| Wylie | e-texts produced with BDRC’s OCR application |
ཨོཾ་སྭཀྟ། ཨོཾ་བཛྲ་དྷ་རཱ་ཡ་ན་མོ།། རྒྱ་གར་སྐད་དུ། བཛྲ་སུ་མརྨྨ་ནཱ་མ། བོད་སྐད་དུ། རྡོ་རྗེའི་ལམ་བཟང་པོ་ཞེས་བྱ་བ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། མགོན་པོ་བདེ་བ་ཆེན ་པོ་ནི། བླ་མ་རྡོ་རྗེ་ཅན་ཞབས་འདུད།། མ་ལུས་རྒྱུད་རྣམས་ཐམས་ཅད་ཀྱི།། དེ་ཉིད་རབ་ཏུ་གསལ་བཤད་བྱ།། རྒྱུད་ཀྱི་དང་པོར་ཨེ་ཝ་ཡིག། ཕུང་པོ་ཀུན་གྱི་སྣོད་ཡིན་འདི།། སྟོང་དང་སྙིང་རྗེའི་བདེ་ཆེན་པོ།། སངས་རྒྱ ་འདིར་བརྗོད་འཁོར་བའང་འདི།། འོན་ཀྱང་རང་བཞིན་མངོན་གྱུར་དང་། འཇིག་མེད་སེམས་ཀྱི་དེ་ཉིད་རིག། འགྲོ་ལ་སྙིང་རྗེའི་སེམས་ཆེན་པོ།། རྒྱུ་ཤེས་སློབ་དཔོན་བསྟེན་བྱ་སྟེ།། བླ་མ་ལ་གུས་དྲང་པོའི་དངོས།། ལམ ་དང་སྟོན་པ་གཞན་སྤངས་པ། ཟབ་མོའི་དོན་ལ་རྟོག་བྲལ་བས།། འབད་ན་ཐམས་ཅད་འབྲས་བུར་བཅས།། བདེ་བ་མཆོག་གི་ཐར་པའི་རྒྱུ་དོ།། གཞི་དང་ལམ་དང་འབྲོས་བུ་ནི།། ཐམས་ཅད་རང་བཞིན་བདེ་བ་ཆེ།། ་བདེ་བས་བདེ་བ་ཆེ་གྲུབ་པའོ།། འདི་ལ་སེམས་ཀྱི་རང་བཞིན་གང་། སྐུ་གཉིས་པོར་ནི་རྣམ་པར་གནས།། ཤིན་ཏུ་སྤྲོས་མེད་ཆོས་ཀྱི་སྐུ།། གཟུགས་ནི་ལུས་དང་སྣོད་བཅས་པའོ།། གང་ལ་ཐོག་མ་མེད་པ་དང་། ་དང་པོ་རྒྱུ་མེད་སངས་རྒྱས་ཆོས།། སེམས་ཅན་ཀུན་ལ་རྟག་གནས་པ།། རྒྱུ་ཡིས་རྡོ་རྗེ་འཆང་བར་བརྗོད་ཕུང་པོ་མངའ་བདག་སངས་རྒྱས་དང་།། རོག་མ་འབྱུང་བ་རྣམས་དཀྱིལ་འཁོར།། དབང་པོ་ཡུལ་དང་བཅས ་གང་དག། བྱང་ཆུབ་སེམས་དཔའ་ལྷ་མོར་བཅས།། དེ་ལྟར་དྲི་མ་རྣམ་སྦྱང་བ།། ཡེ་ཤེས་ཆེན་པོ་བསྒོམ་པར་བྱ།། བསྐྱེད་པའི་རིམ་ལ་ལེགས་གནས་པས།། རྫོགས་པའི་རིམ་པ་འདིར་སྒོམ་བྱོས ་རྟེན་དང་བརྟེན་པའི་རྒྱུ་ཡི་ཕྱིར།། ལུས་མེད་པ་ལ་བདེ་མེད་པས།། ལུས་ནི་དག་པའི་དཀྱིལ་འཁོར་ལ།། སེམས་ཀྱང་ཡང་དག་བདེ་བར་འགྱུར།། བསྙེན་པ་ཉེ་བའི་བསྙེན་པ་དང་། བསྙེན་པ་ཆེ་དང་སྒྲུབ་པ་བྱ།། ་བསྙེན་པ་ཉོར་སྒྲུབ་སྒྲུབ་པ་དང་།། སྒྲུབ་པ་ཆེན་པོ་བསྒོམ་བྱ་ཞིང་།། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་།། ཤིན་དུ་ཡང་དང་རྣལ་འབྱོར་ཆེ།། སྦྱོར་དང་དཀྱིལ་འཁོར་རྒྱལ་པོ་མཆོག། ཕྱི་ནས་ལས་རྒྱལ་མཆོག་བསྒོམ་པ ་བདག་ཉིད་གོང་བུ་ལྕེར་སྣང་བ།། རི་བྲ་བཀྲ་དབང་པོའི་གཞུ་ལྟར་སྣང་།། ཕྱི་ནས་དངོས་པོ་ཀུན་ལ་སྤྲོ།། གཅིག་དང་དུ་མ་དང་བྲལ་པོ།། དཀྱིལ་འཁོར་དག་གིས་སྒྲོ་ནས་ཕྱུང་།། ཟས་སོགས་བྱ་བ་ཐམས་ཅད་སྤྱད།། ལྷ་ཡཽ ་གསལ་དང་མངོན་ཞེན་གྱིས།། རང་གི་མོ་མཐུན་ཤིན་ཏུ་གག། སྣ་རྩེར་ཡོངས་ཀར་རྣམས་བརྟགས་པ།། ཡཾ་གེ་དོ་ནི་མཚན་མ་དང་།། གཟུགས་བརྙན་ལ་སོགས་དཀྱིལ་འཁོར་གྱིས།། སྤྲོ་བའང་ཡང་ནརྀ་བསྡུ་བར་བྱ། ་རྡོ་རྗེའི་པདྨའི་སྣ་རྩེར་ནི།། ཡུངས་དཀར་ཚུལ་གྱིས་མཚན་མ་བསྒོམ།། དཀྱིལ་འཁོར་སྤྲོ་ཞིང་སྡུད་པ་དང་།། རེ་རེ་ཞིང་ཡང་རྣམ་པར་བསྒོམ།། སྐུ་དང་བདེ་བ་རང་བཞིན་མེད།། རྣམ་པར་རྟོག་ལས་ངེས་བྱུང ་སྲིད་པའི་རྣམ་པས་དེ་སྦྱོང་བྱེད།། འབྲས་བུའི་ལམ་གྱུར་སྐྱེད་པའོ།། ཅེས་པ་ནི་རིམ་པ་དང་པོའོ།། ། སེམས་ནི་རང་བཞིན་འོད་གསལ་ཏུ།། དྲི་མ་རྣམས་ནི་བློ་བུ ་བ།། རང་བཞིན་སྐྱེ་འགོག་མེད་པ་དང་།། ཆོས་ཀུན་མཆོག་ཏུ་རྒྱས་བཏབ་ཆེ།། འདོད་ཆགས་ཆགས་བྲལ་ཀུན་ལས་འདས།། སྟོང་པ་མ་ཡིན་མི་སྟོང་མིན།། ཡོད་དང་མེད་དང་ཡོད་མེད་འདས།། རྣམ་པར་རྟོག ་པའི་ཡུལ་ཀུན་སྤོངས།། ཚིག་དང་མིང་དུ་བརྗོད་པ་བྲེལ།། བསམ་གཏན་བརྫུན་པས་མ་སྨད་པ།། འབད་རྩོལ་རྒྱུ་དང་བྲལ་པ་ཡང་།། བླ་མའི་དྲིན་གྱིས་རྟོགས་པར་འགྱུར།། རང་བཞིན་གདོང་ནས་མ་སྐྱེས་པ ་བདེན་མིན་བརྫུན་མིན་འདི་ལྟ་བུ།། གང་ལའང་མི་གནས་ཆོས་ཀྱི་སྐུ།། ཆོས་རྣམས་ཀུན་ཏུ་རྣམ་པར་སྣང་།། སེམས་ཅན་ཁམས་ལ་རྟག་གནས་པའི།། སངས་རྒྱས་རང་གི་རིག་བྱེ་ཉིད།། དཔེ་དངོ་རྟོག ་པབས་མཚོན་དུ་མེད།། བླ་ལའི་བྱིན་རླབས་འཕོ་བས་སོ།། བདེ་དང་སྡུག་བསྔལ་ཀུན་ལས་གྲོལ།། རྐྱེན་གྱིས་བསྒྱུར་མིན་རྐྱེན་བྱུང་མིན།། ས་དང་ས་ལ་གླ་ཡོ་མེད་པ།། རང་གི་ར་ཉིད་ཤེས་པར་བྱ།། ཛ་ལྟར ་ན་མཁའ་བཅོས་མིན་པ།། ལོག་སོགས་མི་འགྱུར་མངོན་གྱུར་ཕྱིར།། རང་གི་སེམས་ལ་ཡོངས་ཚོལ་བ།། བླ་མ་དམ་པོའི་རིམ་ལས་རྙེད།། རང་བཞིན་དང་ནི་ཡོད་འགྱུས་ཀུན།། ཆུ་དང་རླབས་བཞིན ་དབྱེར་མེད་པ།། འདི་ལ་རང་བཞིན་སྤྲོས་བྲལ་བས།། གཡོ་བ་དག་ཀྱང་རྣམ་པར་དག། མི་རྟོག་མ་ཡིན་རྣམ་རྟོག་མིན།། བྱ་བ་བྱེད་ལས་ཡོངས་འདས་པ།། དཔྱད་པ་ལས་འདས ་ཕྱག་རྒྱ་ཆེ།། ཡེ་ཤེས་ཞབས་ཀྱི་རི་མོ་ལས་རྙེད།། རྣམ་པར་མི་རྟོག་མུ་སྟེགས་བྱེད།། དཔྱོད་བྱེད་བློ་ངན་སངས་རྒྱས་པ།། རྣམ་པ་ཀུན་ལྡན་ཆོས་གང་གོའ་།། མ་གོས་མཆོག་ཏུ་དབྱེན་པོའོ།། ཅེས་པ་ནི་ཕྱག ་རྒྱུ་ཆེན་པོའོ།། ། ཨེ་ཝཱཾ་མ་ཡ་ཡི་གེ་མཆོག། འཁོར་ལོ་བཞི་ལ་རྣམ་པར་གནས།། སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་། དེ་བཞིན་བདེ་ཆེན་འཁོར་ལོའོ།། བདུན་ཁྲི་གཉིས ་སྟོང་དང་།། བརྒྱ་ཕྲག་ལ་ཉི་ཤུ་ལྷག་པ་དང་། སུམ་ཅུ་རྩ་གཉིས་དང་།། རྩ་གསུམ་དང་ཨ་ཝ་དྷཱུ་ཏཱི་དང་།། འཁོར་ལོ་བརྒྱད་དང་། རྩའི་འདུད་པ་རྣམས་དང་། སྐུའི་སྒོ་དགུ་དང་། གསུང་གི་སྒོ་བཞི་དང་།། ་ཐུགས་ཀྱི་སྒོ་གཉིས་དང་། སྲོག་དང་། ཐུར་སེལ་དང་། མཉམ་གནས་དང་གྱེནྡ་རྒྱུ་དང་། ཁྱབ་བྱེད་དང་། ཀླུ་དང་རུས་སྦལ་དང་།། རྩངས་པ་དང་། ལྷ་སྦྱིན་དང་། གཞུ་ལས་རྒྱལ་དང་། རླུང་རྣམས་ཀྱི་ཁ ་དོག་དང་། ཚད་དང་། གྲངས་དང་། རྒྱུ་བ་དང་། དབྱུག་གུ། ཆུ་ཚོད་དང་། འཕོ་བ་དང་། ཐུན་མཆོད་དང་། རང་བཞིན་དང་། ལས་དང་། ཁམས་ལྔ་དང་། དྲུག་དང་། ཉི་ཤུ་རྩ་བཞི་དང་། ཁུ་བ་དང ་རྡུལ་ཐ་དད་དང་། མཉམ་པར་གནས་པ་དང་། དབྱངས་བཅུ་དྲུག་འཆར་བ་དང་། མུན་པ་དང་། རྡུལ་དང་། སྙིང་སྟོབས་འབབ་པ་དེ་དག་ནི།། ཨེ་ཝཾ་ལས་བྱུང་བའོ།། ཉི་མ་ཟླ་བར་ནཱ་ང་གནས།། བཅུ་གཉིས ་བཅུ་དྲུག་དེ་བཞིན་དུ།། བཅུ་གཉིས་ལས་ནི་ཡོན་ཏོན་བརྒྱད།། ཕྲ་རབ་རགས་པའི་འཁོར་ལོ་འཁོར།། སྤྱི་བོར་བདེ་བ་ཆེན་པོ་སྟེ།། དགའ་དང་ཚིམ་དང་གནས་ཐོད་པ།། འཁྲག་སོགས་ལས་ཀྱང་གསལ ་གྱུར་ཏེ། དེ་ཚེ་གཙོ་བོ་ཁྱིམ་དྲོར་སྤྱོད།། རྣམ་པར་དག་ལས་བདེ་ཆེན་གྱི།། སངས་རྒྱས་ཡེ་ཤེས་སྐུ་ཡི་རྒྱལོ།། རང་བཞིན་དང་ནི་ལས་དང་ཡང་།། རྣལ་འབྱོར་རྣམས་ཀྱི་གཏུམ་མོའོ།། གང་དུ་སེམས་སྤྱོད་དེར ་རླུང་ཡང་།། ཐིམ་འགྱུར་འདི་ལ་སོ་མཆོག་གཞན་མེད།། ཐི་ལེའམ་ཡེ་གེ་རྩལ་སོགས།། གང་སྒོམ་དེས་ཀྱང་མཆོག་ཏུ་འགག། གཉིས་འགག་པ་ལས་འབར་བ་འམ།། འབར་ལས་དབུ་མ་འབྱེད་པོར་འགྱུར། ་རྩ་གཉིས་ལས་འགྲོ་འོང་བ་དང་། འཁོར་ལྷོ་རྣམས་སུ་འབར་ཞིང་ཟློག། ཐིག་ལེའི་ཡེ་ཤེས་འབྱུང་བ་ནི།། ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར།། བུམ་པ་ཅན་དང་རྡུལ་མངའ་ཅན།། བགང་དེ་བཞིན་རེངས་བྱེད་པ། འ ་ལོ་རྣམས་སུ་དགག་པ་དང་།། སྔགས་དང་སྙིང་ག་དེ་བཞིན་དུ། ས་ཀྱང་ཐིག་ལེ་གསུམ་པ་སྟེ།། མི་ཤིགས་པ་དང་ནོར་བུ་དང་།། འོད་ཀྱང་ཐིག་ལེར་མངོན་བརྗོད་པ།། ཨ་ནི་གཙོ་བོ་དམ་པ་སྟེ།། གསལ་ཞིང་མར་མེ ་དགྲ་དང་མཚུངས།། མི་འགྱུར་མཆོག་ཏུ་ཕྲ་བའོ།། ཨཱ་ཨུམ་སྲོག་དང་རྐྱེན་རྒྱུ་དང་། ཐིག་ལེའོ།། ཨ་ཨ་ཏྲ། སྲོག་དང་སྦྱིན་རྒྱུ་དང་བྷུར་སལ་ལོ།། !་མྦྷ། ཌཱུར་སེལ་དང་། སྲོག་དང་ཐིག ་ལེའོ།། ཡི་གེ་གསུམ་གྱི་དེ་ཉིད་ཀྱིས།། རླུང་རྣམས་མཆོག་ཏུ་ཞི་བར་བྱེད།། རྟགས་ནི་ལྔ་ལུས་ཡེ་ཤེས་ཏེ།། ཁམས་བརྒྱད་ཤིན་ཏུ་རྣམ་དག་པའོ།། ཅེས་པ་ནི་གཏུམ་མོའི་ཡེ་ཤེས་སོ།། ་གླང་ཕྱིར་དགའ་བ་དེ་སྣང་བ།། སྣང་བ་མཆོད་པ་མཆོག་དགར་བཤད།། དགའ་བྲལ་ལས་ནི་ཉེར་ཐོབ་སྟེ།། ལྷན་ཅིག་སྐྱེས་པ་འོད་གསལ་བའོ།། རེག་དང་འཇུག་དང་སྐྱེད་པ་དང་།། མཐའ་ལས་མ་ཉམས་གཞན་ཡང་འདི།། ་ཡི་གོ་བཅུ་དྲུག་དང་ནི་ཆེས།། དེ་བཞིན་དུ་དགའ་བ་བཅུ་དྲུག་གོ།། འདོད་པ་དང་། དགའ་བ་དང་། གཡོ་བ་དང་། འདྲར་པོ་ནི་དགའ་བ་བཞིའོ།། གང་བ་དང་། མཚིག་དགའ་བ་དང་། འགྱུར་བ་དང་། ནུབ་པ་ནི། མཆོག ་དགའ་བཞིའོ།། འབར་བ་དང་། ཁྱད་པ་རེ་གྱི་དགའ་བ་དང་། སེམས་དང་། ཐིག་ལེ་ནི་ཁྱད་པར་གྱི་དགའ་བ་བཞིའོ།། ཨོནྡྲ་དང་ལྷན་ཅིག་སྐྱེས་པ་དང་། གཉིས་དང་ན་ད་ནི་ཝཱནྡྷ་སྐྱེས་བཞིའོ།། འདོད་ཆག་སྱེ་མཱ་ཡིན་ཆགས ་མ་མིན།། པརྒྱམ་དམིག་པ་པོར་མི་འགྱུར་རོ།། གསུམ་བ་སྨྲ་ད་ཀྱི་ཕྱིརརོ།། སྦྱིན་ཆོག་སྐྱེས་པ་བྱང་ཆུབ་བརྗོད། ཡི་ནི་དེ་ཉིད་ཐམས་ཅད་བདག།། ཡིཛིན་ཀུན་གྱིས་རྣམ་པར་སྤོ་སོ།། མཆོག་གི་མ ་དགའ་བྲལ་དབུས། སྟོང་དང་སྟོང་མིན་ཧེ་རུ་ཀ། པདྨ་ཅན་དང་ཚངས་མ་དང་ཀགཞན་ནི་ལྕུག་ཕྲན་མ་ལ་སོགས།། བཞིན་བཟང་རབ་ཏུ་བཟུང་ནས་ནི།། མི་འགྱུར་བདེ་བའི་རྒྱུར་བསྒྲུབ་བྱ།། ཡང་ན་ཡིད་ལས་བྱུང་བ་འམ། ་མི་འགྱུར་བ་ནི་རྡོ་རྗེ་གསོར།། འོན་ཀྱང་མི་མོ་ངེས་པར་བསྒྲུབ།། གཞན་ནི་མཐར་ཐུག་གྲུབ་པ་མེད།། སྒྲོན་མེ་ལྡན་པས་མུན་པ་ལས།། ནོར་བུ་ལེན་བཞིན་ཕྱག་རྒྱ་ལས།། རང་བཞིན་མངོན་གྱུར་དང་པོ་ཡི།། ལས་ཅན་རྣམས་ལ ་གཞན་གྱིས་མིན།། དབང་བསྐུར་བ་དང་སེམས་ཀྱིས་དགག། དྷཱུ་ཏཱིར་འཇུག་དང་བརྟན་པ་དང་།། ཐིམ་དང་ཡེ་ཤེས་བརྟན་པ་དང་།། སྤེལ་དང་སྤྱོད་པའི་བརྟུལ་ཞུགས་དང་།། སྐོན་སྒྲོལ་ཡེ་ཤེས་སྒོམ་བྱེད་པ།། མངོན་པར ་བྱང་ཆུབ་སྐབས་བཅུ་གཅིག། གཞན་ནི་ཡེ་ཤེས་སྐུ་སྒྲུབ་པ།། དེ་དག་བཟུངས་མའི་བྱེད་པ་ཅན།། སྣ་ཚོགས་དེ་བཞིན་རྣམ་སྨིན་དང་།། རྣམ་ཉིད་དང་ནི་མཚན་ཉིད་བྲལ།། འདི་ཤེས་སྒྲུབ་ལ་རབ་འཇུག་སྟེ།། བློ་བརྟན་ནུས ་དོདང་བཅས་པས་སོ།། སྦྱོར་བས་ལུས་ནི་དག་བྱས་ལོ།། སྟེང་འོག་སྦྱོར་བས་གཅིག་ཏུ་བྱ།། སྒོ་དབྱེ་བ་ཅིན་ཐབས་སྦྱར་བ་ནི།། སྔགས་དང་འཁྲུལ་འཁོར་རབ་སྦྱོར་བའོ།། རྗེས་སུ་ཆགས་བཱས་སེམས་དབབ་སྟེ།། འདི་ལས་རང ་བཞིན་མཚོན་བཟུང་ནསོ།། གྱེན་དུ་སྐྱོད་དང་བརྟན་ལྡན་པས།། ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ།། ཅེས་པ་ནི་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ།། །། མོ་ལོང་གི་ནི་གཟུགས་བརྙན་གྱིས།། སྒྱུ་མའི་ལུས་ནི་མཚོན་པར་བྱ།། ་ཁ་དོག་རྣམས་ནི་འཇའ་ལྟ་བུ།། ཁྱབ་པ་ཆུ་ཡི་ཟླ་བས་སོ།། ཆོས་རྣམས་སྒྱུ་མ་ལྟར་ཤེས་ནས།། འདི་ཡི་རང་བཞིན་བདེ་བསྒོམ་བྱ།། སྣང་བ་མཐའ་དག་རྣམ་སྤྲུལ་པ།། རང་བཞིན་སྤྲུལ་པའི་སྐུ་རུ་བརྗོད།། ་སྤྲུལ་པའི་འཁོར་ལོའོ།། སྨྲ་དང་ལོང་སྤྱོད་གང་གནས་པ།། སེམས་ལའང་གཟུགས་བརྙན་ཚུལ་འཆར་ཏེ།། རྨི་ལམ་རྨི་བར་ཡོངས་སྟོན་པ།། ཐམས་ཅད་རླུང་གི་རྣམ་པར་སྤྲུལ།། ཀུན་རྫོབ་བ་དེན་པ་སྒྱུ་མ་ཉིད།། ལོངས་སྤྱོད། རྫོགས ་པའི་སྐུ་ཡང་དེ།། དེ་ཉིད་བར་དོའི་སེམས་ཅན་གྱུར།། རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན།། ལོངས་སྤྱོད་ཀྱི་འཁོར་ལོའོ།། སྒེག་དང་ཉེ་བར་ལོངས་སྤྱོད་དང་།། གླུ་དང་རོལ་མོ་སོགས་རྟེན་དང་། སྒྱུ་རྩལ་རྣམས་ལ་རབ་འཇུག་པ།། ཆུ་ཟླ ་དག་དང་མཚུངས་པར་བྱ།། མཐོང་བ་དང་ནི་རེག་པ་ཉིད།། འགྲོ་བ་སྒྱུ་མ་ཇི་བཞིན་བྱ།། གང་ཞིག་རྡོ་རྗེ་སེམས་སོགས་ཀྱི།། གཟུག་བརྙན་སྣ་ཚོགས་རབ་བསྒྱུར་ཏེ།། གང་གང་སེམས་ཀྱིས་ཡོངས་སྤྲུལ་པས།། མི་སྐྱེ་དེ་ལས་ལེན ་པ་འགག། ཡང་ན་བཙོན་ཐབས་སྦྱོར་བ་ཡིས།། ཚངས་པའི་སྒོ་ནི་དབྱེ་བར་བྱ།། དཔལ་ལྡན་བདེ་ཆེན་མགོན་པོ་ཡི།། ཞབས་ཀྱི་རིམ་པ་ལས་འོངས་པའོ།། སྤྲིན་བྲལ་མཁའ་ལ་མཉམ་གཞག་སྟེ།། མངོན་པར་ཞེན་པོའི་ལྟ་བསོ།། ་དེ་ལས་སྒྱུ་མ་རབ་གྲུབ་སྟེ།། རྣམ་ཤོས་གསུམ་པོ་མཚོན་པར་བྱ།། སྣོང་བ་དང་ནི་ཡོངས་བརྟགས་དང་།། དེ་བཞིན་རྣམ་པར་ཐིམ་པ་ནི།། གཉིད་དང་སང་དང་གཉིས་གཉིས་སྤོང་།། སྟོང་པ་གསུམ་དུ་རྣམ་པར་རིག། སྣང་དང ་སྣང་བ་མཆེད་མཆེད་པ་དང་།། ཉེ་བར་ཐོབ་དང་འོད་གསལ་བ།། སྟོང་དང་ཤིན་ཏུ་སྟོང་པ་དང་།། སྟོང་པ་ཆེ་དང་ཐམས་ཅད་སྟོང་།། སེམས་དང་སེམས་བྱུང་མ་རིག་པ།། གསུམ་ལས་འདས་པ་མངོན་པར་མཚོན།། ཆགས་བྲལ ་དང་ནི་བར་མ་ཉིད།། དེ་བཞིན་དུ་ནི་ཆེན་པོ་དག། ཡིད་ལ་འགྲོ་ཞིང་འོང་བ་དང་།། མྱ་ངན་ལ་སོགས་གསུམ་དེ་བཞིན།། ཞི་དང་རྣམ་རྟོག་འཇིགས་པ་དང་།། འཇིགས་པ་བར་དང་ཤིན་ཏུ་འཇིགས།། སྲེད་དང་སྲེད་པ་བར་མ ་དང་། ཤིན་ཏུ་སྲེད་དང་ཉེར་ལེན་དང་།། མི་དགེ་བཀྲེས་དང་སྐོམ་ཉིད་དང་།། ཚོར་དང་ཚོར་བ་བར་མ་དྲང་།། ཤིན་ཏུ་ཚོར་བའི་སྐད་ཅིག་དང་།། རིག་པ་པོ་དང་རིག་འཛིན་གཞི།། སོ་སོར་རྟོག་དང་ངོ་ཚ་ཤེས།། སྙིང་རྗེ་དང་ནི ་རྩེ་བ་གསུམ།། དགོས་དང་བསམ་པ་ཉིད་དང་ནི།། ཕྲག་དོག་ཅེས་ནི་བྱ་བ.རུ་བཤད།། དང་པོའི་རང་བཞིན་རྣམས་སོ།། ཆགས་དང་ཞེན་དང་དེ་བཞིན་དགལ།། དགའ་བ་བར་མ་ཤིན་ཏུ་དགའ།། རངས་དང་རབ་ཏུ་མགུ་བ་དང་། ་མཚར་དེ་བཞིན་རྒོད་པ་དང་།། ཚིམ་དང་དེ་བཞིན་མཁྱེད་པ་དང་།། འོ་བྱེད་དེ་བཞིན་འཇིབ་པ་དང་།། བརྟན་དང་བརྩོན་དང་ང་རྒྱལ་དང་།། བྱ་དང་འཕྲོག་དང་སྟོབས་དང་ནི།། སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་།། དེ་བཞིན་གྱ་ཚོམས ་བར་མ་དང་།། གྱ་ཚོམས་ཆེན་པོ་དྲག་པོའོ།། རྣམ་པར་སྒེག་དང་ཞེས་འགྲས་ཉིད།། དགེ་དང་ཚིག་གསལ་བདེན་པ་དང་།། མི་བདེན་པོ་དང་དེ་བཞིན་ངེས།། ཉེ་བར་མི་ལེན་སྦྱིན་པ་པོ།། བསྐུལ་དང་དེ་བཞིན་དགའ་བོ་དང་།། ་ངོ་ཚ་མེད་དང་སྒྱུ་དང་གདུག། མི་སྲུན་པ་དང་གྱ་གྱུ་ཉིད།། གཉིས་པའི་རང་བཞིན་རྣམས་སོ།། ཆགས་པ་བར་མའི་སྐད་ཅིག་དང་།། རྗེད་ངས་པ་དང་འཁྲུལ་པ་དང་།། མི་སྨྲར་གྱུར་དང་སྐྱོ་བ་དང་།། ལེ་ལོ ་དེ་བཞིན་ཐེ་ཚོམ་མོ།། གསུམ་པའི་རང་བཞིན་རྣམས་སོ།། རང་རིག་ཙམ་གྱི་ཡེ་ཤེས་ནི།། ན་མཁའ་ལྟ་བུར་མཚན་ཉིད་མེད།། འོན་ཀྱང་འདི་ལ་དབྱེར་ཡོད་དེ།། མཚན་མོ་ཉིན་མ་མཚམས་བདག་ཉིད།། མཚན་མོ་སྣང་བའི་ཆ་སྟེ། ་ཚ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན།། མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལནཱ་གཅིག་མིན་པར་འགྲོ། མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ ་བྲལ་བ།། དེ་ཉིད་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ།། ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང་།། མདོག་དང་དབྱིབས་ནི་ཐ་དད་པ།། ན་མཁའི་དབྱིངས་སུ་བྱུང་ནས་ནི།། དེ་ཉིད་དུ་ནི་ཐམ ་པར་འགྱུར།། དེ་བཞིན་རང་བཞིན་ཐམས་ཅད་ནི།། སྨྱུང་བ་གསུམ་གྱི་རྒྱུ་ཅན་ཏེ།། མཱ་ལུས་ཡུལ་ལ་ཞུགས་ནས་ནི།། འོད་གསལ་བ་ནི་འཇུག་པར་བྱོར།། སྣང་བ་ཀུན་དང་བུད་མེད་སྦྱོར་བ་དང་།། འཆི་བའི་སེམས་དང་གྲཝཉིད ་ལ་མངོན་འཇུག་པ།། རིལ་པོར་འཛིན་དང་གཞན་ནི་རྗེས་སུ་གཞིག། རིང་བཞིན་གཉིས་སྦྱོར་བ་ལཾ་ལྔ་རྟོགས་པར་བྱ།། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི།། ཤེས་དང་ཡང་དག་འདྲེས་གྱུར་ནས།། དབང་པོའི་ལམ ་ལམ་ལས་བྱུང་ནས་ནི།། ཡུལ་རྣམས་ལ་ནི་དམིགས་པར་བྱེད།། སྙིང་པོར་གྱུར་པ་རང་སྲོག་ལས་ཁམས་གསུམ་ན་ནི་གཞན་མེད་དེ།། སྒྱུ་མ་རླུང་གི་ཁམས་གསུམ་པོ།། རྨི་ལམ་རྨི་བ་བཞིན་དུ་མཐོང་།། ས་ལ་སོགས་པ ་བཞི་པོ་དང་།། དེ་བཞིན་སྟོང་པ་བཞི་པོ་དག། སྐྱེད་དང་འཇིག་པའི་རྒྱུ་ཉིད་དུ།། དངོས་པོ་བརྒྱད་པོ་རྣམ་ཤེས་བྱ།། ཆོས་ཀྱི་འཁོར་ལོ་ཆོས་ཀྱི་སྐུ།། ཤི་དང་བརྒྱ་ལ་དང་གཉིད་དང་རྨོངས།། བདེ་བ་ལས་ནི་རང་རིག་པ།། ཆོས་ཀྱི ་སྐུ་རུ་མངོན་པར་བརྗོད།། ཆོས་ཀྱི་འཁོར་ལོའོ།། ཅེས་པ་ནི་འོད་གསལ་བའི་ཡེ་ཤེས་སོ།། ། ལྷོ་དང་བླ་མར་བསྙེན་བྱ་ཞིང་།། སྒྱུ་མེ་ལྟ་བུར་རྣམ་བསམ་མོ།། སྙིང་རྗེའི་སེམས་དང་ལྡན་པ་ལ།། བདུད་ཀྱི་འཇུ ་པ་ཡོད་མ་ཡིན།། ནུས་བྲལ་སྤྱོད་པ་མ་འཁྲུལ་པས།། བདེ་དང་འཇིགས་དང་ཡིད་མི་བདེ།། གང་ལའང་སེམས་ཁྲལ་ཡོངས་སྤངས་ནོས།། ཇི་ལྟར་གདུང་བ་མེད་པར་སྤྱོད།། ལུས་ནི་རྒྱལ་བ་ཐམས་ཅད་དང་།། དེ་བཞིན་སེམས་ཅན།། ་དོན་སྒྲུབ་ཕྱིར།། ཡང་ན་གནོད་བྱེད་རྣམས་ལ་སྦྱིན།། སེམས་ཀྱི་གཡོ་བ་བཅད་པར་བྱ།། ཡིད་ནི་གཞན་དུ་མ་གྱུར་པར།། སྣ་ཚོགས་སྤྱོད་པས་རང་དང་གཞན།། མཉམ་པ་ཉིད་དུ་རབ་སྤྱོད་པ།། འདི་ལ་བདུད་ཀྱི་འཇུག་པ་མེད ་ལྟ་བ་ལོ་ནི་རུང་གནས་ཤིང་།། འོ་ཁྲིས་པ་སྙིང་དང་མགྲིན་པ་ལ།། དཔྲལ་བ་གཙུག་ཏོར་ལྀ་པད་ཀན།། འདུས་པ་གསང་བའི་འཁོར་ལོ་སྟེ།། དེ་དེར་སྦྱོར་བས་ཞི་བར་འགྱུར།། གྲང་ནད་ཐུར་སེལ་བྱེད་པ་ཅན།། གྱེན་རྒྱུ་མཉམ་གནས ་སྐྱོན་ཆེ་བ།། འཁྲུལ་འཁོར་གཡོ་བས་རྩ་ནད་འཇོམས།། རླུང་བཅུའི་སྐྱོན་ཡང་དེ་དེར་བསལ།། ཕྱིན་ཅི་ལོག་ཏུ་རྣམ་སྦྱར་ཞིང་།། ནམ་ཡང་བྱང་ཆུབ་སེམས་འདི་སྲུངས།། ཁྭ་ཟས་སྤྱོད་ལམ་སྦྱོར་བའི་ལས།། ་དེ་དེས་སེམས་ཀྱི་སྐོན་ཞི་བྱ།། བླ་མ་དམ་པའི་ཞལ་ལུང་སྟེ།། གཞན་ལས་ཡོངས་སུ་རྟོག་པ་མི་ནོ།། འདུས་པ་དང་ནི་སྡོམ་པོ་དང་།། དགྱེས་པའི་རྡོ་རྗེར་ཡང་བཤད་དོ།། ཡེ་ཤེས་ལྡན་པའའི་སྤྱོད་མི་བྱེད།། དེ་ཡོས་ཚོ་འདིར་བྱང ་ཆུབ་མེད།། དེ་ཕྱིར་ཡེ་ཤེས་བརྟན་གནས་པས།། འདོད་ཆགས་གར་གྱི་རོལ་མོ་བྱ།། དང་པོར་མཚན་དུས་གསེང་སྟེ་སྤྱད།། གཉིས་སྤངས་ཀུན་ཏུ་སྤྱོད་པས་རྒྱུད་།། གལ་ཏེ་དྲོ་བའི་བྱ་བ་ཐོག། རྣལ་འབྱོར་ལྡན་པར་ཁས་བླང་ངོ་།། ཕྱིར ་ནས་འཕགས་པའི་གནས་ཐོབ་པ།། དེས་ནི་ཕྱོགས་ལས་རྣམ་རྒྱལ་བྱ།། ཤྭ་ཟ་བཞིན་དུ་ཀུན་སྤྱོད་པ་འམ།། ཡང་ན་ཁྱིམ་དུ་ཟློས་གར་བྱ།། རིམ་པ་དང་པོར་རིག་འཛིན་དང་།། འདོད་དང་གཟུགས་ཁམས་ལྷར་སྒྲུབ་པ།། ཡེ ་སྒྲསྐྲ་དང་མངོན་བྱང་ཆུབ་པ། ང་བཞིན་མ་ངོན་པར་བྱང་ཆུབ་ཆེ། སྤྱོད་པའི་དུས་ནི་རྣམ་པ་ལྔ།། བསྐྱེད་རིམ་བདེ་བཅས་བསྒོམ་ན།། དྲན་པ་ཉེ་བཞག་རྣམ་བཞིའོ།། ཡང་དག་སྦྱོང་བ་དང་རྫུ་འཕྲུལ་དང་།། དབང་པོ་སྟོབས ་རྣམས་སྤྱོད་བཅས་པ།། བདེ་ཆེན་བྱང་ཆུབ་ཡན་ལག་བདུན།། སི་དང་ས་ལ་ཡན་ལག་བརྒྱ་དོ།། འོན་ཀྱང་འདི་ལ་དབྱེར་ཡོད་དོ།། རྩ་རྣམས་ལས་ནི་ས་བཅུ་དང་།། རླུང་གི་བགྲོད་ཆེནས་དེ་བཞིན་བཅུ།། གཞན་ནི ་ཡེ་ཤེས་ས་བཅུ་སྟེ།། རྩ་སོགས་ཡེ་ཤེས་ལུས་ཐིམ་པའོ།། བཅུ་གཉིས་ས་ཡི་དབང་ཕྱུག་ནི།། བདེ་མཆོག་བདེ་ཆེན་རྡོ་རྗེ་འཛིན།། རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ལས།། མན་ངག་རབ་ཏུ་བསྡུས་པའོ།། དཔ་ལྡན་བདེ་ཆེན་ལས་འོང ་པབཔ། མི་ཤེས་འཛིན་རྨོངས་རྣམས་ལ།། སེམས་ནི་སྙིང་རྗེའི་དབང་གྱུར་པས།། བདེ་ཆེ་ནི་རྡོ་རྗེ་བདག་གིས་བཤད།། ཅེས་པ་ནི་རྡོ་རྗེའི་ལོམ་བཟང་ཕྲེཾ་གསལ་བར་བྱེད་པ་སློབ་དཔོན་ཆེན་པོ་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ ་བ་དཔལ་ལྡན་ཧེ་རུ་ཀ་ར་མངོན་པར་དབང་བསྐུར་བ་བརྟུལ་ཞུགས་སྤྱོད་པ་ཞི་པ་སྦས་པས་མཛད་པའོ།། མཆོག་ཏུ་རྒྱ་ཆེའི་གཞུང་ལུགས་ལས།། དཱི་ན་ཀ་རས་རྣམ་བསྡུས་པ།། ཡེ་ཤེས་མཆོག་གིས་མཆོད་བྱས་ཏེ།། འགྲོ་ལ ་ཕན་པ་བསྒྱིད་ཕྱིར་བྱས།། ། རྒྱ་ག་རེ་གྱི་མཁན་པོ་པུདྡྷ་གུཔྟའི་ཞལ་སྔ་ནས་དང་། ནིརྦཱ་ཎ་ཤྲཱིའོ་ཞབས་ལ་རྨོང་སྲེ་པ་ཏཱ་ར་ནཱ་ཐས་ཞུས་ཏཱཾ་གུས་པ་ཆེན་པོས་འབད་པས་བསྒྱུར་བའོ།། རི་མྲ་ལྔ་དད་ཀྱི་རྡོ་རྗེའི་ལུང ་དྲངས་པ་སོགས་པ་ནི་འགྱུར་རྙིང་ཇི་ལྟ་བ་བཞིན་དུ་བྲིས་པའོ།། སློབ་དཔོན་ཚོ་ནི་ཞི་བ་སྦས་པས་ནང་གི་ཁྱབ་པ་ཞེས་བྱ་བ་ཚིག་བཅད་ཉིས་བརྒྱ་པ་དང་། རྩ་བའི་མདོ་ལ་ཕྱེད་དང་ཉིས་བརྒྱ། རླུ་གི་མདོ་ལ་ཕྱེད་དང་ཉིས་བརྒྱ། ཁམ ་ཀྱི་མདོ་བརྒྱ་ཕྲག་གཅིག། ལམ་ལྔ་བསྟན་པ་ལེ་ལུང་འདྲེན་མི་ཐེ་བ་ཚིག་ཉིས་བརྒྱ། རྒྱུ་བསྟན་པ་ལ་བརྒྱ། གནས་བསྟན་པ་ལ་ཉིས་བརྒྱ། ཕྱག་རྒྱ་ཆེན་པོ་ལོ་མ་རྫོགས་པ་དང་། གཏུམ་མོའི་གཞུང་ལ་བརྒྱ་ཉི་ཤ་དེས ་ལམ་རྫོགས་པ་དང་། ལྷན་སྐྱེས་གསལ་བ་ཞེས་པ་ལ་བརྒྱ་བདུན་ཅུ་ཕྱག་རྒྱས་ལུམ་རྫོགས་པ་དང་། ཡེ་ཤེས་ངེས་བསྟན་ལ་སུམ་བརྒྱ་རྒྱུ་ལུས་དང་འོད་གསལ་རྣམ་པར་བཞག་པ་དང་། མན་ངག ་ཐོར་བུ་ལ་ལྔ་བརྒྱ། གསང་བ་འདུས་པ་དང་། ཀྱཻ་རྡོ་རྗེ་དོང་། བདེ་མཆོག་རྣམས་ལོ་བསྡུས་པོའི་དོན་གྱི་ཚིགས་སུ་བཅད་པ་དང་། རྡོ་རྗེའི་གླུ་དང་སྒྲུབ་ཐབས་ཆུང་ངུ་ཡང་མང་དུ་མཛད་པར་གདའ་བ། རྒྱས་པཱ་ལ་དགའ་བའི། ་དབང་དུ་བྱས་པ་དང་། འབྲིང་དུ་དགའ་བ་ལ། དེ་དག་ལས་བསྡུས་ཏེ། རྡོ་རྗེའི་ལམ་ཆེ་བ་ཚོགས་བཅད་སྟོང་ཙམ་ཡོད་པ། སློབ་མ་མཆོག་མང་པོ་སྤྱན་སྔར་བསྡུས་སོ།། བསྡུས་པ་ལ་དགའ་བ་ལ་ལམ་པར་བ་ཚིགས་བཅད ་སུམ་བརྒྱུ་བ། སློབ་དཔོན་སུ་མཱ་ཏཱིས་བསྡུས་སོ།། ཤིན་ཏུ་བསྡུས་པ་ལ་དགའ་བའི་དོན་དུ་གཞུང་ཆུང་བ་འདི་ལ། རྒྱ་གར་སྐད་དུ་ཚིག་བཅད་བརྒྱ་དང་ལྔ་ཡིད་པ་ཡིན་ཏེ། བོད་སྐད་དུའང་རགས་རྩིས་ལ་ཚིག་བཅད ་དེ་ཙམ་སྟེ། རྣལ་འབྱོར་མ་ཆེན་མོ།། དཱི་ན~ཾ་ཀ་རས་ཞུས་ནས་བསྡུས་པ། འདི་ནི་ཤིན་ཏུ་དར་བ་ཡིན་པར་གདའ་འོ།། ཅེས་པའང་ཏཱ་ནཱ་ཐཾས་རེག་ཟིག་གོ། ་