀུན་མཆོག་ལྡན།། ཕན་ཚུན་རྒྱས་བརྟབ་རྒྱལ་པོའོ།། འགྲོ་འདི་སྒྱུ་མའི་དྲ་བས་བཅིངས།། སོམ་ཉིའི་བརྒྱ་མཚོར་ནུབ་པར་གྱུར།། འགྱུར་བྲལ་བདེ་དང་རྡོ་རྗེ་ཡིས།། གཟུགས་བརྙན་རྩེ ་གཅིག་སེམས་ཀྱིས་བསྒོམས།། རྒྱུ་དང་མི་རྒྱུ་མུམ་པ་དང་།། མི་ཡིས་ཟ་ཞིང་སྐྱེད་པར་བྱེད།། འདི་དག་གཞན་དུ་གྱུར་ན་ནི།། གཤིན་རྗེའི་འཇིག་རྟེན་ལས་རྒྱལ་ལོ།། དེ་ལྟར་ཤེས་ནས་འབད་པས་བུ།། རྡོ་རྗེའི་ས་ལ་གནས ་པར་གྱིས།། འདིས་ནི་བདུད་ཀྱི་ཡུལ་ལས་རྒྱལ།། ཕ་རོལ་ལས་རྒྱལ་རྒྱལ་པོ་རྒྱལ།། ཞེས་པ་རྣལ་འབྱོར་གྱི་གླུ། སློབ་དཔོན་ཆེན་པོ་བདེ་བ་ཆེན་པོའི་རྡོ་རྗེའི་ཞབས་ཀྱིའོ།། རྒྱ་གར་གྱི་པཎྜི་ཏ་གང་བའི་རྡོ་རྗེའི་ཞལ་སྔ་ནས ་ལས་འགྲེལ་པ་དང་བཅོས་པ་མཉན་ནསོ།། གཡར་ཁྲལ་དུ་བསྒྱུར་བ་པོ་ནཻ་ཏཱ་ར་ནཱ་ཐའོ།། ། ་