CLOSE WINDOW

GT316: kye'i rdo rje'i rgyud kyi dka' 'grel pad ma can zhes bya ba
Wyliee-texts produced with BDRC’s OCR application

སྱཱཕྱགས་མལྡན་པ་ཟླུམ་ཆེན་པ་དྡཱ་ངྱས་པ། རང་གྲོལ་ཆུབ་བྱུང་དག་སློང་ཤེས་བྱུ་གྲགས་པསུ་མང་དུགས་པ་བགྶཧྨ་བཱནས། ལགས་པར་བསྟན་ཏུ་བསྒྱུར་ག། ར་བ་སྒྲུས་པཱ་རཱ་ཏྣ་། ་ཀྱིརྒྱུ་ཆེར་བཤད་པ། བྱང་ཆུབ་སེམས་དཔ་རྡོ་རྗེ་སྙེད་པས་མཛད་པ། རྙེད་པར་དཀར་བ་འདི་སྟོན་དེ་ཁོ་ན་ཉིད་ཀྱི་ལེརུ་ཡན་ཆད་ཀྱི་འགྲེལ་བ་ལས་མ་འགྱུར་བ་ལས། སྐྱེ་བོད་ཀྱི་བལ་པོའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་རོལ ་ནེས་བྱ་བ་ནས། འབྲི་དགེ་སྦྱོང་ལོ་ཙྪ་བས། པཎྜི་ཏ་མཾ་ཏྲཾ་ཞབས་ལ་རྙེད་དེ། བོད་ཡུལ་དུ་དཔེ་སྤྱན་དྲངས་ནས། དགེ་སློང་རྣལ་འབྱོར་སྤྲིད་པ་དབང་ཕྱུག་གྲགས་པས་གསལ་བ་བཏབ་སྟེ་བསྒྱུར་ཟེརོ། རྒྱུ་གཱར་ཡུལ་དུ་དཀར ་ལས་ཆེར་མཛད། དག་ཤེས་ལོ་ཙཱ་བ་ལ། ཡུལ་དབུས་སུ་བྱིན་ནས། བདག་། ས་གསོལ་བ་བཏབ་ནས། པོ་ལས་བགྱིས་ཏེ་བྱང་ཆུབ་སེམས་དཔའི་འགྲེལ་པོ་བཙོ་སྦྱར། ནཚོ་བམ་ནས་ཉིད་ལ་བཅཝ ་པ་ལགས་ཏེ་དགྱེས་པར་དགོངས།། ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པ་པདྨ་ཅན་ཞེས་བྱ་བ་བཞུགས་སོ།། ་རྒྱག་སྐད་དུ། ཏེབདྷཱུདྷནྡྷ་བནྟི་ཀཱ་པདྨ་ན་ནཱ་མ། བོད་སྐད་དུ། ཀྵེ་རྡོ་རྗེའི་རྒྱུད་ཀྱི་པ།། འགལ་པད་མ་ནནྟ་ནས་བྱ་བ། ངག་གི་དབང་ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚུལ་ལོ། ་སེམས་དཔའ་དཔལ་དང་ལྡན།། མཁའ་འགྲོ་མ་ཡི་འཁོར་ལྀ་སྒྱུར།། ཡེ་ཤེས་ལྔ་དང་སྐུ་གསུམ་ཕྱིར།། འགྲོ་བ་སྐྱོབ་ལ་ཕྱག་འཚལོ།། ཇི་སྙེད་རྡོ་རྗེ་མཁའ་འགྲོ་རྣམས།། ཀུན་ཏུ་རྟོག་པའི་འཚོང་གཅོད་པོ།། འཇིག་རྟེན ་དོན་དུ་རབ་འཇུག་རྣམས།། དེ་སྙེད་པ་ལ་རྟག་ཕྱག་འཚལ།། ལྷན་ཅིག་སྐྱེས་པ་མཛེས་དགའ་ག། བདག་མེད་ཡ་དེ་དག་ལྗོན་པའི་དཔལ།། ཤེས་རབ་ཐིབས་གཅིག་ལ་བཏུད་དེ།། དེ་དང་དེ་ཉིད་བཤད་པར་བྱ།། འདི་སྐད་བདག ་གིས་ཞེས་བྱ་བ་ལ་སོགས་པ་ལ།། འདི་སྐད་ནས་བྱ་བ་ནི་དོན་ཇི་ལྟ་བ་བཞིན་དུ་སྤྱད་པར་བྱེད་པའོ།། བདག་གིས་ཞེས་པ་ནི་བདག་ཉིད་ཀྱིས་ཐོས་པའོ།། དུས་གཅིག་ན་ཞེས་པ་ནི་གང་གི་ཚེ་བཞུགས་པའོ།། གང་དུ་ཞེ་ན། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཙུན་མོ་ལ་སྟྭཾ། བརྟན་པའི་དཀྱིལ་འཁོར་དེའི་བདག་ཉིད་དོ།། རྟེན་གྱི་དཀྱིལ་འཁོར་ཡང་བྷ་ག་ལ་སྟེ། དེའི་དབུས་ཀྱི་གཞལ་ཡས་ཁང་དུའོ།། ཕྱི་དང་གསང་བ་དེ་བཞིན་ཉིད་དོན ་རྣམ་པ་བཞི།། དཀྱིལ་འཁོར་ལས་ཀྱི་ཕྱག་རྒྱ་དང་།། ལུས་དང་རང་བཞིན་མེད་རྣམས་སོ།། ཐོས་པ་ནི་བཙུན་མོའི་བྷ་ག་ལ་འཛག་པའོ།། བི་ནི་རྣམ་པ་སྣ་ཚོགས་སོ།། ཛ་ཧ་ར་ནི་འཕྲོག་པར་བྱེད་པོ་སྟེ། འདི་སྐད་བདག་གིས་ཞེས ་བྱ་བ་ནི་ཚུལ་དེ་ལྟ་བུས་སོ།། ཡང་ན་འདི་སྐད་བདག་གིས་ཐོས་པ་ཞེས་པ་ནི། འཁོར་ལོ་བཞིར་འཛག་པ་སྟེ། འདི་རྣམས་ལ་བཞུགས་པའོ།། ཡང་ན་འདི་སྐད་ནི་ཡང་དག་པར་སྦྱོར་བ་ལའོ།། བདག་གིས་ནི ་བདག་ཏུ་འཛིན་པའོ།། ཐོས་པ་ནི་འཇིག་པའོ།། དུས་གཅིག་ན་ཞེས་པ་ནི་ཐམས་ཅད་ཀྱི་ཐུན་མོངས་མ་ཡིན་པའི་སྐད་ཅིག་ལའོ།། ཡང་ན་འདི་སྐད་བདག་གིས་ནི་ཚངས་པའི་གནས་བཞི་ལས་སོ།། ཐོས་པ་ནི་བྱུང་བའོ།། བཅོམ ་ལྡན་འདས་ནི་བདེ་བ་ཆེན་པོའི་བདག་ཉིད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་པ་ནི་སྟོང་པ་ཉིད་ཀྱི་སྐྱེ་འདི་ནི་བསྒྲུབ་པར་བྱའོ།། དེར་བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ་ཞེས་པ་ནི་གནས་དེར་རོ།། ཡང་ན་སྐལ་བ་དང་ལྡན་པ་གཟིགས་ཏེ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཀྱིས་བཀའ་སྤྲུལ་པ་ནི་བོད་པའོ།། དེ་བཞིན་གགས་པོ་ཐམས་ཅད་ཀྱི་གསེང་བ་གསུམ་གྱི ་སྙིང་པོ་ནི་སྙིང་པོ་སྟེ་རྡོ་རྗེ་སེམས་དཔའོ།། དེ་ཉིད་ཀྱི་གསང་བའི་ཡང་གསང་བའི་སྙིང་པོ་ཉིད་དོ།། སྐུ་གསུམ་གྱི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རྡོ་རྗེའི་སྙིང་པོ་སྟེ། འབྲས་བུ་ཉིད་ཅེས་བྱ་བ་བཀའ ་སྩལ་པའོ།། རྡོ་རྗེ་སེམས་དཔའི་ཁྱད་པར་དུ་བྱེད་པ་དང་། ཁྱད་པར་དུ་བྱ་བ་གསུངས་པས་སྐུ་གསུམ་པོ་ཞུས་པ་ནི་རྡོ་རྗེ་སེམས་དཔའ་ཞེས་པའོ།། ཤེས་རབ་འདི་ཡིས་ཞེས་བྱ་བ་འདིའི་བཤད་པ་ནི་རིགས་པས་ཞེས་བྱ་བ་སྟེ། ་ཆོས་ཀྱི་སྐུའོ།། ཡང་ན་ངེས་པར་འབྱེད་པ་འདིས་ཤེས་རབ་དང་རིགས་པ་ནི་སྙིང་རྗེ་དང་སྦྱར་བས་ཞེསོ།། ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཡེ་ཤེས ་སོ།། དེ་ལ་རོ་དེ་རྣམས་ཀྱིས་ཡོངས་སུ་གང་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། དེ་མཆིག་ནི་ཡང་དག་པར་འགྲོ་བར་བྱེད་ཅིང་ཐོབ་པར་བྱེད་པ་སྟེ། གདུལ་བྱ་རྣམས་ཀྱི་དོན་གྱི་ཕྱིར་རབ་ཏུ་འཇུག་པ་ཉིད་ཀྱིས་དམ་ཚིག་སེམས་དཔའ་ནི ་སྤྲུལ་པའི་སྐུའོ།། བསྒྲུབ་བྱའི་དོན་ཞུས་པ་ནི་ཧེ་བཛྲ་ཞེས་བྱ་བ་སྟེ། ཐབས་བདེ་བས་སེམས་ཅན་རྣམས་སྐྱོབ་པར་བྱེད་པོས་སྙིང་རྗེ་ཆེན་པོ་འམ། ཡང་ན་མ་ཧཱ་ཀཾ་ཞེས་བྱ་བ་ནི་སྟེ་མཽ་ཧཱ་ནི་ཆེན་པའོ།། ཀ་ནི་བདེ་བྱ་སྟེ་བདེ་བ་ཆེན་པོས་བསྡུས ་པ་ས་ཞེས་བྱ་བའོ།། དེ་བས་ན་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྒྱུད་ཅེས་པ་རྒྱུད་ནི་གཉི་སུ་མེད་པོའི་བདག་ཉིད་ཀྱི་སྦྱོར་བའོ།། རྒྱུད་ཅེས་བྱ་བ་ནི་བརྗོད་པར་བྱ་བྱ་བོ་སྟེ། གང་བཤད་ཀྱིས་ཉོན་ཅེས་པ་ནི་ཟུང་ཞིག་པ་སྟེ། དེ་ཉིད ་ནི་ལྟ་སྟངས་དགུག་དང་བརྡ་ཆེན་པོ་ནུས་པ་ཞེས་པ་སྟེ། དེ་ཡང་གང་ཞེ་ནི། རེངས་དང་བསྐྲད་པ་ཉིད་དང་ནི་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་རྣལ་འབྱོར་མི་རྣམས་བསྐྱེད་པ་དང་ནི་གནས་པའི་རྒྱུའོ།། མཐུ་ཞེས་པ་ནི་མཐུའི ་རྫུ་འཕྲུལ་ལོ།། ཡེ་ཤེས་ནི་དེ་ཁོ་ན་ཉིད་དོ།། རྣམ་པར་ཤེས་པ་ནི་རྡོ་རྗེ་མ་ལ་སོགས་པའོ།། ལྷ་རྣམས་ཞེས་པ་ནི་ཕྱག་གཉིས་པ་ལ་སོགས་པའི་རྒྱུད་དོ།། དང་པོར་ཞེས་བྱ་བ་ནི་རྒྱུད་ཀྱི་དང་པོར་རོ།། གཅིག་ཅེས་བྱ་བ་ནི་གཉིསུ ་མེད་པའོ།། ཧེ་རུ་ཀ་ཡང་ཡིན་ལ་བསྐྱེད་པའི་རྒྱུ་ཡང་ཡིན་པས་ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ་ཞེས་སོ།། དངོས་པོ་ཉིད་ཀྱིས་ཞེས་པ་ནི་འདིར་ཡང་དག་པ་ཉིད་དུ་བསམས་པས་སེམས་ཅན་རྣམས་འགྲོལ་ཏེ་གཞན་དུ་མ་ཡིན་ནོ།། ་དངོས་པོའི་འཆིང་བས་བཅིངས་པའོ།། ཞེས་པ་ནི་དེ་ལ་ཆགས་པསོ།། དངོས་མེད་ཡོངས་སུ་ཤེས་པ་ཡིན་ཞེས་པ་ནི་གཉིསུ་མེད་པའི་ཡེ་ཤེས་ཀྱིས་ཏེ་གྲོལ་བར་འགྱུར་རོ།། དེ་བཞིན་ཞེས་པ་ནི་གསུངས་པའི་རིམ་པས་སོ།། ཧེ་རུ་ཀ ་བསྒོམ་བྱ་ཞེས་པ་ཡོངས་སུ་ཤེས་པས་བསྒོམ་པར་བྱའོ།། དངོས་མེད་ཅེས་པ་ནི་རང་བཞིན་མེད་པར་གྱུར་པ་སྟེ། དེའི་ཕྱིར་དང་པོར་དངོས་པོ་བསྒོམ་པར་བྱའོ།། དངོས་པོ་མེད་པ་ཉིད་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། དངོས་པོ་དང་དངོས ་པོ་མང་པོ་དང་བྲལ་བ་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཧེ་རུ་ཀ་བསྒོམ་པར་བྱའོ།། གང་དུ་བསྒོམ་པར་བྱ་ཞེ་ན། ཡེ་ཤེས་ཆེན་པོ་ལུས་ལ་གནས་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ཆེན་པོ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ།། ཀུན ་ཏུ་རྟོག་པ་ཐམས་ཅད་སྤངས་ཞེས་བྱ་བ་ནི་དམིགས་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། དངོས་པོ་ཐམས་ཅད་ཁྱབ་བྱེད་པ་ཞེས་པ་ནི་འཇོམས་པར་བྱེད་པོས་སོ།། གནས་ཀྱང་ལུས་ཀྱིས་བསྐྱེད་པ་མིན་ཞེས་པ་ནི་ལུས་ལ་ཉེ་བར་བརྟག ་པར་བྱ་བ་ཡིན་ཡང་ལུས་ལས་མ་སྐྱེས་པའོ།། ཁྱབ་པར་བྱེད་ཅིང་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པ་ཉིད་ཡིན་ནོ།། ལུས་ལ་ཇི་ལྟར་ཉེ་བར་བརྟག་པར་བྱ་སྙམ་པའི་སྒོ་ནས་ཞུས་པ་ནི། ཀྱེ་བཅོམ་ལྡན་འདས་ཞེས་བྱའོ།། ། ་བསྒྲུབ་བྱ་སོ་སོར་རྟོགས་པར་བྱ་བའི་ཕྱིར་དེ་རྣམས་ཞེས་པ་སྟེ། ཐབས་དང་ཤེས་རབ་ཉིས་པོ་དག། དབྱེར་མེད་པ་ཡིད་ཀྱིས་རྩ་འདི་རྣམས་ཀྱི་གཙོ་བོ་ནི་གསུམ་མོ།། གཅིག་ནི་བྱ་བའི་དབྱེ་བས་མི་ཕྱེད་མ་ལ་སོགས་པའི་དབྱེ་བ་སྟེ། རྡོ་རྗེ ་ག་སུམ་དབྱེར་མེད་པ་ཉིད་ཀྱིས་དོར་མི་ཕྱེད་མར་རབ་ཏུ་གྲགས་སོ།། སྐྲའི་རྩེ་མོ་ལ་སོགས་པའི་དབྱེ་བས་དེ་ཉིད་ཕྲ་གཟུགས་མ་ཞེས་བྱ་བར་སྦྱར་རོ།། བེམས་པོས་བསྡུས་པས་ན་དེ་གཟུགས་ཅན་མའོ།། གང་གི་ཕྱིར་ལུས་ལ་གནས ་པས་ན་བཟང་མོའོ།། གཡོན་ཕྱོགས་སུ་བརྟེན་པས་ན་གཡོན་པ་མའོ།། ཟླུམ་པོ་ཉིད་ཀྱིས་ནི་མི་ཐོང་མའོ།། རུ་སྤེལ་གྱི་གཟུགས་ཉིད་ཀྱིས་རུ་སྦྲུལ་སྐྱེས་སོ།། སྲི་པ་བསྒོམས་པས་ན་བསྒོམ་པ་མའོ།། དབང་བསྐུར་བ་སྦྱིན་པར ་བྱེད་པས་ན་དབང་བསྐུར་མའོ།། ཉོན་མོངས་པ་སུནཱ་འབྱིན་པར་བྱེད་པས་ན་སྐྱོད་མའོ།། ལུས་སྐྱོད་པར་བྱེད་པས་འདི་རྣམ་པར་གནས་པ་མའོ།། སྐྱེད་པར་བྱེད་པ་ཉིད་ཀྱིས་མེ་མའོ།། ཐམས་ཅད་དུ་སེང་པ་ཉིད་ཀྱིས་མཚན་མའོ།། རྣོ་བ་ཉིད ་ཀྱིས་ན་བསིལ་སྦྱིན་མར་བཤད་དོ།། ཚིམ་པ་མེད་པོའི་ངོ་བོ་ཉིད་ཀྱིས་ལ་ལ་ནཱའོ།། གཟུགས་མོད་པས་ཨ་བ་དྷཱུ་ཏཱིའོ།། རོ་སྟེར་བར་བྱེད་པ་ས་ར་སཾ་ནཱིའོ།། ཟླ་བ་ལྟ་བུས་ན་ཚད་མའོ།། མུན་པོ་ཆེན་པོ་ལྟ་བུས་ན་ནག་མོའོ།། སྤྱི་མ་ནི ་མཉམ་པའི་དངོས་པོས་སོ།། གང་གི་ཕྱིར་རྒྱུ་ཐམས་ཅད་སྦྱིན་པར་བྱེད་པས་རྒྱུ་སྦྱིན་མའོ།། སྦྱོར་བ་ཐམས་ཅད་མེད་པས་དེ་སྦྱོར་བྲལ་མོའོ།། དགའ་བྱེད་མ་ནི་དགའ་བས་བསྡུས་པས་སོ།། དངོས་གྲུབ་མ་ནི་དངོས་གྲུབ་སྦྱིན་པར་བྱེད ་པས་སོ།། མེ་མ་ནི་ཉོན་མོངས་པ་བསྲེགས་པས་སོ།། ཡིད་བཟངས་མ་ནི་ཤེས་རབ་ཀྱི་ལྷ་མོའོ།། གསུམ་འཇུག་མ་ནི་རྣམ་པ་གསུམ་གྱིས་འཇུག་མ་ནི་རྣམ་པ་གསུམ་གྱིས་འཇུག་པར་བྱེད་པའོ།། འདོད་པའི ་ཡོན་ཏན་ཐམས་ཅད་དང་ལྡན་པས་དེ་ལ་འདོད་བྱེད་མ་ཞེས་གསུངས་སོ།། དེ་ཁྱིམ་གྱི་བདག་མོ་ཡིན་པས་ཁྱིམ་མའོ།། གཏུམ་པའི་ལས་བྱེད་པས་ན་གཏུམ་བྱེད་མའོ།། དེ་ཉིད་བདུད་འཇོམས་པར་བྱེད་པས་ན་བདུད་འདྲལ་མའོ།། འདི ་དངག་ནི་འོག་ནས་འཆད་པར་འགྱུར་བའོ།། སྲིད་པ་གསུམ་ཞེས་པ་ནི་སྐུ་གསུམ་གྱི་རང་བཞིན་ཏེ། རྩ་གསུམ་གྱི་གཟུགས་ཀྱིས་སོ།། ཡོངས་སུ་གྱུར་པསོ་ཞེས་པ་ནི་སུམ་ཅུ་རྩེ་གཉིས་པོ་འདི་དོག་གོ། དོན་དམ་པོས་ལས་ནི་ཨ ་བ་དྷཱུ་ཏཱིའི་རང་བཞིན་ཏེ། དེ་བས་ན་གཟུང་བ་དང་འཛིན་པ་སྤངས་པའོ།། ཡང་ནི་ཐམས་ཅད་ཀྱི་ཐབས་ཀྱི་དངོས་པོའི་མཚན་ཉིད་ཀྱིས་བརྗོད་པའོ།། ཞེས་པ་ནི་རྣལ་འབྱོར་མ་བཅོ་ལྔའི་གཟུགས་ཀྱིས་ནི་འདི་དག་ཐམས་ཅད་བསྒོམ་པའི ་ཐབས་ཀྱིས་མཚན་ཉིད་ཀྱིས་གསུངས་པའོ།། དེ་དང་དེ་ཉིད་བདེ་བ་ཆེན་པོའི་རྡོ་རྗེས་ཆོས་ཐམས་ཅད་གཅིག་ཏུ་བསྡོམས་པས་སྡོམ་པ་འམ།། བང་པ་ཆེན་པོ་མཆོ་གོ་གིས་དབྱེ་བས་བཤད་པར་བྱ་བ་ནི་དབྱེ་བའི་མཚན་ཉིད་དོ།། ཨཱ་ལི ་ཀཱ་ལི་ཉིད་ཐབས་དང་ཤེས་རབ་དག་སྟེ། དེ་དག་ཀྱང་ལ་ལ་ནཱ་དང་ར་ས་ནཱ་འམ། ཡང་ན་ཙཎ་ཌ་ལི་དང་། གཞོམ་དུ་མེད་པ་དག་གི། ཆོས་ལ་སོགས་པ་ཇི་ལྟར་རིགས་པར་སྒོ་ལ་སོགས་པ་གནོས་རྣམས་ནི་དེ་དང་དེ་ཉིད་དུའོ།། སྡེར ་གསུངས་པ་བཤད་པ་ནི། ཨེ་བཾ་ཞེས་བྱ་བ་ལ་སོགས་པ་སྟེ། གོ་རིམས་ཇི་ལྟ་བར་སྤྲུལ་པ་ལ་སོགས་པའོ།། ང་ཉིད་གསུངས་པའི་འཁོར་ལོ་ཞེས་པ་ནི་འོག་མ་དང་ཡང་སྦྱར་ཏོ།། བྱ་རོག་གི་མིག་བཞིན་ནོ།། རྣམ་པ་སྣ་ཚོགས་ཞེས་བྱ ་བ་ལ་སོགས་པ་ལ་དེའི་བཤད་པར་འགྱུར་བ་ནི་རྣམ་པ་སྣ་ཚོགས་པ་ཞེས་བྱ་བ་ལ་སོགས་པའོ།། ཐུགས་རྡོ་རྗེ་དེ་ཉིད་སྡུག་བསྔལ་ལ་སོགས་པའི་ཚུལ་གྱིས་ཤེས་པར་བྱའོ།། དེ་ཉིད་དེ་ཁོ་ན་ཉིད་ཀྱི་བཞིའི་ཚུལ་གྱིས་ཏེ་དེ་ལ་བདག ་ཉིད་དེའི་རང་བཞིན་ནི་དེ་ཁོ་ན་ཉིད་དོ།། དེ་ཉིད་ལྷའི་གཟུགས་ལོངས་སྤྱོད་རྫོགས་པའི་བདག་ཉིད་སྒྱུ་མའི་རང་བཞིན་གྱིས་དེ་ཁོ་ན་ཉིད་དོ།། དེ་ཉིད་ཤེས་པར་བྱེད་པ་དང་སྐྱོབ་པར་བྱེད་པ་ཉིད་ཀྱི་རང་བཞིན་གྱིས་ཡེ་ཤེས་ཀྱི་དེ་ཁོ་ན ་ཉིད་དོ།། དེ་ཉིད་ཤིན་ཏུ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་རང་རིག་པའི་ཚུལ་གྱིས་དེ་ཁོ་ན་ཉི་མེད་དོ།། དེ་ཉིད་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་དགོའ་བ་ལ་སོགས་པའི་རང་བཞིན་ནོ།། དེ་ཉིད་གནས་བརྟན་ལ་སོགས ་པ་ཉེ་བར་མཚོན་པའི་གནས་འོག་ནས་འཆད་པར་འགྱུར་རོ།། ཟླ་བ་དང་ཉི་མ་དག་ནི་སྣའི་བུག་པ་གཡས་པ་དང་གཡོན་པ་དག་གི་རླུང་ངོ་།། དེ་ཉིད་ཨཱུ་ལི་དང་ཀཱ་ལི་སྟེ། གཉིས་ཀ་ནས་ཐུན་ཕྱེད་ཕྱེད་ཀྱིས་ཉིན་མཚན་དུ་སྤྱོད་པས་འཕོ ་བ་བཅུ་དྲུག་གོ། དེ་ཉིད་འཕོ་བའི་དུས་དག་ཏུ།། བཞི་ཆ་ཡིསི་ན་མེ་དང་རླུང་།། དེ་བཞིན་དབང་ཆེན་ཆུ་དག་གིས།། དཀྱིལ་འཁོར་ལས་ནི་ཀུན་ཏུ་སྤྱོད།། དེ་ཉིད་སྟེང་ལོགས་དབུས་འོག་རྒྱུ།། དབྱུ་གུ་དྲུག་ཅུ་རྩ་བཞི་ཡིན།། བཟང ་ངན་ལས་ནི་དེ་ཡི་ཕྱེད།། ཆུ་ཚོད་སུམ་ཅུ་རྩ་གཉིས་ཐུན།། བཞིར་ནི་ཉིན་དང་མཚན་དུ་ཡང་།། དེ་བས་ཐུན་གྱི་རྣམ་དག་པ།། ཆོས་ཀྱི་འཁོར་ལོ་འཕོ་བ་ནི།། ལོངས་སྤྱོད་དབྱུ་གུ་སྤྲུལ་པ་ཡིན།། ཆུ་ཚོད ་རྣམ་དག་ཆེན་པོའོ་ཞེས་སོ།། གཏུམ་མོ་ནི་སྲིད་པོའི་ཉོན་མོངས་པ་རྩེ་ནས་མེད་པར་བྱེད་པ་ཉིད་དོ།། འབར་བ་ཞེས་པ་ནི་མཆེད་པར་བྱེད་པ་སྟེ། སྣང་བར་བྱེད་པ་ཞེས་བྱ་བའི་བར་དུའོ།། ཨཱ་ལི་ཞེས་པ་ནི་རེ་མོའོ།། ལྟེ་བ་ནི་བདེ་བ ་ཆེན་པོའི་པདྨའི་ལྟེ་བ་ལའོ།། བསྲེགས་ཞེས་པ་ནི་ངོ་བོ་ཉིད་མེད་པར་བྱེད་པའོ།། དེ་བཞིན་གཤེགས་པ་ལྔ་ཞེས་པ་ནི་ཕུང་པོ་ལྔའོ།། སྤྱན་ལ་སོགས་པ་ཞེས་པ་ནི་ས་ལ་སོགས་པ་འབྱུང་བ་རྣམས་སོ།། གང་གི་ཚེ་བསྲེགས ་ཤེ་ན།། བདག་བསྲེགས་ཏེ་བདག་ཏུ་འཛིན་པ་སྲེག་པ་དེའི་ཚེ་ནའོ།། རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་རིགས་ནི་གནས།། དེ་རྟོགས་པར་བྱེད་པའི་ལེའུ་སྟེ་དང་པོའོ།། །། དེ་ཉིད་སྔགས་ཀྱི་གཟུགས་ཀྱིས ་སྣ་ཚོགས་པའི་དོན་བྱེད་པར་ནུས་སོ་ཞེས་བསྟན་པའི་ཕྱིར་གསུངས་པ་སྟེགས་ཀྱི་རྣམས་ཀྱི་ལེའུ་སྟེ་ཚོགས་བཤད་པར་བྱའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པའི་ཕྱིར་གཏོརེ་མའི་སྔགས་གསུངས ་པི་ཨོཾ་ཞེས་པ་སྟེ། ཨ་ཀཱ་རེ་མུ་ཁོ་ནི་དང་པོའི་སྒོའོ།། སརྦ་དྷརྨཱ་ཎཱཾ་ནི་ཆོས་ཐམས་ཅད་དོ།། གང་ལས་ཞེ་ན། དེ་དང་པི་ཉིད་ནས་སྐྱེ་བ་མེད་པ་ཉིད་དེ། ཆོས་ཐམས་ཅད་སྐྱེ་བ་མེད་པར་བྱེད་པ་ནི་ཨའོ།། དེའི་ཕྱིར་ཆོས ་ཐམས་ཅད་སྐྱེ་བ་མེད་པ་བདེ་བ་ཆེན་པོའི་རྡོ་རྗེར་ལྷག་པར་མོས་ཏེ། ཨ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་རྨི་ལམ་དང་། སྒྱུ་མ་ལྟ་བུའི་སེམས་ཅན་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར་གཏོར་མ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ་ཨོཾ་ཨཱ་ཧཱུཾ་ཞེས་པ་ནི་ལུས་དང་ངག་དང་ཡིད་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའོ།། གདུག་པ་ཅན་བདུད་ལ་སོགས་པ་ཟློག་པར་བྱེད་པར་ཕཊ་དོ།། སྭཱ་ཧཱ་ནི་ལུས་དང་ངག་དང་ཡང་དེ་ཁོ་ན་ཉིད་དུ་སེམས་ཞི་བར་བྱེད་པའོ།། རིགས ་མཐའ་ཡས་ཀྱང་རིགས་ཐམས་ཅད་སྡུད་པར་བྱེད་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ས་བོན་ཏེ། དེ་དག་ཉིད་ཡང་དག་པར་སྟོན་པར་བྱེད་པ་དང་བསྐྱེད་པའི་གནས་ཀྱི་སྔགསོ།། ་རྒྱུད་ལ་གཙོ་བོ་ཉིད་ཡིན་པས་རེ་ཤིག་ལྷ་དེ་ཉིད་ཀྱི་སྔགས་དང་པོར་བརྗོད་པར་བྱའོ།། དེ་གསུངས་པ་ཨོཾ་དེ་བཻ་པི་ཙུ་བཛྲ་ཞེས་པའོ།། ཀྱེའི་རྡོ་རྗེའི་ཕྲེང་བའི་སྔགས་མ་གཏོགས་པ་ངེས་པོ་དང་ལྡན་པས་ཐམས་ཅད་ཅེས་བྱ་བ ་གསུངས་ཏེ། སྔགས་ཀྱི་ཚིག་རྣམས་ཕུན་སུམ་ཚོགས་པ་ཐམས་ཅད་དང་དེ་དང་ལྡན་པའི་དེ་བསྐྱེད་པའི་གནས་ཡིན་པས་ཚིགོ། དང་པོར་ཨོཾ་གང་ཡིན་པ་དེ་དག་ནི་ཨོཾ་ལ་སོགས་པའོ།། ཕཊ་དང་སྤེལ་ཞེས་པ་ནི་བར་དུ ་གཞུག་པའོ།། གང་དག་སྭཱ་ཧཱ་མཐར་ཡིན་པ་དེ་དག་ནི་སྭཱ་ཧཱ་མཐར་རོ།། ཨོཾ་ལ་སོགས་ཡང་ཡཾ་ན་ལ་སྭཱ་ཧཱ་མཐར་ཡང་ཡིན་པ་དང་ཕཊ་དང་སྤེལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། སྔགས་གང་ཞེ་ན། ཧཱུཾ་གསུམ་མོ།། ་གང་ལས་ཤེ་ན་སྔགས་བརྗོད་པ་ལས་མང་པོའི་ཚིག་ཉེ་བར་བླངས་པ་དང་། ཧེ་རུ་ཀ་ཡང་མི་བསྐྱོད་པ་ཉིད་དང་སྐུ་དང་གསུང་ཐུགས་སུ་གཅིག་པས་བོད་པའོ།། གྲོང་ཁྱེར་ནི་སྐྱེ་བོའི་གནས་ཏེ་འཁྲུག་པར་བྱེད་པ ་ནི་སྔགས་གང་གིས་གྲོང་ཁྱེར་དཀྲུག་པར་བྱེད་པ་དེ་ནི་གྲོང་ཁྱེར་དཀྲུག་པའི་སྔགས་སོ།། སྤྲུལ་པའི་འཁོར་ལོར་ཕྱོགས་བརྒྱད་ཀྱི་འདབ་མ་ལ་སྡེ་མཚན་བརྒྱད་ཀྱི་དང་པོའི་ཡི་གེ་རྣམས་ཤོས་རབ་གཙོ་བོར་བྱས་ཏེ་སྤྱོད་ནས་དེ་ཉིད ་ཀྱིས་སྣ་ཚོགས་དབང་དུ་བྱས་ཏེ་བདེ་བ་ཚོན་པོའི་སྦྱོར་བ་ས་བསྔོས་ཏེ་སྔགས་མདོག་ད་མར་པོས་བཟླས་ན་གྲོང་ཁྱེར་འཁྲུག་པར་བྱེད་དོ།། རྣལ་འབྱོར་མ་རྣམས་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་གཉིསུ་མེད་པའི་རྣལ་འབྱོར་མ ་རྣམས་ཏེ་བདག་མེད་མ་ལ་སོགས་པའོ།། ས་བོན་ནི་སྔགས་ཏེ་དེ་ཁོ་ན་ཉིད་བསྐུལ་བར་བྱེད་པའི་ཚིག་སྟེ། གོ་རིམས་ཇི་ལྟ་བུས་དབྱངས་ཡིག་བཅོ་ལཱྀའོ།། ཏྲཻ་ལོ་ཀྱཱ་ཀྵེ་པཾ་ཞེས་པ་ནི་ཏྲཻ་ལོཀྵཱ་ནི་ཁམས་གསུམ་མོ།། ཀྵེ་པ་ནི་གཉི་སུ ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་དུ་སྡུད་པར་བྱེད་པ་སྟེ་གཉིས་སུ་མེད་པའི་བ་དེ་བ་ཆེན་པོའི་རང་བཞིན་དུ་སྡུད་པར་བྱེད་པ་ནི་ཏྲཻ་ལོཀྲཱྀ་ཀཱུ་པཱ་ཞེས་བཅོམ་ལྡན་འདས་ལ་ཡང་དག་པར་བྱེད་པའོ།། ཛཱ་ཛྷ་ལ་ཞེས་པ་ནི་དངོས་པོ་ཐམས་ཅད ་ལ་བདེ་བ་ཆེན་པོ་དེ་བཞིན་ཉིད་ཀྱི་རང་བཞིན་འབོར་བར་གྱིས་ཤིག་པའོ།། བྷྱོ་ཞེས་པ་ནི་ཀྱེ་བཅོམ་ལྡན་འདས་ཞེས་པའི་དོན་ཏོ།། ཀོ་ཊ་ཀི་ཊི་ཞེས་པ་ནི་ཆེས་ཐམས་ཅད་དང་བདུད་ཆོམས་ཤིག་ཚེམས་ཤིག་ཅེས་བྱ་བའི་དོན་ཏོ།། ་བཛྲ་ཞེས་པ་ནི་ཀྱེའི་རྡོ་རྗེ་ཞེས་པའོ།། སྐུ་དང་གསུངས་དང་ཐུགས་བྱིན་གྱིས་རློབ་པར་བྱེད་པ་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བྱིན་གྱིས་རློབ་པར་བྱེད་པ་གཉིསུ་མེད་པའི་བདེ་བ་ཆེན་པོ་དེ་ཐོབ་པར་བྱེད་པ་སྟེ། སྔགས་གང་ཡིན ་བ་དེ་ལ་དེ་སྐད་ཅེས་བྱའོ།། འདི་དག་བརྗོད་པའི་འོག་ཏུ་རྡོ་རྗེ་གསུམ་དབྱེར་མེད་པར་བསྒོམ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ས་སྦྱོང་བའི་སྔགས་ཞེས་པ་ནི་དཀྱིལ་འཁོར་གྱི་ས་དང་རྣལ་འབྱོར་གྱི་སའོ།། སྦྱང་བ་ནི་སྟོང་པ་ཉིད ་དུ་བྱས་ནས་རྡོ་རྗེ་རྐང་པས་སྲུང་བར་སྦྱོར་བ་སྟེ། དེ་སྲུང་པར་བྱེད་པོའི་སྔགས་ཞེས་བྱ་བའི་དོན་ཏོ།། རེངས་པར་ཞེས་བྱ་བ་ལ་སོགས་པ་ལ་རེངས་པ་ལ་སོགས་པའི་ཕྱིར་སྔགས་ཞེས་པའི་དོན་ཏོ།། དེ་ལ་རྣལ་འབྱོར་པ་རྡོ་རྗེ་མའི་སྦྱོར་བ་དང ་ལྡན་པས་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སྔར་བ་སྙན་པོ་མང་དུ་བཟླས་པ་དང་ལྗོན་པས་དྲང་པོར་མི་གཡོ་བར་བལྟས་ཏེ་རླུང་ཞི་བ་དང་ལྡན་པས་འཇག་མ་ལ་སོགས་པ་ཡོ་བའི་རྩ་ལྔ་བསླབས་ཏེ་བརྟན་པར་གྱུར་ན་བསྒྲུབ་བྱ་དེ་བཞིན ་དུ་རེངས་པར་བྱ་འོ།། གོ་རི་ལི་རྣལ་འབྱོར་དང་ཀུ་རུ་ཀུལླེའི་རྣལ་འབྱོར་གྱིས་ཨོཾ་ཨི་སྭཱ་ཧཱ་ཞེས་སྔགས་བཟླས་ཏེ། གཡོན་ཕྱོགས་སུ་ལྟེ་བའི་ལྷ་སྟངས་དང་། རླུང་བཟུང་བས་པདྨའི་མེ་ཏིག་ལ་སོགས་པ་ལ་བསླབ་པོར་བྱ་སྟེ། དེ ་བཞིན་དུ་བསྒྲུབ་བྱ་དབང་དུ་བྱའོ།། དེ་ལྟར་གཞན་དུ་ཡང་ཇི་ལྟར་རིགས་པའི་སྦྱོར་བས་སྦྱོར་བའི་རྗེས་སུ་འབྲེངས་ཏེ་སྐུར་བར་བྱའོ།། སྔགས་བཟླས་དེ་བཞིན་སྦྱིན་སྲོག་དང་།། དེ་ཉིད་བསྒོམ་དང་མཆོད་པ་དང་།། སྙིང་རྗེ་སྔགས་ནི་འགྲུ ་འགྱུར་ཏེ། གཞན་དུ་མཆོག་ཏུ་ཉོན་མོངས་འགྱུར་ཞེས་སོ།། ཨཱཿཕུ་ཞེས་པ་ནི་སྔགས་འདི་བཟླས་ཏེ་ཙན་དན་ལས་མཐའ་ཡས་ཀྱི་གཟུགས་བྱས་ཏེ་ལྟ་བ་ཡན་ཆད་སྐྱེས་པའི་གཟུགས་དང་། མན་ཆད་ཀླུའི ་མཇུག་མར་བྱས་ཏེ་ལག་པ་བཞི་པ། ལག་པ་གཡོན་པར་བདུད་རྩིའི་ཐོད་པོ་དང་པདྨ་ཐོགས་པ་གཡས་པས་བདུད་རྩིའི་འབྲས་བུ་དང་རིན་པོ་ཆེ་ཐོགས་པ་ལན་བརྒྱད་དུ། སྟེང་དུ་གདེངས་ཀ་བདུན་གྱིས་བརྒྱན་པ་བྱས་ཏེ་འོ་མ་དང་ཞེ ་དད་མར་དང་སྦྲང་རྩི་དང་། ཤ་ཀ་ར་ཞེས་བྱ་བ་བདུད་རྩི་ལྔས་བཀྲུ་བར་བྱའོ།། དེ་ནས་ཨུཏྤ་ལ་སྔོན་པོས་མཆོད་པར་བྱ།། བུ་མོ་ནཱག་མོས་བཀལ་བ་ཞེས་པ་ནི་རམས་སུ་བཅོས་པའི་སྐུད་པས་ཕྱོགས་བརྒྱུད་དུ་དཀྲི་བར་བྱའོ།། ཤིན ་ཏུ་ཞེས་བྱ་བ་ནི་སྔགས་ཀྱི་སྒྲ་གསལ་བས་སོ།། ཁྲོས་པའི་སེམས་ཀྱིས་ཞེས་པ་ནི་ཞེ་སྡང་ཆེན་པོའི་སེམས་ཀྱིས་སོ།། དགོན་པའི་གནས་སུ་ཞེས་པ་ནི་ཇི་ལྟར་སྐྱེ་བོ་རྣམས་ཀྱིས་སྔགས་བཟླས་པའི་སྒྲ་མི་ཐོས་པར་རོ།། ཨརྫ་ཀ ་ཞེས་པ་ནི་སྡོང་བུ་དཀར་པོ་སྟེ་དེའི་སྙེ་མ་ཇི་ལྟ་བར་ཞེས་པ་དེ་ལ་ཉི་མས་རེག་པས་སྐད་ཅིག་གིས་རྣམ་པ་དུ་མར་འགགས་པར་འགྱུར་བ་དེ་བཞིན་དུ་ཀླུ་རྣམས་ཀྱི་མགོ་བོ་འགས་སོ།། ཚྭར་ཚན་སྤྲིན་དྲལ་བའི་ཆོ་ག་གསུངས་པ་སྤྲིན་རྣམས ་ཞེས་པའོ།། རྡོ་རྗེ་གྲོ་གུག་གི་སྒྲུབ་པ་གསུངས་པ་ནི་རྡོ་རྒྱུས་ཀྱིས་སྒྲུབ་པ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་བདུད་རྩི་ལྔ་དོང་རྡོ་རྒྱུས་བཏགས་ཏེ། སྟེ་རེས་གཅོད་པར་བྱེད་པ་དང་ལྷན་ཅིག་ཏུ་མིག་ཙམ་གྱི་ལུ་བྱས་ཏཽ་ཧེ་རུ་ཀའི་ཁར ་བཅུག་སྟེ་སྔགས་བཟླས་ནས་ཇི་སྲིད་དུ་སྐུ་གཟུགས་རང་གི་ཁ་ནས་རང་བྱུང་སྟེ་སྒྲུབ་པ་པོ་ལ་མ་བཏད་པ་དེ་སྲིད་དུ་སྟེན་གཅིག་ལ་འབུམ་བཟླས་པས་གྲུབ་པར་འགྱུར་ཏེ། རྡོ་རྒྱུས་དེ་རིལ་བ་སྤྱི་བླུགས་ཀྱི་མགྲིན་པ་ལ་རི་མོ་བྲིས་ན་བསྒྲུབ་བྱ ་འཁོར་དང་བཅས་པའི་མགྲིན་པ་ལ་དེ་ཉིད་སྣང་བར་འགྱུར་ཏེ། འདི་ནི་འཕྲལ་དུ་ཡིད་ཆེས་པར་བྱེད་པའོ།། འདི་ལྟ་བུས་ཀྱང་དཀོན་མཆོག་གསུམ་ལ་སོགས་པ་ལ་གི་ནོད་པ་བྱེད་པ་ལས་མི་ལྡོག་ནི་བཅག་པར་བྱའོ།། རྡོ་རྗེ་གྲི ་གུག་ཅེས་པ་རྡོ་རྗེ་གྲི་གུག་ལྟ་བུ་ནི་རྡོ་རྗེ་གྲི་གུག་སྟེ། དཔེར་ན་རྡོ་རྗེ་ལས་བྱས་པའི་གྲི་གུག་ནི་གང་དུ་བཏབ་པ་དེ་ངེས་པར་གཅོད་པར་བྱེད་དོ།། དེ་བཞིན་དུ་འདི་ཡང་དག་ཨ་མགོ་བོ་གཅོད་པར་བྱེད་དོ།། རྡོ་རྗེའི་སྟ་རེའི་སྒྲུབ་པ་གསུངས ་པ། ལྷ་ཞེས་པ་ནི་སྐེར་མ་རྒྱལ་གྱི་ཆོས་བཅོ་ལྔ་ཚངས་པའི་ས་བོན་ནི་ཤྲཱིའི་ས་བོན་ཏེ། དེ་བླངས་ལ་སྟ་རེས་བཅོད་པར་བྱེད་པ་དང་ལྷན་ཅིག་ཏུ་ཆ་བསྙམས་ལ་མི་བསྐྱོད་པས་སྦྲུས་ཏེ། དེ་ལས་དགྲ་སྟ་བྱ་སྟེ་ཉི་མ་གཟི་ས་གཟུང་བའི ་དུས་སུ་དེ་རྐང་པའི་འོག་ཏུ་མནན་ནས་སྔགས་བཟླས་སོ།། སྔོན་དུ་བྱ་བ་བཟླས་ཏེ་ཉི་མ་གཟས་གཟུང་བའི་ཉིན་མཚན་དུ་བསྒྲུབས་ནས་དེ་བདར་ལ་ཐིག་ལེ་སྟ་རེ་ལྟ་བུ་བྱ་སྟེ། དེ་ནས་ལྷ་གང་ལ་ཕྱག་བྱས་པ་དེ་འགས་པར་འགྱུརརོ།། ་འབྲས་ཕུབ་ཀྱི་མེ་ཞེས་པ་ནི་ཨ་ཀའི་ལོ་མ་ས་ལ་སོར་བརྒྱད་བརྐོས་ཏེ་དེ་གཞུག་པར་བྱ།། དེའི་སྟེང་དུ་འབྲས་ཕུབ་ཀྱི་མེ་བུ་ས་ཏེ་ཁྲི་ཕྲག་གཅིག་བཟླས་པས་དེའི་ཚེ་བསྒྲུབ་བྱ་དེ་རིམས་ཀྱི་ཐེབས་པར་འགྱུར་རོ།། སླར་ཕྱུང་སྟེ་འོ ་མས་བཀྲུས་ན་རིམས་ལས་གྲོལ་བར་འགྱུར་རོ།། ཆང་སྐྱུག་པར་འདོད་པར་ཞེས་པ་ནི་སྔོན་དུ་ལྟོ་བར་ཆང་སྔགས་ལས་བསྒྲུབས་ཏེ་ཆང་སྐྱུག་པར་བྱེད་པར་འདོད་པས་སོ།། བསྒྲུབ་བྱའི་ལྟེ་བར་ཡཾ་ཡོངས ་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེའི་སྟེང་དུ་མི་ཡོངས་སུ་གྱུར་བ་ལས་ཆང་ལྟོ་བར་བསྒོམ་པར་བྱའོ།། བསྒྲུབ་བྱ་ཡང་སྐྲ་གྲོལ་ཞིང་ཚང་སྐྱུག་པར་བསྒོམས་ཏེ་སྔགས་བརྒྱ་རྩ་བརྒྱ་ང་བཟླས་སོ།། ཨོཾ་ཧེ ་བཛྲ་མ་དྱ་མུང་གི་ར~ཾ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེའི་འོག་ཏུ་ཆང་སྐྱུག་པར་འགྱུར་རོ།། སྔོན་དུ་ཀུ་རུ་ཀུལླེའི་སྔགས་བསྒྲུབསཽ་པའི་རྣལ་འབྱོར་པའི་དབང་དུ་བྱེད་དེ་དགུ་ག་པ་གསུངས་པ་ནི་བུད་མེད་ཅེས་པའོ།། ཟླ་བ་དང་ཉི་མ་དགྲ་རྣམ ་པར་གཟུང་བའི་ཆོ་ག་གསུངས་པ། ཟླ་བ་དང་ཉི་མ་ཞེས་པ་སྟེ། སྔོན་དུ་བསྙེན་པ་བྱ་བོ་བདུན་བཟླས་ཏེ་སྔགས་བསྒྲུབ་པར་བྱའོ།། སཱ་ལུ་བཏགས་པའི་ཟླ་བ་དང་ཉི་མ་བྱཱ་ས་ཏེ་རླངས་པ་ལ་བཙོས་ནས་སོར་བཞི་པའི་རྡོ་རྗེའི་ཆུ ་བླུགས་པའི་ཁམ་ཕོར་དུ་བཅུག་ལ་སྔགས་བཟླས་པར་བྱའོ།། ཉི་མའི་ཕྱོགས་ཀྱི་སྔགས་འདིའོ།། ཟླ་བའི་ཕྱོགས་ཀྱི་སྔགས་ནི་ཨོཾ་བཛྲ་ཙནྡྲ་མ་ཙ་ལ་ཏིཥྛ་ཏིཥྛ་ཧེ་བཛྲ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཁྲི་བཟླས་པས་བདུག་པར་འགྱུར་རོ། ་དྲི་ཆུལ་ཕྱུང་བས་ནི་གྲོལ་བར་འགྱུར་རོ།། རྡོ་རྗེ་སྐར་མོ་གསུངས་པ། ཨོཾ་ན་གཱ་ཞེས་པ་སྔོན་དུ་འབུམ་བཟླས་ཏེ་པདྨ་དམར་པོའི་སྦྱིན་སྲེག་བྱས་ནས་སྔགས་སྒྲུབ་པར་བྱའོ།། ཨོཾ་ནི་གྲཱ་ན་གྲཱ་ཀུ་མཱ་རཱི་ཀེ་ཌི་བྱ་ལོ་ཙ་ནཾ། སྭཱཧཱ། ་ཞེས་བྱ་བ་འདིས་ཚེས་བཅུ་གསུམ་མམ་བདུན་གྱི་མཚན་མོའི་ཐུན་མཚམས་སུ་བུ་མོའི་ལུས་དང་མིག་གཉིས་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་མཆོང་ནས་སྙན་གསན་དབབ་པར་བྱའོ།། ད་ནི་སྔར་གསུངས་པའི་རེངས་པ་ལ་སོགས ་པབའི་སྦྱོར་བའི་ལྷ་གསུངས་པ། རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པའོ།། ལེའུ་གཉིས་པའི་བཤད་པའོ།། ། སྔོགས་དང་དབྱིབས་དང་ཆོས་བདག་ཉིད།། སྦྱོར་བ་རྣམ་པ་གསུམ་དུ་འདིད་ཅེས་བྱ་བའི་རིགས་པ་འདིས་ཆོས ་དང་སྡིགས་ཀྱི་བདག་ཉིད་ཀྱི་སྦྱོར་བ་བརྗོད་ནས། དབྱིབས་ཀྱི་བདག་ཉིད་ཀྱི་སྦྱོར་བ་གསུངས་པ། ལྷའི་ལེའུ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་བ་ཆེན་པོའི་ཚུལ་གྱིས་རོལ་པས་ལྷ་སྟི་ལྷ་ཉིད་ལྷའོ།། དེ་ཉིད་རྟོགས་པར ་བྱེད་ཅིང་གཏན་ལ་འབེབས་པའི་གཞུང་ནི་ལེའུའོ།། བྱམས་པ་ལ་སོགས་པ་རྣལ་འབྱོར་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་རང་དང་གཞན་གྱི་དོན་སྒྲུབ་པར་བྱེད་པས་འཇུག་པར་བྱའོ།། ཞེས་པ་ནི་དང་པོ་ཚད་མེད་པ་བསྒོམ ་པོ་གསུངས་པ། དང་པོར་བྱམས་པ་བསྒོམ་པར་བྱ་ཞེས་པ་སྟེ། སེམས་ཅན་ཐམས་ཅད་ལ་ཚད་མེད་པའི་ཕན་པ་དང་བདེ་བ་ཉེ་བར་སྡུད་པར་བྱེད་པའི་བྱམས་པ་བསྒོམ་པར་བྱའོ།། དེ་ནས་དེ་རྣམས་སྡུག་བསྔལ་དང་དེའི ་རྒྱུ་ལས་བསྒྲལ་བའི་བསམོ་པའི་ངོ་བོ་ཉིད་ཀྱི་སྙིང་རྗེའོ།། མི་རིག་པ་དང་བྲལ་བས་དགེ་བའི་ཕྱོགས་ལ་རབ་ཏུ་འཇུག་པ་ལ་དགའ་བའི་སེམས་དེ་ནི་དགའ་བའོ།། སྲིད་བཞི་ཞིང་མཉམ་པ་ཉིད་ལ་འཇུག་པ་རྣམས་ལ་བལྟོས ་པ་མེད་པ་ནི་བཏང་སྙོམས་སོ།། ཡང་ན་དགའ་བ་བདེ་བ་ཉེ་བར་སྤྱད་པའི་རང་བཞིན་མཉམ་པ་ཉིད་བྱམས་པའོ།། ཀ་ནི་བདེ་བ་ཆེན་པོའི།། རུ་ནི་སྡུད་པར་བྱེད་པ་སྟེ།། སྙིང་རྗེ་ནི་གཉི་སུ་མེད་པའི་བདེ་བ་ཆེན་པོ་ལ ་བརྩོན་པའོ།། དེ་ཉིད་ལ་མཆོག་ཏུ་ལྷན་ཅིག་སྐྱེས་པ་རྗེས་སུ་མྱོང་བར་དགའ་བ་ནི་དགའ་བའོ།། དེ་ཉིད་དུ་ཉོན་མོངས་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་བཏང་སྙོམས་བྱེད་དོ་དཔྱད་པ་མེད་པའོ།། དེའི་འོག་ཏུ་སྟོང་པའི་བྱང་ཆུབ ་སེམས་ཞེས་པ་ནི་ཆོས་ཐམས་ཅད་དམིག་ཅེས་པ་མེད་ཅི་ངོ་བོ་ཉིད་དང་བྲལ་བ་ནི་སྟོང་པ་ཉིད།། དེ་ཉིད་བྱང་ཆུབ་སྟེ་ཆོས་ཐམས་ཅད་ཀྱི་དོན་དམ་པ་རྟོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷ་ནི་ཅོག་སྐྱེས་པའི་གནས ་སྐབས་སོ།། དེ་ཉིད་ཀྱིས་མཚན་མ་མེད་པ་ལ་སོགས་པ་ཡང་བསྡུ་སོ།། སྟོང་པ་ཉིད་འདི་ལ་གང་དུ་ཅི་ཡང་རྒྱུ་དང་འབྲས་བུ་ཡོད་པ་མ་ཡིན་ཏེ། དེ་ལྟར་ན་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་མེད་པའི་རང་བཞིན་ལ་ས་སྨོན་ལམ ་གང་གིས་གང་དུ་ཡང་ཡོད་པ་མ་ཡིན་ནོ།། ཡན་ལག་བཞི་གསུངས་པ། གཉིས་པ་ལ་ནི་ས་བོན་དུ་ཞེས་པ་ནི་བསྐྱེད་པའི་རྒྱུའོ།། བཅུ་བྱ་ནི་ཉེ་བར་བསྐྱེད་པས་བསྡུས་པ་སྟེ། ཧཱུ~ཾ་ལ་སོགས་པ་ལས་བསྐྱེད་ཅེས་པའི་དོན ་ཏོ།། ཡང་ན་ས་བོན་གྱིས་བསྡུས་པ་ནི་མངོན་པར་བྱང་ཆུབ་པ་བཞིའོ།། དེ་ནས་གཟུགས་རྫོགས་པ་དང་དེའི་འོག་ཏུ་ཡི་གེ་ད་གོད་དོ།། སྟོང་པ་ཉིད་བ་སྐེམས་པའི་འོག་ཏུ་རམ་ལས་ཞེས་པ་ནི་ར་མ་ལས་ཉི་མ་བསྒོམ་ལ ་ཉི་མ་དེ་ལ་ཧཱུཾ་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཁ་དོག་སྣ་ཚོགས་པའི་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེའོ།། ར་བ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ལ་སོགས་པའི་ཚད་ཀྱིས་ས་འོག་དང་ས་སྟེང་དུ་ཚངས་པའི་གནས་ལ་ཐུག ་པར་རྡོ་རྗེའི་བར་བའི་རང་བཞིན་ཟུར་བཞི་པ་སྣ་ཚོགས་རྡོ་རྗེ་འཕྲོས་པར་བསྒོམ་མོ།། སྟེང་དུ་ཡང་རྡོ་རྗེའི་རང་བཞིན་གྱི་དྲ་བའོ།། ཡང་ཞེས་པ་ནི་འོག་ཏུ་རྡོ་རྗེའི་རང་བཞིན་གྱིས་འབར་བ་དང་ལྡན་པར་བསྒོམ་པར་བྱའོ།། ་ནས་དེའི་དབུས་སུ་ཡང་དག་པར་བྱུང་བའི་པདྨ་ལ། རོ་ཞེས་པས་ཐམས་ཅད་བདག་མེད་པའི་ཕྱག་རྒྱུའི་རང་བཞིན་ནོ།། དེ་ཉིད་ཀྱིས་གསུངས་པ། མཁས་པས་ཆོས་ཀྱི་བདག་ཉིད་ཅནྡ་ཞེས་སོ།། དེ་སྟེང་རྣལ་འབྱོར་པ ་གནས་ནས་ཞེས་པ་ནི་དེའི་སྟེང་དུ་གནས་པ་བདག་ཉིད་ཧེ་རུ་ཀ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ།། རང་གི་སྙིང་ཀར་ཞེས་པ་ནི་རོའི་སྙིང་ཀའོ།། ཞེ་སྡང་བདག་ཉིད་ཅེས་པ་ནི་ཞེ་སྡང་གི་རྣམ་པར་དག། པའོ།། འདིས་ནི་དཔའ་བོ་གཅིག་བསྒོམ ་པ་གསུངསོ།། རྣལ་འབྱོར་མ་བརྒྱད་ཀྱིས་བསྐོར་བ་མངོན་པར་བྱང་ཆུབ་པ་ལྔ་ལས་སྐྱེས་པ་གསུངས་པ། ཡང་ན་ཞེས་པ་སྟེ་བྱམས་པ་ལ་སོགས་པ་བསྒོམ་པའི་འོག་ཏུ། ན་མཁཁྱེར་རྗེ་བཙུན་དམིགས་ནས་ནི།། ལྷ་མི ་བརྒྱད་ཀྱིས་མཆོད་པར་བྱ་ཞེསོ།། རི་དྭགས་མཚན་མ་ན་བྱང་ཆུབ་ཀྱི་སེམས་སོ།། ཉི་མའི་སྣོད་ཅེས་པ་ནི་རིན་ཆེན་འབྱུང་ལྡན་གྱིས་གང་བའི་པདྨའི་སྣོད་དོ།། ཆུ་ནི་མི་བསྐྱོད་པའོ།། སྨན་ནི་མར་མེ་ལྔའོ།། རྡོ་རྗེ་ནི་རྣམ ་པར་སྣང་མཛད་དེ།། རོ་ནི་སྤྱང་རྩིའོ།། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་རྟོགས་པས་ཅང་ཏེའུ་བརྡུང་བའོ།། གཡུང་མོས་མགུལ་ནས་འཁྱུད་དེ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བས་མཆོད ་པ་བྱེད་དོ།། དེའི་འོག་ཏུ་སྟོང་པ་ཉིད་ཀྱི་བྱང་ཆུབོ། དེའི་འོག་ཏུ་བསྲུང་བའི་འཁོར་ལོ་དབུས་སུ་པདྨ་འདྲབ་མ་བརྒྱད་པ་དུར་ཁྱོད་ཀྱི་བསྐྱོར་བ། པདྨ་དེའི་ལྕི་བཾ་ལ་རོ་བསྒོམ་པར་བྱའོ།། དེའི་སྙིང་གར་ཨཱ་ལྀ་ཟླ་བ་ཀཱ་ལི་ཉི་མ་ཞེས ་པ་ནི་ཨཱ་ལི་ལས་ཟླ་བ་བསྒོམ་པ་དང་། ཀཱི་ལི་ལེས་ཉི་མའི་དཀྱིལ་འཁོར་རོ།། དེའི་དབུས་སུ་ཞེས་པ་ནི་རྡོ་རྗེའི་དབུས་སུ་སྟོ། ས་བོན་དེ་ཉིད་ཅེས་པ་ནི་ཧཱུཾ་ངོ་།། སེམས་དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། འདི་ནི་དེ་བཞིན ་གཤེགས་པས་གསུངས་པའོ།། གང་ལས་ཤེ་ན། དམ་པར་དགའ་བའི་རང་བཞིན་ཅན་ཞེས་གསུངས་པས་སོ།། རྣམ་པར་སྤྲོ་ཞེས་པ་ནི་ཧཱུཾ་དེ་ཉིད་ལསོ།། རང་ལུས་འོད་ཅེས་པ་ནི་ཀྱེའི་རྡོ་རྗེའི་སྐུ་ལྟ་བུའི་འོད་ཟེར་དང་། རྣལ ་འབྱོར་མ་ཡང་ངོ་།། བསྡུ་བ་ནི་སྡུད་པར་བྱེད་པ་སྟེ་གཞུག་པའོ།། སྙིང་གར་ཞེས་པ་ནི་ཧཱུཾ་ལ་སྟེ་འདི་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ།། དེའི་འོག་ཏུ་རྣལ་འབྱོར་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཞེ་སྡང་གི་བདག ་ཉིད་ནི་ཀྱེའི་རྡོ་རྗེར་གྱུར་པའོ།། ཐེབས་དང་ཤེས་རབ་ཀྱི་རྣམ་པར་དག་པས་སྔོན་དམར་དུ་སྣང་བའོ།། དབུགས་ཕྱུང་ཞེས་བྱ་བ་ལ་དབུགས་ཕྱུང་བ་ནི་གྱེན་དུ་དབུགས་ཕྱུང་བ་སྟེ་རོའོ།། དུར་ཁྲོད་ཅེས་པ་ནི་འདིར་ཡི་དགས་དང ་རོ་ལ་སོགས་པའི་གནས་སོ།། ཡང་ན་དུར་ཁྲོད་ནི་ལུས་ཏེ་མགོན་པོ་རོལ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ།། རྣལ་འབྱོར་མ་ནི་བརྒྱད་ཀྱིས་ཞེས་པ་ནི་གཽ་རཱི་ལ་སོགས་པ་བརྒྱད་ཀྱིས་སོ།། རོལ་ཞེས་པ་ནི་རང་གི་ཤེས་རབ་དང་ལྷན་ཅིག་ཏུ ་གཉིས་སུ་མེད་པའི་སྦྱོར་བ་སྣ་དགྱེས་པའོ།། ལུས་ཇི་ལྟར་དུར་ཁྲོད་ཡིན་སྙམ་པ་ལ། དབུགས་ཕྱུང་བའི་རིགས་པ་འམ་ཞེས་བྱ་བ་གསུངས་ཏེ། དབུགས་ནི་སྲེག་དང་རྒོལ་བ་དག་གི་རིགས་པ་འདིས་སོ།། ཐུགས་ཀྱི་རྒྱུ་ལ་པོ ་དེ་ཕྱག་བཞི་པར་གྱུར་པ་ཡིན་ནོ།། ཇི་ལྟར་སྙམ་པ་ལ་བདུད་བཞི་རྣམ་པར་དག་པས་ཞེས་བྱ་བ་གསུངས་སོ།། སྔར་གསུངས་པའི་ཁ་དོག་དང་རང་བཞིན་ཏེ། ནག་པོ་ནི་མི་བསྟོད་པའི་ཡང་ཞེས་བྱ་བའི་དོན་ཏོ།། ཡང་ནི་ཁ་དོག ་དང་བྱིབས་དང་སྐེ་དམར་སེར་གྱེན་དུ་བརྫེས་པ་དང་། གོ་ཆ་དང་ཕྱག་རྒྱ་ལྔས་བརྒྱན་པ་རོ་ལ་བཞུགས་པ་དུར་ཁྲོད་ལ་སོགས་པས་བསྐོར་བ་བཅོམ་ལྡན་འདས་མ་རྡོ་རྗེ་ལྕགས་སྒྲོ་མ་དང་ལྷན་ཅིག་གཉིས་སུ་མེད་པར་ལྷན་ཅིག ་སྐྱེས་པོའི་སྙོམས་པར་འཇུག་པས་བཞུགས་པ། ཁམས་གསུམ་གྱི་བདག་ཉིད་ཅན་གྱི་རོ་ཞེས་པ་ནི་ཁམས་གསུམ་མ་ལུས་པ་བདག་མེད་པའི་རང་བཞིན་གྱིས་རི་མནན་པའི་བཅོམ་ལྡན་འདས་ཡུམ་དང་བཅས་པའོ།། ལྷའི ་ལོའུ་བཤད་པ་སྟེ་གསུམ་པའོ།། ལྷ་དབང་བསྐུར་བའི་ལེའུ་བཤད་པར་བྱའོ་ཞེས་པའི་ལྷ་ནི་སྔར་གསུངས་པ་དང་འཆད་པར་འགྱུར་བའོ།། ཡེ་ཤེས་ཀྱི་འཁོར་ལོ་སྔོན་དུ་བཅུག་སྟེ་དབང་བསྐུར་བ་ནི་ཡེ་ཤེས ་ཀྱི་ཆུ་ཉོན་མོངས་པའི་དྲི་མ་ཐམས་ཅད་འཁྲུ་བར་བྱེད་པས་དབང་བསྐུར་བ་འམ། ཡང་ན་ལྷས་དབང་བསྐུར་བ་ནི་ལྷ་དབང་བསྐུར་བའོ།། རང་གི་སྙིང་ཁར་ས་བོན་ཞེས་པ་ནི་ཀྱེའི་སྙིང་ཀའི་ཉི་མ་ལ་རང་གི་ས ་བོན་ནི་ཧཱུཾ་ངོ་།། ལྷ་མོ་བརྒྱད་ཀྱིས་ཞེས་པ་ནི་གཽ་རཱི་ལ་སོགས་པའོ།། རང་གི་ས་བོན་ལས་ཡང་དག་པར་སྤྲོས་ཏེ་མཆོད་ལ་རྗེས་སུ་བླང་བ་ཞེས་པ་ནི་གསོལ་བ་གདབ་པའི།། རྡོ་རྗེའི་གླུས་ཀྱང་ཞེས་པ་ནི་ཀོལླ་ཨི་རཾ་ཐི་ཨ་བོ་ལ ་ཞེས་བྱ་བ་ལ་སོགས་པའོ།། རང་གི་རིགས་ཀྱི་བདག་པོ་མི་བསྐྱོད་པའོ།། ལྷའི་ལུས་ཀྱིས་གནས་པར་བྱའོ་ཞེས་པ་ནི་སྒྱུ་མ་ལྟ་བུ་གཉིས་སུ་མེད་པ་བདེ་བ་ཆེན་པོའི་རང་བཞིན་གྱི་བདག་ཉིད་ཀྱིས་ཆོས་ཐམས་ཅད་ལྷག་པར་མོས ་ཏེ་ཐམས་ཅད་དུ་གནས་པར་བྱའོ།། ལྷ་དབང་བསྐུར་བའི་ལེའུ་བོཤད་པ་སྟེ་བཞི་པའོ།། ། ད་ནི་སྔགས་ཀྱི་དང་ལྷ་དག་གིས་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ།། དེ་བས་ན་དེའི་ཐབས་ཀྱིས་ཆོས་ཐམས་ཅད་ཀྱི་དེ ་ཁོ་ན་ཉིད་གསུངས་པ། གཟུགས་མེད་ཅེས་པ་ནི་གཟུགས་ཀྱི་སྐྱེ་མཚད་དོ།། ལྟ་བ་པོ་ཞེས་པ་ནི་མིག་གི་སྐྱེ་མཆེད་དང་། བདག་དང་གང་ཟག་ལ་སོགས་པའི་རང་བཞིན་ནོ།། ཇི་ལྟར་མེད་སྙམ་པ་ལ་གསུངས་པ། ངོ་བོ་ཉིད་ཀྱི།། ་གཟུགས་ལ་སོགས་པ་རང་བཞིན་མེད་དེ། ངོ་བོ་མེད་ཅེས་བྱ་བའི་དོན་ཏོ།། རེག་པ་མེད་ཅེས་པ་དང་རེག་བྱ་ཡོད་པ་མ་ཡིན་ཞེས་པ་ནི་ས་ལ་སོགས་པའམ། གཟུགས་ཀྱི་ཕུང་པོ་འམ་སྐྱེ་མཆེད་བཅུ་དགག་པར་མཛད་པའོ།། ་ཕུང་པོ་བཞི་ནི་ཡིད་དམ་ཆོས་ཀྱི་སྐྱེ་མཆེད་ངོ་བོ་ཉིད་མེད་པར་སྟོན་པར་བྱེད་དོ།། སེམས་མེད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ནི་རྣམ་པར་ཤེས་པའི་ཕུང་པོ་འམ་ཡིད་དོ།། སེམས་ལས་བྱུང་བ་ནི་ཚོར་བ་དང་། འདུ་ཤེས་དང་། འདུ ་བྱེད་ཀྱི་ཕུང་པོ་འམ་ཡིད་ཀྱི་དེམིགས་པའི་ཚུལ་གྱི་ཆོས་སོ།། ཡང་ན་མེད་ཅེས་པ་ནི་ངེས་པར་མེད་པ་སྟེ། གཟོད་མ་ནས་ཆོས་འདི་དག་སྐྱེ་བ་མེད་པར་དགག་པ་ནི་དངོས་པོར་མངོན་པར་ཞེན་པ་དགག་པའི་ཕྱིར་རོ།། དངོས་པོ ་མེད་ཅེས་པ་ནི་ཡུལ་དང་དུས་ངེས་པ་ཉིད་ལ་དངོས་པོ་མེད་པའོ།། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དངོས་པོ་མེད་པ་ལ་ནི་དེ་བཞིན་དུ་དགག་པའི་སྦྱོར་བ་མེད་པའོ།། འོ་ན་དེ་ལྟ་ན་དེ་ཁོ་ན་ཉིད་བསྒོམ་པ་ཇི་ལྟར་གོང་དུ་ཉེ་བར་བརྟག ་པར་བྱ་སྙམ་པ་ལ། མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་པར་བྱ་ཞེས་པ་ནི་དགའ་བ་ལ་སོགས་པའི་སྐད་ཅིག་བསྐྱེད་པར་བྱ་བའོ།། སྦྱོར་བ་རིག་པས་ཞེས་པ་ནི་ཐབས་དང་ཤེས་རབ་གཉིསུ་མེད་པའི་སྦྱོར་བ ་ཤེས་པས་སོ།། རྟག་ཏུ་ཞེས་པ་ནི་སྐད་ཅིག་ཀྱང་གཞན་དུ་སེམས་མ་ཡེངས་པས་སོ།། མ་འབབ་ཞིག་མ་ཡིན་གྱིས་གཞན་ལ་ཡང་དུ་མཆོད་པར་བྱ་བ་ནི་གར་མཁན་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གར་མཁན ་མ་ཞེས་པ་ལ་སོགས་པ་བསྡུས་པ་འདིའི་བཤད་པ་ནི་ལེའུ་འདི་ཉིད་ལས་བཅོམ་ལྡན་འདས་རང་གིས་མཛད་པར་འགྱུར་རོ།། འབྱེད་པ་ནི་གཉིས་འམ་ཤེས་པར་འགྱུར་བའོ།། འོ་ན་དེ་ཁོ་ན་ཉིད་ལ་ཆགས་པ་འདིས་ཅི་ཞིག ་བྱ་སྙམ་པ་ལ། ཕྱག་རྒྱ་ལ་ཞེས་པ་སྟེ། དེ་གསུངས་པས་ཕྱག་རྒྱ་རིགས་ལྔ་རྣམསོ།། དེ་ལས་ཅིར་འགྱུར་སྙམ་པ་ལ་ཐར་པའི་རྒྱུར་ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་དུ་དེ་བཞིན་གཤེགས་པས ་སྟན་པ་ན་མི་གནས་པའི་མུ་ངན་ལས་འདས་པ་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་གོ་འཕང་ནི་ཐར་བ་སྟེ། དེའི་རྒྱུས་སོ།། ཕྱག་རྒྱ་འདི་དག་ཇི་ལྟ་བུ་སྙམ་པ་ལ་གསུངས་པ། རྡོ་རྗེ་ནི་གྲགས་པར་ཟད་དོ།། ཡང་ན་དེ་བཞིན ་གཤེགས་པ་ལྔས་སམ་གཉིསུ་མེད་པའི་ཡེ་ཤེས་ཀྱིས་ཏེ། འདིས་ཞེས་གསུངས་པ་ནི་ཕྱག་རྒྱས་གདབ་པ་སྟེ་རྒྱུ་དེས་ཕྱག་རྒྱར་བརྗོད་དོ།། ཡང་ན་འདིས་ཞེས་པ་ནི་རིགས་ལྔའི་མཚན་ཉིད་ཀྱི་ཕྱག་རྒྱས་བཏབ་པ་འདི ་ཏེ་དེ་ཁོ་ན་ཉིད་བརྟག་པ་ལ་སྟེ། ཕྱག་རྒྱ་ནི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའི་རྒྱུ་ཉིད་འདིས་སོ།། འོ་ནོ་རིགས་ལྔ་ཉིད་ལས་ཅི་གཞན་ཡོད་པ་མ་ཡིན་ནམ་སྙམ་པ་ལ་གསུངས་པ། རིགས་ནི་རྣམ་པ་ལྔར་ཞེས་གསུངས་ཏེ། མཆོག ་ཅེས་པ་ནི་རིགས་ལྔ་པོ་འདི་དག་མཆོག་སྟེ་ཐམས་ཅད་བསྡུས་པ་ཉིད་ཡིན་པས་འདི་དག་ལ་བརྟེན་ནས་རིགས་གཞན་དང་གཞན་རྣམས་ཀྱང་ཞེས་བྱ་བའི་དོན་ཏོ།། རིགས་དེ་དག་ཅི་གང་གི་སྙམ་པ་ལ་གསུངས་པ། རྡོ་རྗེའི་ཕྱག་རྒྱ ་ཌོམྦི་ཞེས་བྱ་བ་ལ་སོགས་པའོ།། གལ་ཏེ་རིགས་འདི་དག་གི་སྙམ་པ་ལ། གསུངས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་སྟེ་རྣམ་པར་སྣང་མཛོད་ལ་སོགས་པ་སངས་རྒྱས་རྣམས་ཀྱིའོ།། མདོར་བསྡུས་པས་ནི་བསྡུས་པསོ།། ་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་ཇི་ལྟ་བུ་སྙམ་པ་ལ། དེ་བཞིན་ཉིད་དུ་ཞེས་པ་སྟེ། གསུངས་པ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དེ། དེ་བཞིན་ཉིད་དེ། དེར་གཤེགས་པ་དེའི་ཚུལ་གྱིས་མི་གནས་པར་གནས ་པའི་སྦྱོར་བས་སོ།། དཔལ་ལྡན་ཞེས་པ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པས་སོ།། དེ་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་ཀྱིས་དེ་བཞིན་ཉིད་དུ་གཤེགས་ནས་བསླར་བསོད་ནམས་ཀྱི་ཚེགས་ཀྱི་མཐུས་སླར་ཡང ་འཁོར་པར་འོངས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ།། མདོར་བསྡུས་ན་ནི་རྣམ་པ་ལུས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ལྔའི་ནང་དུ་འདུས་པའོ།། གཞན་ཡང་གསུམ་དུ་སྡུད ་པར་བྱེད་ཅེས་པ་ནི་གང་ལས་སྙམ་པོ་ལ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་དབྱེར་མེད་ཀྱང་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་པ་ཞེས་བྱ་བའི་དོན་ཏོ།། ་རྣམ་པ་གསུམ་གང་སྙམ་པ་ལཾ།། རིགས་རྣམས་དུ་ང་ནི་འབྱུང་བ་ལྔ་ཞེས་བྱ་བར་གསུངས་ཏེ། ཕུང་པོ་ལྔའི་རང་བཞིན་ནམ་ས་དང་ཆུ་དང་མི་དང་རླུང་དང་ནཱ་མཁའ་རྣམ་སོ།། ཕྱག་རྒྱའི་དོན་ལྔར་བཤད་ནས་རིགས་ཀྱི ་དོན་གསུངས་པ། རིགས་ནི་གྲངས་ཞེས་བྱ་བ་ཞེས་པ་ནི། དགའ་བ་ལ་སོགས་པའི་དབྱེ་བས་བདེ་བ་ཆེན་པོ་འདིས་རིགས་ཞེས་བྱ་བར་མངོན་པར་བརྗོད་པའོ།། ད་ནི་སྔགས་དང་ལྷ་དག་གི་དེ་ཁོ་ན་ཉིད་སྟོན་པར་བྱེད་པའི ་གཞི་གདིང་བར་བྱ་བའི་ཕྱིར། སྒོམ་པ་པོ་མེད་པ་ནི་བྱེད་པའོ།། སྒོམ་པའང་མེད་ཅེས་པ་ནི་བསྒོམ་པའོ།། ཡང་ན་སྒོམ་པ་པོ་མེད་ཅེས་པ་ནི་གང་ལས་གང་ཕྱིར་ཞེ་ན། ཕུང་པོ་ལྔའི་བདུག་ཉིད་ཀྱི་དངོས ་པོ་མེད་པའོ།། གསུངས་པ་རིགས་པ་སྟེ་རྒྱུ་ངོས་སྔགས་དང་ལྷ་ཡང་མེད་དེ་དངོས་པོ་སྐྱེ་བ་མེད་ཅེས་བྱ་བའི་དོན་ཏོ།། གལ་ཏེ་འོ་ན་སྔགས་དང་ལྷ་མེད་པ་དེའི་ཚེ་ཆོས་ཐམས་ཅད་མེད་པས་ངལ་བ་འབྲས་བུ་མེད་པ་ཡིནྡ་ནོ་སྙམ་པ ་ལ་ཡོད་ཅེས་བྱ་བ་སྨོས་ཏེ། གལ་ཏེ་ཡི་དེ་ན་ཡང་རྟག་པའི་ལྟ་བར་ལྟ་བའོ་སྙམ་པ་ལ་སྤྲོས་པ་མེད་ཅེས་པ་སྟེ་སྤྲོས་པ་ནི་འཁྲུལ་པས་ཀུན་ཏུ་བརྟགས་པའི་གཟུང་བ་ལ་སོགས་པའོ།། དེས་སྟོང་པ་ཉིད་ཀྱིས་གནས ་པ་སྟེ། གནས་པ་མེད་པའི་སྦྱོར་བས་ལྷན་ཅིག་སྐྱེས་པ་དེ་བཞིན་ཉིད་ཀྱི་གནས་སུའོ།། དེ་ཉིད་ཀྱིས་ན། ངེས་པར་དངོས་པོ་འདི་དག་ཀུན།། དེ་བཞིན་ཉིད་དུ་རྣམ་པར་དག་ཅེས་འཆད་པར་འགྱུར་རོ།། གང་དག་དེ་བཞིན ་གཤེགས་པ་དེ་དག་གི་མིང་ན་ཙ། རིགས་དྲུག་ནི་གང་དག་སྙམ་པ་ལ། རྣམ་པར་སྣང་མཛད་མ་བསྐྱོད་པ་ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ།། ཨཱུ་རོ་ལི་ཀ་ནི་འོད་དཔག་ཏུ་མེད་པ་སྟེ། རོ་ལི་ཀ་ནི་རྩོད ་པའོ།། དེ་ཡང་མཆོག་ཏུ་དགའ་དགའ་བའི་རང་བཞིན་འདོད་ཚིགས་ཆེན་པོ་ལ་ཡོད་པ་མ་ཡིན་པ་ས~ཾ་ཨཱ་ལཱི་ཀ་གོ། འདི་དག་ཉིད་ཀྱི་མིང་གཞན་གྱིས་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ཚངས་པའི་ཁྱབ་འཇུག་ཅེས ་བྱ་བ་ལ་སོགས་པའོ།། ཇི་ལྟར་འདི་དག་གི་མིང་དེ་སྐད་ཅེས་བྱ་སྙམ་པ་ལ།། གསུངས་པ། ཚངས་པ་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་སོགས་པའོ།། མྱ་ངན་ལས་འདས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེའི་ཕྱིར་མྱ་ངན་ལས ་འདས་པའི་རང་བཞིན་གྱིས་སངས་རྒྱས་རྣམ་པར་སྣང་མཛད་ལ་ཚངས་པ་ཞེས་གསུངསོ།། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ཁྱབ་པ་ནི་བཞུགས་པ་སྟེ་མི་བསྐྱོད་པ་ལོ་ཁྱབ་འཇུག་ཅེས ་གསུངས་སོ།། བྱ་བ་གྲུབ་པའི་རང་བཞིན་གྱིས་སེམས་ཅན་འདི་དག་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པོའི་དོན་གྱི་མཚན་ཉིད་དག་སྟེར་བར་བྱེད་པས་ཞི་བ་སྟེ་དོན་ཡོད་གྲུབ་པའོ།། མཉམ་པོ་ཉིད་ཀྱི་ཡེ་ཤེས ་ཀྱི་རང་བཞིན་གྱིས་ཆོས་ཐམས་ཅད་མཉམ་པས་ཐམས་ཅད་ནི་རིན་ཆེན་མཆོག། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་དེ་ཁོ་ན་ཉིད་སོ་སོར་རྟོགས་པ་བདེ་བ་ཆེན་པོ་ནི་མཁའ་ལྟ་བུ་ཉིད་ཀྱི་སྒྲ་དེ་ཁོ་ན་ཉིད་ནི་འོད་དཔག་ཏུ ་མེད་པའོ།། དགའ་བ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་དེ་རྟོགས་པའི་རང་བཞིན་ཙམ་གྱི་གནས་སྐབས་ཀྱི་རྣམ་པར་སངས་རྒྱས་ནི་རྡོ་རྗེ་སེམས་དཔའ་སྟེ། རིགས་ཐམས་ཅད་བསྡུ་ན་དེ་བཞིན་གཤེགས་དྲུག། དེ་ཉིད་ཀྱིས་རྣམ ་པར་སངས་རྒྱས་ཞེས་པ་ནི་ཁྱད་པར་དུ་འཕགས་པའི་སངས་རྒྱས་ནི་རྣམ་པར་སངས་རྒྱས་སོ།། ཡང་ན་ཤེས་རབ་ཉིད་རིགས་ཏེ་རིགསུ་བྱ་ཞིང་བརྟག་པར་བྱ་བ་འདིས་རིགསོ།། དེ་ཉིད་ལ་མཚོན་པར་བྱ་བ་དང་མཚོན་པར་བྱེད་པ་སྟོང་པ་ཉིད ་ཀྱི་རིགས་ལྔ་གྲུབ་པར་བྱེད་ལ་མཚོན་པར་བྱ་བ་དང་། མཚོན་པར་བྱེད་པ་མེད་པས་སྟོང་པ་ཉིད་དུའོ།། སྒོམ་པ་པོ་མེད་པ་ནི་རྣལ་འབྱོར་པར་དམིགས་པ་མེད་པའོ།། དེ་བཞིན་དུ་སྒོམ་པའང་ཞེས་པ་དེ་ལྟར་དེའི ་གནས་སྐབས་ཀྱིས་སྔགས་མེད་པ་དང་ལྷ་མེད་པའོ།། སྤྲོས་པ་མེད་པ་ལས་ནི་ཞེས་པ་དེ་ཉིད་བདེ་བ་ཆེན་པོ་ཡིད་ཀྱི་རང་བཞིན་ཉིད་སྔགསོ།། ལྷ་ཡང་བདེ་བ་ཆེན་པོའི་རོལ་པའི་རང་བཞིན་ཉིད་དམ། ལུས་ལས་བྱུང་བ་ཉིད་ལྷ་སྟེ་དེའི་ཚུལ ་གྱིས་མཛེས་པ་རྣམ་པར་སྣང་མཛད་དོ།། གཉི་སུ་མེད་པའི་ཡེ་ཤེས་ཉིད་དབྱེར་མེད་པ་ཉིད་ཀྱིས་མི་བསྐྱོད་པའོ།། འབྲས་བུ་དང་བཅས་པ་ཉིད་ཀྱིས་དོན་ཡོད་གྲུབ་པའོ།། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེ་འབྱུང་བའི ་རྒྱུ་ཉིད་ཀྱིས་རིན་ཆེན་མཆོག་གོ།། སྤྲོས་པ་མེད་པ་ཉིད་རྩོད་པའི་དངོས་པོ་མེ་པས་ཨཱ་རོ་ལིཀ་གོ། དེ་དང་དེ་ཉིད་ཐམས་ཅད་ཉེ་བར་སྡུད་པའི་ཚུལ་ཉིད་ཀྱིས་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ། སྲིད་པ་གསུམ་གཅིག་པའི ་ཚུལ་ཅན་དེས་གནས་པ་ཅན་ནོ།། དེ་ཉིད་ཚངས་པ་ལ་སོགས་པའི་སྒྲས་ཀྱང་བཤད་པར་བྱ་སྙམ་པ་ལ། གསུངས་པ། ཚངས་པ་ཞེས་པའོ།། གང་ལས་སྙམ་པ་ལ་གསུངས་པ། ཚངས་པ་མྱ་ངན་ལས་འདས་པ་ཞེས་པ ་སྟེ། ཤིན་ཏུ་ཞི་ཞིང་གཉིསུ་མེད་པའི་ཡེ་ཤེས་མྱ་ངན་ལས་འདས་པའི་རང་བཞིན་ཉིད་ཚངས་པའོ།། ཆོས་ཐམས་ཅད་ལ་ཁྱབ་པས་ཁྱབ་འཇུག། ཐམས་ཅད་དུ་ཞི་བའི་ཚུལ་གྱིས་ཞི་བའོ།། ཐམས་ཅད་ཀྱི་བདག་ཉིད་དང་ཆོས ་ཐམས་ཅད་ཀྱི་རང་བཞིན་དུ་གནས་པས་ན་ཐམས་ཅད་དོ།། བདེ་བའི་མཆོག་ཉིད་ཀྱིས་དམིགས་པ་མེད་པའི་བདེ་བ་ཆེན་པོ་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱང་དེའོ།། དགའ་བ་ནི་ཤེས་རབ་དང་ཐབས་གཉིསུ་མེད་པའི་སྦྱོར་བས་རྟོགས་པ་དེའི་ཕྱིར ་རྟོགས་པའི་རང་བཞིན་ཉིད་རྣམ་པར་སངས་རྒྱས་ཏེ་ཁྱད་པར་གྱིས་སངས་རྒྱས་པའོ།། ཡང་ན་དེ་ཉིད་ལུས་ལས་ཡང་དག་པར་བྱུང་བ་ཡིས། ལྷ་ཉིད་ཅེས་བྱ་བར་ཡང་བརྗོད་པ་ཡིན་ནོ།། བཅོམ་ལྡན་འད་ས་ཞེས་བྱ་བར་ཡང་གསུངས ་ཏེ། གང་གི་ཕྱིར་སྙམ་པ་ལ། བཅོམ་པ་མངའ་ཞེས་བྱ་བ་འདི་གསུངས་ཏེ། བཅོམ་ཞེས་བྱ་བ་ནི་དབང་ཕྱུག་དང་ནི་གཟུགས་བཟང་དང་།། དཔལ་དང་གྲགས་དང་ཡེ་ཤེས་དང་།། དེ་ནས་བརྩོན་འགྲུས་ལྡན་གྱུར་པས།། དེ་བས་བཙོ ་པ་ཞེས་བྱར་གྲོགས་ཞེས་སོ།། ཡང་ན་ཉོན་མོངས་པ་ལ་སོགས་པའི་བདུད་རྣམས་རྩ་བ་ནས་འདོན་པར་བྱེད་པས་ན། ཤེས་རབ་ཉིད་ལ་བཅོམ་པར་གསུངས་སོ།། བཅོམ་པ་འཇོམས་པར་བྱེད་པར་གསུངས།། ཉོན་མོངས་པ་ཡི་བདུད ་བཅོམ་པས།། ཤེས་རབ་ཉོན་མོངས་བཅོམ་པ་ཡང་།། དེ་ཕྱིར་ཤེས་རབ་འཇོམས་པར་གསུངས་ཞེས་སོ།། སྔར་བསྟན་པའིརི་མ་ལ་སོགས་པ་སྒྲའི་དོན་གསུངས་པ།། མ་ཞེས་པ་ནི་སྐྱེད་པོར་བྱེད་པ་སྟེ། གང་གི་ཕྱིར་འགྲོ་བ་བསྐྱེད་པ ་ནི་འཇིག་རྟེན་ཐམས་ཅད་དོ།། ཡང་ན་འགྲོ་བ་ཞེས་པ་བརྟན་པའོ།། བསྐྱེད་པ་ཞེས་པ་གཡོ་བའོ།། ཡང་ན་འགྲོ་བ་སྐྱེད་པར་བྱེད་པའི་བདེ་བ་ཆེན་པོ་སྟེ། འགྲོ་བ་བསྐྱེད་པར་བྱེད་པ་ས་ཤེསོ་རབ་ཉིད་ལ་མར་གསུངས་སོ།། ངོ་ཉིད ་སྲིང་མོ་སྟེ། གང་གི་ཕྱིར་དགའ་བ་ལ་སོགས་པ་འབྱེད་ཅིང་སྟོན་པར་བྱེད་པས་སོ།། དེ་ཉིད་ཁྲུས་མཁན་མ་སྟེ་འདོད་ཆགས་ཀྱི་རང་བཞིན་འདོད་ཆགས་ཆེན་པོས་དག་པར་བྱེད་པས་ཁྲུས་མཁན་མའོ།། ད ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་འདྲེན་པར་བྱེད་པས་བུ་མོའོ།། དེ་ཉིད་ཡང་གོར་མཁ་ནི་མ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གར་བྱེད་པས་སམ་གནས་པ་མེད་པའི་སྦྱོར་བས་གཡོ་བ་ཉིད་ཀྱིས་གར་མཁན་མའོ།། རྣམ་པར ་རྟོག་པར་དེ་ལས་བྱུང་བའི་ཉོན་མོངས་པ་ཐམས་ཅད་ཀྱིས་རེག་པའི་ཡུལ་མ་ཡིན་པས་རེག་ཏུ་མེད་པ་སྟེ། དེ་ཉིད་ཀྱིས་གཡུང་མོར་གསུངས་སོ།། ང་ནི་འདི་ལྟ་བུར་གྱུར་པའི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་རང་བཞིན་ཅན་དཔལ་ཧེ་རུ ་ཀའི་རྣལ་འབྱོར་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བྱ་བ་དེ་ཐམས་ཅད་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རང་བཞིན་ཏེ། དེའི་རང་བཞིན་མ་ལུས་པ་སྣ་ཚོགས་པ་ཡིན་ནོ་ཞེས་གསུངས་པ་ནི་བརྗོད་པ་ཡིས་ནི་བཟླས་པར་གྲགས་རིགས་པ ་གཞན་ཡང་གསུངས་པ། ཨཱ་ལི་ཀཱ་ལི་རབ་བརྗོད་པས་ཞེས་པ་སྟེ། ཨཱ་ལི་ཀཱ་ལི་དང་བྲལ་བྱས་བརྗོད་པ་ཡོད་པ་མ་ཡིན་ཏེ། དེ་དག་ཀྱང་སོ་སོར་སྔགས་ཀྱི་རང་བཞིན་ཉིད་དོ།། དེ་གསུངས་པ་ཨཱ་ལི་ཀཱ་ལི་དག་གི་སྔགས།། གང་ཡང་དེ་དག་ལས ་བྱུང་གང་ཞེས་སོ།། ཡང་གསུངས་པ་གང་ཡང་ངེས་པར་སྔགས་ཡོད་མིན།། འགྲུབ་པ་ཡོད་པས་རྣམ་པར་གནས་ཞེས་སོ།། མནན་པ་ལ་བྱུང་བ་དེ་བྲིས་པའི་དཀྱིལ་འཁོར་ཏེ། མནན་པས་དཀྱིལ་འཁོར་འབྲི་བ་ལ་མངོན་པར་ཞེན་པ་རྣམས ་ཟློག་པར་བྱེད་དོ།། ལག་པ་བསྐྱོད་པ་ནི་རྣམ་པ་སྣ་ཚོགས་ཀྱི་གར་བྱེད་པས་བྱེད་པ་སྟེ། ལག་པ་བསྐྱོད་པའི་བྱེ་བྲག་གོ།། དེ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཡིན་ཞེས་པ་སྟེ། དེ་ལྟ་བུའི་རྒྱུར་གྱུར་པའི་དེ་ཁོ་ན་ཉིད་གསུང་སོ།། འདི ་ནི་བདེ་བ་ཚོན་པོ་དང་ལྷ་མངོན་སུམ་ཉིད་དུ་མཐོང་བའི་རང་བཞིན་ཉིད་ཀྱིས་སོ་སོར་སྣང་བའི་ཕྱག་རྒྱ་མཆོག་ཡིན་ནོ།། དེ་ལ་ཡིད་ཀྱིས་གང་བསམས་པ་ཞེས་པ་ནི་གཉིསུ་མེད་པའི་སྦྱོར་བ་དེ་གང་བསམས་པ་དེ་ཉིད་བསམ་གཏན ་གང་ལས་སྙམ་པ་ལ། གང་ཕྱིར་རྣམ་བསྡམས་བསམ་གཏན་ནོ་ཞེས་པ་སྟེ། སེམོས་པར་བྱེད་པས་བསམས་པ་སྟེ། དེ་ཁོ་ན་ཉིད་ཀྱི་ཚུལ་དུ་རྣམ་པར་སེམས་པར་བྱེད་པ་སྟེ། དེ་ཉིད་བསམ་གཏན་ནོ།། དེ་ཁོ་ན་ཉིད ་ཀྱི་རྣལ་འབྱོར་པ་འདིའི་ནི་གང་ཉིད་དམིགས་ཤིང་བསམས་པ་དེ་ཉིད་གཉིསུ་མེད་པའི་བདེ་བ་ཆེན་པོ་དེར་སྣང་བས་བསམ་གཏན་དུ་གྱུར་པ་ཡིན་ནོ།། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལས་གཞན་དུ་བསམས་པར ་བྱ་བ་ཡོད་པ་མ་ཡིན་ནོ།། དེ་ཡང་སོ་སོར་གཅིག་གམ་དུ་མས་དབྱེར་མེད་པས་ཐམས་ཅད་རྣམ་པར་དག་པ་སྟེ། གཞན་དུ་ལྷག་མ་ཡོད་པ་མ་ཡིན་ནོ།། གང་དང་གང་དུ་ཡིད་བསམས་པ།། དེ་ཉིད་ལ་སྦྱོར་ཤེས་པར ་བྱ།། གང་དུ་བསྐྱོད་པའི་འགྲོ་བ་དེ།། གང་ཕྱིར་དེ་ཡི་རང་བཞིན་པས་ཞེསོ།། ཧེ་རུ་ཀ་གནས་གནས་པ་ཡི།། ཡན་ལག་བསྐྱེད་པ་ཇི་སྙེད་དང་།། བརྗོད་པ་ཡི་ནི་ཚོགས་རྣམས་ཀུན།། དེ་སྙེད་སྔགས་དང་ཕྱེ་ག་རྒྱ་ཡིན།། ་ཇི་ལྟར་ཕ་ཡི་བདེ་ཐོབ་པ་ཞེས་པ་པ་ནི་བླ་མ་སྟེ། དེ་ལ་ཡོད་པའི་མན་ངག་གང་ཡིན་པའོ།། བདེ་བ་ནི་ལྷན་ཅིག་སྐྱེས་པའི་བདེ་བའི་སྐད་ཅིག་ཙམ་མོ།། ཐོབ་པ་ནི་བདེ་བ་དེ་ལ་ཡུན་རིང་པོའི་དུས་སུ་གནས ་པས་མཆོག་ལ་སོགས་པའི་ཡོན་ཏན་དང་ལྡན་པར་རྣལ་འབྱོར་པ་རང་གི་ཕྱག་རྒྱ་ལ་བལྟོས་པ་མེད་པར་སྤྱོད་པར་འགྱུར་རོ།། དེ་ཇི་ལྟར་སྙམ་པ་ལ།། ག་གིས་འཆི་བ་ཞེས་སྨོས་ཏེ། གང་གིས་ནི་བདེ་བ་ཆེན་པོ་སྐྱེས་པས་རྣམ ་པར་རྟོག་པ་དང་། དེའི་མཐུ་ལས་བྱུང་བ་ཉོན་མོངས་པའི་དྲ་བ་གཟུང་བ་ལ་སོགས་པ་བཤིག་ནས་ལྷན་ཅིག་སྐྱེས་པའི་བདེ་བ་དེ་དང་དེ་ཉིད་རང་གི་སྤྱོད་པར་འགྱུར་ཏེ། དེ་ཉིད་ཀྱང་དེ་ལྟ་བུར་གྱུར་པའི་བདེ་བ་ཡང་དག་པར ་རྟོགས་པར་བྱེད་ནུས་ཏེ། རང་རིག་པ་ཙམ་དེ་ཁོ་ན་ཉིད་མཐར་ཕྱིན་པའི་དངོས་པོ་མེད་པའི་བསམ་གཏན་ཞེས་གསུངས་ཏེ། དོན་དམ་པའི་བསམ་གཏན་གྱི་སྒྲར་བརྗོད།། དེ་བས་བསམ་པའི་དམིགས་པ་མེད་དེ་དེ་ཁོ་ན་ཉིད་ཀྱི་ཡུལ ་ཅན་ཉིད་དོ།། དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ལྔ་པའི་བཤད་པའོ།། །། དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གྱིས་དྲོད་ཐོབ་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་གསུངས་པ། དེ་ནས་གཞན་ཞེས་པ་སྟེ། དེ་ནས་ནི་དེ་ཁོ་ན་ཉིད་ཀྱི་རྣལ ་འབྱོར་པའི་དེ་ཁོ་ན་ཉིད་བཤད་པ་ལས་གཞན་དེ་དང་དེ་དག་གི་སྤྱོད་པ་བྱ་བའོ།། ཕ་རོལ་འགྲོ་ཞེས་པ་ནི་སྤྱོད་པ་མ་ལུས་པའི་མཆོག་ཏུ་གྱུར་པ་སྟེ། འདི་ནི་ཤིན་ཏུ་སྤྱོད་པ་དང་ལྡན་པ་གཙོ་བོར་གྱུར་པ་ཞེས་བྱ་བའི་དོན་ཏོ།། གང ་གིས་གྲུབ་པའི་མཐར་འགྲོ་བ་ཞེས་པ་ནི་གང་གིས་ནི་འཆད་པར་བྱེད་པའི་སྤྱོད་པས། གྲུབ་པའི་མཐའ་ནི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པའི་གཞུང་ངོ་།། འགྲོ་བ་ནི་དེ་དོན་དུ་གཉེར་བ་རྣམས་ལ་དེ་བཞིན་དུ་བཤད་པར་བྱའོ་ཞེས་པའོ།། ཅིའི་ཕྱིར ་སྙམ་པ་ལ། ཀྱེའི་རྡོ་རྗེ་དངོས་གྲུབ་རྒྱུས་ཞེས་པ་སྟེ། ཀྱེའི་རྡོ་རྗེ་ནི་དངོས་གྲུབ་དེའི་མཚན་མ་སྟེ། གསུངས་པ། ཡོངས་སུ་ཤེས་པ་དང་སྤྱོད་པ་སྤྱད་དོ།། ད་ནི་དེའི་ཆོས་ཀྱི་རྒྱལ་སྲིད་ཉིད་ཀྱི་དབང་དུ་བྱས་ཏེ་རྒྱལ་ཚབས་ཀྱི་རྒྱུན་རྣམས ་རེ་ཞིག་ཇི་སྙེད་པ་བཤད་པར་བྱའོ།། སྒོམ་པ་པོ་ཡིས་ཞེས་པ་ནི་དེས་ན་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་བསྒོམ་པའི་རྣལ་འབྱོར་པ་རྒྱལ་བའི་སྲས་ཀྱི་ཐུ་བོས་སོ།། རྣམ་གཟུང་བྱ་ཞེས་པ་ནི་ཁྱད་པར་དུ་སངས་རྒྱས་ལྔའི་རིགས ་ཀྱི་རྣ་ཆ་ལ་སོགས་པ་གཟུང་བར་བྱའོ།། བཅུ་ཕྱེད་ཅེས་པ་ནི་བདུད་རྩི་ལྔའོ།། ཧེ་རུ་ཀེའི་སྦྱོར་བ་ཡིས་ཞེས་པ་ནི་ཧེ་རུ་ཀའི་རྒྱུ་ལ་སོགས་པ་སྟོང་པ་ཉིད་ལ་སོགས་པའི་བདག་ཉིད་དུ་སྦྱོར་བ་གང་ཡིན་པ་དོ་ནི་ཧེ་རུ་ཀའི་སྦྱོར་བ་སྟེ། ་དེའི་ཁ་དོག་ལྔ་རྣམས་ལ་ཞེས་པ་ལ། ལྔ་ནི་བྲམ་ཟེ་ལ་སོགས་པ་དང་། རྡོ་རྗེའི་རིགས་ལ་སོགས་པའི་མཐར་ཐུག་པ་ཐ་མ་རྣམས་ལ་མཉམ་པ་ཉིད་ཀྱིས་སྤྱོད་པ་དང་། སློང་བ་དང་རིགས་པ་ལ་སོགས་པའི་ཆོས་བྱེད་པའོ།། ་ཡང་ན་སངས་རྒྱས་ལྔའི་བདག་ཉིད་དུ་ཕུང་པོ་ལྔ་རྣམས་ལའོ།། དེ་ཉིད་ལམ་མཉམ་པ་ཉིད་གསུངས་པ། ཁ་དོག་ལྔ་དང་ཡང་དག་ལྡན་ཞེས་སོ།། ཁ་དོག་ལྔ་ནི་དེ་བཞིན་ཉིད་དུ་བསྡུས་པས་ཁ་དོག་གཅིག་ནི་གཉིས་སུ་མེད་པའོ།། ། ་བརྟག་པ་ནི་བསམ་པའོ།། གང་ལ་སྙམ་པ་ལ། ཁ་དོག་སྣ་ཚོགས་པ་ཉིད་ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་ནི་དོན་དམ་པ་ལས་སོ།། དབྱེ་བ་བརྟག་མི་བྱ་ཞེས་པ་ནི་དམྱིགས་པར་མི་བྱའོ།། ་ད་ནི་སྤྱད་པ་སྤྱོད་དུ་རུང་བ་ཉིད་རྙེད་པའི་ཕྱིར་རྣལ་འབྱོར་པའི་སྤྱོད་པའི་བསམ་གཏན་གྱི་རྗེས་སུ་མཐུན་པའི་གནས་གསུངས་པ། ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། གནོད་སྦྱིན་ལ་སོགས་པས་བྱིན་གྱིས་བརླབས་པ ་དང་ལྡན་པས་གཙོ་བོར་གྱུར་པའི་ཤིང་དང་། ཁྱབ་འཇུག་མ་ལ་སོགས་པའི་མ་མོའི་གནས་དང་། རྣལ་འབྱོར་མའི་གནས་དང་ཞིང་ལ་སོགས་པའོ།། དགོན་པ་ནི་བགྲོད་པ་ར་དཀའ་བ་དང་། ལམ་རིང་བ་རྣམསོ།། ་ཡང་ན་རྐང་པ་དང་ལྷག་པ་ལ་སོགས་པའི་ཡན་ལག་དང་ལྡན་པའི་ལུས་ཉིད་གཅིག་ཏུ་ཐུན་པ་མ་ཡིན་པའི་ཤིང་སྟེ། བདེ་བ་ཆེན་པོའི་འབྲས་བུ་ཆེན་པོ་སྦྱིན་པར་བྱེད་པའོ།། དེ་ཉིད་དབུགས་ཕྱུང་བས་དུར་ཁྲོད་དོ།། མ་མོ་ནི་རྩེ་ལ ་སོགས་པའི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་ཀྱི་ཁྱིམ་བམ་མ་ནི་སྐྱིད་པར་བྱེད་པས་ཀྱེའོ་རྡོ་རྗེ་རང་གིས་ཤེས་རབ་ཉིད་ཁྱིམ་སྟེ་གནསོ།། མཚན་མོ་ནི་ཤེས་རབ་ཀྱིས་འདོད་ཆགས་ལ་སོགས་པ་འགེགས་པ་ཉིད་དོ།། དབེན ་བ་ནི་སྙིང་སྟོབས་ལ་སོགས་པའི་ཀུན་ཏུ་རྟོག་པ་དང་བྲལ་བའོ།། བས་མཐའ་ནི་འཁོར་ལོ་དག་གི་ནང་གི་ལམ་རྣམསོ།། དྲི་ཅི་ཅུང་ཟད་རྙེད་ནས་ཞེས་པ་ནི་ཅུང་ཟད་རྣལ་འབྱོར་གྱིས་མཐུ་ཐོབ་པ་ན་སྤྱོད་པ་བྱའི་གཞན་དུ་མ ་ཡིན།། དེ་ཉིད་ཀྱིས་འཆད་པར་འགྱུར་བ་ལས་འཇིགས་པའི་གཟུགས་ཀྱིས་ཞེས་པའོ།། གལ་ཏེ་འདོད་ཅེས་པ་ནི་ངེས་པར་ཐམས་ཅད་དུ་སྤྱོད་པ་བྱ་བ་མེད་པར་སྟོན་པར་བྱེད་དོ།། འོན་ཀྱང་ཚེ་འདི་ཉིད་ལ་དངོས་གྲུབ་རྟོགས ་པར་འདོད་པ་རྣམས་ལ། གལྤཱ་ཏི་འདོད་ན་དེའི་ཚེ་སྤྱོད་པ་སྤྱད་དོ།། ཅི་གཅིག་པུ་ཞིག་གིས་སམ་ཞེ་ན་མ་ཡིན་ནོ་ཞེས་གསུངས་པ། འདིས་ཞེས་པ་འཆད་པར་བྱེད་པསོ།། དེ་ཉིད་གསུངས་པ་བཞིན་མཛེས་ཞེས་བྱ་བ་ལ ་སོགས་པ་གསུངས་པའོ།། མི་ཡི་བུ་མོ་བླངས་ནས་ནི།། དེ་ལ་ཆོས་ནི་བཤད་པར་བྱ།། ཕྱག་རྒྱ་ཆེན་པོ་ཞེས་བརྗོད་པ།། དངོས་གྲུབ་དེ་དང་ལྷན་ཅིག་འགྱུར་ཞེས་སོ།། སྐལ་བ་དང་ལྡན་པའི་ལྷའི་རིགས་ཏེ། རང་གཽ་ཡི་དམ ་གྱི་ལྷའི་རིགས་སུའོ།། ཀུ་རུ་ཀུལླེ་ལ་སོགས་པའི་རྣལ་འབྱོར་པའི་བསམ་པ་གསུངས་པ། བྱང་ཆུབ་ས་བོན་རབ་བཏབ་ནས་ཞེས་པ་ནི་བྱང་ཆུབ་ཏུ་སེམས་པ་སྙེད་པའི་རིམ་པ་དང་། གསང་བའི་དབང་བསྐུར་བ་ལ་སོགས་པའི་རིམ ་པས་ཞེས་བྱ་བའི་དོན་ཏོ།། དེའི་ཚེ་རྡོ་རྗེ་ལྡན་པས་མཆོག་ཅེས་པ་ནི་རྡོ་རྗེའི་ཚིག་དང་ལྡན་པ་ཉིད་ཀྱིས་གླུ་བླང་བར་བྱ་སྟེ། གྲོང་གི་གླུས་བྱ་བ་ཡང་མ་ཡིནོ།། གླུ་ཡང་བླང་སྟེ་ཤེས་རབ་དང་།། རྣལ་འབྱོར་མ་ནཱི་དེས་མཉེས་སོ།། ་རྣམ་པ་དེ་བཞིན་གཞན་དུ་ཡང་།། རྣལ་འབྱོར་རིག་པས་དེ་ལྟར་བྱ་ཞེས།། དེ་ཉིད་ཀྱི་རྣམ་པར་དག་པ་གསུངས་པོ།། ཀྱེའི་རྡོ་རྗེ་ཡི་ང་རྒྱལ་གྱིས།། སྔགས་ཀྱི་དག་པ་གླུ་ཡིན་ཏེ། གར་ནི་བསྒོམ་པའི་རང་བཞིན་ཡིན།། ལག ་པ་རྐང་པ་བསྐྱོད་པ་དག། དེ་ཉིད་ཀྱིས་གསུངས་པ། རྡོ་རྗེ་རྐང་པ་ཡིས་ཞེས་པ་དང་། རྣལ་འབྱོར་ཞེ་སྡང་རྣམ་དག་པ་ཞེས་པའོ།། ཐམས་ཅད་དུ་དམ་ཚིག་ཐོབ་པར་བྱ་བ་གསུངས་པ། སྨན་ཡང་བཟའ་བར་བྱ་བ་དང ་ཞེས་པ་ནི་རྣམ་པར་སྣང་མཛད་དོ།། ཆུ་ཞེས་པ་ནི་རྡོ་རྗེའི་ཆུའོ།། རྐུན་མའི་སྐྲ་ཞེས་པ་ནི་མཚེན་གྱིས་ཕུག་དང་། འགེགས་ནས་གསད་པར་རྐུན་མའི་སྒྲས་ཅོད་པན་བྱའོ།། དེ་ཉིད་ལས་ཡང་ཧཱུ~ཾ་བྱུང་ཞེས་ནི་རུས་པའི་རྒྱན་བྱས་པའམ ་ཀྱེའི་རྡོ་རྗེ་དང་སྦྱར་བར་བྱ་ཞེས་པ་ནི་བསྒོམ་པས་སྦྱར་བར་བྱའོ།། སྐྲའི་སྐུད་པའི་ཉིས་སྐོར་གྱིས་ཞེས་པཾ་ནི་རྐུན་མའི་སྐྲ་ཡི་སྐ་རགས་ཉིས་སྐོར་བཅིང་བར་བྱའོ།། ཉིས་སྐོར་གྱི་རྣམ་པར་དག་པ་གསུངས་པ། ཤེས་རབ་ཐབས་ཀྱི ་རང་བཞིན་གྱི་ས་ཞེས་པའོ།། ཐལ་བར་ཞེས་པ་ནི་ཡན་ལག་ཐམས་ཅད་ལའོ།། སྐྲའི་ངག་བྱེད་ཅེས་པ་ནི་རྐུན་མིའི་སྒྲའི་མཆོད་ཕྱིར་ཐོགས་པས་སྤྲས་པའོ།། རྡོ་རྗེ་ཐོད་པ་ནི་ཀྱེའི་རྡོ་རྗེ་སྟེ་དེའི་སྤྱོད་པས་སོ།། ངོ་ཚ་བ་ནི་འཛེམ་པའོ།། བྱ ་བ་ནི་ལས།། བདག་ཉིད་ཀྱང་ཞེས་པ་ནི་བདག་ཏུ་ལྟ་བ་རྩ་ནས་དབྱུང་བའོ།། ལུས་ནི་སྦྱིན་པར་གཏང་བར་བྱ་ཞེས་པ་ནི་ཐམས་ཅད་དུ་རྡོ་རྗེ་རྣལ་འབྱོར་མ་སོགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཕྱིར་རོ།། སྐལ་དང་སྐལ་མིན་རྣམ་དཔྱོད ་ན་ཞེས་པ་ནི་གཅིག་དང་དུ་མའི་སྦྱོར་བ་དང་བྲལ་བས་སྦྱིན་པ་དང་སྦྱིན་པར་བྱེད་པ་ལ་སོགས་པ་མི་དམིགས་པའོ།། གང་གི་ཕྱིར་དོན་དམ་པ་ལ་སྦྱིན་པར་མི་བྱ་བ་དེའི་ཕྱིར་རྣལ་འབྱོར་པས་མི་སྦྱིན་ཏེ། ལུས་མི་སྦྱིན་ཞེས་བྱ ་བྱའི་དོན་ཏོ།། དངོས་གྲུབ་ཐོབ་པས་ཀྱང་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་ངེས་པར་བླ་མ་ལ་ཕྱག་བྱ་སྟེ། གཞན་དུ་དངོས་གྲུབ་ཐམས་ཅད་ལས་ཉམས་ཏེ་དམྱལ་པ་ཉིང་དུ་ལྟུང་།། ཞེས་བསྟན་པའི་ཕྱིར་གསུངས་པ་ནི་དངོས་གྲུབ ་ཐོབ་པས་ཀྱང་ཞེས་པ་སྟེ། མནར་མེད་སྤང་བའི་རྒྱུ་ཡིས་ཞེས་སོ།། མནར་མེད་པ་ནི་དམྱལ་པ་ཆེན་པོ་སྟེ། དེ་སྤང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ།། ལུས་ལ་སོགས་པོའི་ག་བ་ངེས་མི་བསླབ་པའོ།། དཀྱིལ་འཁོར་དུ་འཇུག་པ་ལ་སོགས ་པ་ནི་དབང་ངོ་།། ངོ་ཚ་ནི་རང་གི་རིགསུ་རྗེས་སུ་མཐུན་པའི་བྱ་བ་མི་སྤྱོད་པ་དང་ཁྲལ་ཡོད་པའོ།། དངོས་པོ་ཐམས་ཅད་ངོ་བོ་ཡིས་ཞེས་པ་ནི་དངོས་པོ་ཐམས་ཅད་ནི་ཕུང་པོ་ལྟའོ།། དེ་རྣམས་ཀྱི་ངོ་པོ་ལྡན་མེད་པ་དེ་བཞིན་ཉིད་དེའི་ཚུལ ་གྱིས་ནི་སྟོང་པ་ཉིད་དེ།། སྙིང་རྗེ་ཡ་ཏུསོ་པ། སྙིང་རྗེ་ཆེན་པོ་ཞེས་པ་སྟེ། དེ་བས་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སྨྲས་ནས་ཞེས་བྱ་བའི་དོན་ཏོ།། དེ་ལ་འཇིགས་པར་མི་བྱ་ཞེས་པ་ནི་འཇིགས་པའི་རྒྱུ་མཐོང་བ་ན་རང་གཉིསུ ་མེད་པར་དམིགས་པས་སེམས་ཞུམ་པ་མ་བྱའོ།། དེ་ཉིད་ཀྱིས་སེང་གེ་གཟུགས་ཀྱིས་ཞེས་པ་ནི་སེང་གེའི་སྤྱོད་པས་སོ།། རྣམ་པ་ཐམས་ཅད་དུ་དེའི་རང་བཞིན་གྱིས་འཇིགས་པ་མེད་པར་སྤྱོད་པའོ།། སཱིང་རྗེའི་ནི་བདེ་བ་ཆེན་པའོ།། བཏུང ་བ་ནི་གཉིསུ་མེད་པའི་ཨ་བ་དྷཱ་ཏཱི་བེ་ཛིན་ནས་སོ།། རྣལ་འབྱོར་བཏུང་བ་ཞེས་པ་ནི་རྣལ་འབོར་པས་བཏུང་བ་སྟེ། རྣལ་འབྱོར་པས་བཏུང་བ་དེ་ལ་དགའ་བར་བྱེད་པའོ།། དེ་ལ་དགའ་བ་བསྐྱེད་པ་དང་ལྡན་པས་བརྗེད་པ་གཞན་གྱི་རོ་ལ་ཆཌ ་ཤིང་དགའ་བར་མི་བྱའོ།། སྤྱོད་པའི་ལེའུ་བཤད་པ་སྟེ་དྲུག་པའོ།། ། ད་ནི་སྤྱོད་པའི་རྣལ་འབྱོར་པ་གཞན་མ་རང་གི་དམ་ཚིག་ལ་གནས་པའི་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པ་མཐོང་བ་ན་སྐལ་བ ་མེད་པ་ཡོངས་སུ་ཤེས་བྱ་བས་ཡོངས་སུ་ཤེས་པར་བྱེད་པའི་རྒྱུ་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་གསུངས་པ། དེ་ནས་བརྡའི་ལེའུ་ཞེས་པ་སྟེ། སྐལ་བ་མེད་པ་ཡོངས་སུ་ཤེས་པར་བྱེད་པའི་ཕྱག་རྒྱ་ནི་བརྡ་སྟེ། དེ་གསལ ་བར་བྱེད་པའི་ངེས་པའི་ཚིག་ནི་བརྡའི་ལེའུའོ།། དེ་ཅིའི་ཕྱིར་བྱ་སྙམ་པ་ལ། གང་གི་རྣམ་པར་ཤེས་ཙམ་གྱིསོ་ཞེས་པས་སོ།། སྤུན་ནི་རྡོ་རྗེ་སྤུན་ནོ།། སྲིང་མོ་རཏྣ་གི་དམ་ཚིག་ལ་གནས་པའི་རྡོ་རྗེའི་སྲིང་མོའོ།། ཐེ་ཚོམ་མེད་པ་ནི་སོམ་ཉིད་མེད ་པའོ།། སོར་མོ་གཅིག་ནི་ལེགས་པར་འོངས་སམ་ཞེས་པའི་དོན་ཏོ།། བསྟན་པར་བྱ་ཞེས་པ་ནི་སྟེང་དུ་བྱ་བའོ།། སྲིན་ལག་བསྟན་པར་བྱ་ཞེས་པ་ནི་རང་གི་དམ་ཚིག་གིས་བལྟ་བར་བྱ་བ་འམ་སོར་མོ་གཞན་གྱིས་སོ།། པ་ཏི་ས་ཞེས་པ་ནི་སོར ་མོ་དབུ་མ་གཉིས་དཔྲལ་བར་འཕྲེང་ལ་འཇོག་པའོ།། རྩེ་གསུམ་ཞེས་པ་ནི་སོར་མོ་དབུ་མ་གསུམ་བརྐྱང་བའོ།། མཚམས་ཀྱི་མཐའ་ནི་དཔྲལ་བའི་དབུས་ཀྱི་སྟེང་གི་གནས།། ཁྲོ་གཽ་ཉེར་ནི་དཔྲལ་བའི་གཉེར་མ་བསྡུས་པའོ།། གཙུག་ཕུང་དགྲོལ ་བར་བྱ་ཞེས་པ་ནི་གཙུག་ཕུད་དགྲོལ་བའོ།། བྱ་ཞེས་པ་ནི་སླར་ལ་རྣལ་འབྱོར་པ་རྣམས་ཀྱིས་སྨྲ་བར་བྱ་བའོ།། རྒྱུབ་ཅེས་བྱ་བ་ནི་རྒྱབ་ཕྱིར་བསྒྱུར་བའོ།། ཕོ་ལོང་ཞེས་པ་ནི་བཙུན་མོ་དང་རྩེ་བའི་རྒྱུས་པགས་པ་ལ་སོགས་པའི་རི་ལུ་གྱེན་དུ་འཕེན ་པར་སྟོན་ཅེས་བྱ་བའི་དོན་ཏོ།། ཕྱག་རྒྱ་དང་པོར་བསྟན་པ་དང་། གཉིས་པ་ཕྱག་རྒྱའི་ལན་གྱིས་དབྱེ་བས་དམ་ཚིག་ཤེས་པར་བྱ་བ་ནི་གསལ་བར་བྱ་བའོ།། སྨྲ་བར་བྱེད་ཅེས་པ་ནི་རང་གི་དམ་ཚིག་ལ་གནས་པ་མཐོང་ན་སྨྲ་ཞིང་བདག་ཉིད་གསལ ་བར་བྱེད་པའོ།། འདི་ལྟར་མཐོང་བ་ན། གལ་ཏེ་ཕྲེང་བ་སྟོན་པ་ནི་ལག་པོ་སྟོན་པར་བྱེད་པའོ།། འདུ་བར་བྱ་བ་ནི་བདག་ཅག་དང་འཁོར་ལོ་འདོར་ཟེར་བའོ།། དེ་ལ་ཕྱག་རྒྱའི་ལན་མེ་ཏོག་གི་ཕྲེང་བ་བོར་བ་ནི་དེ་ལྟ་བུར་སྟོན་པའོ།། དམ་ཚིག ་ལ་གནས་པར་གྱིས་ཤེས་པ་ནི་སྨྲས་པ་བཞིན་བྱེད་པའོ།། རང་གི་དམ་ཚིག་ལ་ཇི་ལྟར་གནས་པར་བྱ་བ་ནི་བདག་ནི་དཀའ་བློ་བདེ་བར་དེར་འགྲོ་བར་བྱའོ།། ཕྱི་རོསོ་ཞེས་པ་ནི་དུར་ཁྲོད་ལ་སོགས་པར་རོ།། འདུ་བ་ར་ཞེས་པ་ནི་འཁོར ་ར་རོ།། བཟང་པོའི་སྤྱོད་ཡུལ་ནི་ཞིང་དང་གནས་ལ་སོགས་པ་གནས་བཟང་པོར་རོ།། དེའི་ཚེ་གནས་པ་ནི་དེར་འདུས་པ་སྟེ། རྣལ་འབྱོར་པ་དང་རྣལ་འབྱོར་མ་འདུས་པའོ།། འདུས་པ་ཅན་གྱི་གནས་ལ་སོགས་པ་གཞན་གསུངས ་པ། གནས་དང་ཉེ་བའི་གནས་ཞེས་བྱ་བ་ལ་སོགས་པའོ།། འདི་དག་ས་ནི་བཅུ་གཉིད་རྣམས་ཤེས་པ་ནི་གནས་ལ་སོགས་པའོ།། འདི་དག་གི་འདིར་བདག་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། རབ་ཏུ་དགའ ་བ་ལ་སོགས་པ་ལས་གཞན་མ་ཡིན་ནོ།། ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའོ།། མགོན་པོ་ནི་སངས་རྒྱསོ།། གནས་ལ་སོགས་པའི་གནས་གསུངས་པ།། གནས་ནི་ཛཾ་ལན་དྷེ་རར་གསུངས་ཞེས་བྱ་བ་ལ་སོགས་པ ་ལ།། གནས་འདི་རྣམས་ཀྱང་སུམ་ཅུ་རྩ་གཉིས་ཏེ། མགོ་བོ་དང་སྤྱི་གཙུག་ལ་སོགས་པའོ།། མི་ཕྱེད་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཏེ། དེ་བསྡུས་ཤིང་ཉེ་བར་བསྡུས་པས་འདུས་པ་ནི་ས་བཅུ་གཉིས ་རྣམས་སུའོ།། རྣལ་འབྱོར་མ་རྣམས་གནས་སུ་འདུ་བའི་གནས་ཀྱི་ཉི་མ་གསུངས་པ། ཡི་དགས་ཟླ་ཕྱེད་ཅེས་གསུངས་པ་ནི་ནག་པའི་ཕྱོགསོ།། རྒྱལ་མཚན་ནི་འཕྱང་བའོ།། མཚོན་གྱིས་བསད་པ་ནི་འཐབས་ནས་ཤི་བའོ།། ལེན ་བདུན་པ་ནི་སྐྱེ་བ་བདུན་པ་སྟེ། ཁ་ན་མ་ཐོ་བ་མེད་པར་གྱུར་པས་བསད་པའི་ཚོ་གས་གསད་དེ། ངོ་ཙའི་ཕྱིར་བཟའ་སྙམ་པ་ལ། སྙིང་རྗེ་བསྐྱེད་པར་བྱ་ཞེས་གསུངས་ཏེ། བསད་པའི་ཆོ་ག་འདི་བཟའ་བའི་དོན་དུ་མ་ཡིན་ཏེ། འོན ་ཀྱང་ངན་འ་གྲོའི་སེམས་ཅན་སྙིང་རྗེས་བསྒྲལ་བའི་ཕྱིར་རོ།། ཡང་ན་དངོས་པོ་ཐམས་ཅད་འདུས་པ་དེར་བཱི་སད་བར་བྱའོ།། འོ་ན་ནི་སྟོང་པ་ཉིད་འབའ་ཞིག་གིས་ཉན་ཐོས་ཀྱི་བྱང་ཆུབ་ལྟ་བུར་འགྱུར་རོ་སྙམ་པ་ལ་གསུངས་པ།། སྙིང ་རྗེ་བསྐྱེད་པར་བྱ་ཞེས་པ་སྟེ། སྙིང་རྗེས་སྨོན་ལམ་གདབ་པར་བྱས་ན་བདེ་བ་ཆེན་པོ་དང་ལྡན་པའི་སྟོང་པ་ཉིད་ཀྱི་སྐྱོན་དུ་མི་འགྱུར་ཞེས་པའི་དོན་ཏོ།། སྙིང་རྗེ་མེད་ན་མི་འགྲུབ་སྟེ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་ཐོབ་བོ།། ་དེ་བས་ན་དང་པོར་སྙིང་རྗེ་བསྐྱེད་པར་བྱའོ།། འོ་ན་གལ་ཏེ་བཟའ་བའི་ཕྱིར་བསད་པའི་ཆོ་ག་མ་ཡིན་ན་དེའི་ཚེ་ཅིའི་ཕྱིར་སྙམ་པ་ལ། གདུག་པ་གཞུག་པ་ཞེས་གསུངས་ཏེ། གདུག་པ་ཅན་རྣམས་བསྟན་པ་ལ་སྟེ། འཇུག་པ ་ནི་རབ་ཏུ་འཇུག་པར་བྱེད་པ་སྟེ་དེའི་དོན་དུའོ།། ཆོ་ག་ནི་ཁ་སྦྱོར་འབྱེད་པའི་ཆོ་ག་སྟེ། གཙོ་བོ་ནི་གཙོ་བོར་འཇུག་པ་དེའི་དོན་གྱི་ཆོ་ག་ཉིད་ཀྱིས་སོ།། སྔར་འདུ་བའི་དོན་ཏུ་ཉི་མ་གསུངས་པ། དེ་ཡང་ཉིན་མཚན་ནོ།། དེ་དག་གི་རྣམ ་པར་དག་པ་གསུངས་པ། དེ་ལ་ཡང་འདི་ལྟར་རྟོགས་པར་བྱ་ཞེས་སོ།། མི་བྱ་མེད་ཅེས་པ་ནི་འཇིག་རྟེན་ན་སྨད་པ་སྙིང་རྗེ་དང་མི་འགལ་བས་སྡིག་པ་མེད་པར་དགེ་བའི་སེམས་ཀྱིསོ།། ཇི་ལྟར་བདག་ཉིད་ཅེས་པ་ནི་སྟོང་པ་ཉིད་དང ་སྙིང་རྗེས་སོ།། དེ་བཞིན་དུ་སེམས་ཅན་བལྟ་བར་བྱའོ།། བདག་ཉིད་ཀྱང་ཇི་ལྟར་བལྟ་བར་བྱ་སྙམ་པ་ལ་གསུངས་པ། དེ་བཞིན་བདག་ཉིད་བདག་དང་གཞན་ཞེས་པ་སྟེ། བདག་ཉིད་ཀྱང་དེ་བཞིན་དུ་བྱ་སྟེ། བདག་ཉིད་ཇི་ལྟ་བར་གཞན ་དུ་མ་ཡིན་ནོ་ཞེསོ།། གཉིསུ་མེད་པའི་ཚུལ་འདིས་ཆོས་རྣམས་ཡང་དག་པར་བསམས་ནས། བཟའ་བཏུང་ལ་སོགས་བརྩམ་པར་བྱ་ཞེས་པ་ནི་དབྱར་མེད་པའི་བློས་སོ།། ཧེ་རུ་ཀ་དཔལ་གོ་འཕང་ཞེས་པ་ནི་ཤེས་པར་བྱ་བའི་གོ ་འཕང་སྟེ། དཔལ་ཧེ་རུ་ཀའི་དོན་ལ་གནས་པ་ཞེས་བྱ་བའི་དོན་ཏོ།། སུ་ཞིག་ཧེ་རུ་ཀའི་དོན་ལ་གང་དུ་གནས་པའི་ལུས་ངག་གི་བྱ་བ་ཕྱག་རྒྱ་དང་སྔགས་ཀྱི་རང་བཞིན་ཡིན་སྙམ་པ་ལ། གསུངས་པ། ཤྲཱི་ནི་གཉིས་མེད་ཡེ་ཤེས ་ཏེ་ཞེས་སོ།། ཧེ་ནི་ཧེའོ་དེའི་དོན་ནི་རྒྱུ་ལ་སོགས་པ་སྟོང་པ་ཉིད་དང་། རྒྱུ་དང་འབྲས་བུ་དང་། གཟུང་བ་དང་འཛིན་པ་ལ་སོགས་པ་སྟོང་པ་ཉིད་འདིས་ནི་མཚན་མ་མེད་པའོ།། རུ་ནི་ཚིགས་དང་བྲལ་བ་ཞེ་ས་བྱ་བ་ནི་ཚོགས་ནི་ས ་ལ་སོགས་པ་ཀུན་ཏུ་གནས་པའོ།། དེ་དང་བྲལ་བས་དེ་ལ་སྨོན་པས་སྨོན་པ་མེད་པ་ནི་རུ་ཞེས་བྱ་བའི་དོན་ཏོ།། ཀ་ནཱི་སྟོང་པ་ཉིད་ཀྱི་དོན་ཏེ། གང་དུའང་མི་གནས་པ་ནི་ཐམས་ཅད་ཅི་ཡང་སྟོང་པ་ཉིད་དེ། ཐམས ་ཅད་དུ་གནས་པའི་སྦྱོར་བ་མེད་ཅེས་བྱ་བའི་དོན་ཏོ།། འདི་ནི་དཔལ་ཧེ་རུ་ཀའི་གོ་འཕང་ངོ་།། སེམས་ཅན་གང་དང་གོང་རྣམས་ཀྱི་ཞེས་པ་ན་འདུས་པ་ལ་སོགས་པར་རྒྱལ་མཚན་ལ་སོགས་པའི་ཤའོ།། མཁས་པས་ཞེས་པ་ནི་རྣལ ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱིས་ཏེ། རྣལ་འབྱོར་ལ་མཁས་པ་ནི་མཁས་པསོ།། སེམས་ཅན་དེ་དེ་ཞེས་པ་ནི་སྐྱེ་བ་གཞན་གྱི་འགྲོ་བ་རྣལ་འབྱོར་དང་རྣལ་འབྱོར་མའི་དབང་དུ་འགྱུར་བ་སྟེ། བཀའ་ཉན་པར་འགྱུར་ཞིང་སྦྱོར་བ་ལ ་དགའ་བར་འགྱུར་རོ།། ཅི་འདི་ཉིད་ལྟར་བཟའ་འམ་ཞེས། མ་ཡིན་ཏེ་རྡོ་རྗེ་ཐོད་པའི་རྣལ་འབྱོར་པས་ཞེས་གསུང་རྣཾ་ས་ཏེ། སྔར་གསུངས་པའི་དཔལ་ཧེ་རུ་ཀི་རྀ་སྦྱོར་བས་སོ།། ཡང་ན་རྡོ་རྗེ་ནི་དེ་བཞིན་གཤེགས་པའི་ས་བོན་རྣམས་ཏེ ་བྲུཾ་ལ་སྩོགས་པའོ།། ཀ་པཱུ་ལ་ཨ་ལས་བྱུང་བའི་པདྨའི་སྣོང་ངོ་།། རྣལ་འབྱོར་པས་ཞེས་པོ་ནི་འོག་ཏུ་རླུང་དང་མོའི་སྦྱོར་བ་སྡེར་བྱ་སྟེ་འབར་བ་དང་། ཁེལ་བ་ས་རྡོ་རྗེའི་བདུད་རྩི་དང་གཅིག་ཏུ་བྱེད་པའོ།། ཡང་ན་སེམས་ཅན་གྱི ་ཕུང་པོར་རྣམ་པར་རྟོག་པ་ནི་ཤ་སྟེ། དེ་དང་དེ་དག་གིས་སེམས་ཅན་དེ་དང་དེ་དག་གི་ཕུང་པོ་དབང་དུ་བྱེད་པའི་རང་བཞིན་གྱིས་སྤྱོད་པའོ།། བརྡ་དང་གནས་ལ་སོགས་པ་གཏན་ལ་དབོབ་པའི་ལེའུ་སྟེ་བདུན་པའི་བཤད ་པའོ།། ། ད་ནི་རྩའི་འཁོར་ལོ་བཤད། རྣལ་འབྱོར་མ་བཅོ་ལྔ་བསྐྱེད་པ་དང་རྫོགས་པའི་རིམ་པའི་དབྱེ་བས་བསྒོམ་པ་གསུངས་པ། དེ་ནས་རྣལ་འབྱོར་མའི་འཁོར་ལོའོ་ཞེས་པའོ།། རྣལ་འབྱོར་མ་རྣམས་ནི་བདག་མེད ་མ་ལ་སོགས་པ་དཀྱིལ་འཁོར་འདུས་པ་འམ། ཡེ་ཤེས་ཀྱི་ཚུལ་གྱིས་པདྨ་ལ་འདུས་པ་ནི་རྣལ་འབྱོར་མའི་འཁོར་ལོ་སྟེ་དེ་བཤྲང་བར་བྱའོ།། ན་མཁའི་ཁམས་ལ་བྷ་ག་བསམ་ཞེས་པ་ནི་སྟོང་པ་ཉིད་བསྒོམ་པའི་འོག་ཏུ ་ནམ་མཁའི་རྣམ་པར་དག་པ་ཆོས་ཀྱི་འབྱུང་གནས་བསམ་མོ།། དེ་ལ་དབུས་སུ་བསྒོམ་པར་བྱ་བ་ནི་ཇི་ལྟར་འཁོར་ལོའི་སྔོན་དུ་ཡིན་ཞེས་པ་ནི་དཀྱིལ་འཁོར་བསྒོམ་པ་སྔོན་དུ་བྱ་བ་ཡིན་ཏེ། ལྷ་རྣམས་འབྱུང་བའི་རིམ་པས་བསྒོམ་པར་བྱའོ།། ཞྭ ་པའི་དོན་ཏོ།། ཅི་རིགས་པར་ཞེས་པ་ནི་ས་ལ་སོགས་པའི་བསྒོམ་པའི་རོམ་པཾསོ།། དེ་ཉིད་གསུངས་པ་འཁོར་ལོ་ནི་དཀྱིལ་འཁོར་རོ།། ལྟུང་ཞེས་པ་ནི་ས་སྟེ་སའི་དཀྱིལ་འཁོར་ཞེས་པའི་དོན་ཏོ།། ཆུ་ནི་སྔོན་ཞེས་པ་ནི་མེའི་དཀྱིལ་འཁོར ་གྱི་སྟོན་དུ་ཆུའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ལྟར་རླུང་གི་སྔོན་དུ་མེ་དང་དེ་ནས་རླུང་ཆེན་པོའོ།། དཀྱིལ་འཁོར་འདི་རྣམས་ཀྱང་། ཇི་ལྟར་རིགས་པར་ལྷ་རྣམས་ཏེ། སྤྱན་ལ་སོགས་པའི་རྣམ་པ་དག་པའོ།། བསྒོམ་པ་པོ་ཡང ་དེའི་ཚེ་རྣ་ལའི་བྱོར་པའོ།། ཇི་ལྟར་འབྱུང་བ་ཞེས་པ་ནི་དཀྱིལ་འཁོར་རྣམས་འབྱུང་བའི་རིམ་པས་དེའི་བདག་ཉིད་ཀྱིས་རྣམ་པར་གནས་པའོ།། ཆོས་འབྱུང་ལས་བྱུང་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་འཁོར་ལོ་བཞི་ཡོངས ་སུ་གྱུར་པ་ལས་བྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོའོ།། ཉིས་རྩེག་ནི་ཁང་པ་ཉིས་རིམ་མོ།། ལྟེ་བ་ཡིས་ནི་གཅིག་ཡིན་ཏེ་ཞེས་པ་ནི་ལྟེ་བས་ཉེ་བར་མཚོན་པས་པདྨ་ནི་དབུས་ཀྱི་པདྨ་ཞེས་བྱ་བའི་དོན་ཏོ།། ་ཟུར་གསུམ་གྱིས་ནི་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱིས་མཚོན་པས་རྩེག་མ་གཞན་ཕྱི་རོལ་གྱིས་ཏེ་ཕྱིའི་གཽ་རཱི་ལ་སོགས་པའི་གནས་གྲུ་བཞིའོ།། དེའི་དབུས་སུ་ཞེས་པ་ནི་དཀྱིལ་འཁོར་གྱི་དབུས་སུའོ།། དེ་འི་སྟེང་དུ་རོའི ་སྙིང་གར་ཟླ་བ་སྟེ། དེའི་སྟེང་གི་ཨཱ་ལི་ཡོ་ངེས་སུ་གྱུར་པ་ལས་སོ།། ཟླ་བའི་སྟེང་དུ་སོ་དོན་ཨ་ལ་སོགས་པ་བཅོ་ལྔའོ།། ཕྱིས་ནི་ཉི་མས་མནན་པའོ་ཞེས་པ་ནི། དེའི་འོག་ཏུ་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཉི་མའི་དཀྱིལ ་འཁོར་གྱིས་མནན་པའོ།། གཉིས་ཞེས་པ་ནི་ཉི་མ་དང་ཟླ་བ་དག་གོ། ཤེས་རབ་དང་ཐབས་ངག་འདུས་པ་སྟེ། འདུས་པ་ནི་བདེ་བ་ཆེན་པོ་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་ལས་བྱུང་བའོ།། དེ་ཉིད་གསུངས་པ་ཨཱ་ལི་གནས་པ་ནི ་ཤེས་རབ་སྟེ་ཟླ་བའི་གཟུགས་ཀྱིས་སོ།། ཀཱ་ལྀའི་གཟུགས་ཀྱིས་ནི་ཉི་མའོ།། དེ་དག་དབུས་སུ་ག~ཾ་རཱྀ་ལ་སོགས་པ་ཞེས་པ་ནི་ཨ་ལ་སོགས་པ་དེའི་སྔགས་དང་སྔགས་ཀྱི་ལྷ་དག་དབྱེར་མེད་པསོ།། ས་བོན་རྣམས་ཀྱིས་ཞེས ་པ་ཨ་ལ་སོགས་པ་དབྱངས་ཀྱི་ཡི་གེ་བཅོ་ལྔའོ།། མཚན་མ་ཞེས་པ་གྲི་གུག་ཏུ་མཚན་མ་གཅིག་པ་ཉིད་ཀྱིས་གཅིག་གི་ཚིག་ཅན་ནོ།། ཐམས་ཅད་གཅིག་གྱུར་ཞེས་པ་ནི་སྤྲོ་བ་དང་། བསྡུ་བ་སྔོན་དུ་བྱས་ཏེ། ཟླ་བ་དང་མཚན ་མ་དང་ས་བོན་དང་ཉི་མའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ།། སྒྲུབ་པ་ཞེས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ།། གཟུགས་ཞེས་པ་ནི་རྣལ་འབྱོར་མ་ཀྱི་ལུས་སོ།། རྫོགས་པ་ནི་སྐྱེས་པའོ།། དག་པ་ནི་ཤིན་ཏུ་རྣམ་པར་དག་པ ་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་དག་པའོ།། ཨཱི་ལི་ཀཱ་ལི་མཉམ་སྦྱོར་བས་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་གཟུགས་ཀྱིས་ཨཱུ་ལི་དང་ཀཱ་ལི་གྱུར་པ་ལས་ཟླ་བ་དང་ཉི་མ་དག་འདུས་པ་ཉིད་དོ།། རྡོ་རྗེ་སེམས་དཔོའི་གདན་དུའོ་ཞེས་པ ་ནི་བསྐྱེད་པའི་རྒྱུའོ།། དབྱེར་མེད་པའི་ས་བོན་ནི་ཤེས་རབ་དང་ཐོབས་དབྱེར་མེད་པའི་རང་བཞིན་ཉིད་དེ་རྡོ་རྗེ་སེམས་པའོ།། དེའི་ཡི་གེ་ལས་བྱུང་གོང་བུ་ལ་ཞེས་པ་ནི་མི་འགྱུར་བས་ནི་ཡི་གེ་སྟེ། ཤེས་རབ་དང་ཐབས་གཉིསུ་མེད ་པའི་སྦྱོར་བས་སོ།། དེ་ལས་བྱུང་བའི་གྲོང་བུ་ནི་བདེ་བ་ཆེན་པོའི་རང་བཞིན་ནོ།། ཧཱུཾ་དང་ཕཊ་ཀྱང་འདོད་པ་མིན་ཞེས་པ་ནི། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དང་ཕཊ་ཀྱིས་འཛིན་པར་བྱེད་པ་ཡང་འདོད་པ་མ་ཡིན་ནོ།། སེམས་པའི་གཟུགས ་ཞེས་པོ་ནི་སེམས་དཔའ་བསྐྱེད་པར་བྱེད་པའི་གཟུགས་ཟླ་བ་ལ་སོགས་པ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་གཅིག་ཏུ་འདུས་པ་ལས་དཀྱིལ་འཁོར་བདག་པོ་ཞེས་བདག་མེད་མ་གཙོ་མོ་སྟེ། དཀྱིལ་འཁོར་གྱི་བདག་པོ་ནི ་དཀྱིལ་འཁོར་གྱི་གཙོ་བོ་དང་གཉི་སུ་མེད་པའི་ཚུལ་ཅན་ཉིད་དོ།། ཞལ་དང་ཕྱག་མཚོན་སོགས་སྲས་དང་མཐུན་ཞེས་པ་ནི་ཇི་ལྟར་སྲས་འབྲས་བུའི་རྡོ་རྗེ་སེམས་དཔའ་དང་ཞལ་དང་ཕྱག་མཚན་ལ་སོགས་པ་དེ་བཞིན་ཏེ། འདིའི་ཟླ་བའི ་ནོར་བུ་ལྟ་བུ་ནི་དཀར་པོ་ལྟ་ཟླ་བ་ལྟ་བུའོ།། ཡང་ན་ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ།། ནོར་བུ་ནི་ནོར་བུར་ཕྱིན་པས་བསྐྱེད་པའི་ལྷན་ཅིག་སྐྱེས་པ་ནི་སྣང་བ་ལྟ་བུ་གང་ཡིན་པ་འདི་ནི་ཟླ་བ་ནོར་བུའི་འོད་ཉིད་དོ།། དེ་ལྟར་ཐམས་ཅད ་རྫོགས་པ་ལས།། ཇི་ལྟར་བདག་མེད་རྣལ་འབྱོར་མ་ཞེས་པ་ནི་མངོན་པར་བྱང་ཆུབ་པ་ལྔ་སྟེ། དེ་བཞིན་དུ་གཽ་རཱི་ལ་སོགས་པ་ཡང་དེ་ཉིད་ཀྱིས་གསུངས་ཏེ། ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཀྱིས་སོ།། ཤེས་རབ་དང་ཐབས་གང་དག་གི་སྙམ་པ ་ལ། ཤེས་རབ་ཨཱ་ལི་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། ཟླ་བ་ཉི་མོའི་རབ་དེ་བྱེ་བས་ཞེས་པ་ནི་སོ་སོར་ཡང་དག་པས་དབྱེ་བས་སོ།། དེ་ཉིད་ལས་གཽ་རཱི་ལ་སོགས་པར་འགྱུར་རོ།། ཡི་གེའི་དབྱེ་བས་ཞེས་པ་ནི་རང་རང་གི་དབྱེ་བསོ།། གཞན ་སོ་སོར་ཞེས་པ་ནི་བདག་མེད་མ་ལ་སོགས་པ་འདི་རྣམས་མཚན་མ་ཡང་ཐུན་མོངས་ཉིད་དོ།། ཉིས་རྩེག་ཅེས་པ་ནི་སྔར་བཤད་དོ།། དེ་ལ་རྩེག་མ་གང་དུ་རྣལ་འབྱོར་མ་དུ་ཞིག་བཞུགས་སྙམ་པ་ལྀ། ནང་གི་རྩེག་མ་ཞེས་བྱ་བ་གསུངས་སོ།། དབང ་པོཔོར་ཞེས་པ་ནི་དབང་པོའི་ཕྱོགས་ཀྱི་འདབ་མ་ལའོ།། འོག་ཏུ་གནས་པ་དང་ལྡན་པ་ནི་འོག་ལྡན་མ་སྟེ། ཁ་འོག་ཏུ་བལྟས་པ་འཁོར་བའི་གཟུགས་ཅན་དང་། སྙིང་རྗེའི་རང་བཞིན་ཉིད་དོ།། སྟེང་དུ་གནས་པ་དང་ལྡན་པ་ནི་སྟེང་ལྡན་མོ་སྟེ་མཁའ ་སྤྱོ་མ་མྱ་ངན་ལས་འདས་པའི་རང་བཞིན་དང་། ཤིན་ཏུ་སྟོང་པ་ཉིད་ཀྱི་རང་བཞིན་ཉིད་དོ།། དེ་དག་གི་དབུས་སུ་ནི་གང་དག་བདག་མེད་རྣལ་འབྱོར་མ་སྲིད་པ་དང་ཞི་བའི་རང་བཞིན་གང་ཡིན་པ་དེ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ་སྟོང ་པ་ཉིད་སྙིང་རྗེ་དབྱེར་མེད་པའི་སྐུ་ཉིད་དོ།། གྲི་གུག་ཐོད་པ་ཕྱག་ན་བསྣམས་ཞེས་པ་ནི་གྲི་གུག་དང་ཐོད་པ་དག་གོ།། བསྣམས་པ་ནི་བྲེལ་པའོ།། ལག་པར་ནི་ལག་པར་ཏེ་འདི་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱིས་བཤད་པ་ལག་པ ་གཅིག་ནི་ཐོད་པས་བྲེལ་ཞེས་པ་ནི།། གང་དག་གི་ལག་པ་གཅིག་ཐོད་པས་བྲེལ་པ་དེ་ནི་ལག་པ་གཅིག་ནི་ཐོད་པས་བྲལ་བ་རོ།། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས།། གྲི་གུག་གཅོད་པར་བྱེད་པས་གནས་ཞེས་པ་ནི་ང་རྒྱལ་དང་། མ་རིག་པ ་དང་། ཐོ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་ལྟ་བ་སྟེ། རྩ་བའི་ཉོན་མོངས་པ་དྲུག་པོ་ང་རྒྱལ་ལ་སོགས་པ་གནས་ངན་ལེན་དང་བཙོས་པའོ།། དེ་གཅོད་པས་འདི་དག་ཐམས་ཅད་ཀྱི་ཕྱག་ན་གྲི་གུག་བསྣམས་པའོ།། དདྨོ ་དང་དངོས་མེད་རྣམ་རྟོག་པའོ།། མགོ་བོ་ཡིས་ནི་པདྨའི་སྣོད་ཅེས་པ་ལ། དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་རྩང་ནས་ཕྱུང་བས་པདྨའི་སྣོད་དེ་ཐོད་པའོ།། དེ་ཡང་བདུད་བཞིའི་ཁྲག་གིས་བཀང་བའི་ཞེས་པ་ནི་གསུངས ་པ་ནི་ཁྲག་ནི་བདུད་བཞི་རྣམས་ཀྱིའོ།། འཐུང་བ་དངོས་གྲུབ་རྒྱུ་ཡིན་ནོ་ཞེས་པ་ནི། གསུངས་པའི་རིམ་པ་འདིས་སོ།། ད་ནི་མཉམ་པ་ཉིད་ཀྱི་དོན་ལི་ཁ་དོག་ཏུ་མངོན་པར་ཞེན་པའི་སྐྱོན་བསལ་ཕྱིར་ཡན་ལག་དྲུག་བསྒོམ་པོ་གསུངས། ་པ་དང་པོར་ཞེས་བྱ་བ་ལ་སོགས་པའོ།། དགེ་འ་བྲལ་མ་ཐར་ཡང་དེ་བཞིན་ནོ་ཞེས་པ་ནི་དགའ་བྲལ་གྱི་མཐའ་ནི་གང་ལྷན་ཅིག་སྐྱེས་པ་སྟེ། དེ་ནི་དགའ་བྲལ་གྱི་མཐའ་ལྷན་ཅིག་སྐྱེས་པ་ཙ་མཽ་ཡིན་པས་དེའི་ཕྱིར་བསྒོམ་པར ་བྱའོ་ཞེས་པའི་དོན་ཏོ།། ཡང་ན་ཁྱད་པར་དུ་འཕགས་པའི་དགའ་བ་ནི་རྣམ་པར་དགའ་བའོ།། དོར་མཐར་ནི་ལྷན་ཅིག་སྐྱེས་པ་གང་ཡིན་པའམ་དགའ་བྲལ་གྱི་མཐའི་སྒྲ་ཉིད་ཀྱིས་ལྷན་ཅིག་སྨྲས་པ་གསུངས་ཏེ། ་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཞེས་བྱ་བ་ནི་ཚིག་གི་ལྷག་མོའོ།། ཡང་ན་དེ་གཤེགས་པ་གཞན་ཡང་སྔ་མ་བཞིན་དུ་བསྒོམ་པར་བྱའོ།། བསྐྱེད་པའི་རིམ་པ་ཉིད་ཀྱང་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན ་པའི་དབྱེ་བ་གཉིས་ཀྱིས་རིམ་པ་གཉིས་སོ།། མཁའ་དབྱིངས་ཞེས་པ་ན་མཁའི་ཁམས་རྣམ་པར་དག་པ་པདྨ་རྣམས་ཉིད་མཁའོ་དབྱིངས་སོ།། དེ་ལ་བྷ་ག་ཞེས་བྱ་བ་བྱང་ཆུབ་ཀྱི་སེམས་སོ།། དེའི་དབུས་སུ་བསྒོམ་པར་བྱ་བ་ནི ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་མཚན་ཉིད་བསྒོམ་པར་བྱའོ།། དེ་ལས་བྱུང་བའི་བདེ་བ་གང་ཡིན་པ་དེ་འཁོར་ལོ་སྟེ་ལྷ་རྣམས་འདུས་ཤིང་བསྡུས་པའོ།། ཇི་ལྟ་རོ་རགས་པར་རང་རིག་ཞེས་པ་དེ་ཡང་བདྲེ་བ་སྟེ ་རིགས་པའི་སྟོབས་ཉིད་ཀྱིས་རང་རིག་པ་བདག་དང་གང་ཟག་ལ་སོགས་པའི་དངོས་པོ་མེད་པའོ།། བྱང་ཆུབ་སེམས་ནི་ལྷ་ཡིན་ནོ་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་མཚན་ཉིད་ཀྱི་ལྷ་བདག་མེད་པའོ།། ཇི་ལྟར་རྫས ་ནི་འབྱུང་འགྱུར་བ་ཞེས་པ་ནི་དེ་ལས་བྱུང་བ་འདོར་བ་མེད་པའི་མཚན་ཉིད་ཀྱིས་ཏེ་འབྱུང་བའི་རིམ་པ་ཞེས་བྱ་བའི་དོན་ཏོ།། རྣམ་པ་དེ་ཕྱིར་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་ལྷན་ཅིག་སྐྱེས་པ་ཡང་རྣམ་པ་གཉིས་སོ།། ་ཞེས་གསུངས་པ། དེ་བས་ལྷན་ཅིག་སྐྱེས་རྣམ་པ་གཉིས་ཞེས་པ་ནི་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ཀྱིས་ཞེས་བྱ་བའི་དོན་ཏོ།། དེ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། རེ་ཞིག་བཙུན་མོ་ཞེས་གསུངས་སོ།། འདི་ལྟར་ཐབས་དང་ཤེས ་རབ་དག་སོ་སོར་རྣམ་པ་གཉིས་ཀྱི་དབྱེ་བས་རྣམ་པ་བཞི་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཕྱིར་ན་དགའ་བ་ཡང་། དབྱེ་བ་ཡིས་ནི་རྣམ་པ་བཞི་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་གང་ལས་སྙམ་པ་ལ། ལྷན་ཅིག་སྐྱེས་པ་རྣམ་པ་བཞི ་གང་ཕྱིར་ཞེས་པ་སྟེ། ལྷན་ཅིག་སྐྱེས་པ་ཉིད་དགའ་བ་རྣམ་པ་བཞིའི་རྗེ་སུ་འཇུག་སྟེ། ཆུང་ངུ་དང་འབྲིང་པོ་ལ་སོགས་པའི་དབྱེ་བས་སོ།། རྫོགས་པའི་རིམ་པའི་ཕྱོགས་ལས་ནི་ཞེས་པ་ནི་བསྐྱེད་པའི་རིམ་པ་ལས་ནི་ལྷན་ཅིག་སྐྱེས་པ ་རྗེསུ་འགྲོ་བ་མེད་དེ། དེ་ནི་གནས་ངེས་པ་ཉིད་དོ།། དགའ་བ་དང་པོ་དཔའ་བོ་སྟེ་ཞེས་པ་ནི་དཔའ་བོ་ནི་ཀྱེའི་རྡོ་རྗེ་སྟེ། དེ་དགའ་བའི་རང་བཞིན་དང་བདེ་བའི་རང་བཞིན་ནོ།། དེ་བས་ལྷག་པ་ནི་ཤེས་ར་བཱ་སྟེ། དགའ་བའི་རང་བཞིན་ཉིད་མ་ཆོག་ཏུ། ་དགའ་བའོ།། དེ་དག་ལས་ཤིན་ཏུ་དགའ་བ་སྐྱེས་པ་གང་ཡིན་པའི་དགའ་བ་དེ་ནི་ཐམས་ཅད་མ་ལུས་པ་བསྡུས་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ།། དེ་བདེ་ཐབས་ཀྱིས་ཐམས་ཅད་རིག་ཅེས་པ་ནི་དེ་ལྟ་བུར་གྱུར་པའི་བདེ་བའི་ཐབས་སུ ་གྱུར་པས་ཐམས་ཅད་རིག་ཅིང་ཐམས་ཅད་ཤེས་པོ་ཐོབ་པར་བྱེད་དོ།། ཡང་ན་ཤིན་ཏུ་དགའ་བའི་དགའ་བ་ཞེས་པ་ནི་དགའ་བ་གསུམ་པའོ།། མ་ལུས་ཞེས་པ་ནི་ལུས་ཐམས་ཅད་ཁྱབ་པའོ།། ཡང་ན་དེ་བདེ་ཐབས་ཀྱི་ས་ཐམས་ཅད་རིག་ཅེས་པོ ་ནི་དགའ་བ་གསུམ་པ་དེ་ཉིད་ཀྱི་ཐབས་ཀྱིས་བཞི་པའོ།། ཐམས་ཅད་རིག་ཅེས་པ་ནི་ཐམས་ཅད་མཁྱེན་པའི་རང་བཞིན་ཅན་ཐམས་ཅད་ཉེ་བར་སྤྱད་པར་བྱེད་པ་རྡོ་རྗེ་སེམས་དཔའི་རང་བཞིན་ཞེས་བྱ་བའི་དོན་གང ་ཡིན་པ་འམ། ཡང་ན་ཐམས་ཅད་ནི་ཕུང་པོ་ལྔའི་རང་བཞིན་ཏེ། དེ་བཞིན་གཤེགས་པ་ཉེ་བར་སྡུད་པས་སྟོང་པའི་རང་བཞིན་ཉིད།། རིག་པ་ཡང་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་རང་བཞིན་རང་རིག་པ་ཡིན་པ་དེའི་ཕྱིར། ཐམས་ཅད་རིག་པའོ།། ། ་ད་ནི་བསྐྱེད་པའི་རིམ་པའི་ཕྱོགས་ལ་ལྷན་ཅིག་སྐྱེད་པའི་གནས་ངེས་པ་ཉིད་གཞན་དུ་ཡང་དག་པ་ཉིད་གསུངས་པ། དགའ་བ་བདེ་བ་ཅུང་ཟད་ཙམ་ཞེས་པའོ།། ལྷན་ཅིག། སྐྱེས་དགའ་ལྷག་མ་ནི་ཞེས་པ་ནི་ལྷག་མ་སྟེ། ལྷན་ཅིག་སྐྱེས་པའི ་དགའ་བ་ཉིད་ཕུལ་དུ་བྱུང་བའོ།། དེའི་ཕྱིར་དེ་ཉིད་རྫོགས་པའི་རིམ་པ་ལ་ཁྱབ་པར་བསྒོམ་པར་བྱའོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར་དང་པོ་རེག་པར་འདོད་པའོ།། ཞེས་པའོ།། མཆོག་ཏུ་དགའ་བ་འཁོར་བར་གསུངས་ཞེས་པ་སྟེ། དམི ་པ་དང་བཅས་པའི་བདེ་བ་ཉིད་དོ།། མྱ་ངོན་འདས་པ་དགའ་དང་བྲལ་ཞེས་པོ་ནི་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་རང་བཞིན་ཅན་དོག་འབྲའོ།། དབུ་མ་དགའ་བ་ཙམ་ཉིད་དེ་ཞེས་པ་ནི་དགའ་བ་ཙམ་གྱི་དབུས་ནི་དབུ་མོ་ཕུལ་དུ་བྱུང་བ་མ་ཡིན ་ཞེས་བྱ་བའི་དོན་ནམ། མཆོག་དང་དགའ་བྲལ་དག་གི་དབུས་ཀྱི་དགའ་བ་ཙམ་སྟེ། ལྷན་ཅིག་བསྐྱེས་པའི་བདེ་བ་ཙ་མོ།། འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། ་དེ་ཉིད་ཀྱིས་ལྷན་ཅིག་སྐྱེས་པས་འདི་དག་སྤངས་ཞེས་པ་སྟེ། རྣམ་པར་རྟོག་པ་ལ་སོགས་པ་འགགས་པ་ནི་སྤངས་པའོ།། འདོད་ཆགས་ཉིད་དང་ཆགས་བྲལ་ཡང་། འདྲེས་པར་གྱུར་པས་རྟོག་མེད་པ། དེ་བཞིན་ཆགས་དང་ཆག ་བྲལ་དག། སྐད་ཅིག་གཅིག་ལ་རོ་གཅིག་འགྱུར་ཞེས་སོ།། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ལས་ཀྱི་ཕྱག་རྒྱས་བསྐྱེད་པའི་རིམ་པས་ཀྱང་ལྷན་ཅིག་སྐྱེས་པ་ཉིད་གཙོ་བོར་འདོད་དོ།། དེ་ཉིད་བསྒོམ་པར་བྱ་ཞིང་བསྒྲུབ་པར་བྱ་བ་དང ་བརྟག་པར་ཡང་བྱའོ།། དེ་ཐབས་གང་གིས་རྙེད་སྙམ་པ་གསུངས་པོ། གཞན་གྱི་བཤད་ལས་ལྷན་སྐྱེས་མིན་ཞེས་པ་ནི་གཞན་བླ་མ་ལ་སོགས་པོས་བཤད་པ་ལས་མ་ཡིན་ཏེ། ཚིག་གིས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དོ།། ་གང་དུ་ཡང་ཞེས་པ་ནི་བསྟན་པ་ལ་སོགས་པས་མི་རྙེད་དེ། ཚིག་གིས་བརྗོད་པར་བྱ་བ། དེ་བསྟན་དུ་མེད་པ་ཉིད་དོ།། གལ་ཏེ་དེ་ལྟ་ན་བླ་མ་མཉེས་པར་བྱས་ནས་ཉན་པ་དང་སློབ་པ་ལ་སོགས་པ་དོན་མེད་པ་ཉིད་དོ་སྙམ་པ་ལ། རང་ཉིད ་ཀྱིས་ཤེས་པར་འགྱུར་ཏེ། རང་ཉིད་ཀྱིས་རྙེད་པར་འགྱུར་རོ།། འོ་ན་དེ་ལྟར་ལྟུ་ངོ་ཐམས་ཅད་དུ་འདི་རྙེད་པར་འགྱུར་བ་ཉིད་ཡིན་ནོ་སྙམ་པ་ལ། བསོད་ནམས་དང་། བླ་མ་མཉེས་པའི་ཐབས་ཀྱིས་བརྒྱད་པ་ཞེས་བྱ་བ་གསུངས ་ཏེ། རྒྱུ་གཉིས་ཀྱི་ས་སོ།། དེ་ལྟ་ན་ཡང་རང་ཉིད་ཀྱིས་ཇི་ལྟར་ཤེས་པར་འགྱུར་སྙམ་པ་ལ། སྨྲས་པ་འདིའི་དོན་ནི་སྔོན་དུ་བླ་མ་མཉེས་པར་བྱ་བ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསྐྱེད་དེ། བླ་མའི་བརྒྱུད་དོའི་རིམ་པས ་ཤེས་ནས་རྗེས་སུ་གནང་བ་དང་བརྩོན་པས་རང་ཉིད་ལས། ལྷན་ཅིག་སྐྱེས་པ་འབྱུང་བར་འགྱུར་གྱི། གསུང་ཐོས་པ་ཙམ་དང་བསོད་ནམས་བསྐྱེད་པ་ཙམ་གྱིས་སམ། རྒྱུ་མེད་པ་ལས་རྙེད་པར་མི་འགྱུར་བའོ།། ་བླ་མ་བརྒྱུད་པའི་ཐབས་ཀྱིས་རྙེད་པ་ཉིད་ཇི་ལྟར་བྱ་སྙམ་པ་ལ་གསུངས་པ། དམན་དང་འབྲིང་དང་ཕུལ་བྱུང་རྣམས་ཞེས་པ་སྟེ། འདི་ཉིད་ཀྱི་དོན་བཤད་པའི་ཕྱིར་གསུངས་པ། དམན་པ་ཕྲ་མོའི་གནས་ཀྱི་དོན་ཞེས་པ་ལ། ད་མན་པ ་ནི་རྡུལ་ཕྲ་རངས་དང་ཡེ་ཤེས་ལ་སོགས་པོའོ།། ཕུལ་དུ་བྱུང་བས་དང་རི་དང་རྒྱ་མཚོ་ལ་སོགས་པའོ།། བར་མ་ནི་བུམ་པ་དང་སྣམ་བུ་ལ་སོགས་པའོ།། བརྟན་པ་དང་གཡོ་བ་ནི་གང་རྣམསོ།། དེ་རྣམས་ནི་འདིས་གསུངས་སོ།། ་དེ་རྣམས་ཐམས་ཅད་ནི་འདི་རྣམས་ཐམས་ཅད་དོ།། མཉམ་པ་རེ་ཞེས་པ་ནི་བལྟ་བར་བྱའོ།། བདག་མེད་པ་ཉིད་ནི་འདི་དག་བདག་མེད་པ་ཉིད་དོ།། འདིས་ནི་བདག་ཏུ་བལྟ་བར་བྱ་བ་མ་ཡིན་པར་སྟོན་ཏེ།། མཉམ་པ་ཉིད་དུ་གསུངས་པ་ནི། མཚུས ་པར་བྱ་ཞེས་པ་སྟེ། མཉམ་པར་བྱ་བ་འདི་དག་ཀྱང་དངོས་པོར་མི་བྱ་བ་ཉིད་དམ། འདི་དག་ལྷན་ཅིག་སྐྱེས་པས་སོ།། དེ་ཁོ་ན་ཉིད་བསྒོམ་པར་བྱའོ་ཞེས་པའི་བཤད་པ་འོ་མཉེ་བ་ཕྲོ་བ་ནི་འོས་ཉཾ་དེ་ཊཱི་ཀྱི་དོན་གསུངས་པ། མཉམ་ཞིང་མཚུངས་པ ་ཞེས་པ་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་ཐམས་ཅད་མཚུངས་པ་ནི་མཉམ་པ་དེའི་རོའོ།། འཁོར་ལོ་ནི་རྣལ་འབྱོར་མའི་འཁོར་ལོ་སྟེ། ཉེ་བར་བསྡུ་བ་གསུངས་པ། རོ་གཅིག་ནི་བསྒོམ་པ་ཡིས་ཞེསོ།། ཡང་ན་ཐམས་ཅད་ཀྱི ་བདག་ཉིད་དོ།། ཡང་ཐམས་ཅད་སྤངས་པ་འམ་ཞེས་འཆང་བར་འགྱུར་བའོ།། ཐམས་ཅད་སྤངས་པ་ཞེས་གསུངས་ནས། ཐམས་ཅད་བདག་ཉིད་ཅེས་གསུངས་པ་ང་ལས་བྱུང་ཞེས་པའོ།། འདི་ལྟར་བླ་མ་བརྒྱུད་པའི་རིམ་པ་ཤེས་ནས་བསྒྲུབས ་པས་དེ་འགྲུབ་ཅིང་ལྷན་ཅིག་སྐྱེས་པ་རྙེད་པས་སོ།། ཤིནྡ་ཏུ་མཉམ་གཞག་ཅེས་པ་དེ་ཉིད་གསུངས་པ། བཟླའི་བཏུང་དང་ཞེས་པ་དང་། རྒྱུན་མི་འཆད་པ་དེ་ལས་འགྱུར་ཞེས་པ་ནི། དོར་ཕྱིར་དེ་ལྟར་གྱུར་པས་བསླབ་པ་སྟེ། རྒྱུན་མི ་འཆང་པོ་ནི་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་དེའི་ཚུལ་གྱིས་གནས་སྐབས་ཀྱིས་རྒྱུན་མི་འཆད་པར་ཏེ་ལྷན་ཅིག་སྐྱེས་པ་དེའི་རང་བཞིན་གྱིས་རྒྱུན་དུའོ།། དེ་ལས་འགྱུར་ཞེས་པ་ནི་ཐོབ་པའོ།། འགྲོ་བ་ཀུན་གྱིས་བསྒོམ་བྱས་ཀྱང་ཞེས་པ་ནི ་དང་པོར་དཔྱོད་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་བསྒོམ་པར་བྱས་པ་ནི་དམིག་སྐྱེ་པ་བྱས་པའོ།། དེའི་འོག་ཏུ་དངོས་པོ་མ་མཐོང་བས་བསྒོམ་དུ་མེད་པའོ།། དེའི་ཕྱིར་ཆོས་ཐམས་ཅད་ལྷན་ཅིག་སྨྱོས་པ་དེ་བཞིན་ཉིད་དུ་ཡོངས་སུ་ཤེ ་པ་ཉིད་ཀྱིས་བསྒོམ་དུ་མེད་ཅེས་པ་ནི་དངོས་པོ་མེད་པས་དམིགས་སུ་མེད་ཅིང་བསྒོམ་དུ་མེད་དོ།། དེ་ཉིད་ཀྱིས་གསུངས་པ། བརྟན་དང་གཡཱ་བ་ཞེས་པ་རྩཝ་དང་གེལ་པ་ལྕུག་མ་སོགས་ཞེས་པའི་སྒྲས་ས་ལ་སོགས་པ་དང་། མི་ལ་སོ།། ་པ་དེ་དག་མཆོག་ཏུ་དེ་ཁོ་ན་ཉིད་ཀྱི་ཚུལ་གྱིས་བསྒོམ་པར་བྱས་ནའོ།། ངག་གི་དངོས་པོའི་རང་བཞིན་ཅན་ཞེས་པ་བདག་ཉིད་ཀྱི་དངོས་པོའི་རང་བཞིན་ཅན་ཏོ།། དེའི་གཟུགས་ཅན་ཉིད་དོ།། ཇི་ལྟར་ཡང་བདག་ནི་ཐམས་ཅད་ནས་ཐམས་ཅད་ཀྱི ་རྣམ་པ་ཐམས་ཅད་དུ་མི་དམིགས་ཏེ། དེ་བཞིན་དུ་འདི་དག་ཀྱང་ཇི་ལྟ་བ་འམ། རྣལ་འབྱོར་པའི་རང་གི་བདག་ཉིད་ཀྱི་གཟུགས་བདེ་བ་ཆེན་པོའི་གཟུགས་ཀྱིས་དེ་བཞིན་ཉིད་དུ་མཐོང་བ་ཡང་ངོ་།། དེ་དག་གཅིག་ཅེས་པ་ནི ་དེ་ཉིད་ཀྱི་ཚུལ་གྱིས་སོ།། དེ་རྣམས་ཀྱི་གཞན་ནི་ཕ་རོལ་མེད་པའོ།། དེ་ཅིའི་ཕྱིར་རང་བཞིན་སྙམ་པ་ལ། རང་རིག་པ་བདེ་བ་ཆེན་པོའོ་ཞེས་པ་དེ་ལྟ་བུའི་ཚུལ་གྱིས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏེ།། དེ་ལས་ཅིར་འགྱུར་སྙམ་པ་ལ་གསུངས ་པ། རང་རིག་ལས་ནི་དངོས་གྲུབ་ཡིན་ཞེས་པ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ།། རང་གིས་རིག་པ་བསྒོམ་པ་ཡིས་ཞེས་པ་ནི་གང་དུ་རང་གིས་རིག་པ་མེད་པ་དེ་ལ་དོན་དམ་པར་བསྒོམ་པ་མེད་དེ། གཉིས་སུ་མེད་པའི་ཡུལ་གྱི་དོན་ལ་བཏབ ་པ་ཉིད་དོ།། རང་གིས་རིག་པའི་རང་བཞིན་ལས་ཞེས་པ་ནི་ལུས་ལ་སོགས་པས་བྱས་པའི་བྱ་བ་ལ་སོགས་པ་ཡང་རང་རིག་པ་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་ཆེན་པོའི་རང་བཞིན་དང་ལྡན་པའོ།། གལ་ཏེ་དེ་ལྟ་ན་དེའི་ཆོས་དང་ཚེས་མ་ཡིན་པའི ་ལས་དེ་དང་ཉོན་མོངས་པ་དེ་ལས་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་གཞན་དང་གཞན་དུ་ཇི་ལྟར་འགྱུར་སྙམ་པ་ལ་གསུངས་པ། རྩོད་པ་ལས་ནི་ལས་སྐྱེས་ཏེ་ཞེས་པ་ནི་ཐོག་མ་མེད་པའི་མ་རིག་པའི་སྟོབས་ཀྱི་རང་བཞིན་ཡོངས་སུ་མ་ཤྭེ ་པའི་རྣམ་པར་རྟོག་པ་ལ་སོགས་པའི་རྩོད་པས་བདེ་བ་ཆེན་པོ་རང་རིག་པ་དང་འགལ་ལོ།། འོ་ན་བདེ་བ་ཆེན་པོ་དེ་ཉིད་ལྡན་བཞིན་དུ་ཡང་དེ་ཇི་ལྟ་བུ་སྙམ་པ་ལོ་གསུངས་པ། རང་གིས་འཕྲོག་ཅེས་པ་ནི་དེ་ལྟར་བདེ་བ་དེ་དང་དེ་ཉིད་རང་གིས་བླ་མའི ་བཀར་ལ་སོགས་པ་རི་རྒྱུན་གྱིས་རྟོག་པ་ལས་དང་ཉོན་མོངས་པ་ལ་སོགས་པའི་ཀུན་ཏུ་གྲགས་ཏེ། དམད་པས་རང་གི་ལས་ལ་སོགས་པས་འཁོར་བར་བྱེད་ཀྱི། གཞན་དབང་ཕྱུག་ལ་སོགས་པས་ནི་མ་ཡིན་ནོ།། རྟོག་པས་རང་ཉིད་རྒྱལ ་བས་རྒྱལ་པོ་ཞེས་བྱའོ།། བདག་པོ་ཡང་ཐམས་ཅད་ཀྱི་མཆོག་ཉིད་ཀྱིས་མཐུ་དང་ལྡན་ཞེས་པའོ།། དེའི་བདག་པོ་ཉིད་ཇི་ལྟ་བུ་སྙམ་པ་ལ། འདོད་ཆགས་ཞེ་སྡང་ཞེས་པ་སྟེ། འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་སྣང་བ་མཐརའ ་ཡས་ལ་སོགས་པའི་དེ་བཞིན་གཤེགས་པ་ལ་ནི་འདོད་ཆགས་ལྔ་སོགས་པའི་སྒྲར་གསུངས་སོ།། དེ་དག་ཀྱང་རྡོ་རྗེ་འཛིན་པ་ཆེན་པོའི་གོ་འཕང་དེར་གནས་པའི་ཚུལ་གྱིས་ལྷན་ཅིག་སྐྱེས་པའི་གོ་འཕང་ལ་གནས་པའི་རྣལ་འབྱོར ་པ་ནི་རྡོ་རྗེ་སེམས་དཔའ་འོ།། བཅུ་དྲུག་ཆར་ཡང་མི་ཕོད་ཅེས་པ་ནི་མི་རྙེད་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ངག་གི་ཡང་གཙོ་བོ་ཉིད་དང་བདག་པོའོ།། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི་ཞེས་པ་ནི་གང་ལས་ཆོས་རྣམས་ཀྱི ་རང་བཞིན་འབྱུང་བ་དེ་ནི་ཆོས་འབྱུང་ངོ་།། དེ་ལས་བྱུང་བའི་ཡེ་ཤེས་གང་ཡིན་པ་དེ་ནི་མཁའ་དང་མཉམ་པ་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་ནོ།། ཐབས་དང་ལྡན་ཞེས་པ་ནི་དམིགས་པ་མེད་པའི་སྙིང་རྗེ་བདེ་བ་ཆེན་པོ་དང་ལྡན་པ་སྟེ།། ་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ།། འཇིག་རྟེན་གསུམ་པོ་དེ་ལས་སྐྱེས་ཞེས་པ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་ལས་སྲིད་པ་གསུམ་ཡང་སྐྱེས་པའོ།། ཇི་ལྟར་སྙམ་པ ་ལ། ཤེས་རབ་ཐབས་ཀྱི་རང་བཞིན་ལས་ཞེས་བྱ་བ་གསུངས་ཏེ། དེ་ཡང་དེ་ལས་སྐྱེས་པ་ནི་དེ་དང་རྗེས་སུ་མཐུན་པའི་རྒྱུ་བྱེད་པའི་ངོ་བོ་ཉིད་དེ། དོན་དམ་པར་སྐྱེ་བ་མེད་པའི་རང་བཞིན་ཉིད་དོ།། དེ་བས་ན་འདི ་དགུ་ཐམས་ཅད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། ཅུང་ཟད་ཀྱང་འདིའི་ཆར་མི་འགལ་བར་རྣལ་འབྱོར་པས་བསྟན་པར་བྱའོ།། ཞེས་སྟོན་ཏོ།། ཐ་བས་དང་ཤེས་རབ་ཀྱི་རང་བཞིན་ཉིད་དོ་ཞེས་སྟོན་པར་བྱེད་པས་གསུངས་པ། རྫས་ནི ་བཅོམ་ལྡན་འདས་ཡིན་ཏེ་ཞེས་པ་ནི་ཐབས་དམིགས་པ་དང་བཅས་པ་ཉིད་དོ།། དེའི་བདེ་བ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་ནི་འདོད་མ་སྟེ། ཤེས་རབ་དམིགས་པ་དེ་བཞི་ནི་ཉིད་ཀྱི་རང་བཞིན་ཅན་ནོ།། གཅིག་དང་དུ་མའི་སྦྱོར་བྲལ ་འདི་ཞེས་པ་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་རྡོ་རྗེ་འཛིན་པའོ།། སྐད་ཅིག་ཅེས་པ་ནི་ལྷན་ཅིག་སྐྱེས་པ་ལ་སོགས་པའི་སྐད་ཅིག་ཏུའོ།། མཆོག་ནི་ཐུན་མོང་མ་ཡིན་པའོ།། དགའ་བ་ནི་བདེ ་བླ་ཆེན་པོའོ།། བྱིན་གྱིས་པ་རླབ་པའི་རིམ་པ་འདི་དག་ཅེས་པ་ནི་ལྷན་ཅིག་སྐྱེས་པ་འབྱུང་བའི་བྱིན་གྱིས་བརླབས་པའི་ཡེ་ཤེས་གོང་ཡིན་པ་དེ་དང་དེའི་རང་བཞིན་ཏོ། རིམ་པ་འདི་དག་རྡོ་རྗེ་འཛིན་པའི་རང་བཞིན་དང་བཅས་པ ་ནི་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབས་པའི་བདག་པོའོ།། ཀུན་མཁྱེན་ཡེ་ཤེས་རང་བཞིན་ཏེ་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཡིན་པ་དེ་དང་དེའི་རང་བཞིན་ཏེ། ལྷན་ཅིག་སྐྱེས་པའི་རང་རིག་པ་དང་བདེ་བ་ཆེན་པོ ་མཆོག་དང་གཞན་མ་ཡིན་པའི་རང་བཞིན་ནོ།། སྐད་ཅིག་རྩོད་པ་ཐམས་ཅད་སྤངས་ཤེས་པ་ལྷན་ཅིག་སྐྱེས་པ་འབྱུང་བའི་སྐད་ཅིག་ལ་ཐམས་ཅད་དེ་དང་དེའི་རང་བཞིན་ཉིད་དུ་གྱུར་ཏེ། གཉིས་ཀྱིས་ཚུལ་གྱིས་རྩོད་པ་མེད་པའོ།། རྩོད་པ་ཐད ་ནི་གཉིས་ཀྱི་སྤྱོད་ཡུལ་ཏེ། གཉི་སུ་མེད་པ་ལ་སུ་ཞིག་གང་གི་རྩོད་པར་བྱེད་ཅེས་བྱ་བའི་དོན་ཏོ།། རྩོད་པ་དེ་ཅི་སྙམ་པ་ལ་གསུངས་པ། རང་བཞིན་ཡང་དག་ཚོར་བ་རེ་རིག་ཅེས་པ་སྟེ། དེ་ཉིད་ཀྱིས་གསུངས་པ། མཐོ་རིས་མི་ཡུལ ་ས་འོག་ཏུའང་ཞེས་སོ།། རིག་བྱེད་གྲུབ་མཐའ་མ་ལུས་རྣམས་ཞེས་པ་ལ། རིག་བྱེད་པས་སྨྲས་པ་ནི་གྲུབ་པའི་མཐའོ།། དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མ་ཡིན་པའོ།། སྲིད་པ་ནི་འཁོར་བ་སྟེ། རྣམ་པར་དག་པས ་ཡང་དག་པ་ཡོངས་སུ་ཤེས་པ་གང་ཡིན་བྱ་དེ་དངོས་གྲུབ་སྟེ་དེ་མ་ཡིན་ཞེས་བྱ་བའི་དོན་ཏོ།། དེའི་ཚེ་ཅིག་ཡིན་སྙམ་པ་ལ་གསུཾ་ངེས་པ། ཡང་ནི་སྐྱེ་བ་གཞོན་དག་ལ་ཞེས་པའོ།། ཆུ་བོའི་རྒྱུན་འབབ་པ་དང་།། མར་མེ་འབར ་བའི་རྒྱུན་གཞན་དུ། ཞེས་པ་ནི་དཔེར་ན་ཆུ་བོའི་རྒྱུན་འབབ་པ་ལ་མར་མེ་འབར་བས་ནི་མུན་པ་སེལ་བར་བྱེད་ཀྱང་མི་གནས་པས་དོན་མེད་པ་དེ་བཞིན་དུ། ཀྱེའི་རྡོ་རྗེའི་དོན་ཤེས་ནས་གཞན་དུ་དུལ་བར་བྱས་ཀྱང་འབྲས་བུ་གནས་པ ་མ་ཡིན་པ་འདི་ཉིད་དོ་དོན་མེད་མེད་དོ།། ཡང་ནི་གང་དུ་ཆུ་བོའི་རྒྱུན་འབབ་པ་ན་རྒྱུ་ནི་མ་འཆད་པ་དང་། ཡང་ཇི་ལྟར་མར་མེ་འབར་བའི་རྒྱུན་རང་གསལ་བ་དེ་བཞིན་དུ་རྟག་ཏུ་དེ་ཁོ་ན་ཉིད་ཀྱིས་སྦྱོར་བས་གནས་པར་བྱ་སྟེ། རྣལ་འབྱོར ་རྣལ་འབྱོར་པ་རྣམས་ཀྱིས་སོ།། ཡང་ན་ཇི་ལྟར་ཆུ་བོའི་རྒྱུན་འབབ་པ་ན་རྒྱུན་མི་འཆད་པ་དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རང་གིས་གསལ་བ་ཉིད་དུ་ཡང་མར་མེ་འབར་བའི་རྒྱུན་བཞིན་ཞེས་པ་ནི་བླ་མའི་ཞལ་སྔ ་ནས་གནང་བ་ལས་ཤེས་པར་བྱའོ།། ཞེས་པའོ།། རྣལ་འབྱོར་མའི་འཁོར་ལོའི་ལེའུ་བཤད་པ་སྟེ་བརྒྱད་པའོ།། །། ད་ནི་མཆོག་དང་མཆོག་མ་ཡིན་པའི་དབྱེ་བས་རྣམ་པར་དག་པ་གསུངས་པ། མཆོག་ཅེས ་པའོ།། དེ་ལ་མཆོག་ཏུ་རྣམ་པར་དག་པ་ནི་དེ་བཞིན་ཉིད་དང་ཐ་མལ་པ་ལྷའི་རང་བཞིན་ཉིད་དོ་ཞེས་གསུངས་པ་ནི། ངེས་པར་དངོས་པོ་འདི་དག་ཀུན་ཞེས་པའོ།། ལྷ་རྣམས་གསུངས་ཞེས་པ་ནི་བཤད་པར་བྱའོ་ཞེས་པའོ།། ཕུང་པོ ་ལྔ་ནི་གཟུགས་ལ་སོགས་པའོ།། དབང་པོ་དྲུག་ནི་ནང་གི་སྐྱེ་མཆེད་དོ།། སྐྱེ་མཆེད་དྲུག་ནི་ཕྱིའི་སྐྱེ་མཆེད་དོ།། ངོ་བོ་ཉིད་ཀྱིས་རྣམ་པར་དག་ཅེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སོ།། ཐམས་ཅད་དག་ཅེས་པ་ནི་སྔར ་གསུངས་པའི་དངོས་པོའི་དོན་ཐམས་ཅད་དུ་གསུངས་པའོ།། ཕུང་པོ་དང་སྐྱེ་མཆེད་དེ་དང་ཁམ་ས་ཀྱི་དབྱེ་བས་གལ་ཏེ་འདི་དག་ངོ་བོ་ཉིད་ཀྱིས་རྣམ་པར་དག་ཡིན་ན་རྣམ་པར་དག་པས་ཅི་ཞིག་བྱ་སྙམ་པ་ལ། མི་ཤེས་ཉོན་མོངས ་བསྒྲིབས་པ་ཡིས།། དག་བྱ་ཞེས་པ་ནི་རང་བཞིན་གྱིས་དག་ཀྱང་ཕུང་པོ་ལ་སོགས་པའི་རང་བཞིན་ཡོང་དག་པར་མི་ཤེས་པའི་གློ་བུར་གྱི་ཉོན་མོངས་པས་བསྒྲིབས་པས་དེའི་ཕྱིར་རང་བཞིན་རྟོགས་པར་བྱ་བའི་སྒོ་ནས་སྦྱོར ་བར་བྱེད་པའོ།། རང་རིག་བདག་ཉིད་རིག་པ་ཡིས་ཞེས་པ་ནི་དེ་བཞིན་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལྟ་བུ་ཉིད་ནི་མ་ཡིན་ཏེ་འོན་ཀྱང་བདེ་བ་ཆེན་པོ་རྫོགས་པའི་བྱང་ཆུབ་ཀྱི་ཚུལ་རང་རིག་པ་མཆོག་ཏུ་བདེ་བ་སྟེ། རང་རིག་པ་བདེ་བ་ཆེན ་པོ་ཉིད་དོ།། དེ་རྣམས་ཀྱི་ཁྱད་པར་དུ་འཕགས་པས་མིག་ལ་སོགས་པའི་སྤྱོད་ཡུལ་གྱི་དོན་མ་ཡིན་པའོ།། དག་པའི་དངོས་པོ་ནི་དག་པའི་རང་བཞིན་ནོ།། གང་གི་ཕྱིར་འགྲོ་བ་སངས་རྒྱས་དངོས་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང ་བཞིན་གྱི་དབྱེ་བ་དང་། དབྱེར་མེད་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། མིག་གིས་གཟུང་བའི་གཟུགས་དང་ཞེས་པ་ནི་གཟུགས་གཟུང་བར་བྱ་བས་ན་གཟུང་བ་འམ། མིག་འཛིན ་པར་བྱེད་པ་པོའམ་བྱེད་པ་སྟེ། འདིས་ཞེས་པ་ནི་འཛིན་པར་བྱེད་ཅེས་བྱ་བའི་དོན་ཏོ།། དེ་ལྟར་སྒྲ་དང་རྣ་བ་ལ་སོགས་པ་དང་། ལྕེས་མྱང་བར་བྱ་བ་ཤེས་ཞེས་པ་ནི་མྱང་བར་བྱ་བས་ན་མྱང་བས་ཏེ་རོའོ།། ཤེས་པ་ནི་ཤེས་པར་བྱེད་པས ་ན་ཤེས་པའོ།། རྫས་ཞེས་པ་ནི་རེག་པར་བྱ་བ་སྟེ་ས་ལ་སོགས་པའོ།། གལ་ཏེ་དེ་ལྟར་དངོས་པོ་འདི་དག་མ་དག་པས་དེའི་ཚེ་སྤངས་ཏེ་དག་པར་བྱས་པས་ཅི་ཞིག་བྱ་སྙམ་པ་ལ། རྣལ་འབྱོར་པ་ཡིས་བསྟེན་པར་བྱ་ཞེས་པ་སྟེ། གང་ལས ་སྙམ་པ་ལ། གང་ཕྱིར་བསྟེན་པར་བྱ་ཞེས་པ་གསུངས་སོ།། གལ་ཏེ་བསྟེན་པར་བྱས་ན་དེའི་ཚེ་འཁོར་བར་གནས་པའོ་སྙམ་པ་ལ། དག་པས་དུག་མེད་བྱས་ནས་ནི་ཞེས་གསུངས་པ་སྟེ། དཔེར་ནི་དུག་གི་དེ་ཁོ་ན་ཉིད་མི་ཤེས་པས ་བསྟེན་པར་བྱས་ན་སྐྱོན་དུ་འགྱུར་རོ།། དེ་དང་དེ་ཉིད་ཀྱི་དེ་ཁོ་ན་ཉིད་ཤེས་ན་དུག་མེད་པར་བྱས་ཏེ། དེ་ཁོ་ན་ཉིད་ཤེས་པས་ཟོས་ན་སྐྱོན་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་སྔར་དུག་གཞན་ལས་གྱུར་པ་ཡང ་འཇོམསོ།། དེ་བཞིན་དུ་ཡུལ་གྱིས་ཀྱང་དུག་དང་བཅས་པ་དེ་དག་གལ་ཏེ་རྣམ་པར་མ་དག་པས་བསྟེན་པར་བྱས་ནི་དེའི་ཚེ་འདོད་ཆགས་ལ་སོགས་པའི་སྐྱེན་སྐྱེད་པར་བྱེད་དོ།། གང་སྔ་མ། བསྟེན་པས་ནི་སྐྱེད་པར་ཡེ་ང་མི་བྱེད་དེ། ་འཇོམས་པར་ཡང་མི་བྱེད་དོ།། གང་གི་ཚེ་གཞན་དེ་ཉིད་ལ་སོགས་པའི་དག་པས་དུག་མེད་པར་བྱས་ཏེ། བསྟེན་ན་དེའི་ཚེ་ཡོན་ཏན་སྐྱེད་པར་བྱེད་ཅིང་འཇོམས་པོར་ཡང་བྱེད་དོ།། དེའི་ཕྱིར་ནན་ཏན་གྱིས་བསྟེན་པར་བྱའོ།། ད་ནི་ཕུང་པོ ་ལ་སོགས་པའི་དབྱེ་བསོ་དག་པ་གསུངས་པ། གཟུགས་ཕུང་ཞེས་བྱ་བ་ལ་སོགས་པའོ།། ད་ནི་སྡོར་མ་གསུངས་པའི་ཕྱོགས་རྣམ་བར་དབྱེ་བ་གསུངས་པ། དབང་སྔོན་དུ་ནི་པུཀྐ་སཱི་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་སེམས ་དཔའི་རྣམ་པར་དག་པ་གསུངས་པ། ཕྱག་རྣམས་ཞེས་པའོ།། ཞབས་དག་ཅེས་པ་ནི་གཡོན་པ་དང་གཡས་པ་དག་གི་ཞེས་པའོ།། ཞབས་བཞི་བདུད་བཞི་ལས་རྣམ་པར་རྒྱལ་བའི་རྣམ་པར་དག་པའོ།། ཞལ་བརྒྱུད་རྣམ་པར་ཐར ་པ་ཡིས་ཞེས་པ་ནི་སྒོ་བརྒྱད་པོ་གཟུགས་ཅན་རྣམས་ལ་བལྟ་ཞེས་བྱ་བ་ལ་སོགས་པ་རྣམ་པར་ཐར་པའི་སྒོ་བརྒྱད་རྣམ་པར་དག་པའོ།། སྤྱན་གསུམ་དག་པས་རྡོ་རྗེ་གསུམ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་མཁའ་སྤྱོད ་མ་དང་ས་སྤྱོད་མ་དང་བདག་མེད་མའི་རྣམ་པར་དག་པ་ཞེས་བྱ་བའི་དོན་ཏོ།། ཞེ་སྡང་ཞེས་བྱ་འཁོར་ལོ་ཅན་ཞེས་པ་ནི་ཞེ་སྡང་ནི་ཞེ་སྡང་རྣམ་པར་དག་པའོ།། འཁོར་ལོ་ཅན་ནི་འཁོར་ལོའི་བྱདག་མོའོ།། ཞེས་བྱ་ཞེས་པ་ནི་འདོད་ཆགས ་དང་། འདོད་ཚོགས་དང་བྲལ་བ་རྣམ་པར་དག་པའི་བརྗོད་པ་སྟེ། བདག་མེད་མ་ཞེས་བྱ་བའི་དོན་ཏོ།། འདོད་ཆགས་ནི་འདོད་ཆགས་རྣམ་པར་དག་པ་ཞེས་གསུངས་པའོ།། གསང་བའི་གཽ་རཱི་མ་ཞེས་བྱ་བ་ནི་ནང་གི་རྩེག་མའི་གཽ་རཱི་མའོ།། ་གཏི་མུག་རྡོ་རྗེ་དེ་བཞིན་བརྗོད་ཅེས་པ་ནི་རྡོ་རྗེ་མ་གཏི་མུག་རྣམ་པར་དག་པའོ།། བསྐྱེད་པའི་རིམ་པའི་ཕྱོགས་ལ་ནི་ཞེས་པ་ནི་རྫོགས་པའི་རིམ་པའི་ཕྱོགས་ལ་ནི་དེ་བཞིན་ཉིད་ཀྱི་ཕུང་པོ་ལ་སོགས་པ་ཉིད་དག་པ་མཆོག་ཅེས་བྱ་བར་དགོང ་སོ།། གང་དང་གང་གིས་ཤེས་པ་ནི་གང་དང་གང་གི་ནི་ཕུང་པོ་དང་འདོད་ཆགས་ལ་སོགས་པས་འཇིག་རྟེན་པ་བཅིངས་ཏེ། ལས་དང་ཉོན་མོངས་པ་ལ་སོགས་པས་སྡུག་བསྔལ་དང་ཉེ་བར་ལྡན་པའོ།། དེ་དང་དེ་ཉིད་ཀྱིས་ཤེས་པ་ནི ་ཕུང་པོ་དང་འདོད་ཆགས་ལ་སོགས་པ་དག་པས་བཅིངས་པ་ལས་གྲོལ་བའོ།། དེ་ཕྱིར་འཇིག་རྟེན་རྨོངས་པས་ཞེས་པ་ནི་རྨོངས་པར་གྱུར་པ་ཡིས་སོ།། གང་ལས་སྙམ་པ་ལ། གང་གི་ཕྱིར་དེ་ཉིད་རིག་པ་མེད་ཅེས་པ་ནི་དངོས ་པོ་རྣམས་སྒྱུ་མ་ལྟ་བུ་དང་། དེ་བཞིན་ཉིད་ཀྱི་བདག་ཉིད་དུ་རྣམ་པར་དག་པ་མི་ཤེས་པས་སོ་མི་ཤེས་པ་དེ་ཁོ་ན་ཉིད་སྤངས་ཏེ་ནམ་ཡང་དངོས་གྲུབ་ཐོབ་པ་མ་ཡིན་ནོ།། དེའི་ཕྱིར་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་ཡང་དྲི་ལ་སོགས ་བའི་དངོས་པོ་ཡོད་པ་མ་ཡིན་ནོ།། དེ་བས་ན་དེ་བཞིན་གཤེགས་ཉིད་ལ་སོགས་པས་སེམས་མ་དག་པས་མ་དག་པ་དེ་སྦྱོར་བར་བྱེད་པ་ཡིན་ནོ།། དེ་ཡང་ལྷན་ཅིག་སྐྱེས་པའི་གནས་ལ་གནས་པས་དེ་རང་བཞིན་ཐམས་ཅད ་པས་འདི་ཅིས་དག་པར་བྱ་སྟེ། དེ་ཉིད་ཀྱིས་ཐམས་ཅད་རྣམ་པར་དག་པ་རང་བཞིན་གྱིས་དག་པར་འགྲོ་བ་རྟོགས་པར་བྱ་ཞེས་གསུངས་ཏེ། ད་ངོས་པོ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཉིད་དེ། དག་པའི་ངོ་བོ་ལས་བྱུང་བའོ།། ལྷན་ཅིག་སྐྱེས ་པ་ལས་སྐྱེས་པ་ཉིད་འདི་ཡང་ཕུང་པོ་ལ་སོགས་པ་ལྷན་ཅིག་སྐྱེས་པར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། རྣམ་པར་དག་པ་བཤད་པའི་ལེའུ་སྟེ་དགུ་པའོ།། །། དེ་ལྟར་དེ་ཁོ་ན་ཉིད་བསྒོམ་པ་ནི་དབང་མ་བསྐུར་བར་སྐལ་བ་མེད་དོ།། ་དབང་བསྐུར་བ་ཡང་དཀྱིལ་འཁོར་མེད་པར་མ་ཡིན་པས་ན་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ཐབས་སློབ་མ་དབང་བསྐུར་བའི་ཕྱིར་དཀྱིལ་འཁོར་གསུངས་པ། དེ་ནས་ཡང་དག་བཤད་པར་བྱ་ཞེསོ།། ཇི་ལྟར་རིམ་པས་ཞེས་པ་ནི་དཀྱིལ་འཁོར་བྲི་བའི ་རིམ་པ་གང་ཡིན་པས་སོ།། ཆོ་ག་གང་གིས་ཞེས་པ་ནི། སློབ་མ་དབང་བསྐུར་བའི་སྟེ་དེ་ཡང་རབ་ཏུ་བཤད་པར་བྱའོ།། རྣལ་འབྱོར་པ་ཡིས་ས་སྦྱང་བྱ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེད་མིས་ཚལ་ལ་སོགས་པའི་གནས་སུ་སྔགས་པས་སྔོན་དུ ་བསྙེན་པ་བྱ་སྟེ། སློབ་མ་བསྡུ་བའི་ཕྱིར་རམ། རབ་ཏུ་གནས་པར་བྱ་བའི་ཕྱིར་དཀྱིལ་འཁོར་བྱ་བར་འདོད་པས་མེ་ཏོག་ལ་སོགས་པས་སའི་ལྷ་མོ་མཆོད་དོ།། ཨོཾ་བྷུ་ཁཾ་ཞེས་སྔགས་ཀྱིས་ནི། བུམ་པ་འཛིན་ཅིང་ཁ་དོག་སིར།། སྔོན་དུ་དགུག ་པ་བྱས་ནས་ནི།། ན་མཁའ་ལ་ནི་གཤེགས་པར་བསམ།། ཨོཾ་ཏིཥྛ་བཛྲ་ཧཱུཾ་གིས་ཡང་དག་པར་བྱིན་གྱིས་བརླབས་ནས་པུས་མོ་མན་ཆད་ཙམ་བརྐོ་བར་བྱའོ།། དེ་ནས་བྱུང་བའི་ཐལ་བ་དང་སོལ་བ་དང་ཕུབ་མ་དང་རྡོ་དང་རུས་བུ་དང་གསེག་མ་ལ ་སོགས་པ་བསལ་ཏེ། ས་དེས་སམ་གཞན་དྲི་ཞིམ་པོའི་ཆུས་གཏོར་ཏེ་བརྐོས་པའི་ཁུང་བུ་ངེས་དགང་བར་བྱའོ།། ཧཱུཾ་ཞེས་བཟླས་ཏེ། དྲི་ཞིམ་པོའི་ཆུས་གཏོར་ནས་བརྫིས་ཏེ་མཉམ་པོར་བྱས་ཏེ། དེ་ལས་སའི་ལྷ་མོ་ཨོཾ་མཾ་དཾ་ནཾ་བཛྲཱི་བྷ་བ ་བཛྲ་བནྡྷ་ཧཱུཾ་ཞེས་པས་སྤྱན་དྲངས་ཏེ་བཅུག་ལ་བྱིན་གྱིས་བརླབས་པར་བསམ་མོ།། ངེས་པར་སྐྱོན་རྣམས་འོད་དག་ཀུན།། གལ་ཏེ་བསལ་བར་མ་ནུས་ན།། ལག་པ་གཏད་ལ་སྔགས་བཟླས་ཏི།། ང་ཉིད་དག་པ་གྲགས་ཆེན་པོ།། ཁང་ཐིག་རྡོ་སྟེང ་གནག་ལྷོ་ས་དང་།། ལྷོ་ཁང་ཆུ་འགྲམ་རྒྱལ་གནས་སོགས།། བརྐོས་པས་རྣམ་པར་དག་བྱ་མོ་ནི།། སྔོན་དུ་སྦྱངས་པའི་གནས་སུ་ཡང་ཞེས་པ་སྟེ། དེ་ལྟར་ས་སྦྱང་བར་བྱའོ།། དེ་ལ་དཀྱིལ་འཁོར་བྲི་བའི་ཆོ་ག་ནི་འཆད་པར་འགྱུརརོ།། འབད ་པས་ཧཱུཾ་ལས་རྡོ་རྗེར་བྱ་ཞེས་པ་ནི་རེ་ཡོངས་སུ་གྱུར་པ་ལས་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་སའི་རང་བཞིན་དུ་བྱས་ཏེ་ས་སྦྱང་བར་བྱ་ཞེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་བྲི་བའི་གནས་གསུངས་པ། སྦྱི་ད་མོས་ཚལ ་ཞེས་བྱ་བ་ལ་སོགས་པའོ།། བཟང་པོ་ཞེས་བྱ་བ་འདིའི་བཤད་པ་གསུངས་པ། རིན་ཆེན་སྣ་ལྔའི་ཕྱེ་མ་ཡིས་ཞེས་པ་ལ་སོགས་པའོ།། དཀྱིལ་འཁོར་གྱི་ཚད་ངེས་པ་དང་ལྡན་པ་གསུངས་པ། དཀྱིལ་འཁོར་ཁྲུ་གསུམ་ཞེས་པའོ།། ་འདིའི་དོན་རྡོ་རྗེ་སེམས་དཔའ་སྙེམས་བྱས་ཏེ།། གཡས་བརྐྱང་བ་ཡི་ཞབས་དག་བྱ།། ཕྱག་གཉིས་ཧེ་རུ་ཀར་སྦྱོར་བ།། སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ།། ཧཱུཾ་ཧཱུཾ་ཞེས་ནི་སྒྲོགས་པ་དང་།། ཧི་ཧི་ཞེས་བྱ་འཇིགས ་སུ་རུང་། སྔགས་པ་རྡོ་རྗེ་དྲིལ་བུ་འཛིན།། གཽ་རཱི་སོགས་ཀྱི་གསོལ་བ་འདེབས།། དེ་བཞིན་གཤེགས་པ་ཀུན་ཞི་བོ།། དེ་བཞིན་གཤེགས་པ་ཀུན་གྱིས་གནས།། རྡོ་རྗེ་སེམས་དཔའ་ཡང་དག་འབྱུང་།། དཀྱིལ་འཁོར་གཙོ་བོ་བཤད་དུ་གསོལ ་མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། མཚན་མིན་ཐམས་ཅད་རྣམ་པར་སྤངས།། ཀུན་ཏུ་བཟང་པོ་ཡང་དག་འབྱུང་།། དཀྱིལ་འཁོར་བདག་པོ་བཤད་དུ་གསོལ།། ཞི་བའི་ཆོས་ནི་མཚིག་ལས་བྱུང་།། ཡེ་ཤེས་སྤྱོད་པ་རྣམ་སྦྱོང། ་བྱེད།། རྡོ་རྗེ་རིན་ཆེན་ཡང་དག་འབྱུང་།། དཀྱིལ་འཁོར་བདག་པོ་བཤད་དུ་གསོལ།། སེམས་ཅན་ཀུན་གྱི་སེམས་ཆེན་པོ།། རང་བཞིན་དག་པས་དྲི་མ་མེད།། རྣམ་པར་སྣང་མཛད་ཆེར་འབྱུང་བ།། དཀྱི་ལ་འཁོར་བདག་པོ་བཤད་དུ ་གསོལ།། དེ་བཞིན་ཕྱག་རྒྱ་གནས་བཞེངས་ཏེ།། ཀུན་ཏུ་རྣམ་པར་གཟིགས་མཛད་ནས།། ཧཱུཾ་ཞེས་རྗོད་པར་བྱེད་པའི་བདག། རྐང་པ་རྡོ་རྗེ་གར་བྱས་ནས།། སྙོམས་དང་ལྡན་པས་ཡོངས་སུ་བསྐོར།། རྡོ་རྗེ་ལྟ་བས་བལྟས་ནས་ཀྱང་།། རྐང ་འོག་རྡོ་རྗེ་འབར་བ་ནི།། ཧཱུཾ་ལས་སྤྲུལ་པ་བསྒོམ་པར་བྱ།། བློ་ལྡན་རྡོ་རྗེ་གསོར་བྱེད་ཅིང་།། དྲིལ་བུ་དཀྲོལ་བར་བྱེད་པར་བརྩོན།། ས་ནི་དག་པར་བྱེད་པ་འདིས།། བསྲུངས་པ་ཡང་ནི་ཆེན་པོར་འགྱུར།། བརྗོད་པ་འདི་ཡིས་བགེགས་རྣམས ་ནི།། ཆུན་པོ་ཡང་ནི་སྐྱོད་པར་བྱེད།། བགེགས་ཆེན་པོ་འགྲོ་བར་གྱིས།། གང་ཡང་ལུས་ལ་སོགས་པ་རྣམས།། བདེ་ཆེན་ཡེ་ཤེས་ལས་བྱུང་བས།། རྡོ་རྗེ་སེམས་པའི་རང་བཞིན་བྱུང་།། ད་ནི་དཔལ་ལྡན་སྙིང་རྗེའི་སྟོབས།། བསྲུངས་པའི་འཁོར་ལོ ་རབ་སྦྱོར་བྱེད།། རྡོ་རྗེ་འབར་བའི་ལུས་ལྡན་པས།། སྐུ་གསུམ་ལས་བྱུང་འགས་པར་བྱེད།། གལ་ཏེ་འདས་པར་གྱུར་ན་ནི།། འཇིག་པར་འགྱུར་ཏེ་གཞན་དུ་མིན།། ས་ནི་ཡོངས་སུ་གཟུང་བྱས་ནས།། བགེགས་མེད་ཕྱིར་ནི་ཕུ་ར་བུས་གདབ།། ཨོཾ ་ཀཱི་ལི་ཀཱི་ལ་ཡ་བཱནྡྷ་ཧཱུཾ་ཕཊ།། མཚམས་དང་རབ་ཕྱོགས་བཅིངས་ནས།། སྭ་ནི་སྟ་གོན་གནས་པར་བྱ།། བཾ་ལས་བྱུང་བའི་སེར་མེ་ཡོས།། གསེར་གྱི་བུམ་པ་འཛིན་པར་བྱེད།། མཆོད་པ་ལྔ་ཡིས་མཆོད་པར་བྱ།། མི་བསྐྱོད་ཕྱག་རྒྱས ་གསོལ་བ་གདབ། རྡོ་རྗེ་མཆོད་བླུད་པའི།། ལྷ་མོ་རིན་ཆེན་སྣ་ཚོགས་འཛིན།། ལྷ་མོ་ཁྱོད་ནི་དབང་དུ་གྱུར།། བདག་མིང་འདི་ཞེས་བྱ་བ་ནི།། དཀྱིལ་འཁོར་དམ་པ་འབྲི་ལགས་ན།། དཀྱིལ་འཁོར་གནས་ནི་སྦྱང་དུ་གསོལ།། དྲི་ཞིམ ་ཙནྡན་ལ་སོགས་ཀྱིས།། ལྷ་མོའི་གནས་ནི་ཇི་ལྟ་བར།། དཀྱིལ་འཁོར་གྱི་ནི་རིམ་པས་བྱ།། འཁོར་ལོ་དེ་ལ་སྤྱན་དྭངས་ཏེ།། མཆོད་དང་ངོ་བསྟོད་པ་ལ་སོགས་བྱ།། མགྲིན་པ་རིང་ཞིང་ལྟོ་བ་འབྱུང་།། རྩ་བ་ནག་པོ་སྤངས་པ་ཡི།། དང་པོའི་རིམ ་པས་བུམ་པ་བརྒྱད།། ཨ་མྲའི་འདབ་མ་ལ་སོགས་ལྡན།། རས་ཀྱིས་མགྲིན་པ་དཀྲི་བར་བྱ།། ལྷ་ཡི་མཚ་ན་མ་བྲིས་ནས་ནི།། འབྲུ་ལྔ་སྨན་དང་རིན་ལྔ།། ལྟོ་བོ་ཆེན་པོའི་ནང་དུ་གཞུག། མེ་ཏོག་ཕྲེང་བ་རྡོ་རྗེའི་རྩེ།། བཏགས་ནས་རང་གི་སྔར ་རྣམས་ཀྱིས།། སྔགས་པ་རབ་ཏུ་གནས་པར་བྱ།། ཨརྒྷཾ་ཞབས་བསིལ་མཆོད་སོགས་དབུལ།། མེ་ཏོག་དཀར་པོ་གཞུག་པར་བྱ།། དྲི་ཞིམ་ཆུ་ཡིས་བཀང་ནས་ནི།། ཆོ་གའི་རིམ་པས་བཞག་པར་བྱ།། ཡང་ནཱི ་སྔ་བཞིན་མཆོད་པར་བྱ།། ལག་པས་བདུག་སྤོས་བླངས་ནས་ནི།། བློ་ལྗོན་འཁོར་གཙེར་གསོལ་བ་གདབ།། བདག་མཽད་མ་ལ་པུས་བཙུགས་ནས།། རྡོ་རྗེ་ལྷ་མོ་བདག་མཽད་མ།། རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད།། བདག་ནི་དཀྱིལ ་འཁོར་བྲི་བར་འཚལོ།། སྙིང་རྗེའི་སྟོབས་ལ་མཆོད་པའི་ཕྱིར།། སློབ་མའི་དོན་དུ་གཤེགས་ནས་ནི།། བདག་ལ་གནང་བར་མཛད་པའི་རིགས།། སངས་རྒྱས་དཔའ་བོ་མཁའ་འགྲོ་མེ།། འགྲོ་བའི་དོན་ལ་མཆོག་ཏུ་གཞོལ།། སངས ་རྒྱས་བདག་ལ་དགོངསུ་གསོལ།། འཇིག་རྟེན་སྟོང་པ་མཐུ་ཆེན་རྣམས།། བདག་མེད་ལ་སོགས་དཀྱིལ་འཁོར་ནི།། འགོ་བའི་དོན་དུ་འབྲི་བར་འཚལ།། རྡོ་རྗེ་འཛིན་བདག་འདི་ཞེས་བྱ།། ཇི་ལྟར་ནུས་པའི་ཡོ་བྱད་ཀྱིས།། བདག་དང ་སློབ་མར་བཅས་པ་ལ།། རྗེས་སུ་བརྩེ་བར་མཛོད་ནས་སུ།། དཀྱིལ་འཁོར་དུ་ནི་ཚོགས་པ་ཀུན།། ཉེ་བར་ཡང་ནི་མཛད་པའི་རིགས།། འཁོར་ལོ་ལན་གསུམ་གསོལ་བཏབ་སྟེ།། མཁས་པས་མཆོད་པ་ལ་སོགས་བྱ།། ཡང་དག ་བསྲུངས་ལ་ཕྱིར་བྱུང་སྟེ།། སློབ་མ་མེ་ཏོག་ཕྲེང་ཐོགས་ཤིང་།། ཡིད་གཞུངས་སྤྲོ་བ་ཆེ་བ་དང་།། དམན་པའང་ལྷག་པར་གནས་པར་བྱ།། དེ་ལ་སློབ་མ་མ་ལུས་དེས།། བློ་ཡིས་རང་གི་ནང་བཅུག་ནས།། རང་སྣང་པདྨ་འཁོར་ལོ་དག། ་ཁྱིམ་སྒོ་ནས་ནི་གསོལ་བ་གདབ།། བདག་གི་སྟོན་པ་དཔའ་ཆེན་ཁྱོད།། སེམས་ཅན་ཐམས་ཅད་དོན་བརྩོན་པ།། མགོན་པོ་དམ་ཚིག་བདག་ལ་གསོལ།། སྡོམ་པའི་མཆོག་ཀྱང་བདག་ལྔ་གསོལ།། སངས་རྒྱས་ཆོས་དང་དགེ་འདུན ་ཏོ།། བྱང་ཆུབ་སེམས་ཀྱང་བདག་ལ་གསོལ།། ཀུན་ཏུ་ཀུན་རྟོག་སྤངས་པ་ཡིས།། གྲོང་ཁྱེར་ཉམས་དགར་འཇུག་པར་འཚལ།། དེ་ནས་སློབ་གཙོ་གཅིག་དམིགས་ཏེ།། ཚིག་ནི་འདི་སྐད་བརྗོད་པར་བྱ།། ཚུར་ཤློག་ཐག་པ་ཆེན་པོ ་ཡིས།། སྔགས་ཀྱི་སྤྱོད་པའི་ཚུལ་གསལ་བ།། བུ་ལ་ང་ཡིས་བསྟན་པར་བྱ།། ཁྱོད་ནི་ཚུ་ལེ་ཚོན་སྣོད་ཡིན་ཏེ། དུས་གསུམ་འབྱུང་བའི་སངས་རྒྱས་རྣམས།། སྐུ་དང་གསུང་དང་ཐུགས་འཛིན་པ།། རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི།། ཡེ་ཤེས ་མཉམ་མེ་དེ་ཡང་དག་ཐོབ།། བདུད་སྡེ་ཤིན་ཏུ་མི་ཟད་བཅོམ།། ཤཱཀྱ་སོང་སོགས་དཔའ་བོ་ཡིས།། འཇིག་རྟེན་རྗེ་སུ་གཤེགས་ནས་ནི།། འཁོར་ལོ་བསྐོར་ཏེ་མྱ་ངན་འདས།། དེ་བས་བློ་ལྡན་བུ་ཡིས་འདི།། ཐམས་ཅད་མཁྱེན་པ་ཐོབ ་པར་གྱིས།། བཤགས་སོགས་ལན་གསུམ་བྱས་ནས་ནི།། སྙིང་ག་ལྐོག་མ་སྤྱི་བོར་ནི།། མཁའ་སྤྱོད་ས་ལ་སྤྱོད་པ་དང་། ས་འོག་སྤྱོད་པ་གནས་པར་བསམ།། ཙན་དན་རྡོ་རྗེ་ཁུ་ཚུར་གྱིས།། ཨོཾ་ཨཱཾཿཧཱུཾ་ཞེས་ཡང་དག་བརྗོད།། སྙིང ་ཀ་མགོ་བོ་ལྐོག་མ་ལ།། མེ་ཏོག་ལ་སོགས་རིམ་བཞི་ནི་སྤྱན།། མེ་ཏོག་མགོ་བོར་བདུན་དུ་སྤྲོས།། མར་མེ་དྲི་ཡང་སྙིང་ཀ་ལ།། རང་རང་སྔགས་ཀྱིས་ཡང་དག་བཟླས།། སློབ་མ་རྣལ་འབྱོར་པས་མཆོད་བྱ།། སོར་ནི་བཅུ ་གཉིས་མེ་ཏོག་རྩེར།། མ་ཡོ་མ་གས་སྲོག་ཆགས་མེད།། ཨ་ཤྭཏ་ཨུ་དུམ་པཱུ་ར་ཡི།། མ་ཡོ་བ་ཡིས་སོ་ཤིང་སྦྱིན།། ཤར་དང་བྱང་དུ་ཁ་བལྟས་ནས།། བ་ཀོ་ཙམ་གྱི་ས་བྱུག་ཏེ།། འཆོས་ནས ་ཀྱང་ནི་དོར་བར་བྱ།། ཞི་བ་སོགས་པའི་དངོས་གྲུབ་བསྟན།། གང་ཕྱོགས་བལྟས་ལ་དངོས་གྲུབ་ནི།། དེ་ཡིས་མེཆོག་ནི་ཤེས་པར་བྱ།། ཤར་དུ་བལྟས་ནས་དངོས་གྲུབ་ནི།། དབུ་མ་རུ་ནི་ཡོངས་སུ་གྲགས།། བྱང་དུ་བལྟས་དང ་ཐང་ཁར་ཡང་།། ཞི་བའི་འཇིག་རྟེན་དངོས་གྲུབ་ཡིན།། གང་ཚེ་འོག་ཏུ་ཁ་བལྟས་པ།། དེ་ཚྭ་ས་འོག་དངོས་གྲུབ་ཡིན།། འཐོར་འཐུང་སྦྱོར་ཆུ་ལན་གསུམ་བླུད།། བྱིན་ནཱི་ས་ཕྱི་རོལ་བཞག་པར་བྱ།། ཀུ་ཤིའི་སྟན་ལོ་ཉལ་དུ་གཞུག ་དཔུང་པར་སྐུད་པས་ཤིན་ཏུ་བསྲུང་།། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱ་པཱ་པ་ནཱི་ཙཱ་སྱ་ཤོ་དྷ་ཡ་བི་ཀལྤཾ་ཨ་པ་ནར་ཡཻ་ཧཱུཾ་ནས་རྐྱེན་ནས་ནི་ལནྟི་རུ་བརྒྱ་ལ་མ་ན་ནི་འབྱུང་འགྱུར་ཏེ། ཨུཾ་དུམ་བཱ་རིའི་མེ་ཏོག་བཞིན།། བརྒྱ་ལོ་མ་ན་ནི་མི་འབྱུང་སྲིད།། འདྨ་སྐད་ལ ་སོགས་བསྟེན་བྱས་ནས།། ཀུ་ཤིའི་སྟན་ལ་ཉལ་དུ་གཞུག། དེ་ནས་དཀྱིལ་འཁོར་དབུས་སུ་ནི།། རང་གི་སྦྱོར་བ་ལྡན་པས་འདུག། ཀྱེའི་རྡོ་རྗེའི་ཕྱག་རྒྱ་ཡིས།། ཆོ་ག་བཞིན་དུ་བྱིན་གྱིས་བརླབ།། རང་གི་ལྷ་ཡི་སྦྱོར་བ་ཡིས།། ་ཤིན་ཏུ་སར་བར་ལྡན་པ་ནི།། ཚད་དང་ལྡན་ཞིང་མཛེས་པ་ཡིས།། ཤེས་རབ་ཅན་གྱིས་ཐིག་གདབ་བྱ།། སྒོ་བཞི་འབར་བ་ཆེན་པོ་སྟེ། ཞེས་བྱ་བ་ལ་སོགས་པའི་ཡོན་ཏན་གྱིས་མཛེས་པའོ།། དེ་ལྟར་འཁོར་ལོའི་ཐིག་བཏབ་ནས། ་ཚོན་ལ་འབར་བའི་ལྟ་བ་ཡིས།། མངོན་པར་བསྔགས་ཏེ་འབར་བར་བྱ།། ཁུ་ཚུར་གཡོན་པས་དགྱེ་བར་བྱ།། འདི་ནི་ཆོས་དབྱིངས་དག་པ་སྟེ།། སེམས་ཅན་ཁམས་ནི་གྲོལ་བྱེད་པ།། ཀྱེའི་རྡོ་རྗེ་རྒྱལ་པོ་ཆེའི།། ས་ཚོན་དགྱེ་བ་བརྩམ་པ་ནི།། ་དཀར་དང་དེ་བཞིན་སེར་པོ་ཉིད།། དམར་པོ་དང་ནི་ལྗང་ཁུ་གནག། མཉམ་ཞིང་གཡས་སྐོར་རྒྱུན་མ་ཆེད།། འོག་ཏུ་ནས་གང་ཙམ་གྱི་བར།། དེ་ལས་དཀྱིལ་འཁོར་བྲི་བོར་བྱ།། ཀུན་ཏུ་ཡི་ཤེས་འཁོར་ལོ་ནི།། སྤྱན་དྲངས་ནས་ནི་གཞུག ་པར་བྱ།། ཕྱོགས་སྐྱོང་གཏོར་མ་བྱིན་ནས་ནི།། སྦྱིན་སྲེག་གི་ནི་རྫོགས་པར་བྱ།། དེ་ནས་སློབ་མ་གཞུག་པའི་ཕྱིར།། དེ་ཉིད་བདེན་པ་བསྒྲག་པར་བྱ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་བསལ་ལོ་རྙོག་པ་མེད།། གཟུང་བ ་དང་ནི་བརྗོད་དུ་མེད།། རང་གི་རྒྱུ་ལོས་ཀུན་ཏུ་བྱུང་།། དེ་བཞིན་ཉིད་ལས་ངེས་པར་སྐྱེས།། བདེན་པ་འདི་ཡིས་དྲི་མེད་པ།། སློབ་མས་གཟུགས་བརྙན་གསལ་བར་ནི།། ཀུན་གྱི་དྲི་མ་མེད་མཐོང་ཤོག། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་།། ་སེམས་ཅན་ཀུན་གྱི་སྙིང་ལ་གནས།། སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད།། འདོད་ཆགས་དམ་ཚིག་རྣམས་ཀྱི་མཆོག། བདེན་པ་གང་གིས་ཡེ་ཤེས་མཆོག། དཀྱིལ་འཁོར་ཤེས་རབ་ཐབས་བདག་ཉིད།། བདེན་པ་དེ་ཡིས་དེ་བཞིན ་བདག། ཁྱོད་ཀྱིས་འདོད་པ་རབ་རྫོགས་མཛོད།། དེ་ནས་ཐུན་ཚོད་གཉིས་པ་ལ།། མིག་ནི་རས་ཀྱི་དགབ་བྱ་སྟེ།། སློབ་མ་དེ་ལ་གཞུག་པར་བྱ།། དེ་ནས་དཀྱིལ་འཁོར་བསྟན་པར་བྱ།། དེ་ལྟར་འདི་ཡི་རིམ་པ་ཡིས།། སྔོན་དུ་དཀྱིལ ་འཁོར་གཟུག་བྷ་སྟེ།། སྐྱོབ་དཔོན་གྱི་དབང་བསྒྱུར་བའི་འོག་ཏུ་གསང་བ་དང་ཤེས་རབ་ཀྱི་དབང་བསྐུར་བའི་ཕྱིར་གསུངསྨྲ་པ། རིག་པ་དྨ་ལ་གཟུག་པར་བྱ་ཞེས་པ་ནི་མུ་དང་སྲིང་མོ་ཞེས་བྱ་བ་ལ་སོགས་པའོ།། གསང་། ་བའི་དབང་བསྐུར་བ་ལ་བརྒྱ་ལ་ཐེ་ཚོམ་ཟ་བ་སྲིད་པ། གཉིས་ཀའི་གདི་ད་པ་བཅིང་བ་གསུངས་པ་ནི། ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པའོ།། ཤེས་རབ་ཀྱི་དབང་བསྐུར་བ་གསུངས་པ་དེ་ཉིད་ལ་ཡང་བྱ་བ་ཉིད་ཅེས་པ་ནི་དཀྱིལ་འཁོར ་བྷི་ས་དེ་ཉིད་དུ་ཤེས་རབ་དེ་ཉིད་ལ་འམ་གཞན་ལའོ།། ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་གསུངས་པ་རིང་རིག་ཅེས་པའོ།། ཐབས་དང་ཤེས་རབ་རྣམ་པར་འདྲེས་པ་ཤེས་པ་ནི། གཉི་ག་ཀུན་ཏུ་དགའ་བོ་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེ ་ཉིད་དམ། སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་དོ།། ཆགས་དང་ཆགས་བྲལ་རྣམ་པར་འདྲེས་ཞེས་པ་ནི་མཆོག་དང་དགའ་བྲལ་དག་མཉམ་པ་ཉིད་ཀྱི་རང་བཞིན་ནོ།། དེ་ཐམས་ཅད་དུ་སོང་པོ་མཚན་པར་བྱ་བའི་ཕྱིར་གསུངས་པ། དེ་ཉིད་ཅེས ་བྱ་བ་ལ་སོགས་པའོ།། གཞན་རྣམས་གང་རྣམས་དེ་རྣམས་དག་ཅེས་པ་ནི་བསྟན་མ་ཐག་པའི་བརྟགས་པའི་གཟུགས་རྣམས་ཀྱང་དེའི་རང་བཞིན་ཉིད་དེ། རང་བཞིན་མ་ཤེས་པས་མེད་གཞན་ཉིད་དམ། ངོ་བོ་ཉིད་གཞན་གྱིས་གྲགས་པ ་རྣམས་དོན་དམ་པར་ནི་ལྷན་ཅིག་སྐྱེས་ཉིད་དོ།། དེ་དང་དེའི་རྣམ་པར་གར་བྱེད་དེ་དེ་ཉིད་གསུངས་པ། སེམས་ཅན་རྣམ་པར་ཤེས་པ་དང་།། གཟུགས་ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་ཀྱིས་གསུངས་པ། སྒྱུ་མའི་གཟུགས་ལྟར་ཡང ་ངག་གནས།། རྣམ་པ་གང་གིས་རྣམ་བརྟགས་པ།། དེ་ཡི་གཟུགས་ཀྱི་སྣང་བར་བྱེད།། ཀུན་གྱི་གཙོ་བོ་མཚོན་པར་བྱ་བ་ཉིད་སོ་སོར་སྟོན་པར་བྱེད་པ་ཉིད། དང་པོར་དགར་བ་ཙམ་ཉིད་དེ་ཅེས་པ་ནི། དགའ་བ་དང་མཆོག་ཏུ་དགའ་བ་ལྔ་སྟེགས ་པ་དེའི་ཐབ་སུ་གྱུར་པ་དགའ་བྲལ་ནི་ཡང་དག་པར་མི་འདོད་པ་ཉིད་དེ། དྲི་བསྐྱོད་པའི་རིམ་པ་སྟེ་དྲན་པར་བྱེད་པོ་ཉིད་པསོ།། དེ་བས་ན་གསུམ་པོ་དག་ལས་མཚན་ཉིད་དང་བྲལ་བ་ནི་བཞི་པ་སྟེ། བཞི་པའི་གྲངས་རྫོགས་པ་ཡིན་གྱི ་གསུམ་པའི་བོར་མེད་པར་གནས་པ་དེ་ནི་མ་ཡིན་ནོ།། དེ་སྐད་ཐོས་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་བདག་ཉིད་ཆེན་པོའི་རང་བཞིན་ནོ།། རྡོ་རྗེ་སྙིང་པོ་སོགས་མཁས་པས་ཞེས་པ་ནི་བྱང་ཆུབ་སེམས་དཔའོ།། མཆོག་ཏུ་ངོ་མཚར་ཞེས ་པ་ནི་ངོ་མཚར་དུ་བྱེད་པ་སྟེ། ལྷན་ཅིག་སྐྱེས་པ་དང་ལྡན་པ་ནི་ཐོབ་པའོ།། ཐོབ་ནས་ཀྱང་ཤིན་ཏུ་ལྷན་ཅིག་སྐྱེས་པའི་བདེ་བས་རང་རིག་པས་བརྒྱལ་བས་གཟུང་བ་དང་འཛིན་པ་ལ་སོགས་པ་དང་། དབང་པོ་ལ་སོགས་པོ་ཡང་དག ་པར་བསྡུས་ནས་དེ་བཞིན་ཉིད་ཙམ་དུ་གཞོལ་ཏེ། སྟོང་པ་ཉིད་ཐོབ་ནས་སྙིང་རྗེས་ཇི་ལྟར་སྐལ་བ་དང་ལྡན་པའི་སེམས་ཅན་ལ་གཟིགས་ཏེ། འཇིག་རྟེན་གྱི་ཁམས་དེར་གཤེགས་ནས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཅན་བདེ་བ ་ཆེན་པོ་ཐོབ་པར་གྱུར་ཅེས་བྱ་བའི་དོན་ཏོ།། འདི་སྐད་ཀྱང་གསུངས་ཏེ། དང་པོ་དག་ར་བ་འགྲོ་བའི་གཟུགས་ཞེས་བྱ་བ་ལ་སོགས་པའོ།། འགྲོ་བའི་གཟུགས་ནི་འགྲོ་བ་ནི་གྲགས་པར་ཟང་ངོ་།། དེ་བཞིན་དུ་མེཆོག་དང་དགའ་བྲལ་ཡང ་ལྷན་ཅིག་སྐྱེས་པ་གསུམ་ལ་མེད་ཅེས་པ་ནི་ཚུལ་འདིས་ལྷན་ཅིག་སྐྱེས་པ་དེ་མཆོག་ཏུ་ཕུལ་དུ་བྱུང་བ་ཉིད་དོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་དོ་ཞེས་བྱ་བའི་དོན་ཏོ།། འདི་ནི་དེ་ལྟར་བརྙེས་ནས ་བཅོམ་ལྡན་འདས་ཀྱིས་གཞན་ལ་ཡ་ད་གསལ་བར་བྱ་བའི་ཕྱིར་གསུངས་པ། འདོད་ཆག་ས་མ་ཡིན་ཆགས་བྲལ་མི་ནི་ཞེས་པ་དང་། དབུ་མའང་དམིགསུ་མེད་པའོ།། ཞེས་པའོ།། ཐོག་མ་དང་ཐ་མ་ལ་བལྟོས་ནས་དབུས་མ་ཡིན་ཏེ། ་དེ་དག་མེད་པས་དབུ་མ་ཡང་དམིགས་སུ་མེད་དེ། འདི་ནི་ཐོག་མོ་དབུས་མཐའ་སྟོང་པ་ཉིད་ཅེས་སོ།། དེ་བཞིན་དུ་ཡང་འཆད་པར་འགྱུར་པ་ལས་ཐོག་མ་ཐ་མི་དབུས་མེད་པས་ཤེས་སོ།། ཡང་ན་འདོད་ཆགས་དང་འདོད་ཆགས་དང་བྲལ ་བ་དག་ལ་གལ་ཏེ་ལྷན་ཅིག་སྐྱེས་པ་མ་ཡིན་ན་དེའི་ཚེ་གང་ཡིན་སྙམ་པ་ལ་གསུངས་པ། དབུ་མ་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ལས་གྲོལ་བ་དབུ་མ་ལྷན་ཅིག་སྐྱེས་པས་སོ་སོར་དམིགསུ་མེད་ཅིང་ཅེས་པ་ནི་དམིག་སུ་མེད ་ཅིང་མི་འགྱུར་པའོ།། གལ་ཏེ་དེ་ལྟ་བུར་གྱུར་ན་དེའི་ཚེ་འཇིག་རྟེན་པའི་ཡུལ་མ་ཡིན་པས་མི་རྟོགས་ཤིང་འཐོབ་པ་ཉིད་མ་ཡིན་ནོ་སྙམ་པ་ལ། དེ་ཡང་དགའ་བྲལ་དང་པོ་བརྟགས་ཅེས་གསུངས་ཏེ། དེ་ཡང་ཞེས་པ་ནི་མཚན ་ཉིད་དེ། དེ་འདིར་རྣམ་པ་ཐམས་ཅད་དུ་གཞན་ལས་རྟོགས་པ་མ་ཡིན་ཏེ། བླ་མའི་མན་ངག་བསྒོམས་པའི་སྟོབས་ལས་དེ་གསལ་བར་འགྱུར་རོ།། བླ་མའི་མན་ངག་བསྒོམས་པ་ལས་སོ་སོར་སྣང་བའི་རིམ་པ་བསྟན་པའི་ཕྱིར ་གསུངས་པ། དྲང་པོ་ཞེས་བྱ་བ་སློབ་པའི་ཚེ་ན་རེ་ཞིག་བསྒྲིབས་པ་ལྟ་བུར་སོ་སོར་སྣང་ངོ་།། དེ་ནས་ཅུང་ཟད་གསལ་ཏེ་སྒྱུ་མ་ལྟ་བུར་རོ།། དེ་ནས་བརྟག་པར་བྱ་བ་དེ་ཉིད་ཤིན་ཏུ་གསལ་ཏེ་ལྷན་ཅིག་ནི་སྐད་ཅིག། རྨི་ལམ་ལྟར་སྣང་ཞེས་པ་ན ་ཇི་ལྟར་སྔོན་མཐོང་བ་དེ་ཉིད་དེ། རྨི་ལམ་དང་དབྱེར་མེད་པར་གསལ་བར་སྣང་བའོ།། དེ་བཞིན་དུ་ལྷན་ཅིག་སྐྱེསཔ་དེ་ཡང་གསལ་བ་ཉིད་དུ་སྣང་ངོ་།། དེ་ལས་ཀྱང་ཤིན་ཏུ་གསལ་བར་བསྒོམས་པས་རྨི་ལམ་དང་། སིད་པ་དབྱེར ་མེད་པ་ལྟ་བུར་རོ།། གནས་སྐབས་ཐམས་ཅད་དུ་མཉམ་པར་གསལ་བའི་ཚུལ་གྱིས་སྣང་བའོ།། དེ་ནས་གནས་སྐབས་ཐམས་ཅད་དུ་དབྱེར་མེད་ཅིང་སོ་སོར་སྣང་བའི་མཚན་ཉིད་ཀྱི་དངོས་གྲུབ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར ་འགྱུར་རོ་ཞེས་གསུངས་པ། དངོས་གྲུབ་དབྱེར་མེང་མཚན་ཉིད་དོ་ཞེས་གསུངས་སོ།། འདི་སྐད་གསུངས་ཞེས་པ་ནི་འདིའི་དོན་འདི་ལྟོ་སྟེ། དཀྱིལ་འཁོར་གསུངས་པའོ།། ཇི་ལྟ་བུར་གྱུར་སྙམ་པ་ལ། གསུངས་པ། གྲུ་བཞི་པ་ལ ་ཀུན་ཏུ་འབུར་ཞེས་བྱ་བ་ལ་སོགས་པའོ།། དཀྱིལ་འཁོར་རྫོགས་པ་དང་རྣམ་རྒྱལ་བཞག་ཅེས་པ་ནི་རྣམ་པར་རྒྱལ་བའི་བུམ་པའོ།། ཤར་དུ་ཞེས་པ་ནི་ཤར་སྒོ་ལས་གཡས་སུའོ།། སར་པ་ཞེས་པ་ནི་མ་སྤྱད་པས་སོ།། ཤིན་ཏུ་ལྡན་པས ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་དང་ལྡན་པར་གནས་པས་ས་མོ་བཀལ་བས་སོ།། ཚིང་དང་ལྡན་པས་ཞེས་པ་ནི་ཆུར་དཀྱིལ་འཁོར་གྱི་ཉེས་འགྱུར་གྱིས་སོ།། དེའི་དོན་གསུངས་པ། དུ་རོ་ཁྲོད་ས་ལས་རྙེད་པ་འམ།། དམ ་ཚིག་མ་ཡིས་སྤྲུལ་པ་ཡིས།། ཚོགས་མཚལ་ཆེན་དྲུག་པ་ང་། སྨྱེ་ཤྩེ་ཡཱ་ཤེས་ལྔ་ལྡན་པས།། ཨཱནྟོནཱནྟ་གྷཱ་དྷཱསརྦ་དྷརྨཱ་ཞེས་བྱུ་བ་ལ་སྩོགས་པའི་སྔགས་བཟླས་ཏེ། ས་རླུབ་ཅན་གྱིས་ཟློག་འཇུ། ་གདབ།། རང་གི་ཡི་དམ་ལྷར་སྦྱོར་བས།། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའི།། འགྲོ་བའི་དོན་དུ་བདི་གཤེགས་རྣམས།། ཐིག་གི་སྒྲ་ཡོས་བསྐུལ་ནས་ནི།། ཡང་དགེ་འདིར་ནི་གཤེགསུ་གསོལ།། ཁུ་ཚུར་གཡོན་པས ་ལྟེ་བར་གཟུང་།། ཤར་དང་བྱང་དུ་ཁ་བལྟས་ཏེ།། བློ་ལྡན་ན་མཁའི་ཐིག་གདབ་བྱ།། དེ་བཞིན་འོག་ཏུ་ཐིག་རབ་གི་དག། བྱང་དུ་བལྟས་ཏེ་ཤར་གྱི་ཐིག། ནུབ་ཀྱི་ལྷོ་རུ་བལྟས་པ་སྟེ།། ཤར་དུ་བལྟས་ཏེ་དེ་བཞིན་བྱང་།། ཤར་དུ་བལྟས ་ཏ་དེ་བཞིན་ལྷོར།། མེ་དང་སྲིན་པོར་གནས་བྱས་ནས།། དེ་ནས་མཚམས་ཀྱི་ཐིག་གདབ་བྱ།། ཧཱུཾ་གསུམ་གྱིས་ནི་དེ་བཏང་ཞིང་།། རང་དང་ཡང་ཛྙཱ་ཛྙཱ་ཛྙཱ་ཞེས་བརྗོད།། གཡས་སྦྱོར་གྱི་ནི་རིམ་གཉིས་ཀྱིས།། སྐྱོང་སྟེ་རབ་ཏུ་ཐིག་གདབ་བྱ།། ཞེས ་བྱ་བ་ལ་སོགས་པ་ནི་ཐིག་གདབ་པ་ལ་སོགས་པའི་ཆོ་གའོ།། སྔོན་དུ་བསྙེན་པ་གསུངས་པོ། འཁོར་ལོའི་བདག་པོའི་བཟླས་པ་འབུམ་ཞེས་བྱ་བ་ལཾ་སོགས་པའོ།། སྔོན་དུ་གསུངས་པའི་ཞེས་པ་ནི།། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ ་ཞེས་བྱ་བ་འདིསོ།། དེ་ལ་གཏོར་མ་སྦྱིན་པར་བྱ་ཞེས་པ་ནི་དཀྱིལ་འཁོར་བྱེད་པའི་གནས་སྐབས་དེར་རོ།། ཇི་ལྟར་གསུངས་པས་བསྲུང་བ་ཉིན་ཅེས་པ་ནི་ལྷའི་ལེའུར་རོ།། གསལ་བྱས་པ་ནི་དབང་བསྐུར་བ་སྟེ།། འདི་འོ་མ་རྒྱུད་གཞི་ན ་དུ་ཡང་ཆག་བཞིན་དུ་ཞེས་པ་ནི་སློབ་མ་སྔོན་དུ་བཅུག་སྟེ་ཆུ་ལ་སོགས་པའི་རིམ་པས་སོ།། རང་གི་དཀྱིལ་འཁོར་དུ་ཞེས་པ་ནི་རང་གི་ཡི་དམ་གྱི་ལྷའི་དཀྱིལ་འཁོར་དུའོ།། མཆོད་དང་གསོལ་བ་གདབ་པ་ཉིད།། ཇི་ལྟར་གྲགས་པ་ཞེས ་པ་ནི་བླ་མ་ལ་མཆོད་པ་དང་། གསོལ་བ་གདབ་པ་ཇི་ལྟ་བྱར་སློབ་མས་བྱ་བ་དེ་བཞིན་དུ་འདིར་རིག་པར་བྱའོ།། དེ་ནས་གཽ་རཱི་ལ་སོགས་བྲི་ཞེས་པ་ནི་ནང་གི་རྩེག་མ་ལ་བདག་མྱེད་མ་ལ་སོགས་ལཱུའི་གྲི་གུག་བྲི་བར་བྱའོ།། དེ་འོག་ཏུ་གོ ་རཱི་ལ་སོགས་པའི་མཚན་མ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་གསུངས་པ་ཤཱར་དུ་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་འོག་དེང་སྟེད་དེ་བཞིན་ཞེས་པ་འོག་ཏུ་ས་སྤྱོད་མ།། དེ་བཞིན་ཞེས་པ་ནི་གྲོ་གུགོ། སྟེང་དུ་མཁའ་སྤྱོད ་དེ་བཞིན་ནོ།། འདིར་མན་ངག་གིས་རོ་ལོངས་མའི་མཚན་མ་དང་ཉེ་བར་ས་སྦྱོང་མའོ།། ཕྱིའི་གཱི་རཱི་མཚན་མྱ་དང་ཉེ་བར་མཁའ་སྤྱོད་མའོ།། རྡོ་རྗེ་སེམས་དཔར་སྙེམས་བྱས་ན་ས་ཞེས་པ་ནི་རྡོ་རྗེ་སེམས་དཔེའི་བཞིན་བྱ་བ་སྟེ། སྙེམ་རྣཾས ་པ་ནི་ང་རྒྱལ་བྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཧཱུཾ་ཧཱུཾ་ཞེས་ནི་སྒྲོགས་པ་ཡིས་ཞེས་པ་ནི་ཧཱུ~ཾ་ཧཱུཾ་ཞེས་རྗོད་པར་བྱེད་པ་སྟེ། སྒྲོ་གས་པར་བྱེད་པ་ནི་བགེགས་སྐྲོད་པར་བྱེད་པས་རྩོལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འདི་ལྟར་དཀྱིལ ་འཁོར་དུ་ཞུགས་ཏེ་ཡོངས་སུ་བསྐོར་བར་བྱའོ།། རིང་གི་ལྷའི་ཏིང་ངེ་འཛིན་རྫོགས་ནས་མེ་ཏོག་ལ་སོགས་པས་འཁོར་ལོ་མཆོད་དེ། བདུག་སྤོས་ཀྱིས་བདུག་པ་དང་བསྟོད་པ་བྱས་ནས་དེ་ནས་སློབ་མ་དབང་བསྐུར་ཏེ། དེ་ཉིད་ཀུན་ཏུ་བཤད ་ཅེས་པ་ནི་སློབ་མའི་ཕྱིར་རོ།། རྣམ་དག་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ།། ཡེ་ཤེས་རང་བཞིན་ཞེས་པ་ནི་ལྷན་ཅིག་སྐྱེས་པ་གསལ་བའི་རང་བཞིན་ཉིད་ཀྱིས་སོ།། འཁོར་བ་རྣམ་པར་བྱང་བ་ཡིན་ཞེས་པ་ནི་དོན་དམ ་པ་ལ་སྲིད་པ་དང་མྱ་ངན་ལས་འདས་པ་དག་མེདོ་པས་བྱེ་བྲག་ཅུང་ཟད་མེད་དེ། སྲིད་པ་ཉིད་ཡོངས་སུ་ཤེས་པ་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་གསུངས་པ། དམ་པའི་དགའ་བ་མེད་ན་ཡོང་ཞེས་པ་ནི་དགའ་བ་ནི་ཐབས ་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་དེར་བསྒོམ་པར་བྱ་བ་དམིགས་སུ་མེད་པའོ།། སྒོམ་པ་པོ་ནི་ཡུལ་ཅན་གྱི་ལུས་ལྷ་ལ་སོགས་པའི་རང་བཞིན་ནོ།། བསྒོམ་བྱ་དང་སྒོམ་པ་པོར་གྱུར་པ་མཆོག་ཏུ་གཟུང་བ་དང་འཛིན་པ་པོར་བྱེད ་པ་མེད་དོ།། ལུས་དངོས་པོ་མེད་པ་ཉིད་ཀྱིས་ཤ་དང་ཁྲག་མེད་ཅེས་བྱ་བ་ལ་སོགས་པའོ།། ཡང་ན་བསྒོམ་བྱ་ནི་རྟེན་གྱི་དཀྱིལ་འཁོར་རོ།། སྒོམ་པ་པོ་ནི་རྟེན་པའི་དཀྱིལ་འཁོར་རོ།། ལུས་ཀྱང་མེད་ཅེས་པ་ནི་ཕུང་པོ་ལྔ་པོ་ལྟར་རྣམ་པར་དག ་པས་སོ།། གཟུང་བ་མེད་ཅེས་པ་ནི་གཟུགས་ལ་སོགས་པ་གོ་དྷི་མ་ལ་སོགས་པའི་རྣམ་པར་དག་པའོ།། འཛིན་པ་མེད་ཅེས་པ་ནི་མིག་ལ་སོགས་པ་གཏི་མུག་རྡོ་རྗེ་ལ་སོགས་པ་དྲུག་གི་རྣམ་པར་དག་པའོ།། ཤྲུ་ལ་སོགས་པ་མེད་པ་ནི ་པུཀྐ་སཱི་ལ་སོགས་པའི་རྣམ་པར་དག་པའོ།། སྐྲག་བྲོ་བ་མེད་ཅེས་པ་ནི་སྙིང་རྗེ་ལ་སོགས་པའི་རྣམ་པར་དག་པ་སྤྱན་ལ་སོགས་པ་དེ་ཉིད་ཀྱི་རང་བཞིན་ཡིན་ནོ།། འདོད་ཆགས་མེད་ཅེས་པ་ནི་སྣང་བ་མཐའ་ཡས་ལ་སོགས་པ་འཁོར་ལོས ་སྒྱུསྦྱར་བ་དྲུག་གོ།། བསྒོམ་པ་མེད་ཅེས་པ་ནི་ལམ་མེད་པའོ།། སྒོམ་པ་པོ་ནི་སྒོམ་པར་བྱེད་པ་གང་ཟག་དང་སེམས་ལ་སོགས་པའོ།། གྲོགས་ནི་སངས་རྒྱས་ཀྱི་ཡོན་ཏན་འབྱུང་བར་བྱེད་པའོ།། དགྲ་ཞེས་པ་ནི་གཞོམ་པར་བྱ་བའི་ཉོན་མོངས་པ ་སྟེ། འདི་དག་ཐམས་ཅད་དམིགས་སུ་མེད་པའོ།། གང་གི་ཕྱིར་སྙམ་པ་ལ་མི་རྟོག་ཅེས་པ་སྟེ། མཆོག་ཏུ་དགའ་བ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་འདི་དག་མི་རྟོག་པའོ།། རྟོག་པ་ནི་བྱེ་བྲག་ཏུ་རྟོག་པ་སྟེ། དེ་ཞི་བས་བདེ་བ ་ཆེན་པོར་མཆོག་ཏུ་གཅིག་པ་ཉིད་དོ།། དེ་ནས་ནི་རྣམ་པ་སྣ་ཚོགས་ཀྱི་དབྱེ་བས་ངོ་མཚར་བྱེད་དེ། སྔར་མ་མཐོང་བ་ཉིད་དམ་ཡང་ན་རྣམ་པ་སྣ་ཚོགས་ནི་སྣ་ཚོགས་ཀྱི་རང་བཞིན་དང་བྲལ་བས་སོ།། དྲི་ནི་ལྷན་ཅིག་སྐྱེས་པ་ཉེ་བར་མཚོན ་པའི་ཕྱིར་གསུངས་པ། དེ་ཉིད་ལྷན་ཅིག་སྐྱེས་པར་མི་གཟུང་ངོ་ཞེས་བསྟན་པའི་ཕྱིར་ངེས་པོར་དབྱེ་བའི་ཞུས་པ་འདི་སྐད་གསོལ་ཏོ་ཞེས་པ་སྟེ། གཟུང་དུ་མེད་ཅིང་ལྷན་ཅིག་སྐྱེས་པ་གཟུང་བར་བྱ་བ་མ་ཡིན་ནོ།། དྲིས་པ། འདི་ཞེས་པ་ནི ་བདྲ་བོ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐམས་ཅད་ལས་དབེན་པ་ཉིད་ལ། རྡོ་རྗེ་སྙིང་པོ་ཞེས་བྱ་བས་སླར་གསོལ་པ། ཅིའི་ཕྱིར་འབྱུང་བའི་བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་གྱུར་ལྷན་ཅིག་སྐྱེས་པ་ཉིད་ཀྱིས་དེ་བརྗོད་ཅེས་བྱ ་བའི་དོན་ཏོ།། ལུས་ཞེས་པ་ནི་ཀྱེའི་རྡོ་རྗེ་ལ་སོགས་པ་ལྷན་ཅིག་སྐྱེས་པའི་ལུས་ངོ་བོ་ཉིད་ཀྱིས་དག་པའོ།། གང་ལས་དག་སྙམ་པ་ལ་གསུངས་པ། གཟོད་མོ་ནས་སྐྱེ་བ་མེད་པ་ཉིད་རང་བཞིན་མེད་པ་ཉིད་དོ།། ད་ནི་འབྱུང་བའི་བདག ་ཉིད་རེ་ཞིག་ཇི་ལྟར་སྐྱེད་པར་བྱེད་པ་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་བས་ཞེས་པ་དང་། དེ་ཕྱིར་བདེ་བ་དེ་ཉིད་མིན་ཞེས་པ་ནི་དེ་ལྟ་བུར་གྱུར་པའི་བདེ་བ་དེ་ཁོ་ན་ཉིད་མ་ཡིན་ནོ།། འོན་ཀྱང་དེས་དེ་ཁོ་ན་ཉིད་ཉེ་བར་མཚོན་པར ་བྱེད་པར་སྔར་བཤད་དོ།། དེའི་ཚེ་དེ་ཁོ་ནི་ཉིད་ཇི་ལྟ་བུ་སྙམ་པ་ལ། ཐབས་དང་ཤེས་རབ་ལས་ལྷན་ཅིག་སྐྱེས་པ་ནི་གང་བསྐྱེད་པ་དེ་དོན་དམ་པ་ལས་ལྷན་ཅིག་སྐྱེས་པ་སྟེ་དེ་ཁོ་ན་ཉིད་དོ།། གང་ལས་སྙམ་པ་ལ། རང་བཞིན་ལྷན་ཅིག་སྐྱེས་པ་ཞེས ་པ་ནི་རང་བཞིན་ནི་རང་གི་ཚུལ་ཏེ། དངོས་པོ་རྣམས་ལྷན་ཅིག་སྐྱེས་པའོ།། ཕྱི་རོལ་གྱི་ཡུལ་ལ་སོགས་པ་ལཾ་ནམ་ཡང་ལྟོས་པ་མེད་པ་འབྱུང་བ་ཆེན་པོའི་བདག་ཉིད་ལྷན་ཅིག་སྐྱེས་པ་ཡིན་པར་ཇི་ལྟར་འོས། དེ་ཉིད་ཀྱིས་དངོས་པོ་ཐམས་ཅད་གཅིག ་སྡུས་པ་ནི་དངོས་པོ་རྣམས་གཅིག་ཅིང་གཉིས་སུ་མེད་པར་བསྡུས་པ་ན་སྡུད་པར་བྱེད་པ་སྟེ། གཅིག་ཏུ་སྡུད་པ་འམ་བདེ་བའི་མཆོག། དེའི་ཕྱིར་རྣལ་འབྱོར་ཤེས་རབ་ཐབས་སུ་འགྱུར། ཕྱག་རྒྱ་དེ་དང་དེའི་རྒྱུ་སྦྱོར་བ་དང་བྲལ་བས་ཆོས་རྣམས ་སྐྱེ་བ་མེད་པའོ།། ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་དམིགས་པ་མེད་པ་ཉིད་དེ། ངོའི་ཕྱིར་ཕྱག་རྒྱ་རང་གི་ཤེས་རབ་ལས་གཞན་མ་ཡིན་ནོ།། དེ་ཉིད་ཀྱིས་གསུངས་པ། སྟོང་པོ་སྙིང་རྗེ་དབྱེར་མེད་པ། བྱང་ཆུབ་སེམས་ཞེས་བྱ་བར་གསུངས ་ཤེས་པ་ནི་དེ་ལྟ་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་ཐབས་དང་ཤེས་རབ་དག་ལས་ཤེས་པས་བདེ་བ་ཆེན་པོ་དེ་ཉིད་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ།། དེ་ལྟ་བུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པས། ་སྔགས་བཟླས་པ་མེད་པ་དང་། དཀའ་ཐུབ་ལ་སོགས་པའོ།། བྱང་ཆུབ་ཀྱི་སེམས་དེ་དང་དེ་ཉིད་སྔགས་བཟླས་སྟེ། ཤེས་རབ་བྱེད་པ་དང་སྐྱོབ་པར་བྱེད་པའི་བདག་ཉིད་དོ།། དེ་ཉིད་བརྟུལ་ཞུགས་ཏེ་ཁ་ན་མུ་ཐོ་བ་ཐམས་ཅད་དང་བྲལ་བའི་རང ་བཞིན་ཉིད་དོ།། དེ་ཉིད་སྦྱིན་སྲེག་སྟེ་ཙུན་མོངས་པ་དང་། ཛུང་བ་འི་སྲེག་རྫས་ཐམས་ཅད་འཇོམས་པས།། དེ་ཉིད་དཀྱིལ་ལོ་ཁོར་བ་སྷོ་རྣལ་འབྱོར་མ་འདྲེས་པའི་བདག་ཉིད་དོ།། དེ་ཉིད་དཀྱིལ་འཁོར་སྟེ་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན ་པ་ཉིད་དོ།། དེའི་ཕྱིར་མི་དོར་ནི་ནི་མདོར་བསྡུས་པས་སོ།། མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ། སེམས་འདུས་ཚུལ་ཅན་ཞེས་པ་ནི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ།། འདུས་པའི་ཚུལ་ཅན་ནི་ཆོས་ཐམས་ཅད་འདུས་པའི་ཚུལ་ཏེ་ཆོས་ཐམས ་ཅད་ཀྱི་བྱདག་ཉིད་ཅན་ཞེས་པའི་དོན་ཏོ།། ཕྱིར་ཕྱིར་དེ་ཉིད་བསྐྱེད་པར་བྱ་སྟེ། དེ་ཉིད་བསྐྱོད་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དབང་བསྐུར་བ་རི་ལི་རུ་སྐུ་བཅུ་བ་བཤད་པའོ།། ། དབང་བསྒྱུར ་བལ་སོགས་པས་སློབ་དཔོན་གྱི་གོ་འཕང་ཐོབ་པོའི་རྣལ་འབྱོར་པ་རྣམས་ཆོས་བསྟན་པོའི་ཕྱིར་སེམས་ཅན་གཞུག་པའི་རྒྱུ་གསུངས་པ། མཉམ་པར་ཁྲོས་པས་ཤེས་པ་ལཾ། མཉམ་པ་ནི་འོག་དང་ལོག་སུ་བལྟ་བྱས་མ་ཡིན་པའོ། ་ཁྲོས་པ་ནི་ཁྲོ་བ་དང་བཅས་པས་སོ།། དཔྲལ་བ་ནི་ཅུང་ཟད་དོབྲལ་བ་ལ་བརྟན་པའོ།། ལྷུང་པོར་བྱེད་པ་ནི་ལྟུང་བར་བྱེད་པས་ན་ལྟུང་བ་སྟེ། བལྟ་ཞེས་པ་གོང་སྣང་སྟེ་དཔྱང་འོག་མ་དང་སྦྱར་རོ་དབང་ལ་ལྟ་སྟངས་ནི་གཡོན་ཕྱོགསུ་བརྟེན་པའོ།། ་དེ་ཉིད་གསུངས་པ། འབྲས་བུ་གཉིས་ཞེས་པའོ།། དགུག་པ་གཡས་ཀྱི་ཆ་ལའོ་ཞེས་པ་ནི་གྱེན་དུ་བཟློག་སྟེ་གཡ་སུ་བསྒྱུར་ཞིང་གཡས་ཕྱོགསུ་བལྟ་བར་བྱའོ།། དེ་ཉིད་གསུངས་པ། གཉིས་ཀྱང་སྟེང་དུ་སྦྱར་བར ་བྱ་ཞེས་སོ།། དབུས་སུ་ཞེས་པ་ནི་སྟེང་འོགྲོ་དང་ཟུར་དུ་འགྲོ་བར་བྱེད་པ་མ་ཡིན་པའོ།། ང་ནི་རླུང་གི་སྦྱོར་བ་གང་གི་སྣ་ལྟ་སྟངས་གང་དག་བསྒྲུབ་པར་བྱ་སྙམ་པ་ལ་གསུངས་པ། ལྟུང་བ་ལ་ནི་སྤྲོ་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། ་ལྷོའི་རྣལ་འབྱོར་དང་སྟེགས་བཟླས་པ་ནི་སྔོན་དུ་ཁོ་ཅིག་ལ་དོན་འདུག་སྟེ་དཔྱད་དུ་གསུངས་ས།། ད་ནི་སློབ་མའི་གནས་རྣམས་གསུངས་པ།། ལྟུང་བ་རློན་པའི་ཤིང་ལའོ་ཞེས་བྱ་བ་ལ་སོགས་པའོ།། ལྷ་སྟངས་བསྒྲུབས་པའི ་དགོས་པ་གསུངས་པཾ། བསྒྲུབ་པར་བྱ་ཞེས་པ་དང་། གཞུག་པར་བྱ་ཞེས་པ་ནི་བསྟན་པ་ལའོ།། དམ་ཚིག་གསུངས་པ། དམ་ཚིག་བཟའ་བར་བྱ་ཞེས་པའོ།། དེ་ལ་ཞེས་པ་དབང་བསྐུར་བ་དང་། དངོས་གྲུབ་བསྒྲུབ་པ་ལ་སོ་གས་པ་ལའོ།། ་ལན་བདུན་པ་ཞེས་པ་སྐྱེ་བ་བ་དུན་རྣམས་སུ་མིའི་ལུས་ཉིད་བླངས་པོ་ལའོ།། ལན་བདུན་པ་ནི་སྐྱེ་བ་བདུན་པའོ།། དགའ་དང་བྲལ་བ་སུན་འབྱིན་པ་ཞེས་པ་ནི་ཐམས་ཅད་དུ་ཡང་ལྷན་ཅིག་སྐྱེས་པའི་རང་བཞིན་བསྐྱེད་ཅིང་དགའ་བྲལ་སུན ་འབྱིན་པར་བྱེད་པའོ།། མཁའ་ལ་སྤྱོད་པ་ཉིད་ཅེས་པ་ནི་རིག་པོ་འཛིན་པའི་འཁོར་ལོས་སྒྱུར་པོ་འཛིན་པ་ཉིད་ན་མཁའ་དང་མཉམ་པའི་ཡེ་ཤེས་རྙེད་པ་ཉིད་དོ།། དབང་གི་དོན་དུ་ལྷ་སྟངས་གསུངས་པའི་ལྷའི་རྣལ་འབྱོར་གསུངས་པ ་ཀུ་རུ་ཀུལླེའི་སྒྲུབ་པ་ནི་ཞེས་པའོ།། སྔར་བསྟན་པའི་ཞེས་པ་ནི་སྔགས་ཀྱི་ལེའུར་སྔགས་བསྟན་པས་སྔགས་དང་ལྷ་དག་དབྱེར་མེད་པའི་ཕྱིར་རོ།། ཧྲཱིཿལས་བྱུང་ཞེས་པ་ནི་རང་གི་སྙིང་གུར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿའི་རྣམ་པར་བསམས་ཏེ། ་དེའི་འོད་ཟེར་གྱི་ལྕགས་ཀྱུས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཀུ་རུ་ཀུལླེ་ཡང་མདུན་དུ་བཀུག་སྟེ། དམིགས་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། ལྷའི་ལེའུ་ལས་གསུངས་པའི་བྱམས་པ་ལ་སོགས ་པ་དང་། སྨྱུང་བའི་འཁོར་ལོའི་མཐར་ཐུག་པར་བསྒོམ་ནས། བར་སྣང་ལ་ཧྲཱིཿལས་བྱུང་བའི་པདྨ་དམྱུར་པོ་དེའི་དབུས་སུ་ས་བོན་ནམ། དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ལྔ་སྔོན་དུ་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལ་ས་བཅོམ་ལྡན་འདས ་མ་ཀུ་རུ་ཀུལླི་བསྒོམ་མོ།། འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས་ཞེས་པ་ནི་བཟླས་པས་སོ།། རྡོ་རྗེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་མཛད་པ། ཀྱེ་རཱི་རྡོ་རྗེའི་རྒྱུད་ལས་བརྟག་པ་དང་པོའི་བཤད་པ་རྫོགས་སོ།། ་ད་ནི་དབང་བསྐུར་བ་ཐོབ་པའི་སློབ་དཔོན་གྱིས་རབ་ཏུ་གནས་པའི་ལས་ཀྱིས་ཕྱིར་གསོལ་བ་འདེབས་པར་བྱེད་པས་བསྟ་ན་དུ་གསོལ་ཞེས་པའོ།། ཇི་ལྟར་རིགས་པར་ཞེས་པ་རབ་ཏུ་གནས་པའི་ཆོ་ག་གང་གིས་དབྱེ་བ་དེའི་མཚན་ཉིད་དོ།། རྡོ ་རྗེ་སྙིང་པོ་ཞེས་པ་ནི་རྡོ་རྗེ་རྣམས་ནི་དེ་བཞིན་གཤེགས་པ་ལྔ་རྣམས་ཀྱིའོ།། སྙིང་པོ་རྡོ་རྗེ་སེམས་དཔའ་དེའི་བདག་ཉིད་དང་ངོ་བོ་ཉིད་དོ།། དེ་ཉིད་ཀྱི་གསུངས་པ། སངས་རྒྱས་ཀུན་གྱི་སྐུ་གཅིག་པ་ཞེས་སོ།། ཇི་ལྟར་རྙེད་པས་སྦྱིན་སྲེག་བྱ ་ཞེས་པ་ནི་ཇི་ལྟར་འབྱོར་པས་རྙེད་པའི་ཡམ་ཤིང་ལ་སོགས་པས་འཆད་པར་འགྱུར་བའི་ཐབ་ཁུང་དུ་སྦྱིན་སྲེག་བྱ་ཞེས་བྱ་བའི་དོན་ཏོ།། དེ་ལ་འདིའི་རིམ་པ་ནི་དེ་ནས། ཡིག་འབྲུ་གསུམ་གྱིས་བསྲུངས་པ་ཡི།། མེ་ནི་སྣོད ་དུ་བཞག་པར་བྱ།། ཐབ་ཁུང་མེ་ནི་དབུགས་འབྱིན་པས།། བཞག་སྟེ་དེ་བཞིན་བསང་གཏོར་བྱ།། རླུང་ཡབ་གཡབས་པས་མེའི་སྦྱར་ནས། ཨོཾ་ཛྭ་ལ་ཛཱ་ལ་ཧཱུཾ་ཞེས་བརྗོད་དོ།། རྩཝ་དང་ལྕི་བ་སྐམ་པོ་ཡཽ།། ཕྱི་མ་དེ་དག་སྦྱོར་བར་བྱ། མཐེའུ་ཆུང ་ཁྲུའི་ཚད་ཀྱི་ཤིང་། ལན་བདུན་བསྔགས་ཏེ་མར་གྱིས་བྱུག། ཨོཾ་བཛྲ་སཏྭ་ཨཿཞེས་བཟླས་ནས།། ཤིན་ཏུ་རིང་མིན་ཐུང་མིན་པའི།། ཀུ་ཤ་གཉིས་ནི་ཁ་ཁྱེར་ལ།། ཤར་ལ་སོགས་པར་ཁ་བལྟས་དགོད།། དེ་ནས་ཤར་དུ་རྩོ་བསྟན་ཏེ།། ཀུ ་ཤི་རེ་རེས་ཐབ་ཁུང་དགྲམ། རྡོ་རྗེ་སེམས་དཔའ་ཞུ་ལས་བྱུང་།། ཤེས་རབ་ཀྱིས་ཆགས་རིམ་ལས་བྱུང་།། སྤྱི་བླུགས་མི་འཇིགས་དབྱུག་པ་དང་།། ཁ་དོག་དམར་སེར་ཕྲེང་བ་འཛིན།། ལས་ཀྱི་རྗེས་མཐུན་རྣམ་ཤེས་དང་། འོད་ཟེར་གདན ་བཅས་གསུས་པོ་ཆེ།། བོང་ཐུང་རྒྱས་པའི་མེ་ཆེནྡྲ་པ~ཾ། མ་ཡི་མཚམས་ནས་ན་མཁར་དམིགས།། ཨོཾ་ཨགྣ་ཡ~ཾ་མོ་ཧཱ་ཏེ་ཛཱ་སརྦ་ཀརྨཱ་ནྟ་སཱ་དྷ་ཀཱ། ཀཱ་རུ་ཎཱི་ཀྲི་ཏཱ་ས་ཏྭཱནྟྲ་ཨ་སྨིན་སནྣི་ཧཱི་ཏོ་བྷ་བ། ཉེ་བར་བྱེད་པའི་སྔགས་འདི་ཡིས།། ཐབ་ཁུང་འགྲ ་དུ་བཞུགས་པར་བྱ།། དེ་ཉིད་གསུམ་བཟླས་ཆུ་ཡིས་ནི།། དཀྲིས་པ་ཀུ་ཤས་བསང་གཏོར་བྱ།། མཐེ་བོས་མཛུབ་མོ་མནན་ནས་ནི།། ལན་གསུམ་ཆུ་ཡིས་གཏོར་བར་བྱ།། རྡོ་རྗེ་ཐལ་མོ་ཁི་ཕྱེ་ནས།། སྣོད་ནས་ཨརྒྷ་བླངས་ནས་དབུལ།། ཨརྒྷའི་སྣོད ་དམ་མེ་ཏོག་ནི།། ཁུ་ཚུར་གཡས་པས་ཆུ་དང་བཅས།། མཐེ་བོང་མཛུབ་མོ་སྦྱར་ཏེ་བླང་།། སྒྱུར་བའི་རིམ་པས་སོར་མོ་ཀུན།། སོར་མོ་ཐམས་ཅད་རིམ་པ་ཡིས།། དཀྱིལ་འཁོར་རིམ་པས་དབུལ་སྔགས་བཟླས།། ཨོཾ་ཛཿཧཱུཾ་བཾ་ཧོཿ ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་ཨརྒ་ལ་སོགས་པའི་སྔ་གསོ།། དེ་ནས་དགུག་པའི་ཆོ་ག་ཡིས།། མེ་ཏོག་ལ་སོགས་དེར་དབུལ་བྱ།། ཨོཾ་བཛྲ་ན་ལམ་ཧཱ་བྷཱུ་ཏ་ཛྭ་ལ་སརྦ་དུཥྚེན་ཧཱུཾ་ཕཊ། དྲྀ་ཤྱ་ཛཿཧཱུ~ཾ་བ~ཾ་ཧ~ཾ། ས་མ ་ཡུ་སྟི་ཞེས་པ་སྟེ། སྔགས་འདི་ཡིས་ནི་སྤྱན་དྲངས་ཏེ།། མཁས་པས་མཆོད་ནས་སྤྱན་སྲེག་བྱ།། སྦོམས་སུ་ཁུ་ཚུར་གཟུང་དེའི་ཚད།། ཆུ་རུ་ཁྲུ་སྟེ་སོར་དྲུག་པོའི།། རྡོ་རྗེ་རོན་ཆེན་ཡུ་མཐར་གནས།། ཁ་ཁྱེར་དུ་ནི་སོར་བཞི་པ།། སོར་གཉིས ་བརྐོ་ས་ཏེ་ནང་རྡོ་རྗེ།། སོར་བཞི་པ་ལ་རྡོ་རྗེ་ཅནི།། དེ་བརྐོས་པདྨའི་འདབ་མས་མཐའ།། གྲུ་བཞི་པ་ལ་ཤིན་ཏུ་མཛེས།། དགོང་གཟར་མཐེའུ་ཆུང་ཚད་ཙམ་དུ།། རོ་རྣམས་བླུགས་པའི་མཆུ་དང་ལྡན།། འཕང་ནི་རྗེས་སུ་མཐུན་པ་ལ། ་རིམ་པས་ལྔ་གསུམ་རྩེ།། བླུག་གཟར་པདྨའི་འདབ་མའི་དབྱིབས།། སོར་གཅིག་བརྐོས་ཏེ་རྡོ་རྗེས་མཚན།། སེར་གཉིས་སྔོན་བཞིན་ཡུ་བ་ནི།། རིན་ཆེན་རྡོ་རྗེས་ལྡན་པས་མཛེས།། དགང་གི་ཟར་མཆོད་སྦྱིན་ཤིང་ལས་བྱས།། གླུགས ་གཟར་དེ་བཞིན་རིམ་པ་ཡིས།། ཟངས་སོགས་རྫས་ལས་ཡང་དག་བྱུང་།། བདག་ཉིད་སྔགས་ལས་བྱུང་བ་ཡི། ལག་པ་གཡོན་པས་དགང་གཟར་ནི།། པུས་མེའི་བར་དུ་གྱེན་བལྟས་གཟུང་།། མར་གྱིས་བཀང་སྟེ་བླངས་ནས་ནི།། གཡ ་པ་འོག་ཏུ་ཁཱ་བལྟས་པས།། བླུགས་གཟར་དགང་གཟུར་ཀུན་ཏུ་བརྩེགས།། གྱེན་བལྟས་མར་གྱིས་བཀང་ནས་ནི།། མེ་ཁར་ཡི་གེ་རམ་བཀོད་ནས།། ལྷ་ཡི་གཟུགས་དང་ཡང་དག་ལྡན།། གཡས་བསྐོར ་བྱས་ཏེ་དགང་གླུགས་ཀྱིས།། སྣོད་ནི་གང་བ་དབུལ་བར་བྱ།། སྔགས་ལ།། ཨོཾ་ན་མཿས་མན་ཏ་བུདྡྷ་ནཱཾ་ཨགྣ་ཡེ་སྭཱ་ཧཱ།། བཟང་དང་ངན་པའི་མཚན་མ་ནི།། བློ་དང་ལྡན་པས་དེ་ལ་བརྟག། བཟང་པོ་འཁྱིལ་ཞིང་འབར་བ་སྟེ།། འཇའ ་ཚོན་ལྟ་བུ་འམ་ད་ཀར་བའམ། ལས་ཀྱི་རྗེ་སུ་མཐུན་པས་ཀྱང་།། དེ་ཡི་ཁ་དོག་སྦྱོར་ལྡན་པས།། གལ་ཏེ་མཆིན་མ་མཐོང་ནས།། སྔགས་ནི་མཉམ་པར་བཞག་ནས་བཟླས།། བསྲེག་རྫས་གསུམ་བདུན་གཅིག་ཉིད་དམ། དེ་ནས ་ཇི་སྙེད་རྙེད་པ་དང་།། བསྲེག་རྫས་ཀྱི་ནི་ཡམ་ཤིང་དག། དེ་འོག་རིམ་པས་གཉིས་གཉིས་སྦྱར།། ཨུ་དུམ་བཱ་ར་པཾ་ལ་ཤཱ། ཨ་ཤྭེཏ་ཐ་དང་ཀསྨཱ་དྱ།། ཨ་མྲ་ཀ་དམ་པཾ་ཀ་དང་།། ས་མཾ་པ་ལ་ཤཾ་པ་ཌ།། འོ་མ་ཙན་ལས་བྱུང་བ ་ཡི།། རློན་ཤིང་ལོ་མ་གཉིས་དང་ལྡན།། མཐོ་རེའི་ཚད་དུ་མཉམ་བཅད་ནས།། རྩེ་མོ་གཉིས་ཀ་མར་གྱིས་བྱུགས་མཐེ་བོ་སྲིན་ལག་དག་གིས་དབུལ།། མར་ནི་བླུགས་གཟར་གྱིས་བསྲེགས་ནས།། དེ་ཉིད་ཀྱིས་ནི་འབྲུ་དབུལ་བྱ།། ་མེད་པར་གྱུར་ན་ལག་པ་ཡས།། དགེང་བླུགས་དང་ནི་གཞན་གྱིས་དབུལ།། ཏིལ་དང་མ་གནས་རྣམས་དང་།། སོ་བ་གྲོ་དང་མ་གྲུགས་པའི།། དུར་བ་དང་ནི་ཀུ་ཤ་དང་།། ཞོ་དང་དེ་བཞིན་འབྲས་ཆན་རྣམས།། རང་རི་ང་སྔགས ་ཀྱིས་སྦྱིན་སྡུག་བྱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ།། མར་གྱིའོ།། ཨོཾ་སརྦ་བྷ་བཱཾ་ད་ཧ་ནཱ་བཛྲཱ་ཡ་སརྦ་པཱ་པ་ད་ཧ་སྭཱ་ཧཱ། ཏིལ་གྷིའོ།། ཨོཾ་བཛྲ་ཨ་ཡུ་ཥཾ་སྭཱ་ཧཱ་དུར་བའིའོ།། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་གྲུགས་པའོ།། ཨོཾ་སརྦ་སམྦྷ་དེ་སྭཱ་ཧཱ། ཞོ་དང་འབྲས ་ཆེན་གྱིའོ།། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱཧཱ། ཀུ་ཤྭའི་འོ།། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། འབྲས་སོ་བའི་འོ།། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ་ནས་ཀྱེའོ།། ཨོཾ་མ་ཧཱ་བ་ལཱ་ཡེ་སྭཱ་ཧཱུ~ཾ་མ་ཤེའིའོ།། ཨོཾ་བཛྲ་གྷསྨ་རི་སྭཱཧཱ་གློའི་འོ།། ཨོཾ་བཛྲ་ཡཱ་ཛྙཱ་ཡཱ་སྭཱ་ཧཱ ་དུ་བཱ་རིའིའོ།། ཨོཾ་བོ་དྷི་བྲྀཀྵཱི་ཡ་སྭཱ་ཧཱ་ཨ་ཤྲཱིདྡྷིའཾ།། ཨོཾ་བཛྲ་ལཱ་ཏ་ཡ་སྭཱ་ཧཱ་པ་ལ་ཤའོའོ།། ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ་ནྱ་གྲོ་དྷའི་འོ།། ཨོཾ་བཛྲ་ཧཱ་ས་ཀ་རཱ་ཡ་སྭཱ་ཧཱ་ཨ་མྲའི་འོ།། སྦྱིན་སྲེག་བྱེད་པ་ནི་གང་རིང་གི་སྔགས་མེད་པ་དཾ་ཏིལ་གྱི་སྟེགས ་ཀྱིས་སོ།། དེ་ནས་དགང་བླུགས་ཕུལ་ནས་ནི།། ཡང་ནི་མེ་ཏིག་སོགས་པས་མཆོད།། ཀུན་ཏུ་སྐུ་ལ་བཱསང་གཏོར་དངོང་།། དེ་བཞིན་ཞབས་གཱཉྩིས་ཞབས་བྱིསི་ལཾ་དང་། ཞལ་དུ་སྦྱོར་ཆུ་ལྗོན་གསུམ་བྱ།། ཨུལླེ་ཨརྒྷཾ་དབུལ་བར་བྱ།། མེ་ཏོག ་ཀྱང་དེར་མར་མེ་བདུན།། སྤྱི་བོར་བདུག་སྤྲོས་དབུལ་བར་བྱ།། དཱི་ནི་དེ་བཞིན་སྙིང་ཀཱར་དེའི།། རང་གཱི་ཡི་དམ་ལྷ་དགོང་བྱ།། བསྒོམས་ལ་དེ་བཞིན་ཕྱི་མཆོད་བྱ།། སྔར་བཞིན་དེ་ལའང་སྦྱིན་སྲེག་དབུལ།། ཨོཾ་ཨེ་ཧྱེ་ཧྭེ་བྷ་ག་བཱནྟིཾ་ཧ་བྷ་ག ་ཏན་ས་མ་ཡེ་ན་ཙཱ་རྒྷཾ་པྲ་ཏཱིཙྪ་ཌཾ་པུ་ཛ་ཌུ་པྲ་སི་དྷ་མེ།། འདི་ནི་རང་གི་ཡི་དམ་གྱི་ལྷ་སྤྱན་དྲང་བའི་སྔགསོ།། དེ་ནས་དེ་ནི་ཚིམ་བྱས་ནས།། སོ་རྩི་ཕྱེ་མ་མེད་པར་དབུལ།། དགང་བླུགས་ལྷག་མ་ཕུལ་ནས་ནི།། མཆོད་ཅིང་བསྟོད་དེ ་གཤེགསུ་གསོལ།། སྭ་ཨར་ཐར་ཙ་པར་ཨར་ཐ་ཙ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ།། དེ་ལྟར་སྦྱིན་སྲེག་བྱས་ཏེ། སྦུ་གོན་ལ་སོགས་བྱས་ནས་ནི།། ནང་པར་སྐུ་གཟུགས་སྦྱང་བར་བྱ་ནས་པ་ནི་ནུང་པར་སྦྱང ་བ་ནི་རབ་ཏུ་གནས་པ་བྱ་བ་སྟེ།། མཚན་མོའི་དུས་ལ་སྟ་གོན་ལ་སོགས་པ་བྱའོ།། དེ་ལ་འདིའི་རིམ་པ་ཅུང་ཟད་བཤད་པར་བྱའོ།། རོང་གི་ཡི་དམ་ལྷ་སྦྱོར་བས།། སྔར་གསུངས་པ་ཡི་བུམ་པ་ལ།། ཐམས་ཅད་ཆུ་ལྀས་ཁམ་ཕོར་དུ། ་ཉུང་ཟད་བླུགས་ཏེ་རྣམ་རྒྱལ་གྱི། བུམ་པ་བཱི་ལས་བསྐྱེད་པ་ཡི། རིན་ཆེན་སྟེང་དུ་བཞག་པར་བྱ།། དེར་ནི་དཀྱིལ་འཁོར་བསྐྱེད་བྱ་སྟེ།། དམ་ཚིག་བདག་ཉིད་རྫོགས་པ་དང་།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཏེ།། ཞབས་བསིལ་ལ་སོཌ ་རིམ་པས་དབུལ།། དམ་ཚིག་ལྷན་ཅིག་གཅིག་བྱས་ཏེ།། མཆོད་པ་རྣམས་ཀྱི་ཚིམ་པར་བྱ།། མེ་ཏོག་སྤོས་སོགས་རོལ་མོ་ཡཽ།། འབད་པ་ཡིས་ཀྱང་མཆོད་པར་བྱ།། དྲིལ་བུ་དག་ནི་དཀྲོལ་བ་དང་།། བསྟོད་པ་བྱ་སྟེ་དེ་ལ་བཟླས།། ཁུ ་ཚུར་གཡས་པས་མཐར་གཟུང་སྟེ། མེ་ཏོག་ཕྲང་བཏོགས་རྡོ་རྗེ་ནི།། བུམ་པ་ཆུ་ཡིས་བཀང་བ་ཡིས།། ཁམ་ཕོར་སྟེང་དུ་བཞག་པར་བྱ།། འཁོར་ལོའི་རང་བཞིན་གྱི་གནས་ལས།། དེ་ནས་མཆོད་དང་ཕྱག་བྱས་ཏེ།། དེ་ནས་ཆུ་ཡི་ཚུལ་གྱིས་ནི། ་བུམ་པ་རུ་ནི་གནས་པར་བྱ།། འདི་ནི་བུམ་པ་སྟེ་གོན་ལ་གནས་པའོ།། དེ་ནས་རང་གི་སྦྱོར་བསྟན་པས།། ཡུངས་ཀར་ཆུ་དང་ངུར་བཽ་ཡིས།། ལྷ་ལ་བྱབས་ཏེ་བའི་ལྔ་དང་།། ཤིང་ཤུན་སྔས་བྱུགས་ལེགས་པར་བཀྲུ།། མངོན་པར་སྔགས་ཏེ། ་དྲི་ཞིམ་པའི།། ཆུ་ནི་ཤིན་ཏུ་གཙང་བ་ཡིས།། དཀྲུ་བར་རུང་ན་རང་བཞིན་གྱིས།། བྲིས་པ་ལ་སོགས་མེ་ལོང་ལ།། ཡུངས་མར་གྱིས་ཀྱང་བྱུག་པ་དང་།། དྲི་ཞིམ་སྐྱུ་རུ་རརུ་ཆུས་ཀྱང་།། བ་ཡི་རྣམ་ལྟ་སོགས་པས་བྱུག། དཱུར་བའི་ཆུན་པས་བྱུག ་པར་འདོད།། གླང་དུ་ལུས་ཀྱི་སྔགས་མེད་ན།། དེ་ལ་རྩ་བའི་སྔགས་ཀྱིས་སྦྱར།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ།། ཡུངས་མར་གྱི་སྔགསོ།། རུས་འཛེམ་པོ་ཡིས་ཕྱིས་ནས་ནི།། རས་ལ་སོགས་པ་ཙི་ནུས་དབུལ།། ཡེ་ཤེས ་སེམས་དཔའ་སྙིང་འོད་ཀྱིས།། ལྷ་རྣམས་བཀུག་སྟེ་གཞག་པར་བྱ།། ཀུ་ཤཽ་ཡིས་ནི་བསང་གཏོར་བྱ།། དེ་ལ་ཞབས་བསིལ་ལྀ་སོགས་དབུལ།། མཆིད་པ་ལ་སོགས་དེ་ལ་བྱ།། པུསཽ་མོ་ས་ལ་བཙུགས་ནས་ནི།། རྡོ་རྗེ་དྲིལ་བུ་གཡོན་གྱིས ་གཟུང་།། བདུག་སྤོས་གཡས་ཀྱིས་བླངས་ནས་ནི།། བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག། རིག་སྔགསོ་རྒྱལ་ལ་ཕྱག་འཚལོ།། ཐུགས་རྗེའི་བདག་ཉིད་ཅན་ཁྱོད་ཀྱི།། སང་ནི་རབ་གནས་བགྱི་བར་འཚལ།། སློབ་མ་རྣམས་ལ་བརྩ་ཕྱིར་དང་།། ་ཁྱེད་རྣམས་ལ་ཡང་མཆོད་པ་དང་།། སེམས་ཅན་བསོད་ནམས་སྤེལ་ཕྱིར་དང་།། བྱང་ཆུབ་སེམས་ནི་འབྱུང་བྱའི་ཕྱིར།། བཅོམ་ལྡན་བདག་ནི་གུས་པ་ལ།། དེ་ནི་གནང་བར་མཛད་པའི་རིགས།། སངས་རྒྱས་བྱང་ཆུབ་སེམས་སོགས ་དོང་།། སེམས་ཅན་བསྟན་ལ་དགའ་བ་གང་།། གང་ཡང་རྡོ་རྗེའི་སྤྱན་མངོའ་བ།། ཐམས་ཅོད་བདག་ལ་དགོངསུ་གསོལ།། རྡོ་རྗེ་འཛིན་བདག་འདི་ཞེས་བྱ།། ཆེ་གེ་མོ་ཡི་རབ་གནས་ཕྱིར།། དེ་བས་ཁྱོད་ཀྱིས་བགྱི་བར་འཚལ།། ཀུན་ཏུ ་ཉེ་བར་མཛད་པའི་རིག། ཏིང་འཛིན་གསུམ་དང་ལྡན་པར་ནི།། རྫོགས་ནས་སྐུ་གཟུགས་ལ་སོགས་ལ།། ནམ་མཁའ་ལ་གནས་སངས་རྒྱས་དག། སྐུ་གཟུགས་སོགས་ལ་གཞུག་པར་བྱ།། ཁ་རྒྱན་ཕྱུང་བའི་ཆུ་ཡིས ་ཀྱང་།། མཉམ་པར་གཞག་པ་དཀྲུ་བར་བྱ།། དེ་ཡི་མཆོད་སོགས་སྔོན་བྱས་ཏེ།། སྔགས་ཀྱིས་མངོན་པར་བསྔགས་པར་བྱ།། འདུད་དང་མཆོད་པ་སོགས་བྱོས་ཏེ།། ནང་པར་བྱོན་པར་འདོད་པ་ཡི།། ཡང་ནི་མཆོད་པ་ལྔ་རྣམས་ཀྱིས།། ་ཡེ་ཤེས་འཁོར་ལོ་གཤེགསུ་གསོལ།། འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ།། སྟ་གོན་བྱས་ཏེ་ནང་པར་ནི།། ཁྱབ་པ་ཉིད་ལ་སོགས་པ་བྱ།། སྔར་བཞིན་སངས་རྒྱསཽ་སོགས་སྤྱན་དྲང་།། ཞབས་བསིལ་མཆོད་པ་ལ་སོགས་བྱ།། ་པུས་བཙུགས་བདུག་སྤོས་བླངས་ནས་ནི།། སྔོན་དུ་བཤད་པའི་ཚིགས་བཅད་བརྗོད།། བགྱི་བར་འཚལ་བའི་ཚིག་སྤངས་ཏེ།། བདག་ནི་ད་ལྟར་བགྱིད་ཅེས་སྦྱར།། བཀྲ་ཤིས་སྒྲ་ནི་སྔོན་བསྒྲགས་ཏེ།། ཆུའི་སླར་ཡང་བཀྲུ་བར་བྱ།། ཇི་ལྟར ་བལྟམ་པ་ཙམ་གྱིས་ནི།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ།། ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་གིས་ཁྲུས་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། འདི་ནི་ཁྲུས་ཀྱི་སྔགས་སོ།། རྀས་སོགས ་རང་རང་གསང་སྔགས་ཀྱི།། མཉམ་པར་བཞག་པས་དབུལ་བའམ།། ཡང་ནི་རང་གི་སྔགས་ཀྱིས་དབུལ།། བཟླས་ཏེ་ཕྱག་འཚལ་གཙོ་བོ་ལ།། ཨོཾ་བཛྲ་བཥྚ་སེ་སྭཱ་ཧཱ། མེ་ཏོག་ལ་སོགས་པའི་སྔགསུ་ཡང་འགྱུརརོ།། གསེར་ལ ་སོགས་པའི་སྣོད་བྱས་ཏེ།། སྦྲང་རྩི་མར་སླར་བླུགས་པ་ཡི།། གསེར་གྱི་ཐུར་མ་ཡིས་ནི་མིག། དབྱེ་བ་འམ་ཡང་ན་བསམ་གཏན་གྱིས།། ཨོཾ་ཙཀྵུ་ཙཀྵུ་ས་མནྡ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ།། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུནྡ།། དགའ་ལྡན་ཡང ་དག་རབ་བཞུགས་ནས།། ཇི་ལྟར་ལྷ་མོ་སྒྱུ་འཕྲུལ་ལྷུམས།། དེ་བཞིན་འདིར་གནས་ཞུགས་བྱས་ལ།། འདིར་ནི་རྒྱུན་ཏུ་བཞུགས་གྱུར་ནས།། མགོན་པོ་མེ་ཏོག་ལ་སོགས་འདི་།། བྱང་ཆུབ་སེམས་ཀྱི་བསྡུས་པའི་ཕྱིར།། ཆེ་གེ་མོ་ཡིས ་དོན་དུ་བཞེས།། ལྷ་རྣམས་བརྟེན་པར་འདོད་པ་ཡི་ས།། མགོ་བོ་སྙིང་ཀ་ལྐོག་གནས་སུ།། རྡོ་རྗེ་ཡིས་ནི་བསྐོར་ནས་དེ།། ལན་གསུམ་བསྐོར་ཏེ་རབ་གནས་བྱ།། ཆད་པ་འམ་ནི་ལྷག་པས་ཀྱང་།། བདག་གིས་བརྗེད་ངས་གང་བགྱིས ་པ།། གང་ཕྱིར་ལུས་ཅན་སྐྱོབ་མཛད་པ།། མགོན་པོ་ཁྱོད་ཀྱིས་བཟོད་པར་མཛོད།། མ་རྙེད་པ་དང་མ་ཤེས་པ།། མ་ནུས་པ་ཡང་བཟོད་པར་མཛོད།། ཉུང་བ་འམོ་གཞན་དུ་བགྱིས་པ་གང་།། དེ་དག་བཟོད་པར་མཛད་པའི་རིགས།། འདི ་དང་འདི་ལྟར་རོརབ་ཏུ་གནས་པར་བྱའོ།། ཞེས་པ་དེ་ཉིད་ཀྱི་དོན་མདོར་གསུངས་པ།། ནུ་མཁར་གནས་ཤེས་པའོ།། ཤེས་པ་ཞེས་པ་ནི་རབ་གནས་ཀྱི་ཚིག་ཤེས་པའོ།། སྔགས་ཀྱི་ཕ་རོལ་ཕྱིན་ཞེས་པ་ནི་སྔགས་ཀྱི་ཐེག་པའི་ཕ་རོལ ་ཏུ་ཕྱིན་པ་འམ།། སྔར་བསྙེན་པོས་སྔར་གསུངས་པའི་ཕ་རོལ་ཏུ་ཕྱིན་པའོ།། སྣ་ཚོགས་ཧཱུཾ་ལས་སྐྱེས་པ་ཡི་ཞེས་པ་ནི་སོ་སོར་མེ་ཏོག་ལ་སོགས་པ་ཧཱུཾ་ལས་སྐྱེས་པའི།། སྔགས་འདི་རྣམས་ཀྱིས་དབུལ་བར་བྱའོ།། སྔར་རྒྱུད་ཆོ་གས ་རིམ་པས་ཞེས་པ་ནི་འདི་ནི་རྒྱུད་ཕྱི་མ་སྟེ་དེ་ཁོ་ན་ཉིད་བསྡུས་པ་དང་། གསང་བ་འདུས་པ་ལ་སོགས་པ་རྒྱུད་སྔ་མ་སྟེ། དེ་ལས་གསུངས་པའི་ཆོ་གའི་རིམ་པས་སོ།། ང་ནི་ཐབས་ཁུང་གི་མཚན་ཉིད་གསུངས་པ།། ་ཞི་བའི་ཞེས་པའོ།། ལྷག་མ་དེ་ཉིད་ཀྱིས་བསྒྲུབ་བྱ་ཞེངས་པ་དབང་དང་དགུག་པ་དང་འཐབ་པ་དང་བསྐྲད་པ་ལ་སོགས་པའོ།། ཁྲུ་ག་ཅིག་པ་འམ་ཁྲུ་ཕྱེད་ཅེས་པ་ནི་བསྡུས་པའོ།། འོག་དང་སྟེང་དུ་ཞེས་པ་ནི་གཏིང་དང་རྒྱར་ཞེས་བྱ ་བ.རི་ཐ་ཚིག་གོ། དེ་ལ་འདིའི་རིམ་པ་ནི། ཁྲུ་གོང་རྒྱལ་མཐོ་གང་ཟབས།། འཁོར་ལོ་ལྟ་བུར་ཟླུམ་པོའོ།། པདྨ་ཁ་བྱེ་ལྟ་བུ་ལ།། དངོས་སུ་སོར་བཞི་དོར་བྱས་ཏེ།། དེ་ཚ་དེ་ཁ་ཁྱེར་རྡོ་རྗེ་ཡི།། ར་བ་ཡིས་ནི་མཛེས་པར་བསྐོར།། ཤར་དུ ་ས་དཀར་གྱིས་བྱས་ཏེ། ཙིནྡན་གྱིས་ནི་ཉེ་བར་བྱུག། ས་ཚོན་མེ་ཏོག་དཀར་པོ་དག་མ།། པདྨ་འདཔེ་བརྒྱད་དབུས་ཆུང་བར།། ལྟེ་བ་ལ་ནི་ཐོད་པ་བཞག། དེ་རྀ་ནི་སྣ་ཚོགས་རྡོ་རྗེ་བྲི།། རྒྱ་དང་འཕང་ལ་ཁ་དོག་དཀར།། སོར་དྲུག་སོར་ཕྱེད་པ ་ཡི་ཚད།། ལྷ་མོའི་མཚན་མེ་དབུས་གནས་པ།། ཀྱེའི་རྡོ་རྗེ་ཡི་ཕྱོགས་ལས་འདི།། བདག་མེད་མའི་སྒྲུབ་པར་ནི།། གྲི་གུག་ལྔ་དང་ལྡན་པ་ཡི།། དཀར་པོའི་ཆ་བྱད་འཛིན་པ་སྟེ།། ཅུང་ཟད་ཞལ་ཕྱེ་ཞི་བའི་སེམས།། བློ་ལྡན་འཇམོ་པའི ་སྟན་ལ་ནི།། འདུག་སྟེ་ཡང་དག་མངོན་ཕྱོགས་ནས།། གཡོན་དུ་དུང་ལ་སོགས་པ་དཀར།། མེ་ཏོག་ཆུ་དང་ལྡན་པའོ།། རང་གི་ལྷ་ཡིས་ཡང་དག་བཟླས།། སྣོད་ནི་གསུམ་དག་བཞག་བྱ་སྟེ།། མར་ལ་སོགས་པ་གཡ་སུ་བཞག། ་མཁས་པས་བཤད་བཞིན་སྦྱིན་སྲེག་བྱ།། ཁྲུ་གཉིས་པ་དང་ཁྲུ་གཅིག་པ།། ལོགས་དང་འཕང་དུ་རྒྱས་པ་ལ།། གྲུ་བཞི་པ་ལ་ཁ་ཁྱེར་ཡང་།། སྔ་མའི་ཉིས་འགྱུར་ཚད་ཀྱིས་སོ།། ཁ་དོག་སེར་པོའི་ས་ཡིས་བྱུག། མེ་ཏོག་སེར ་པོས་བརྒྱན་པར་བྱ།། ཕྲེང་བ་གིས་ནི་སེར་པོར་ལྡན།། ནང་པར་བྱང་དུ་ཁ་བལྟས་ཏེ། ཇི་སྐད་གསུངས་པའི་བུད་ཤིང་ནི།། སྔོན་བཞིན་གཞན་དུ་ལྕི་བ་ཡང་།། སེར་པོའི་དྲི་དང་ཆུ་མཆོད་ཡིན།། ཆོ་ག་སྔོན་དུ་བྱས་ལྷ་བཞག། དེ ་ཉིད་ཡམ་ཤིང་ཐམས་ཅད་དུ།། སེར་པོ་རི་དྲི་ཡི་ཆུ་ཡིས་བསོང་།། ཞོ་དང་སྦྲང་རྩི་མར་དང་ལྡན།། ཏིལ་དང་སཱ་ལུ་འབྲས་བུ་བཅས།། མཁས་པས་ཇི་ལྟར་རྙེད་པ་ཡིས།། ཀུན་ཏུ་བིལ་བས་སྦྱིན་སྲེག་བྱ།། ཨོཾ་གྱི་མཐའ་ཡི ་གསང་སྔགས་ཀྱིས།། རྒྱས་པར་འགྱུར་ལ་ཐེ་ཚོམ་མེད།། རྒྱུ་དང་རྔམས་ཀྱི་ཚད་དག་ཏུ།། སོར་ནི་ཉི་ཤུ་ད་ཡི་ཕྱེ།། བསད་པ་ལ་ནི་ཐབ་ཁུང་འདི།། ཁ་ཁྱེར་སོར་མོ་གསུམ་གྱིས་བསྐོར།། ཁྲག་དང་ཆུ་ཡོས་གཤེར་བའི་རས།། ཡང་ན ་སྔོན་པོའི་རྒྱན་གྱིས་བརྒྱན། ཉི་མའི་གུང་དང་ནམ་ཕྱེད་ལ།། སྲ་དུའི་སྟན་ལ་གཤིན་རྗེར་བལྔ།། རུས་པ་རྡོ་བ་ནི་མ་ཡིན་པའི་ག་འདབ།། བཅའ་བར་བྱེད་ཅིང་ཁྲོ་གཉེར་གདོང་།། ཚ་བ་ཆེར་མ་ཁ་བ་རྣམས།། ཡམ་ཤིང་ལ་ནི་ཐལ ་བས་བྱུང་།། ཡུངས་ཀར་དང་ནི་ཡུངས་མར་ཁྲག། ཚྭ་དང་རུས་ཕྱེ་སྐེ་ཚེ་དང་། རོ་བསྲེགས་རྡུལ་དང་རྐང་རྗེས་ས།། བྱ་རོག་ལ་སོགས་གཤོག་པ་དང་།། བཤང་བ་གཅི་བ་ཚེར་མ་རྣམས།། བདག་ཉིད་ཁྲོས་པའི་སྦྱོར་བ་ཡིས།། བསྒྲུབ ་བྱ་རྐང་པས་མནན་ནས་སུ།། ཨོཾ་གྷུཿསྭཱ་ཧཱ་ཞེས་པའི་སྦྱིན་སྲེག་བདུན་གྱིས་དགྲ་བོ་བརླག་པར་འགྱུར་རོ།། ཨོཾ་ཁཾ་གིས་སྲེག་བྱ་སྟྭཾ། ཁྲོས་པའི་སེམས་ཀྱིས་སྐྱོད་པར་བྱེད་དེ། བསྒྲུབ་བྱ་བོང་བུ་ལ་ཞོན་ཏེ་ཁ་སྟེང་དུ ་ཕྱོགས་པར་བསྒོམ་མོ།། འདི་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་གོ། འདི་ནི་དཔལ་ལྡན་གོས་དམེར་བགོ། ས་དམར་པོ་དང་དྲི་ཡིས་བྱ།། བ་དན་ལ་སོགས་སྦྱོར་བ་ཡིས།། རྣལ་འབྱོར་ཤར་དུ་ཁ་བལྟས་ཏེ།། ཆགས་པས་དེ་བཞིན་དམར་པོས ་བརྒྱན།། དེ་ཉིད་རྡོ་རྗེ་སྐྱིལ་དཀྲུང་གིས།། དམར་པོའི་སྟན་ནི་མཐོ་ལ་འདུག། སྨད་འཚོང་མེ་ལས་མཉམ་བཞག་པས།། ཨུཏྤལ་དམར་པོས་ཅི་རིགས་པར།། མེ་ཏོག་དམར་པོ་འབྲས་བུས་ཀྱང་།། ཨོཾ་སྭཱ་ཧཱ་ཞེས་སྔགས་ཀྱིས་ནི།། བསྲེགས ་པས་འགྲོ་བ་དབང་དུ་བྱེད།། ཨོཾ་ཧཱུཾ་སྭཱ་ཧཱའི་སྔགས་ཀྱིས་ནི།། ཡང་ན་ལྕགས་ཀྱུའི་ཐབ་ཁུང་གིས།། དགུག་ལ་སྟེང་དུ་ཁ་བལྟས་ཏེ།། གར་མཁན་མེ་ཡིས་གནས་གསུམ་འགུགས།། འདི་ནི་ཕྱི་ཡི་སྦྱིན་སྲེག་ཡིན།། ད་ནི་ནང་གི་བཤད་བྱེ ་སྟེ།། ལྕི་བའི་པདྨའི་ཐབ་ཁུང་ཆེར།། དེ་ལ་གཏུམ་མོའི་ཤེས་རབ་མེ།། ལས་ཀྱིས་རླུང་གིས་འབར་བ་ལས།། དགོས་པ་མེད་པས་སྦྱིན་སྲེག་བྱ།། ཕུང་པོ་ཁམས་སོགས་ཀུན་རྟོག་པ།། ལུསཽ་ལ་མེད་པའི་ཡམ་ཤིང་བསྲེག། གཞོམ་དུ ་མེད་པའི་དགང་གཟར་གྱིས།། རྫོགས་པའི་བྱང་ཆུབ་སེམས་ཀྱིས་རྒྱུན།། བདེ་བ་ཆེན་པོའི་རོར་སྦྱོར་བས།། དེ་ལ་སྲེག་བླུགས་དབུལ་བར་བྱ།། ཆོས་དང་གང་ཟག་བདག་མེད་པའི།། སྟ་གོན་རབ་ཏུ་གནས་པར་བྱ།། སྟོང་པ་སྙིང་རྗེ་དབྱེར ་མེད་པའི།། བྱང་ཆུབ་སེམས་ནི་དེ་ཉིད་ཡིན།། དོན་ཀུན་སྒྲུབ་བྱེད་སྦྱིན་སྲེག་དང་། མཆོག་ཏུ་རབ་ཏུ་གནས་པར་གསུངས།། ཡང་གསུངས་པ།། དེ་ཉིད་སྔགས་བཟླས་པ་དང་།། དེ་ཉིད་བརྟུལ་ཞུགས་དང་།། དེ་ཉིད་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པའོ།། ་ཞི་བ་ལ་སོགས་པའི་གཙེ་སྲེག་རྫས་གསུངས་པ། ཞི་ལ་ཏིལི་ཞེས་བྱ་བ་ལ་སོགས་པའོ།། སྔགས་ཀྱི་གནས་སྐབས་སུ་ས་སྟ་གོན་བྱ་བའི་སྔགས་གསུངས་པ། ལྷ་མོ་ཁྱོད་ཅེས་བྱ་བ་ལ་སོགས་པའོ།། བརྟག་པ་གཉིས་པའི་ལེའུ་དང ་པོའི་བཤད་པའོ།། །། ཐབས་དུ་མ་ཞིག་གསུངས་ན་ཡང་ངེས་པར་གཟུང་བའི་ཕྱིར་ཞུས་པ། ནམ་མཁའ་བཞིན་ཞེས་པ་ནི་ནམ་མཁའ་ལྟ་བུའོ།། ཆོས་རྣམས་ལ་ཞེས་པ་ནི་མཐའ་ཡས་པ་དེའི་ཕྱིར། རང་བཞིན་མེད་པའི་ངོ་བོ་དྲི་མ་མ ་པའི་ངོ་བོ་ངེས་སོ།། ཇི་ལྟར་རྒྱ་མཚོར་ཀུ་བ་ལྷུང་བ་ཆུང་བ་དང་། ངེས་པ་མེད་པར་འགྲོ་བ་དེ་བཞིན་དུ་སེམས་ཅན་ངེས་པ་མེད་པར་འགྲོ་བ་དང་། དགེ་བ་ངེས་པའི་ཐབས་གང་གིས་ཇི་ལྟར་འགྲུབ་པར་འགྱུར། འདིར་ལན་དུ། བདག་མེད་པའི་སྦྱོར་བ ་ཡིས་ཞེས་པ་བདག་མེད་པའི་སྦྱོར་བ་དང་ལྡན་པ་སྟེ། བསྐྱེད་པ་དང་རྫོགས་པའི་རྣལ་འབྱོར་དང་ལྡན་པས་ཞེས་བྱ་བའི་དོན་ཏོ།། ཡང་ན་ནི་ཕྱོགས་གཞན་སྡུད་པར་བྱེད་པའོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བ་སོགས ་པའི་ཐབས་ཀྱིས་དེའི་འགྲོ་བའི་ཐབས་ངེས་པར་གྱུར་པ་འདིར་སྟོན་པར་བྱེད་པ་ནི་སྐད་ཅིག་ཀྱང་གཞན་སེམས་མེད་པས་ཤེས་སོ།། གནས་ནི་རྣམ་བརྟགས་ཤེས་པ་ནི་ཐམས་ཅད་དུ་ཁྱབ་པར་མེད་པའི་ཐུན་མོང་གིས་ཀྱང་གནས་ངེས་པར ་བརྟགས་པའི་ཐབས་ཀྱིས་བརྟན་པ་དེ་ཇི་ལྟ་བུ་སྙམ་པ་ལ་གསུངས་པ། རང་གི་ཁྱིམ་ཞེས་པའོ།། དངོས་གྲུབ་བདག་ཉིད་སེམས་འདི་ཡིས་ཞེས་པ་ནི་བདག་ནི་རང་བཞིན་གྱིས་དག་པའོ་སྙམ་དུ་ང་རྒྱལ་དང་ལྡན་པའོ།། སྐད་ཅིག ་གཅིག་ཀྱང་གཞན་སེམས་མེད་པས་ཤེས་པ་འདིའི་བཤད་པ་གསུངས་པ། རྐང་པ་ཞེས་བྱ་བ་ལ་སོགས་པའོ།། བཅོམ་ལྡན་འདས་མ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་མ་ནི་རྣལ་འབྱོར་མའོ།། བསྟེན་པར་བྱ་ཞེས་བྱ་བ་ནི ་བསྒོམ་པར་བྱ་ཞེས་བྱ་བ་དང་སྦྱར་རོ།། སྐད་ཅིག་གཞན་གྱིས་གཟུགས་མིན་ཞེས་པ་ནི་དབྱེ་བའི་ཚུལ་གྱིས་སོ།། བྱེ་བྲག་གི་སེམས་ཉིད་མ་རིག་འདུག་པས་མིན་ཞེས་སུན་འབྱིན་ནོ།། ཅུང་ཟད་འུག་འཇིག་པས་ཞེས་པ་ནི། བག་ཚོགས་དང ་བཅས་པའི་སྒྲིབ་པའི་སྡིག་ཅུང་ཟད་དོ།། དེ་ལྟ་བུར་གྱུར་པའི་བསྒོམ་པའི་ཕན་ཡོན་གསུངས་པ། འཇིགས་དང་སྤྱི་ཞེས་པའོ།། སྨྱོ་བ་ནི་སེམས་རྣམ་པར་འཁོར་བའོ།། དེ་ཕྱིར་འདི་ལྟར་དཔྱད་ཅེས་པ་ནི་རྣལ་འབྱོར་པས་སོ།། ཕན་དང་གནོད ་པའི་འབྲས་བུ་འབྱུང་ཞེས་པ་ནི་བསམ་གཏན་འདིའི་འབྲས་ནི་ཕན་པའོ།། སེམས་གཞན་གྱི་འབྲས་བུ་ནི་མི་ཕན་པའོ།། ངུ་འབོད་ནི་སྡུག་བསྔལ་དྲག་པོ་དང་། རྣམ་པར་རྟོག་པ་ལ་སྩོགས་པས་འཁྲུགས་པའི་འཁོར་བར་རོ།། འོ་ན་རེ་ཞིག ་གང་དག་བསོད་ནམས་ཀྱི་ལས་བྱེད་པ་དེ་དག་འདིར་འཇུག་པའི་གནས་ཉིད་དོ།། གང་དག་སྡིག་པའི་ལས་བྱེད་པ་དེ་དག་གི་ཡང་མི་འཇུག་པ་ཉིད་དུ་འགྱུར་ཏེ། འབྲས་བུ་མི་མྱོང་བས་སོ།། དེ་རྣམས་ཀྱི་འཇུག་པ་ཡང་ཇི་ལྟ་བུ་སྙམ་པ་ལ ་གསུངས་པ། མཚམས་མེད་ལྔ་པོ་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཉིད་ཀྱི་མཐུས་སྡིག་པ་དེ་དག་རྣམ་པར་བཅོམ་པས་སོ།། དེ་བས་ན་དེ་བསླབས་པས་དེ་རིམ་གྱིས་ཟད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས ་ན་དེ་དག་ཐམས་ཅད་ཀྱང་སྣོད་ཅེས་བྱ་བའི་དོན་ཏོ།། དེ་ལྟར་རྒྱུན་ཏུ་སྦྱོར་བ་ཡིས།། དངོས་གྲུབ་འཐོབ་ཅེས་བྱ་བ་ནི་ནུས་པ་ཅུང་ཟད་འཐོབ་པའོ།། ཟླ་བ་གཅིག་ཏུ་གསང་ལ་ཞེས་པ་ནི་གང་དུ་ཅུང་ཟད་ཀྱང་མི་བསྟན་པའོ།། སྤྱན་ཅེས་པ་ནི་རྣལ ་འབྱོར་པ་ཉིད་རྒྱུ་བར་བྱ་བའོ།། མཆོག་རྙེད་ཅེས་པ་རྣལ་འབྱོར་མས་བསྟན་པ་རྙེད་པའོ།། དེའི་ཕྱིར་རྟོག་པ་ཐམས་ཅད་རྣམ་པར་སྤངས་ཞེས་པའོ།། བདག་ཉིད་བརྟན་པའི་རྐྱེན་དུའོ་ཞེས་པ་ནི་བདག་ཉིད་སྡུག་བསྔལ་ལ་སོགས་པ ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དེ་རྟོག་སོ་པར་བྱའོ།། ལོངས་སྤྱོད་ཕྱིར་མ་གསུངས་ཤེས་པ་ནི་ཕྱག་རྒྱ་ཆེན་པོ་ཐོབ་པའི་དོན་ཏུ་ལོངས་སྤྱོད་ཀྱི་ཚུལ་གྱིས་མ་ཡིན་པའོ།། འཇིགས་པའི་ཚུལ་གྱིས་ཤེས་པ་ནི་ཐམས ་ཅད་དུ་སེམས་རྩེ་གཅིག་པོ་ཉིད་ཀྱིས་དཀའ་བ་སྤྱད་ཅེས་བྱ་བའི་དོན་ཏོ།། བད་ག་ནི་བརྟན་པའི་རྐྱེན་དུའོ་ཞེས་བྱ་བ་འདིའི་བཤད་པ་ནི། རང་སེམས་སོ་སོར་བརྟག་པ་བྱ་ཞེས་སོ།། ཕྱག་རྒྱ་ཉིད་དེ་ཇི་ལྟར་དབྱེ་སྙམ་པ་ལ། འདིར ་ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱའི་དབྱེ་བ་ཇི་ལྟར་རུང་སྟེ། འདིར་ཕྱག་རྒྱ་དང་ཕྱག་རྒྱ་གཞན་དུ་སྦྱོར་བར་མི་རུང་ངོ་།། ཕྱག་རྒྱ་ཞེས་པ་ནི་རེ་ཞིག་བདག་མེད་པའི་ཕྱག་རྒྱ་འདི་དང་། གོལ་ཏེ་དེའི་ཡང་ཕྱག་རྒྱ་གཞན་ཡིན་ན་ཇི་ལྟར་དངོས་གྲུབ ་འཐོབ་སྟེ། ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་དངོས་པོ་མེད་ཅེས་བྱ་བའི་དོན་ཏོ།། འདིར་ལན་དུ་བུད་མེད་གཟུགས་ཞེས་པའོ།། ངོས་གཉིས་ཅེས་པ་ནི་པདྨའི་འགྲམ་གཉིས།། དྲིལ་བུ་ཞེས་པ་ནི་འབྲས་བུའོ།། པདྨའི ་དབུས་གནས་ཞེས་པ་ནི་ལྟེ་བ་རྡོ་རྗེར་འགྱུར་ཞེས་པར་སྦྱར་རོ།། ནུས་པ་གསལ་བ་ཞེས་བྱ་ནི་གསལ་བའི་ཚུལ་གྱིས་ནུས་པ་སྐྱེས་པ་མཐུའོ།། ནུས་པ་སྲིད་པ་ཙམ་གྱིས་ནི་མ་ཡིན་ཏེ། གང་གི་ཕྱིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན ་པོའི་དངོས་གྲུབ་སྟེ། དེའི་ཕྱིར་དང་དེ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། སྤྱོད་བྱའི་གཞན་དུ་ནི་མ་ཡིན་ནོ།། ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་རྣལ་འབྱོར་པའི་སྐྱེ་བ་དང་འཆི་བ་དགག་པའི་ཕྱིར་གསུངས་པ། སྐྱེ་བ་དང་ནི་འཇིག་པས་ཀྱང ་ཞེས་སོ།། ཐབས་དང་ཤེས་རབ་ཅེས་པ་ན་ཐབས་དང་ཤེས་རབ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཚུ་ལོ་གང་ཡིན་པའོ།། གང་དེ་ཇི་ལྟར་སྐྱེས་པ་དང་འཇོག་པ་དག་གིས་འཆིང་བར་འགྱུར། ཐབས་དང་ཤེས་རབ་ཀྱི་རང་བཞིན་གསུང ་པ་ཐབས་ནི་གང་གི་ཕྱིར་འབྱུང་བ་སྟེ། ཞེས་པ་ནི་གང་གི་ཕྱིར་རྣལ་འབྱོར་པའི་ཐབས་ཀྱི་སྟོབས་ཀྱིས་འབྱུང་བ་ནི་སྐྱེ་བ་དང་བྱང་ཆུབ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སྟེ་འདི་དག་ནི་ཐབ་སོ།། ཤེས་རབ་ནི་དེའི་སྲིད་པ་མཐར ་ཕྱིན་པའོ།། དེ་ཉིད་དུ་སྐྱེ་བ་ལ་སོགས་པ་ཡང་མི་རྟོག་སྟེ་གོང་ཤེས་རབ་འདི་ལ་སྟེ། དེ་ཉིད་ཀྱིས་འདིར་ཞིག་པ་ནི་འདུས་པོར་བྱེད་པ་སྟེ། ཆོས་ཐམས་ཅད་འདི་དང་འདིར་བྱ་བའོ།། དེའི་ཕྱིར་ལྷ་རྣམས་ཀྱི་དོན་དམ་པ་ལ་སྐྱེ་བ་དང་འཇིག། ་པ་མེད་དོ།། ཀུན་རྫོབ་ཏུ་ནི་བྱང་ཆུབ་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་འཇིག་རྟེན་གྱི་སྤྱོད་པས་འཇུག་པར་མཛད་དོ།། འཇིག་པ་ཞེས་པ་ནི་རྒྱུ་དང་རྐྱེན་གྱིས་སྦྱོར་བ་དང་བྲལ་བས་འཇིག་པ་ནི་འཆི་བའོ།། འཇིག་དང་དངོས་མེད ་ཟད་པའང་ཞེས་པ་ནི་གང་རྒྱུ་དང་རྐྱེན་མ་ཚང་བ་མེད་པ་དེ་ལ་འཇིག་པ་མེད་དོ།། འདིའི་དོན་གང་ལ་ཆོས་དང་མ་ཡིན་པ་ཡང་ན་ཟད་པས་ནི་ངེས་པར་འཇིག། གང་གི་ཆོས་རྣམས་སྐྱེ་བ་མེད་པ་ཡིན་ན་ངོ་བོ་ཉིད་ཀྱིས་མེད་པ་དེ་དང་དེ་དག་ཇི་ལྟར ་འཇིག་ཅེས་བྱ་བའི་དོན་ཏོ།། ད་ནི་བསྐྱེད་པའི་རིམ་པའི་བདག་ཉིད་ཆེན་པོ་གསུངས་པ། བསྐྱེད་པའི་རིམ་པ་ཞེས་པའོ།། ཕྱག་རྒྱ་ཆེན་པོའི་དབང་བསྐུར་བ་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ།། ཤེས་པར་བྱ་བ་ནི་ཉེ་བར ་བརྟག་པའོ།། བདེ་བ་ཆེན་པོ་ཁྱབ་པར་བྱེད་པ་ཉིད་དོ་ཅེས་བསྟན་པར་བྱ་བ་ནི་བདེ་བ་ཞེས་བྱ་བ་ལ་སོགས་པའོ།། རྫོགས་པའི་རིམ་པ་ཉིད་བསྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་ཞེས་པའོ།། ཨེ་མའོ། ་འདོད་པའི་ཤུགས་ཀྱིས་ཞེས་བྱ་བ་ནི་ཤིན་ཏུ་དད་པས་སོ།། འདིའི་དོན་ནཽ་གང་ལ་སྐད་ཅིག་གིས་དམིགས་ཏེ། བདེ་བའི་བློ་དང་ལྡན་པའི་ལྷ།། ཤིན་ཏུ་ཡིད་ནི་དགའ་གནས་ཏེ།། དགའ་དགུར་སྤྱོད་པས་མྱུར་དུ་འགྲུབ་ཅེས་སོ།། དངོས ་པོ་ང་ཞེས་པ་ནི་ཐབས་ཀྱི་ཚུལ་གྱིས་སོ།། དངོས་པོ་མེད་པ་ང་ནི་ཤེས་རབ་ཀྱི་ཚུལ་གྱིས་སོ།། འཆད་པ་པོ་ང་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། ཆོས་ནི་ཆོས་ཀྱི་སྐུའོ།། ཉན་པ་ནི་སྤྲུལ་པའི་སྐུའོ།། ཡང་ན་ཐམས་ཅད་དེའི་རང ་བཞིན་ཞེས་པ་ནི་ཉན་པ་ལ་སོགས་པའི་དངོས་པོ་དེ་དག་ཀྱང་སངས་རྒྱས་ཉིད་དེ། ཆོས་རྣམས་ངོ་བོ་ཉིད་ཀྱིས་དག་པ་ཉིད་དོ།། བསྒྲུབ་བྱ་བ་ཞེས་པ་ནི་མི་ཤེས་པའི་སྒྲུབ་པ་པོས་སོ།། དེ་བཞིན་དུ་ཡང་རྐྱེན་ཡིན་པ་ནི། ་དེ་བཞིན་དུ་ཡང་རིག་པའོ།། གང་ང་ཉིད་སྟོན་པ་སུམ་ཅུ་རྩ་གཉིས་མཚན་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུས་ཆོས་སྟོན་པར་བྱེད་པའོ།། དེ་ཉིད་ང་ཁུ་བོ་ཞེས་བྱ་ཞེས་པ་ནི་སྤྲུལ་པ་ཡིས་དང་། བདེ་བའི་ཚུལ་གྱིས་ཆོས་ཀྱི་སྐུ་མཚོ ་པར་བྱེད་པའི་ཚུལ་གྱིས་གསུངས་པ། རེ་མེད་པས་ན་ཞེས་པའོ།། དེའི་ཕྱིར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དག་གིས་དངོས་པོ་ཡང་ལྷན་ཅིག་སྐྱེས་པའི་དེར་དངོས་པོ་མེད་པའོ།། དེའི་ཚུལ་གྱིས་གནས་ཀྱང་ཕུལ་དུ་བྱུང་བའི ་སྙིང་རྗེ་ཉིད་ཀྱིས་སྐུ་གཉིས་པོ་སྤྲུལ་པས་དངོས་པོ་མེད་པ་མ་ཡིན་ནོ།། ཡོད་ན་ལྷན་ཅིཅིག་སྐྱེས་པ་ཡང་དག་པར་རིག་པའི་ཚུལ་ངེས་ཤིན་ཏུ་དངོས་པོ་མེད་པའི་རང་བཞིན་ང་མ་ཡིན་ནོ།། དེའི་ཕྱིར་འགྲོ་ཀུན་ལྷན་ཅིག་སྐྱེས་ཤེས་པ་གང་ལས ་སྙམ་པ་ལ་གསུངས་པ། ལྷ་ནི་ཅིག་སྐྱེས་པའི་རང་བཞིན་བརྗོད་ཅེས་པ་སྟེ། དངོས་པོ་རྣམས་རོང་བཞིན་གྱིས་ལྷན་ཅིག་སྐྱེས་པ་སྟེ། དེ་ཡང་ཐམས་ཅད་དུ་མ་བཅོས་པ་ཉིད་ཀྱི་གནས་ཏེ། ཆོས་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱི་རང་བཞིནོ།། ་དེ་ལྟར་ན་རྨི་ལམ་ལྟ་བུ་ཉིད་ཀྱིས་དངོས་པོ་རྣམས་རེ་ཞིག་སེམས་ལས་ཕྱི་རོལ་ན་མེད་པར་གྲུབ་པོ།། དེ་ཡང་གཅིག་དོང་དུ་མ་དང་བྲལ་ཞིང་རྒྱུ་དང་བྲལ་བས་ངོ་བོ་ཉིད་པ་དང་། སྐྱེ་བ་མེད་པ་སྟེ་སྒྱུ་མ་ལྟ་བུའོ།། དེ་བས་ན་དངོས་པོ་ཐམས་ཅད ་རང་བཞིན་མེད་པ་ཉིད་དོ།། རྟག་ཏུ་ལྷན་ཅིག་སྐྱེས་པས་གནས་ཤེས་སོ།། ལྷའི་རྣམ་པའི་གཟུགས་དང་ལྡན་ཞེས་པ་གང་ལས་སངས་རྒྱས་དང་མིའི་ལུས་དག་དབྱེ་བ་ནི། ཕྱག་དང་ཞལ་གྱི་རྣམ་པ་ཡིས་རེ་ཞིག་བྱེ་བྲག་མེད་དེ། ཕུང་པོ་ལྔ་ཉིད་དུ་ཡང ་བྱེ་བྲག་མེད་དེ། ཤ་ལ་སོགས་པ་པུཀྐ་སཱི་ལ་སོགས་པའི་ཚུལ་གྱིས་རྣམ་པར་བཞག་པས་སོ།། གལ་ཏེ་སངས་རྒྱས་ཀྱི་སྐུ་དག་རྣམ་པར་ཤེས་པའི་རང་བཞིན་དང་། འདི་དག་ས་ལ་སོགས་པའི་རང་བཞིན་ནོ་སྙམ་ན། ཨེ་མའོ་ཞེས་མ་ཤེས ་པ་ཡིན་ཏེ། ད་ལྟ་ཉིད་དུ་ཆོས་འདི་ཐམས་ཅད་རྣམ་པར་ཤེས་པའི་རང་བཞིན་དུ་མཐོང་སྟེ་བྱེ་བྲག་ཅུང་ཟད་ཀྱང་མེད་དོ།། དེ་ལྟ་ན་གལ་ཏེ་ཇི་ལྟར་འཁོར་སྙམ་པ་ལ། གསུངས་པ་འོན་ཀྱང་རང་བཞིན་བག་ཆགས་ཀྱིས་ཤེས་པ་སྟེ། ཐོག་མ ་མྱེད་པའི་མ་རིག་པའི་བག་ཆགས་ཀྱིས་རང་བཞིན་སྣང་བ་མ་ཡིན་པས་སོ།། གལ་ཏེ་མོ་རིག་པ་ཉིད་གང་ལས་སྐྱེ་ཞེ་ན། ལས་ལ་སོགས་པ་ལས་སོ།། གལ་ཏེ་མ་རིག་པ་ཉིད་གང་ལས་སྙམ་པ་ལ། མ་རིག་པ་གཞན་ལས་ཞེས་བྱ་བ་ལ་སོགས་པ་ལས ་སོ།། ཆོས་ཐམས་ཅད་ཡོད་པ་མ་ཡིན་ན་གལ་ཏེ་རིག་པ་གང་ལས་ཤེ་ན། དེ་ལྟར་བདེན་དེ་བརྟན་པར་རྟོགས་ན་མ་རིག་པ་ཡོད་པ་མ་ཡིན་ཏེ། འདི་དག་བརྟན་པར་རྟོགས་པར་བྱ་བའི་ཕྱིར་སྟོན་པར་བྱེད་དེ། མ་རིག་པ་མེད་ན་ཆོས་ཐམས་ཅད་སྐྱེ་བ ་མེད་ཅིང་མྱ་ངན་ལས་འདས་པའོ།། དེ་ཉིད་གསུངས་པ། གང་གིས་བྱ་བ་ལ་སོགས་པའོ།། མི་ཤེས་སངས་རྒྱས་མུ་སྟེགས་པས་ཞེས་པ་ལ་སངས་རྒྱས་ཀྱིས་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་སོ།། མུ་སྟེགས་ཀྱིས་ཤེས་པ་ནི་མུ་སྟེགས ་ཐམས་ཅད་ཀྱིས་སོ།། གཅིག་ཉིད་དགའ་བ་ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ།། ལྔ་རུ་འགྱུར་བའི་དབྱེ་བ་ཡིས་ཞེས་པ་ནི་དེ་དབྱེ་བའི་གྲངས་ཀྱིས་སོ།། དེ་བཞིན་གཤེགས་པའི་དབྱེ་བས་རྡོ་རྗེ་སེམས་དཔའི་དབྱེ་བ་སྟེ་རིགས ་ལྷ་རྣམས་སུའོ།། ཡང་དེ་བཞིན་གཤེགས་པ་རྣམས་ཉིད་ནང་གི་དབྱེ་བའི་བསམ་པོས་སོ།། དེའི་ཕྱིར་གཅིག་གི་ངོ་བོ་ནི་ཞེས་པ་འདི་ཉིད་ཀྱི་ཕྱིར་ཐམས་ཅད་སྐྱེ་བ་མེད་པ་དེ་ཉིད་ཀྱིས་རང་བཞིན་ཉིད་དེ། ཇི་ལྟར་ས་ལས་བྱུང་བ་བུམ་པ་དང་ཁམ ་ཕོར་ལ་སོགས་པ་སའི་གཟུགས་མ་སྤངས་པ་ལྟ་བུའོ།། དེ་ཉིད་ཀྱིས་གསུངས་པ། མཆོག་ཏུ་དགའ་བ་ལས་བྱུང་བ་ཞེས་པ་སྟེ། དེ་བས་ནི་དེ་ཉིད་ལས་བྱུང་བ་ཐམས་ཅད་དུ་མཐའ་ཡས་པའི་རིགས་གཞན་རྣམས་ཀྱང་ཞེས་བྱ་བའི་དོན་ཏོ།། ་བརྟག་པ་གཉིས་པ་ལས་དངོས་གྲུབ་གཏན་ལ་དབབ་པ་སྟེ་ལེའུ་གཉིས་པའི་བཤད་པའོ།། །། དེ་ནས་རྡོ་རྗེ་ཅན་ཞེས་པ་རྡོ་རྗེ་སེམས་དཔའོ།། རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་པ་ནི་རྒྱུད་ཀུན་གྱི་གླེང་གཞི་སྟེ། གང ་གི་དོན་གྱིས་རྒྱུད་མ་ལུས་པ་ལ་འཇུག་པ་དེའི་ཐབས་ཞེས་བྱའོ།། རྣལ་འབྱོར་མ་རྣམས་ཞེས་བྱ་བ་ནི་རྣལ་འབྱོར་མ་དག་གི་ཕྱིར་རམ། རྣལ་འབྱོར་མ་རྣམས་ཏེ་ཐབས་གང་གིས་འགྲུབ་པའོ།། དེའི་ཐབས་བཀའ་སྩལ་པ། དེ་ཅི་སྙམ་པ ་ལ། སྡོམ་པ་ཞེས་བྱ་བ་ལ་སོགས་པ་བཞིའོ།། སྡོམ་པ་ནི་བདེ་བའི་མཆོག་གམ་ཆོས་ཐམས་ཙོད་ཀྱི་བདག་ཉིད་དེ་བཞིན་གཤེགས་པས་བསྡུས་པའོ།། དབང་བསྐུར་བ་ལས་ཤེས་པར་བྱ་ཞེས་པ་ནི་གང་དུ་ཨེ་དང་བམ་ལས་དབང་བསྐུར་བ ་ཤེས་པར་བྱེད་པའོ།། ཡང་དག་ཅེས་པ་ནི་མཆོག་གི་དབང་བསྐུར་བས་དྲི་མ་མ་ལུས་པར་འཁྲུ་བར་བྱེད་པའོ།། དེ་ཅི་སྙམ་པ་ལ་གསུངས་པ། བདེ་བ་ཆེན་པོ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་སོ།། དེ་ཉིད་ཀྱི་དོན་གསལ་བར་བྱ་བའི་ཕྱིར་རྣལ་འབྱོར་མ་རྣམས ་ཀྱིས་ཞུས་པོ་དེ་ནས་ཤེས་པའོ།། བམ་ནི་ཐབས་སུ་གྱུར་པའོ།། བརྒྱན་པ་ནི་རྒྱུན་བྱས་པའོ།། དེ་གསུངས་པ་ཨེ་ནི་ཤེས་རབ་ཅེས་བྱར་གསུངས། བམ་ནི་ཐབས་ཞེས་བྱ་བ་གང་།། བམ་ཞེས་བྱ་བས་མཛེས་པ་ཡང་།། ཨོཾ་ནི་ངེས་པར་མཛེས་པ ་ཡིན།། སྐད་ཅིག་ཡེ་ཤེས་ཤེས་པ་སྐད་ཅིག་གི་དབྱེ་བས་དགའ་བ་ལ་སོགས་པ་ཡོངས་སུ་ཤེས་ན་བདེ་བའི་ཡེ་ཤེས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ནོ།། སྐད་ཅིག་གིས་དབྱེ་བ་ཉིད་གསུངས་པ། རྣམ་པ་སྣ་ཚོགས་ཞེས་བྱ་བ་ལ་སོགས ་པའོ།། དེ་ལྟར་ཤེས་པར་བྱེད་ཅེས་པ་ནི་ཨ་བམ་གྱི་སྡོམ་པར་ཤེས་པར་བྱེད་དོ།། རྣམ་པ་སྣ་ཚོགས་སྣ་ཚོགས་དགའ།། འོ་དང་འཁྱུད་པ་ལ་སྩོགས་པའོ།། རྡོ་རྗེ་པདྨ་མཉམ་སྦྱོར་བས།། རྣམ་པར་སྨིན་པ་ཡེ་ཤེས་མཆོག། རྣམ་ཉིད་ཕྱག ་རྒྱ་ཉེད་པའོ།། མཚན་ཉིད་བྲལ་བ་ངེས་བརྟག་བྱ།། གང་ལས་གང་དུ་ཇི་ལྟར་བསྒྲུབ་པར་བྱ་བ་བརྟག་སྙམ་པ་ལ། སློབ་དཔོན་ཞེས་པ་སྟེ། སློབ་དཔོན་གྱི་དབང་བསྐུར་བ་གཟུང་བས་ཆུ་དང་ཅོད་པན་ལ་སོགས་པ་དབང་བསྐུར་བ་བདུན་བསྡུས་ཏེ ་ངོས་སྐུ་རྣམ་པར་དག་པའོ།། གསང་བའི་དབང་བསྐུར་བས་གསུང་རྣམ་པར་དག་པའོ།། ཤེས་རབ་ཀྱི་དབང་བསྐུར་བས་ཐུགས་རྣམ་པར་དག་པའོ།། ཡང་དག་པར་བརྟག་པར་བྱ་སྟེ། བཞི་པ་བསྒྲུབ་པར་བྱ་བས་བསྒྲུབ་པར་བྱའོ།། འདི ་ཉིད་ཀྱི་དགའ་བ་ལ་སོགས་པའི་རིམ་གྱིས་དབང་བསྐུར་བ་བཞིར་ཤེས་པར་བྱའོ།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་གཅིག་ཉིད་དུ་དབང་བསྐུར་བ་བཞིའི་ཚུལ་ཉིད་དུ་གསུངས་པ། རྒོད་པ་ཞེས་པ་རྒོད་པ་དང་སྨྲ་བ ་ལ་སོགས་པ་རྣམ་པར་དག་པ་སློབ་དཔོན་ཏེ། རྣམ་པ་སྣ་ཚོགས་སུ་བརྩོན་པ་ཉིད་དོ།། གསང་བར་ལྟ་བ་ནི་གསང་བའི་དབང་བསྐུར་བའོ།། ལག་པས་འཁྱུད་པའི་སྦྱོར་བ་ཤེས་རང་ཡེ་ཤེས་ཀྱི་དབང་བསྐུར་བའོ།། དེ་ཡང་ཞེས་པ་ནི་བཞི་པའོ།། ། ་གཉིས་གཉིས་འཁྱུད་ཅེས་པ་ཕན་ཚུན་དུ་འདུས་པ་ན་རྒྱུད་གང་ཡིན་པ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དབྱེར་མེད་པའི་ཡེ་ཤེས་དེར་གནས་པའོ།། བསྐུས་པས་ཤེས་པ་དྲི་མ་མེད་པར་བྱ་བའོ།། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས་ཞེས་པ་ནི་རྡོ ་རྗེ་ལ་སོགས་པའི་དབང་བསྐུར་བ་ཐོབ་པས་སློབ་དཔོནི་གྱིས་དབང་བསྐུར་བར་བྱེད་པས་དབང་བསྐུར་བའོ།། བཞིན་བཟངས་ཤེས་པ་བྱིན་གྱིས་བརླབ་པོར་བྱ་ཞེས་བྱ་བའི་དོན་ཏོ།། སློབ་མ་ཤེས་བྱ་ཞེས་པ་ནི་ཤེས་ར་བ་ཀྱི་དབང་བསྐུར ་བའི་སྐལ་བ་དང་ལྡན་པར་ཤེས་པར་བྱའོ།། ད་ནི་སློབ་མས་ཇི་ལྟར་བླ་མ་ལ་མཆོད་པར་བྱ་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐོར་བའི་ཕྱིར་གསོལ་བ་གདབ་པར་བྱ་བའི་ཆོ་ག་དེ་གསུངས་པོ། ཕྱག་རྒྱ་ལྡན་ཞེས་པ་རྒྱན་ཐམས་ཅ་ཡོངས ་སུ་རྫོགས་པའི་ཕྱག་རྒྱ་དང་ལྡན་པའི་བློ་མ་ལ་མཆོད་པ་བྱས་ནས་འདིས་བསྟོད་དེ།། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཉེ་བར་ཞི་ཞེས་པ་ཉོན་མོངས་པའི་མེ་ཉེ་བར་ཞི་བས་ཞི་བ་ཆེན་པོའོ།། རྡོ་རྗེ་རྣལ་འབྱོར་ནི་ཐབས ་དང་ཤེས་རབ་ཀྱི་བདག་ཉིད་དབྱེར་མེད་པའོ།། དེ་ལ་གཅིག་ཏུ་བརྩོན་པ་ནི་དེའི་གཉི་སུ་མེད་པའི་སེམས་ཀྱིས་སོ།། ཕྱག་རྒྱ་རབ་བསྒྲུབ་བྱེད་ཅེས་པ་ནི་ཕྱག་རྒྱ་ཆེན་པོར་རྗེས་སུ་ཆགས་ཤིང་སྐྱེད་པར་བྱེད་པ་ཉིད་ཀྱིས་དབྱེར་མེད་པའོ།། ཇི་ལྟར་ཁྱོད ་ཅེས་པ་ཐབས་གང་གིས་བདག་ཉིད་ཆེན་པོ་ཁྱོད་དེ་མཐུ་ཆེན་པོར་གྱུར་པའོ།། བདག་ཀྱང་ཞེས་པ་ཐབས་དེ་ཕུན་སུམ་ཆོགས་པར་མཛོད་ཅིག་པའོ།། ཤ་ཆེན་པོ་ཞེས་པ་ནི་མཆོག་ཏུ་མང་བའོ།། ཕྱི་ནས་ཞེས་པ་ནི་སློབ་མས་མཆོག ་ཏུ་དགའ་བ་ཡང་དག་པར་ཐོབ་པར་རོ།། སྟོན་པ་ནི་བླ་མའོ།། བརྗོད་ཅེས་པ་ནི་ཅི་བརྗོད་ཅེས།། གཟུང་བར་གྱིས་ཞེས་པ་སྟེ་བརྟན་པས་ཡེ་ཤེས་ལ་འདི་ལྟར་དེ་ཁོ་ན་ཉིད་བརྟན་པར་གྱིས་ཞེས་པའོ།། དབང་བསྐུར་ནས་བྱ་ཞེས་པ་བྱ་བ་གང ་གིས་གནས་པར་བྱ་བ་སྟེ། དེའི་ཚིག་གང་ཡིན་པའོ།། དབང་བསྐུར་ནས་དེ་ཁོ་ན་ཉིད་གསལ་བར་བྱའོ།། ཞེས་པ་ནི་སློབ་དཔོན་ལ་སོགས་པ་དབང་བསྐུར་བ་གསུམ་བྱིན་ནས་བཞི་པ་གསུངས་པ་འདི་ཉིད་ཅེས་པ་ནི་གོང་ཁྱོད་ཀྱིས་ཤེས ་པར་བྱ་བ་སྟེ། དེ་ཉིད་ཐམས་ཅད་དུ་ཁྱབ་པར་བྱེད་པ་དང་། གཉིས་སུ་མེད་པ་དང་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དང་གཉིས་ཀྱི་གཟུགས་དང་མི་ལྡན་པའི་དེ་ཁོ་ན་ཉིད་དོ།། འདི་ཉིད་ཁྱོད་ཀྱིས་དཀྱིལ་འཁོར ་འཁོར་ལོའི་ཐབས་ཀྱིས་ཞེས་པ་ནི་མངོན་དུ་བྱོའོ་ཞེས་པའོ།། དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི་ཞེས་པ་ཐོས་ནས། དེའི་དོན་རྡོ་རྗེ་སྙིང་པོས་ཞུགས་པ། དཀྱིལ་འཁོར་འཁོར་ལོ་ཅི་ཞེས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དཀྱིལ་ནི་སྙིང་པོ་ཞེས་པ་སྟེ་དེ་ཉིད་སྙིང་པོའོ།། དེ་ཅི་སྙམ་པ་ལ། བྱང་ཆུབ་སེམས་ནི་བདེ་བ་ཆེན་པོ་ཞེས་པའོ།། དེ་ལྟར་དཀྱིལ་འཁོར་སྙིང་པོ་དེ་ལེན་པར་བྱེད་པ་ནི་ཐོབ་པར་བྱེད་པ་སྟེ། དེ་ནི་དཀྱིལ ་འཁོར་རོ།། དེ་ཉིད་འཁོར་ལོ་སྟེ་ཀྱེའི་རྡོ་རྗེའི་རྣལ་འབྱོར་མ་རྣམས་ཀྱིས་ཚོགས་འདུས་པའོ།། མཁའ་དབྱིངས་ཤེས་བྱ་ཞེས་པ་ནི་ན་མཁའི་ཁམས་རྣམ་པར་དག་པ་རྡོ་རྗེ་སེམས་དཔའི་རང་བཞིན་ནོ།། དེ་ཉིད་ཐམས་ཅད་དུ་ཡུལ་ལ་སོགས ་པ་རྣམ་པར་སྦྱོར་བ་ཞེས་པ་ནི་སྦྱོང་བར་བྱེད་པ་སྟེ། ཡུལ་ནི་གཟུགས་ལ་སོགས་པའི་སྐྱེ་མཆེད་རྣམསོ།། སོགས་པས་ནི་མིག་ལ་སོགས་པའི་སྟེ་མཆེད་དང་ཕུང་པོ་ལ་སོགས་པ་གཟུང་ངོ་།། རྡོ་རྗེ་སྙིང་པོས་གསོལ་པ། དབང་བསྐུར་ནས ་ཚིག་གང་གིས་གནས་པར་བགྱི་ཞེས་པའོ།། འདིར་ལན་དུ་འདིའི་དོན་གྱིས་སྲོག་ཆགས་ཞེས་བྱ་བ་ལ་སོགས་པའོ།། དོན་འདི་ཉིད་ངེས་པའི་དོན་གྱིས་གསལ་བར་བྱེད་པས་སེམས་གཅིག་ཅེས་པ་ནི་སྲོག་ཆགས་ནི་འདིར་རྣམ་པར་རྟོག ་པ་སྟེ། རྣམ་པར་རྟོག་པ་ཉེ་བར་ཞི་བ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སུ་སྲོག་ཆགས་ཉེ་བར་སྡུད་པ་ནི་གསོད་པ་སྟེ། སྲོག་ཆགས་ནི་སེམས་སོ།། གང་ཕྱིར་སྲོག་ཅེས་པ་ནི་སྲོག་ཆགས་ནི་འདིར་སེམས་ལས་མ་རྟོགས་པ་མེད་དེ། སེམས ་ཀྱང་སེམས་ཅན་ལ་སོགས་པ་རྣམ་པ་དུ་མས་རབ་ཏུ་འཇུག། དེ་བསྡུས་པ་ཉིད་བསད་པའོ།། འཇིག་རྟེན་བླ་མེད་བྱར་འདོད་པ་ཞེས་པ་བརྫུན་ཏེ། ངོ་བོ་ཉིད་ཀྱིས་དག་པ་ནི་སེམས་ཅན་རྣམས་སོ།། སེམས་ཅན་ན་མཁའ་དང་མཉམ་པས ་དེ་དག་ཇི་ལྟར་བསྒྲལ་ཏེ། དེ་ལྟར་ཡང་དེའི་ཕྱིར་ཡལ་བར་དོར་བ་མ་ཡིན་ཞེས་གསུངས་པ་ཡིན་པས་སེམས་ཅན་བླ་ན་མེད་པར་བྱ་བར་འདོད་པ་ཡིན་ནོ།། སྙིང་རྗེ་ལྡན་པས་བྱ་བ་ནི་སེམས་ཅན་ཡལ་བར་དོར་མི་བྱ། སེམས་ཅན་ཡོད་དང་མེད ་པ་ཞེས།། དེ་ལྟར་བརྟག་པར་བྱ་བ་མིན་ཞེས་སོ།། ཡུལ་ལ་སོགས་པ་རྣམས་སྦྱོང་བྱེད་ཅེས་གསུངས་པ་དེ་གསལ་བར་བྱ་བའི་ཕྱིར་ཞུས་པ། གང་ཡང་དེ་དག་ཅེས་པའོ།། འདི་རྣམས་སྦྱོང་བ་བསྟན་པར་བྱ་བའི་ཕྱིར་གསུངས་པ། རང་བཞིན ་གཟོད་ནས་སྐྱེ་བ་མེད་ཅེས་པའོ།། དེ་ཉིད་ཀྱིས་འདི་རྣམས་སྐྱེ་བ་མེད་དེ། གཟུགས་བརྙན་ལ་སོགས་པ་ལྟ་བུར་བདེན་པ་མི་ཡིན་བརྫུན་པ་མིན་ཞེསོ།། དེ་ནི་སྐྱེ་བ་མེད་པ་ཡང་རྟེན་ཅིང་འབྲེ་ལ་བར་འབྱུང་བ་ཉིད་དུ་སྟོན་པར་བྱེད་པ་ནི། གཙུབ ་ཤིང་ཞེས་པའོ།། དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མ་རྣམས་ཞེས་པ་ནི་དེ་ལྟར་ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པ་དང་རང་བཞིན་གྱིས་དག་པ་དང་། ལྷན་ཅིག་སྐྱེས་པ་ཙམ་དུ་མཆོག་ཏུ་གཞོལ་བ་དང་། བརྫུན་པ་མ་ཡིན ་པ་དང་། བདེན་པ་མ་ཡིན་པ་དང་། གཟོད་མ་ནས་ཞི་བའོ།། ཆོས་ཐམས་ཅད་འདི་ལྟར་བདག་མེད་པར་ཐོས་ནས་རྣལ་འབྱོར་མ་རྣམས་དགའ་སྟེ་བཅོམ་ལྡན་འདས་ལ་ཡང་དག་པར་མཉེས་པར་བྱེད་དོ།། བཅོམ་ལྡན་འདས་ཀྱང་མཉེས ་ནས་ཡང་དག་པར་གསུངས་པ། བཟའ་བཏུང་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་པའི་རྣལ་འབྱོར་པས་འདི་ལྟར་བྱ་སྟེ། དེ་ལ་བཟའ་བ་ཤ་ལྔ་ལ་སོགས་པ་དང་། བཏུང་བ་སྟེ་བྱང་ཆུབ་ཀྱི་སེམས ་ལས་སོགས་པའོ།། བགྲོད་བྱ་སྟེ་ཡུལ་ལས་བྱུང་བའི་བདེ་བའོ།། བགྲོད་མིན་ཏེ་ཡུལ་ལས་འདས་པའོ།། གཙང་སྦྲ་ནི་དག་པར་རྟོག་པ་སྟེ། ཆོས་དབྱིངས་སོ་རྟོག་པ་ལས་ལྷག་པའི་གཙང་སྦྲ་མི་འབྱེད་པའོ།། གྲོང་གི་ཆོས་ནི ་བདེ་བར་ཡང་དག་པར་ཤེས་ནས་སྤྲོ་བར་མི་བྱེད་པའོ།། སྔགས་ནི་ཡི་གེ་སོ་སོར་ངེས་པ་དང་མ་ངེས་པའི་རིམ་པས་སོ།། བསྟོད་པ་ནི་སྟེགས་ངེས་པའི་རིམ་པས་སོ།། གཉིད་ནི་རྣལ་འབྱོར་གྱི་གཉིད་དེ་སྦྱངས་པར་མི་བྱ་བའོ།། དེ་དང་དེའི་དབང ་པོའི་རྣམ་པར་དག་པ་གྲུབ་པའི་དབང་པོ་རྣམས་རང་གི་རྗེས་སུ་མཐུན་པར་ཡུལ་ལ་མྱང་བར་བྱེད་པས་དགག་པར་མི་བྱེད་དོ།། གྲོགས་པ་ལ་བྱམས་པ་ཞེས་བྱ་བ་ལ་སོགས་པས་རྗེ་སུ་ཆགས་པ་དང་ཁོང་ཁྲོ་བ་སྤང་པོ་གསུངས་སོ།། ལྷ་ནི ་དེ་བཞིན་གཤེགས་པའི།། ཕྱག་མི་བྱ་བ་ནི་དེ་དག་དང་བདག་བྱེ་བྲག་གི་བློ་མི་བསྐྱོད་པའོ་ཌོམྦི་ལ་སོགས་པ་ཡང་བདག་ཉིད་དཔལ་ཧེ་རུ་ཀའི་སྐུ་བཞིན་དུ་རིག་པའོ།། བུ་རམ་ནི་ཁྲག་གོ།། ཆང་ནི་རྐང་མར་རི།། དུག་ནི་ཞག་གི། ནིམ་པ་ནི ་པགས་པ་སྟེ། དེ་ཡང་བུ་བཙོས་པ་ལས་བྱུང་བའོ།། སྐྱུ་རུ་ར་ཡཾས་རླུང་སེལ་བྱེད།། མངར་ནི་མཁྲིས་པ་སེལ་བར་བྱེད།། བསྐབས་མིག་ནི་དག་པོ་ཡིན།། ཁ་བས་རིམས་ནི་འཇིག་པར་བྱེད།། ཚ་ཡིས་མེ་རུ་འགྱུར་བ་ཡིན།། ཆེ་བས་བང ་ཀན་འཇོམས་པར་བྱེད་ཅེས་སོ།། བདུད་རྩི་ལྔ་ཞེས་བྱ་བར་གསུངས་ཤེས་པ་དེའི་བཤད་པ་རུས་པ་ཞེས་བྱ་བ་ལ་སོགས་པ་སྟེ། རུས་པ་དོན་ཡོད་གྲུབ་པའོ།། ཆང་ནི་རྣམ་པར་སྣང་མཛད་དོ།། ཆུ་ནི་མི་བསྐྱོད་པ་ཞེས་བྱ།། ཁྲག་ནི་རིན ་ཆེན་འབྱུང་ལྡན་ནོ།། འདི་དག་བཅུད་ཀྱི་ལེན་རྣམས་ཏེ།། ནང་རྣམས་ཐམས་ཅད་འཇིག་པར་བྱེད།། ཐམས་ཅད་སྲུང་བར་བྱེད་པའི་གཙོ།། རྟོག་པ་ཐམས་ཅད་འཇོམས་བྱེད་པ།། སྔར་མ་གསུངས་པ་རྣམས་ཀྱི་རྣམ་པར་དག་པར་བྱ་བའི་ཕྱིར་ཞུས ་པ།། དབང་པོ་རྣམས་ཤེས་པའོ།། སྔར་བསྟན་པའི་དགོངས་པ་བསྣུན་པ་བཤད་པ་ཞུས་པ། དགོངས་པས་བཤད་པ་གསུངས་པ་ཅི་ཞེས་པ་ནི། དགོངས་པས་ཤེས་བྱ་བ་ལ་སོགས་པའོ།། རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱི་ཞུས་པ་ནི ་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བྷྲ་མ་ལས་མཱ་གསུངས་པས་སོ།། རིགས་ལྔ་ཞེས་པ་ནི་འདི་དག་རིགས་ལྔ་རྣམས་ཏེ་སངས་རྒྱས་ལྔའོ།། དེ་ཉིད་གསུངས་པ་གཡུང་མོ་ཞེས་པའོ།། ཁྱི་ཤ་འཚེད་མ་ནི་ཙཎ་ཌ་ལཱིའོ།། དམ ་ཚོག་གནཱ~ཾ་དཱི་པས་ཤེས་པ་ནི་ཉམས་པའོ།། རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ལེ་རུ་སྟེ་གསུམ་པའི་བཤད་པའོ།། ། ད་ནི་སྔར་གསུངས་པ་རྣམས་ཀྱི་བཤད་པའི་ལེརུ་གསུངས་པ། དེ་ནས་ཤེས་པའོ།། ཐེ་ཚོམ་སྐྱེས་པ་ནི་ཐེ་ཚོམ ་སྐྱེས་པ་ཉིད་ཀྱིས་ཡིད་མི་བདེ་བའོ།། གལ་ཏེ་དགའ་བས་གླུ་ལེན་ན།། དེ་ཚེ་རྡོ་རྗེ་མཆོག་ལྡན་པས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ། གླུ་དང་གར་དེ་ལ་རྡོ་རྗེ་དང་ལྡན་པ་ཅི།། རྡོ་རྗེ་རྐང་པའི་གར་ཛ་ལྟ་བུ་ཞེས་པ་དང་། ལྷ་དབང་བསྐུར ་བ་ཞེས་པ་ལྷ་དབང་བསྐུར་བའི་ལེའུ་རུ། གང་གི་ཕྱག་རྒྱ་གང་གིས་གདབཅེས་པ། གང་ལ་གང་གོས་གདབ་པར་བྱ་ཞེས་པའོ།། སྔགས་པ་ཏུ་བཞེས་པ་སྔགས་ཀྱི་ལེའུ་རུའོ།། དེ་ལ་གང་དང་གང་གི་སོ་བོན་ཞེས་བྱ་བའི་དོན་ཏོ། ་དེ་ལ་རྡོ་རྗེའི་གླུར་རེ་ཞིག་གསུངས་པ། ཀོལླ་ཨི་རེཊྛི་ཨ་ཞེས་པ་ཀོལླཥྚེ་ཌཱི་ནི་གནསོ།། དེ་ལ་གནས་པའི་བོ་ལའི་སྦྱོར་བས་པོ་ལ་ནི་རྣལ་འབྱོར་པའི་རྡོ་རྗེའོ།། མུམྦུ་ན་ཞེས་པ་ནི་ཞིང་མུམྨ་ནིར་རབ་གྲགས་ཞེསོ།། དེ་ལ་གནས ་པ་དེའི་སྦྱོར་བས་ཀཀྐོ་ལ་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིའོ།། གནས་ལ་སོགས་པ་ན་བཞུགས་པའི་རྣལ་འབྱོར་དང་རྣལ་འབྱོར་མ་རྣམས་སུ་འདུས་པར་གསུངས་སོ།། དེ་ལ་འདུས་པར་དེ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་རྗེ་སུ་མཐུན་པར་བྱ ་བཱ་གསུངས་པ། གྷ་ཎ་ཀྲི་པི་ཊ་ཧོ་བཛྫ་ཨི་ཞེས་པ་དེ་ལ། རྡེའུ་ཆུང་རྒྱུན་མི་འཆད་པར་བརྡུང་བར་བྱ་བ་སྟེ། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་གཽསུ་ངེས་པ། སྔོན་དུ་བྱ་སྟེ་གར་དང་གླུ་བྱཱ་བའི་དོན་ཏོ།། ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལླ་ཞེས་པོ་རྩོད་པར ་མི་བྱ་བ་སྟེ། དེར་ཕན་ཚུན་དུ་བྱམས་པར་བྱ་ཞིང་སེམས་ཅན་ཐི་མ་ས་ཙྪད་ལ་ཡང་སྙིང་རྗེ་བར་བྱའོ།། ཏ་ཧི་པ་ལ་ཁཛྫ་ཨི་ཞེས་པ་དེར་ཡང་ཤ་བཟའ་བར་བྱའོ།། གཱ་ཌྷེཾ་མ་ཨ་ཎཱ་པིཛྙེ་ཨི་ཨ་ཨི་ཞེས་པ་ཤིན་ཏུ་དགའ་བ་སྐྱེད་པར་བྱེད་པའི་ཆུང ་བཏུང་བར་བྱའོ།། ཧ་ལི་ཞེས་པ་རྣལ་འབྱོར་མ་རྣམས་ལ་བོད་པའོ།། ཀཱ་ལིཉྫ་ར་པ་ཎི་ཨཾ་ཨི་ཞེས་པ་དེར་སྐལ་བ་དང་ལྡན་པའི་རྣལ་འབྱོར་དང་རྣལ་འབྱོར་མ་རིགས་ལྔ་ལ་སོགས་པ་ནས་ཕྱུང་བ་བཞུགས་པར་བྱ་བའོ།། དུ་དུ་ར་བོདྡྷི་ཨ་ཨི ་ཞེས་པ་དུ་དྲོར་ནི་དབང་བསྐུར་ཞིང་ཐེ་ཚོམོ་དང་ལྡན་པ་སྟེ་ཕྱིར་སྤང་བར་བྱེ་བ་སྟེ་བཞུག་པར་མི་བྱའོ།། ཞུགས་པ་ཡང་ཕྱིར་དབྱུང་བར་བྱ་སྟེ། དེ་རྣམས་ཉིད་ཀྱི་ངན་འགྲོ་བསྲུང་བའི་ཕྱིར་རོ།། ཙ་ཨུ་ས་མ་ཀཙྪུ་རོ་སི་ཧླ་ཀབྷཱ་ར་ལྀ་ཨི་ཨཾ་ཨི་ཞེས ་བ་ནི་རིན་ཆེན་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་རྣམས་དེར་ཕྱི་དང་ནང་དུ་ལུས་ལ་བྱུག་པར་བྱའོ།། མཱ་ལ་ཨིནྡྲ་ན་སཱ་ལིཉྫ་ཏྭཱ་ཧཾ་བྷ་རཱ་ཁཱ་ཨི་ཨ་ཨི། ཞེས་པ་ཚོད་མ་རྣམས་དང་ཤ་ཆེན་ཁྱད་པར་གྱིས་དྭེར་བཟའ་བར་བྱའོ།། ཕྲེཾ་ཁཱ་ཎ ་ཁེ་ཊ་ཀ་རནྟེ་ཤུདྡྷ་ཤུདྡྷ་ན་མུ་ནི་ཨ་ཨི་ཞེས་པ་ཕན་ཚུན་དམ་ཚིག་བྱིན་ཏེ། ག་རཱ་ལ་སོགས་པས་འགྲོ་བ་དང་འོང་བར་བྱེད་ཅིང་འདི་དག་ནི་དག་པའོ།། འདི་དག་ནི་མ་དག་པའོ།། ཞེས་ཡིད་ལ་མི་བྱེད་པས་དམིགས་པ་མེད་པ་སྟེ། དེ་མིག ་པ་མེད་པའི་སྦྱོར་བས་ཐམས་ཅད་བྱ་ཞེས་བྱ་བའི་དོན་ཏོ།། ན་རཾ་ཤུ་ཨཾ་གཾ་ཙཱི་ཧ་ཊཱ་བཱི་ཏ་ཧི་ཛ་ཤ་རྱཱ་བཱ་བ་ཎཱི་ཨ་ཨི་ཞེས་པ་ལོ་དོར་ཡང་རུས་པའི་རྒྱན་ཡན་ལག་རྣམས་ལ་གདགས་སོ།། ཤཱ་རཱ་པ་ཞེས་པ་རཽ་སྱཻ་གཞུག་པར་བྱ་བའོ།། མ་ལ་ཨ་རྫི ་ཀུནྡུ་རུ་བ་ཊཱ་ཨཽ་ཞེས་པ་འདུས་པ་དེར་ཕན་ཚུན་དུ་བདེ་བ་ཆེན་པོའོ་རྒྱུའི་ཕྱིར་སྦྱོར་བར་བྱེད་པའོ།། ཌོམྦྷི་མ་ཏ་ཧི་ཎ་ཨ་བིཛྫི་ཨ་ཨི་ཞེས་པ་དེར་ཡང་སྦྱོར་བ་ལ་གཡུང་མོ་སྤང་བར་མི་བྱའོ།། ཡང་ན་ཀོལླ་ཨ་རོ་ཞེས་པ་ནི་མགོ་བོ་ལའོ།། ཧྲི་ཨ ་ནི་གནས་པའོ།། བོ་ལ་ནི་རྡོ་རྗེ་འཛིན་པ་གཞིམ་དུ་མེད་པའོ།། མུརྒྷཾན་རྔོ་ནི་ལྟེ་བའི་པདྨར་རོ།། ཀཀྐོ་ལ་ནི་ཤེས་རབ་བོ།། ད་ལ་གྷ་ཎ་ཞེས་པ་ནི་རྒྱུན་ཏུ་དགའ་བྲལ་མེད་པའོ།། ཀྲཱི་བྷིནྣ་ཧཱུ~ཾ་ནི་གཞོམ་དུ་མེད་པའོ།། བཛྫ་ཨི་ཞེས་པ་ནི་ཆར་འབ ་པའོ།། ཀ་རུ་ཎེ་ཞེས་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སོ།། ཀི་ཨོཾ་ཨི་ན་རལླ་ཞེས་པ་ནི་རྣམ་པར་རྟོག་པས་རྩོད་པ་མི་བྱ་བའོ།། ཡང་ན་ཀ་རུ་ཎི་ཞེས་པ་ནི་བདེ་འ་ཆེན་པོའི་རྒྱུས་སོ།། ཀི་ཨ་ཨི་ན་རོལླ་ཞེས་པ་ནི་ཐབས་དང་ཤེས་རབ་དག་གི ་གཡུལ་འཐབ་པའོ།། ཏ་ཧི་ནི་དེར་ཆར་འབབ་པ་ནའོ།། པ་ལ་ཁཛྫ་ཨི་ཞེས་པ་ནི་ཤ་ནི་ཐ་མལ་པའི་ཤ་རྣམས་བཟའ་བར་བྱེད་པ་སྟེ། སྨང་བ་མེད་པར་བྱེད་པའོ།། གྷ་ཌྷོ་ཞེས་པ་ནི་ཤིན་ཏུའོ།། མ་ཨ་ཎཱ་ཞེས་པ་ནི ་སྙིང་རྗེའི་རོའོ།། བིཛྫ་ཨི་ཨ་ཨི་ནི་འཐུང་བར་བྱེད་པ་སྟེ་བདག་ཉིད་དང་བཅས་པར་བྱེད་པའོ།། ཧ་ལིཾ་ཀཱ་ལིཉྫ་ར་ཞེས་པ་ནཱི་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་བིདེ་བ་ཆེན་པོའོ།། པ་ཎི་ཨ་ཨི་ཞེས་པ་ནི་དེའི་ནང་དུ་བསྒོམ་པར་བྱའོ།། དུ་དུར ་ཞེས་པ་ནི་རྣམ་པར་རྟོག་པའོ།། བིཛྫ་ཨ་ཨི་ཞེས་པ་ནི་ཐམས་ཅད་སྤང་བར་བྱའོ།། ཙ་ཨུ་ས་མ་ཞེས་པ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་བདེ་བ་ཆེན་པོ་ཉིད་ལ་ལྷན་ཅིག་སྐྱེས་པ་གཉིས ་སུ་མེད་པའི་ཡེ་ཤེས་སུ་བཞུགས་པའོ།། མཱ་ལ་ཨི་ཞེས་བྱ་བ་ལ་སོགས་པ་ནི་སའོ།། ལ་ཨི་ནི་ཆུའོ།། ཨིན་དྷ་ན་ནི་མེའོ།། སཱ་ལི་ཨི་ཏ་ཧི་ནི་རླུང་ངོ་།། བྷ་རུ་ཁཱ་ཨི་ཨ་ཨི་ཞེས་པ་ནི་འདིའི་དོན་ནི་ཤིན་ཏུ་སྣང་བ་མེད་པར་བྱེད་པའོ།། པྲེ ་ཀྵ་ཎ་ཁེ་ཊ་ཀ་རནྡ་ཏྲཾ་ཞེས་པ་ནི་ཤེས་རབ་ཀྱིས་འགྲོ་བ་དང་འོང་བར་བྱེད་པ་ནའོ།། ཤུདྡྷ་ཤུད་དྷ་ཞེས་བྱ་བ་ལ་སོགས་པ་ནི་དག་པ་དང་མ་དག་པ་ལ་སོགས་པ་ཡིད་ལ་བྱེད་པ་མེད་དེ་བདེ་བ་ཆེན་པོར་མཆོག་ཏུ་རྩེ་གཅིག་པ་ཉིད་དོ།། ནི་རང ་ཤུ་ནི་བྱང་ཆུབ་ཀྱི་སེམས་དཀར་པོ་ཆ་ཤས་དང་བྲལ་བའོ།། ཨཾ་ག་ཙ་ཧ་ཌཱ་བི་ཏ་ཧི་ཞེས་པ་ནི་ཡན་ལོག་རྣམས་ལ་བཞག་པའོ།། ས་རཱ་ཨ་པ་ཎཱི་ཨ་ཨི་ཞེས་པ་ནི་དེ་ཉིད་ལུས་ཐམས་ཅད་དུ་ཁྱབ་པར་བྱེད་པས་གཞུག་པར་བྱ་སྟེ་སྤྲོ་བར ་བྱའོ།། མ་ལ་ཨ་ཛ་ཀུནྡྷ་རུ་བ་ཊཱ་ཨི་ཞེས་པ་ནི་རྣལ་འབྱོར་པ་རྣམས་འདུས་པ་དེར་ཐབས་དང་ཤེས་རབ་བདག་གི་ཡང་དག་པར་སྦྱོར་བས་སྦྱོར་བར་བྱའོ།། དེར་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་ན། ཌོ་མ་བི་མ་ཏ་ཧཱི་ཎ་ཨ་བིཛྫ་ཨཱ་ཨི ་ཞེས་པ་ཡེ་ཤེས་ཀྱིས་རིག་ཏུ་མེད་དེ་རྣམ་པར་རྟོག་པ་ལ་སོགས་པ་རྣམས་ཀྱིས་རེག་པར་མི་ནུས་པས་རེག་པར་བྱ་བ་མ་ཡིན་པ་ལྷན་ཅིག་སྐྱེས་པའི་བདེ་བའོ།། འདིས་ཡང་དབང་བསྐུར་བའི་དོན་གསུངས་པ་ནི། ཡང་ན་ཀཽ་ལླ ་ཨི་རོ་ཐི་ཨ་ནི་ལྟེ་བའི་ལྐོག་ནའོ།། བོ་ལ་ནི་རྡོ་རྗེའི། མུམྨ་ཎེ་རཱི་ཞེས་པ་ནི་ལྟེ་བའི་ལྐོག་ནའོ།། ཀཀྐོ་པ་རི་བརྨའོ།། པདྨ་དེ་ལ་རྡོ་རྗེའི་རང་བཞིན་ཀྲི་བའི་ཙཱ་སྟེ་བརྡུང་བ་ནི་བསྐྱོད་པའོ།། ཀ་རུ་ཎཾ་ཞེས་བྱ་བ་ནི་བོདེ་བ་ཆེན་པོ་འབྱུང་བསོ།། ་རོལླི་ནི་རྩོད་པ་མི་བྱེད་ཅིང་བརྟན་པས་རྒྱུན་དུ་བདེ་བའི་མཚོ་ག་ཉིད་དོ།། དེར་བ་ལ་ནི་རྣམ་པར་རྟོག་པའོ།། ཟ་བ་འམ་འབྱུང་བའི་དོན་གྱིས་པ་ལ་བཟའ་བ་དང་། ཆང་ཡང་བཏུང་བའོ།། ཀཱ་ལིཉྫ་ར་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ ་ཉེ་བར་བརྟག་པས་གཞུག་པར་བྱའོ།། དུ་དུ་ར་ཞེས་པ་ནི་དགའ་བྲལ་ཏེ་དེ་ཡང་སྤང་བར་བྱ་བའོ།། སྐྱེ་གནས་ནང་གི་རྩ་གཉིས་ནི།། གཡོན་དང་དེ་བཞིན་གཡས་པ་ལས།། གཡོན་ནས་ཁུ་བ་འབྱུང་བ་སྟེ། གཡས་པོ་ལས་ནི་ཁྲག་ཉིད ་ཀྱང་།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་རྩ།། གཡོན་དུ་ཡང་དག་སྤྱད་པར་བྱ།། སོར་མ་ཡིས་ནི་ཅུང་ཟད་བསྐུལ།། ཕྱིར་ཡང་ལྕེ་ཡི་ཐུར་མསོ།། རྩ་ཡི་ཁ་ནི་བྱེ་གྱུར་ནས།། མཆོག་ཏུ་ཤིན་ཏུ་དགའ་བ་འབྱུང་།། ཅུང་ཟད་སྔགས་པའི ་རྡོ་རྗེ་ཡིས།། ནང་དང་ནང་དུ་བསྐྱོད་པར་བྱ།། ཕཊ་ནི་ནོར་བུའི་ནང་བཞག་ནས།། ཡིད་ལས་བྱུང་བ་དགག་པར་བྱ།། བྱང་ཆུབ་སེམས་ནི་མ་ཤོར་བས།། སྐད་ཅིག་བདེ་མཆོག་འབྱུང་བར་འགྱུར།། མ་ལུས་དེ་ཡི་རང་བཞིན ་ཆད་པ་མེད་པར་སྣང་བ་ནི།། ངེས་པར་ཁྱབ་ཅིང་བདེ་ཞི་བ།། དམ་པའི་གོ་འཕང་ཐོབ་པར་བྱེད།། བྱང་ཆུབ་སེམས་ནི་ཤོར་བ་ཡིས།། བརྒྱལ་ཏེ་རྙེད་པར་འགྱུར་མ་ཡིན། ཞེས་བྱ་བའི་ཐབས་འདིས་སྐལ་བ་མེད་པ་བློ་དང་ལྡན་པས་སྲུང ་བར་བྱའོ།། ཙ་ཨུས་མ་ཞེས་བྱ་བ་ལ་སོགས་པའི་དོན་འདི་ཡང་སྔ་མ་བཞིན་དུ་སྦྱར་བར་བྱའོ།། །། ད་ནི་འདུས་པ་དེ་ཉིད་དུ་གར་བྱ་བ་གསུངས་པ། གར་ནི་ཧེ་རུ་ཀའི་གཟུགས་ཀྱིས་ཤེས་པ་ནི་ཀྱེའི་རྡོ་རྗེའི་ང་རྒྱལ ་གྱིས་སོ།། རྡོ་རྗེ་ཆོས་ཤེས་པ་ནི་གསུང་རྡོ་རྗེའི་བདག་ཉིད་ཀྱིས་གླུ་བླང་བའམ། གཾ་སུང་རྡོ་རྗེ་རྣལ་འབྱོར་པས་གླུ་བྱུང་བར་བྱའོ།། སངས་རྒྱས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་གར་གྱི་བདག་ཉིད་ཀྱིས་སམ། སྐུ་རྡོ་རྗེའི་རྣལ་འབྱོར་པས ་གར་བྱའོ།། མ་མོ་རྣལ་འབྱོར་མ་རྣམས་ཀྱིས་ཤེས་པ་མ་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་སམ། གཽ་རཱི་ལ་སོགས་པ་རྣམས་ཀྱིས་ལྷན་ཅིག་བསྐོར་བས་སོ།། ཚོགས་ཀྱི་བདག་པོས་ཞེས་པ་ནི་ཚོགས་ཀྱི་གཙོ་བོ་དཔལ་ཧེ ་རུ་ཀ་རྡོ་རྗེས་མདུན་དུ་བྱ་བའོ།། དེར་བྱིན་གྱིས་བརླབས་ཀྱི་མཚན་མ་གསུངས་པ་དེ་ལ་དྲི་ཞེས་པའོ།། ད་ནི་ཕྱག་རྒྱ་རྣམས་ལ་ཞུས་པའི་ལན་གསུངས་པ། ཕྱག་རྒྱ་རྣམས་ཤེས་པའོ།། ཕྱག་རྒྱ་ལ་སོགས་པའི་སྒྲའི་དོན་གཅིག། ་ཕྱག་རྒྱ་མཚན་པས་གང་དང་གང་གིས་རིགས་དེ་བརྟག་པར་བྱའོ།། ཕྱག་རྒྱ་འཆོལ་བས་ཤེས་པ་རིགས་འཁྲུགས་པར་བསྒོམས་པས་དངོས་གྲུབ་མི་ཐོབ་བོ།། རིགས་ཡོངས་སུ་མ་ཤེས་པའི་སྒྲུབ་པ་པོས་ཀྱང་མ་ཡིན་ནོ།། ས་བོན་ཅི་ཞེས་བྱ ་བོ་ལ་སོགས་པ་ཞུས་པའི་ལན་གསུངས་པ། ཨཱ་ལི་ཞེས་པ་སྟེ། ཨཱ་ལི་དང་པོ་ནི་ཨའོ།། གཉིས་པ་ལ་སོགས་པའི་རིམ་པས་ཨཱ་ལ་སོགས་པའོ།། རིགས་ཀྱི་ལེའུ་ལས་གང་བཤ་ད་པ་ཞེས་བྱ་བ་ལ་སོགས་པ་ཞུས་པའི་ལན ་རིགས་ཀྱི་ལེའུ་ཞེས་པའོ།། བདག་མེད་མའི་ཁྱད་པར་གྱིས་གསུངས་པ། ལ་ལ་ནཱ་དང་ར་ས་ནཱ་དང་ཨ་བ་དྷཱུ་ཏཱི་རྩཝ་གསུམ་གྱི་གཙོ་བོ་བདགེ་མེད་མའོ།། འོ་ན་དེ་ལྟ་ན་ཡང་ཐམས་ཅད་མ་བསྡུས་པ་ཉིད་དེ། བདུད་འཇོམས་པར་བྱེད་པའི་རྣམ ་པར་དག་པའི་རྣལ་འབྱོར་མ་རྣམས་ལས་མ་གསུངས་པ་དང་། ཨཱ་ལིའི་གཟུགས་ཅན་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་དང་། བཅུ་དྲུག་གི་ཆའི་རང་བཞིན་གྱི་ས་བོན་མ་གསུངས་པས་སོ་སྙོམ་པ་ལ་གསུངས་པ། ཀུན་གྱི་མཐོའ་མ་ཞེས ་པའོ།། གང་གི་ཕྱིར་སྙོམ་པ་ལ། གང་ཕྱིར་བཅུ་དྲུག་ཆུ་མེད་པས་ཞེས་གསུངས་སོ།། གང་གི་ཕྱིར་རྒྱུའི་བྱ་བ་མི་བྱེད་པ་དང་། ཆ་མེད་སྙམ་པ་ལ་གསུངས་པ། གང་གི་ཕྱིར་དོན་གྱི་བྱ་བ་མི་བྱེད་པས་སོ།། འདིའི་དོན་ཆ་ཡང་ཆ་མེད ་པ་དང་། དོན་གྱི་བྱ་བ་སྦྱོར་བ་མེད་པ་སྟེ། དེ་ཆོས་ཀྱི་དབྱིངས་ཀྱི་རིན་གྱིས་སོ།། ལྷ་མོ་ཐམས་ཅད་ཀྱི་རྣམ་པར་དག་པའི་རང་བཞིན་རྣལ་འབྱོར་མ་བཅོ་ལྔ་བསྒོམས་པས་དེའི་གནས་སྐབས་སུ་འདུས་པ་ཡིན་པ་དང་། དོན་གྱི་བྱ་བ་མི ་བྱེད་པ་དང་། གླང་དུ་ཅིའི་ཕྱིར་བསྒོམས་པ་ཡང་དོན་གྱི་བྱ་བ་ནི་བསྒྲུབ་བྱ་དེ་ཉིད་ཡིན་ནོ།། ད་ནི་དགོངས་པ་དང་བཅས་པ་རྡོ་རྗེ་སྙིང་པོས་ཞུ་བར་བྱེད་པ་སྟེ། ག་པུར་ནི་བྱང་ཆུབ་ཀྱི་སེམས། ངེས་པར་ཅིས་མ ་འབྱུང་ཞེས་པ། ངེས་པའི་སྒྲ་ནི་བཟོད་པ་མ་ཡིན་པ་སྟེ་ཙོས་མི་འབྱུང་སྟེ། འོན་ཀྱང་གོང་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱིསོ།། དེ་ལ་རྣལ་འབྱོར་མ་རྣམས་ཡང་དག་འབྱུང་ཞེས་པ་རྣལ ་འབྱོར་མ་རྣམས་སྐྱེད་པར་བྱེད་པ་ནི་མྱ་ངན་ལས་འདས་པའོ།། དེ་ལས་བྱུང་བ་ཀུན་རྫོབ་ཀྱི་རང་བཞིན་ནོ།། དེ་ཉིད་གསུངས་པ། ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས་ཞེས་པ་དང་། ཟད་པ་མེད་པ་ནི་མི་འཇིག་པའོ།། རྒྱས་པ་ཞེས་པ་ནི་རྒྱུན ་རྒྱས་པའོ།། ན་མཁའ་ནི་བྱི་གདོང་མོར་འོངས་པ་སྟེ་པདྨར་གནས་པའོ།། འདིར་དེ་བཞིན་ཉིད་དུ་བཅོམ་ལྡན་འདས་ཀྱིས་ལྡན་བཀའ་སྩལ་པ། དེ་ཉིད་ཀྱིས་དེ་ལྟར་ཏེ་དེ་བས་ངེས་པ་མི་སྤང་བ་ཉིད་དུ་བསྐྱེད་པར་བྱ་བ་ཉིད་དོ།། གང་བསྐྱེད་པར ་བྱ་བ་བཞུས་པ། གང་གིས་ཤེས་པའོ།། འདིར་ལན་དུ་དཀྱིལ་འཁོར་འཁོར་ལོ་ཞེས་པ་སྟེ། དཀྱིལ་འཁོར་འཁོར་ལོ་ལ་སོགས་པས་བསྐྱེད་པ་དང་རྫོགས་པའི་རིམ་པས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱའོ།། སོགས ་པའི་སྒྲས་ནང་གི་སྦྱོར་བས་སོ།། བདག་བྱིན་གྱིས་བརླབས་པས་ཤེས་པ་དང་ཐབས་དང་ཤེས་རབ་ཀྱི་སྦྱོར་བས་ལས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབས་ནས་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བའོ།། གཉི་གའི་རང་བཞིན ་གསུངས་པ་ཀུན་རྫོབ་ཅེས་པའོ།། གཉི་གའི་ཡང་བཙུན་མོའི་པདྨར་ཞེས་པ་ཤེས་རབ་ཀྱི་པདྨར་བསྐྱེད་པར་བྱའོ།། འདི་ཉིད་ལྟར་ནི་མྱ་ངན་འདས་ཤེས་པ་འདི་ཉིད་ལྟར་མྱ་ངན་འདས་ཏེ་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་ལྷན་ཅིག་སྐྱེས་པའི་རང་བཞིན ་ནོ།། དེ་ལྟར་ཡོངས་སུ་མ་ཤེས་པས་འཁོར་བའོ།། འཁོར་བ་སྤངས་ཏེ་གཞན་དུ་ནི།། མྱ་ངན་འདས་པ་ཤེས་མི་འགྱུར་ཞེས་པ་ནི་ཐོབ་པར་རོ།། འཁོར་བ་ཉིད་ཡོངས་སུ་ཤེས་པ་ཉིད་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ།། འཁོར་བ ་གང་ཡོངས་སུ་ཤེས་ནས་མྱ་ངན་ལས་འདས་པ་ཡིན་སྙམ་པ་ལ། འཁོར་བ་གཟུགས་དང་སྒྲ་ལ་སོགས་ཤེས་པའོ།། རྨོངས་པ་ནི་རང་བཞིན་ཡོངས་སུ་མ་ཤེས་པའོ།། མ་རྨོངས་པོ་ནི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའོ།། འཁོར་བ་དག ་པས་ཤེས་པ་འཁོར་བ་རྣམ་པར་དག་པ་ནི་ཐ་སྙད་དམ་འདོད་པས་སྐྱེ་བ་ལ་སོགས་པ་ཡོངས་སུ་འཛིན་པར་མཛད་པ་ཡང་དེའི་འཁོར་བ་སྟེ་གཟུགས་ལ་སོགས་པའོ།། གང་གི་ཕྱིར་མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པའི་འབྲས་བུ་འབྱུང ་བར་བྱེད་པའོ།། མྱ་ངན་ལས་འདས་པ་ཉིད་ཅི་ཉན་ཐོས་ལ་སོགས་པ་ལྟ་བུ་ཡིན་ནམ་སྙམ་པ་ལ་མ་ཡིན་ཏེ་གསུངས་པ། བྱང་ཆུབ་སེམས་ནི་མྱ་ངན་འདས་ཤེས་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་གནས ་སྐ་འདིར་འཇུག་པོ་མེད་ཉིད་འདིར་མྱ་ངན་ལས་འདས་པ་སྟེ་གཞན་མ་ཡིན་ཞེས་བྱ་བའི་དོན་ཏོ།། ད་ནི་མྱ་ངན་ལས་འདས་པའི་རྒྱུ་ཀུནི་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ་གསུངས་པོ་བཞིན་མཛེས་ཞེས་བྱ་བའོ།། དེ་ལ་སྦྱོར་བ་ལ་བྱུང་བའི ་ཞེས་པ་དེ་ལ་ཐབས་དང་ཤེས་རབ་གཉིས་མེད་པའི་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་གང་ཡིན་པ་ནཱི་ག་པུར་ཏཱ། མི་སྤང་བ་ནི་ཀུན་རྫོབ་བླང་བ་དང་། མྱ་ངན་ལས་འདས་པ་བརྟག་པར་བྱ་བས་ཞེས་བྱ་བའི་དོན ་ཏོ།། དེ་ལ་ཀུན་རྫོབ་བླང་བའི་ཆོ་ག་གསུངས་པ། ལག་པ་མ་ཡིན་ཞེས་པའོ།། བཟློག་པས་ཞེས་པོ་ནི་བསྲུང་བའི་ཕྱིར་རོ།། སྟོབས་ནི་ནུས་པའོ།། ད་ནི་མྱ་ངན་ལས་འདས་པ་འབར་ཞིག་གི་མཚན་ཉིད་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས ་པ་བསྟན་པའི་རིམ་པ་གསུངས་པ། གཾ་པུར་ནི་བྱང་ཆུབ་ཀྱི་སེམས་སོ།། བདག་མེད་མ་ནི་ཨ་བ་དྷཱུ་ཏཱི་སྟེ། དེ་ལསཽ་སྐྱེས་པའི་བདེ་བ་ཡང་བདག་མེད་མོ་སྟེ་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་བདེ་བེ་དེ་ཕྱག་རྒྱ་ཆེན་པོ་སྟེ། དེ་ཉིད་ཤིན ་ཏུ་གསལ་བར་གྱུར་པ་གང་ཡིན་པ་བདེ་བ་ཆེན་པོ་དེའི་རང་བཞིན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ།། དེ་གང་དུ་གནས་སྙོམ་པ་ལ། གསུངས་པ། ལྟེ་བའི་དཀྱིལ་འཁོར་ཉིད་དུ་ཞེས་པ་སྟེ། བདེ་བ་ཆེན་པོའི་པདྨའི་ལྟེ་བའི་དཀྱིལ་འཁོར་དེར་བདེ་བ ་ཆེན་པོའི་སྙིང་པོ་སྡུད་པར་བྱེད་པ་གཞོམ་དུ་མེད་པའི་ཚུལ་གྱིས་དེར་གནས་སོ།། དེ་ལ་འཁྱུད་པ་དེརི་རང་བཞིན་གྱིས་གནས་པ་དེ་ལས་བྱུང་བ་ཡང་དང་པོའི་དབྱངས་ཡག་རང་བཞིན་ཏེ་ཞེས་པ་ཨའི་རང་བཞིན་གྱི་དང་སྐྱེ་བ་མེད་པའི་རང ་བཞིན་གྱིས་ཐམས་ཅད་ཀྱི་རྒྱུད་ཉིད་དེ་དང་དེའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། དེ་ཉིད་བློར་ནི་སངས་རྒྱས་རྣམས་ཀྱིས་བརྟགས་ཞེས་པ་ནི་བརྗོད་པ་སྟེ། རང་རིག་པའི་བདག་ཉིད་ཆེན་པོ་ཉིད་དོ།། དེ་ཉིད་རང་གི་ཤེས་རབ་དང་དེ་ཉིད ་བཅོམ་ལྡན་འདས་མ་སྟེ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་སྦྱོར་བ་དང་། ཉོན་མོངས་པ་ལ་སོགས་པའི་ཡོན་ཏན་སྦྱོར་བ་དང་། ཉོན་མོངས་པ་ལ་སོགས་པའི་བདུད་འཇོམས་པའོ།། དེ་ལ་རྣལ་འབྱོར་པས་བསྐྱེད་བྱ་ཞེས་པ་དེ་དང་དེའི་རུང ་བཞིན་ཉིད་ཐམས་ཅད་ཀྱི་རྒྱུ་ཉིད་དོ།། ཐམས་ཅད་ཀྱི་རྒྱུ་ཉིད་དེ་མ་དེས་བཅིངས་པས་སམ་དེ་ཡིན་པས་སོ།། རྣལ་འབྱོར་པས་བསྐྱེད་པར་བྱ་བ་ཡིན་པས་ཞེས་པ་ནི་རྫོགས་པར་བྱའོ།། རྫོགས་པའང་དེ་ཉིད་ཀྱི་བདེ་བ་མི་འཇིག་པས་སྤྱད་པར་བྱ་བའོ།། ་དེ་ཉིད་ཀྱི་ཕྱིར་ཡང་ཤེས་རབ་ཀྱི་གཟུགས་ལ་སོགས་པ་དང་ཆོས་ཀྱི་དབྱིངས་ཀྱི་ཚུལ་གྱིས་རྣལ་འབྱོར་པ་དཔྱོད་པར་བྱེད་དོ།། དེ་ཉིད་ཡང་དཀྱིལ་འཁོར་འཁོར་ལོའི་དབང་པོ་དང་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་ཐམས་ཅད་སྡུད་པར ་བྱེད་པ་ཉིད་དོ།། དེ་ཉིད་ཡང་ཡེ་ཤེས་ལྔའི་རང་བཞིན་གྱིསོ།། ཇི་ལྟར་སྙམ་པོ་ལ་གསུངས་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཏེ། ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུའི་ཡེ་ཤེས་ལ་སོགས་པ་འབྱུང་བའི་རྒྱུ་ཉིད་དོ།། དེ་ཉིད་ཡང་ཆོས ་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་བདེ་བ་ཆེན་པོའི་ཚུལ་གྱིས་ཁྱབ་པར་བྱེད་པ་འམ་སྡུད་པར་བྱེད་པས་སོ།། དེ་ཉིད་ཡང་རང་རིག་པ་གཉིསུ་མེད་པ་བདེ་བ་ཆེན་པོའི་ཚུལ་ལས་ཡང་དག་པར་འཐུང་བ་སོ་སོར་རྟོག་པ་སྟེ། འདི་ལས་ལྷག ་པར་ཡང་དག་པར་གྱུར་པ་ཡོད་པ་མ་ཡིན་ནོ།། དེ་ཉིད་ཡང་བྱ་བ་སྒྲིབ་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྒྲུབ་པ་དེ་ལས་བྱུང་བས་འགྲོ་བའི་དོན་བྱེད་པའི་ཕྱིར་རམ། སེམས་ཅན་རྣམས་དེའི་རང་བཞིན་ཉིད་ཀྱིས་དབྱེར་མེད་པར་རྟོགས ་པར་བྱ།། དེ་ཉིད་ཡང་རྡོ་རྗེ་སེམས་དཔའི་ཚུལ་གྱིས་དྲི་མ་མེད་པ་དང་། སྒྱུ་མའི་རང་བཞིན་བདེ་བ་ཆེན་པོའི་ཚུལ་ཉིད་དེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་དེ་ཐམས་ཅད་ཀྱི་བདག་པོ་ཉིད་དོ།། དེ་ཉིད་ཀྱིས་གསུངས་པའི་ཆོས ་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཞེས་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ།། ཆོས་ཀྱི་དབྱིངས་ཤེས་པ་ཆོས་ཀྱི་དབྱིངས་སྙིང་པོ་དང་། བདག་མེད་པ་དང་། ཡང་དག་པའི་མཐའ་དང་། སྟོང་པ་ཉིད་དང་། དེའི་དོན་དམ་པའི་རང ་བཞིན་ནོ།། ད་ནཱི་རྡོ་རྗེ་རིགས་ཀྱི་ལེའུ་ལུས་བསྟན་པའི་སྡོམ་པ་བཤོད་པའི་ཕྱིར་རྡོ་རྗེ་སྙིང་པོས་ཞུས་པ། འཁོར་ལོ་ཞེས་པའོ།། རྣལ་འབྱོར་མའི་ལུས་དབུས་གནས་པ་ཞེས་པ་ནི་དེ་ཉིད་བདག་མེད་རྣལ་འབྱོར་མའི་ས་བོན་ཨ་ལུས་ཀྱི་དབུས ་ན་གནས་པ་དེ་ཉིད་སྡོམ་པ་སྟེ། ཕྱི་རོལ་གྱི་ཚུལ་སྦེད་པར་བྱེད་པ་དེ་ཉིད་ཀྱིས་གསུངས་པ། ཇི་ལྟར་ཕྱི་རོབ་དེ་ལྟར་ནང་ཞེས་བྱ་སྟེ། གང་ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཨ་དེ་ཡོངས་སུ་གྱུར་པ་ལས་བདག་མེད་མ་སྟེ། དེ་ཉིད་ཀྱི ་རྣམ་པར་དག་པ་ལུས་ཀྱི་དབུས་ནའོ།། ཡང་ན་ཕྱི་དང་ནང་གི་ཆོས་ཐམས་ཅད་རྣམ་པ་མང་བས་དེའི་ཕྱིར་སྤྱད་པར་བྱེད་པས་སྡོམ་པའོ།། རྡོ་རྗེའི་བདེ་བ་ཞེས་པ་རྡོ་རྗེའི་ཐབས་ཀྱིས་ལྷན་ཅིག་ཏུ་སྦྱོར་བ་ན་བདེ་བ་འབྱུང་བ་གང་ཡིན ་པ་དེ་རྡོ་རྗེའི་བདེ་བ་སྟེ། ཕྱག་རྒྱ་ཆེན་པོ་ཡང་དག་པར་ཤེས་རབ་བོ།། རྡོ་རྗེའི་སྐྱེ་མཆེད་ཅེས་པ་རྡོ་རྗེ་ན་གྱི་འི་རྡོ་རྗེ་སྟེ། དེའི་སྐྱེ་མཆེད་ནི་བསྐྱེད་པའི་གནས་ཀྱི་ས་བིན་ཏེ་ཐབ་སོ།། འདིས་ནི་གསོང་བའི་ཞེས་པ་ནི་གསང་བ་དག ་ཏུ་སྟེ། ཐབས་དང་ཤེས་རབ་དག་སྙོམས་པར་འཇུག་པསོ།། ཕྱི་རོལ་གཉིས་གཉིས་ཞེས་པ་ནི་ཕྱིའི་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བ་མི་སྟོང་སྟེ། སྒྲུབ་བྱ་ཉེ་བར་མཚོན་པ་ཙམ་གྱིས་ཐབས་ཉིད་ཀྱིས་སྟོན་པར་བྱེད་པ་མེད་ཅེས ་བྱ་བའི་དོན་ཏོ།། ད་ནི་སྐུ་བཞི་བསྡུ་བ་གསུངས་པ་སྐུ་གསུམ་ཞེས་པའོ།། སྐུ་གསུམ་ཡོངས་སུ་ཤེས་པ་ནི་ཞེས་པ་སྐུ་གསུམ་དབྱེར་མེད་པའི་རང་བཞིན་གང་ཡིན་པ། སྐུ་གསུམ་གྱི་འབྲས་བུ་བདེ་བ་ཆེན་པོའི་འཁོར་ལོའི་སྐུའོ།། སྐྱེ ་གནས་ཞེས་པ་ནི་སྐྱེ་གནས་དང་ཉེ་བ་ཉིད་དོ།། སེམས་ཅན་དག་ནི་མ་ལུས་རྣམས།། སྐྱེ་གནས་གང་དུ་སྐྱེ་བ་ནི་ཞེས་པའོ།། དེ་རོ་ཞེས་པ་ནི་དེ་དང་ཉེ་བ་ནའོ།། ད་ནི་འབྲས་བུ་རྣམ་པར་བཞག་པས་གསུངས་པ། ཨེ་བཾ་ནི་སྦྲེལ་པའི ་འཁོར་ལོ་སྟེ་རྒྱུ་མཐུན་པའོ།། འབྲས་བུ་རྣམས་ཀྱི་དོན་གསུངས་པ། ལུས་སྤྱོད་ཅེས་པའོ།། ལུས་ཀྱི་འབྲས་བུ་ལ་སྤྱོད་པར་བྱེད་པ་ཇི་ལྟར་ལས་ཀྱི་འབྲས་བུ་ལ་སྤྱོད་ཅེས་ན། གསུངས་པ་ཇི་ལྟར་བྱས་པ་དེ་ལྟར་སྤྱོད་ཅེས་པ་སྟེ། བསྐུལ ་བ་ལ་སོགས་པ་ལོས་ཀྱི་རྗེས་མེ་ཐུན་པར་འབྲས་བུ་སྤྱོད་ཅེས་བྱ་བའི་དོན་ཏོ།། རྣམ་པར་སྨིན་པ་ནི་དེ་ལས་བཟློག་པསོ།། ཆོས་ཀྱི་འཁོར་ལོ་ལེས་ཅུང་ཟང་ཡིནྡ་ཡང་ལས་ཀྱི་འབྲས་བུ་ཆེན་པོ་སྦྱིན་པས་དེ་ལས་བཅྡོཾག ་པ་ཡིན་ནོ།། ལོངས་སྤྱོད་རྫོགས་པ་ནི་སྐྱེས་བུ་བྱི་པ་སྟེ། བདེ་བ་ཆེན་པོའི་འཁོར་ལོ་གྱུར་པ་འབྲས་བུ་བདེ་བ་ཆེན་པོ་འཐོབ་པའི་ཕྱིར་ཁྱད་པར་འཕགས་པའི་ལས་འབྱུང་བས།། བདེ་བ་ཆེན་པོ་དྲི་མ་མེད་པའི་འབྲས ་བུ་ཡོངས་སུ་རྫོགས་པ་ཉིད་དོ།། སྡེ་པ་བཞི་དང་སྦྱོར་བས་གསུངས་པ། གནས་བརྟན་སྤྲུལ་པའི་འཁོར་ལོ་རུ་ཞེས་པའོ།། ། ད་ནི་སངས་རྒྱས་ཉིད་མ་ཚང་བ་མེད་དེ། སེམས་ཅན་རྣམས་སངས ་རྒྱུརྒྱས་ཀྱི་ངོ་བོ་ཉིད་དང་ལྡན་ནོ་ཞེས་བསྟེན་པའི་ཕྱིར། སྡེ་བ་ལུས་ཞེས་བྱ་བ་ལ་སོགས་པའོ།། སྐྱེ་གནས་སུ་ནི་འདོད་ཆགས་བྲལ་ཞེས་པ། སྐྱེ་གནས་ཀྱི་གནས་སྐབསུ་ཡང་ཆགས་པར་མི་འགྱུར་བས་སོ།། སྤྱི་བོར་ཐུལ ་སྦྱར་ཞེས་པ་སྐྱེ་བའི་དུས་སུ་ལག་པ་སྤྱི་བོར་སྦྱོར་ཏེ། སྐྱེ་བས་སོ།། འགྲོ་བའི་བྱ་བ་ཞེས་པ་ནི་འགྲོ་བ་རང་གི་བྱེ་བ་ངེས་པའོ།། སྒྲ་ནི་སྔགས་ཤེས་པ་ཐབས་དང་ཤེས་རབ་ཀྱི་བེ་དག་ཉིད་ཀྱི་སྔགས་ཟློས་པའོ།། གཅེར་བུ་ནི་གོས ་མེད་ཅིང་ཡོངས་སུ་མི་འཛིན་པའོ།། ཚོགས་པ་འདི་ཡིས་ཞེས་པ་ནི་སངས་རྒྱས་ཉིད་དུ་རྟོགས་པ་དང་། ད་ནི་ཚུགས་པ་ཡང་རྟོགས་པས་དེའི་ཕྱིར་ཐེ་ཚོམ་མེད་དེ། འདི་དང་འདི་ལྟར་ངོ་བོ་ཉིད་ཀྱིས་སངས་རྒྱས་པ་ཐོས་ནས ་ངོ་མཚར་དུ་བྱེད་པ་སྟེ། ངོ་མཆེར་དང་ལྡན་ནས་བརྒྱལ་བ་ནི་བྱང་ཆུབ་ཀྱི་སེམས་སུ་ཞུ་བའོ།། སྐྲག་པ་ནི་དངོས་པོའི་གྲོང་ཁྱེར་བཤིག་ཅིང་བསྡུས་པོ་སོ།། འདར་བ་ཐོབ་ཅེས་པ་ནི་གཡོ་བ་དང་ལྡན་པསོ།། གལ་ཏེ་སེམས་ཅན ་ཡང་རང་བཞིན་གྱིས་དག་པ་དང་། ཚོགས་པ་དང་ལྡན་པས་སངས་རྒྱས་ན་བདག་ཙོས་འཁོར་བར་བྱེད་དེ། ཆོས་ཀྱི་སྐུ་ལས་གཞོལ་བར་བྱེད་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ད་ནི་བཅོམ་ལྡན་འདས་ཀྱིས་དེ་རྣམས ་བླུབླ་བར་བྱ་བའི་ཕྱིརྱ་དེ་རྣམས་ལ་ཡང་བསྟོད་པའོ།། ས་དང་ཆུ་དང་མེ་དདྨ་རླུང་ཞེས་པ་ནི་འབྱུང་བ་ནི་ས་ལ་སོགས་པའི་རང་བཞིན་ནོ།། ཁྱེད་ནི་ཁྱེད་རྣམས་སོ།། སྣོད་ནི་སྣོང་ཉིད་དོ།། ལྷ་མོ་ནི་ལྷ་མོ་རྣམས་སོ།། ཉན་ནི་ཉོན་ཅིག་པའོ།། སྤྲོས ་པ་ནི་སྤྲོས་པས་སོ།། དེ་ཉིད་ནི་དེ་ཁོ་ན་ཉིད་དོ།། ད་ནི་དུ་ལས་སོ།། གང་ནི་སུས་ཀྱང་མི་ཤེས་པ་ཞེས་བྱ་ལ་གང་ནི་དེ་ཁོ་ན་ཉིད་དོ།། རྨྱི་ལོམ་ལྟ་བུར་བཅོམ་ལྡ་ནི་འདས་ཀྱི་གསུངས་ཐོས་ནས་དེ་ཐམས་ཅད་སྲོག་ཐོབ་པར་ཞེས་པ་ནི ་སྒྱུ་མོ་བཞིན་བཅོམ་ལྡན་འདས་ཀྱི་གསུང་ཐོས་ཏེ་སྲོག་གི་རླུང་ངེས་པར་བསྡུས་པས་ལུས་ཐོབ་པའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་བྱེ་བྲག་ཏུ་བཀའ་སྐྱེལ་པ། སེམས་ཅན་ཞེས་པ་ནི་དེ་བས་ན་བྱེ་བྲག་མེད་པར་ཐོས་ནས ་སེམས་ཅན་བསྒྲལ་ལེས་ཕྱིར་ཕྱོགས་པར་མ་བྱེད་ཅིག་པའོ།། རྣལ་འབྱོར་མ་རྣམས་ཀྱིས་གསོལ་པ། འདི་དག་བཅོམ་ལྡན་འདས་དེ་ལྟར་མད་དེ་བརྫུན་པ་མ་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའི་སྤྲུལ་པ། བཙན་དུག ་ཟོས་པས་བརྒྱལ་བྱེར་འགྱུར། གང་དག་སེམས་མེད་པར་ཞེས་པ་ནི་དུག་གི་དེ་ཁོ་ན་ཉིད་མི་ཤེས་པས་སོ།། དེ་ཉིད་ཤེས་པས་གཏི་མུག་སྤྲིངས།། གཏི་མུག་སྤངས་ཏེ་དེ་ཉིད་ཡིད།། དེ་ཡིས་དེ་ཉིད་ཡོངས་སུ་གཅོད་ཅེས་པོ ་དེའི་མཆོག་ཏུ་གཅོད་པ་ནི་དེའི་བརྒྱལ་བའོ།། དེའི་ཕྱིར་ཐབས་ཀྱང་ཡིན་ཏེ། ཐབས་དེ་ཡོངས་སུ་ཤེས་པས་སེམས་ཅན་སངས་རྒྱས་ཀྱི་རང་བཞིན་ཡང་ཡིན་པ་དང་། ཚོགས་པ་དང་ལྡན་ཡང་སངས་མ་རྒྱས་ཏེ། དུག་ཟོས་པས ་བརྒྱལ་བ་བཞིན་ནོ།། དེ་བས་ན་སེམས་ཅན་གྱི་དོན་ཡོད་པ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱིས་དཔེ་བསྟན་ནས། དེ་བཞིན་དུ་དོན་ལ་སྦྱར་བའི་ཕྱིར། མྱ་ངན་ལས་འདས་པའི་ཐབས་ཤེས་ན་ཞེས་པའོ།། རང་རང ་གིས་རྟོགས་ན་ཞེས་པ་ནི་རང་བཞིན་གྱིས་ལྷན་ཅིག་སྐྱེས་པ་ཤེས་པ་ལས་ལྷག་པའི་གནས་ཀྱི་དོན་ཡོད་པ་མ་ཡིན་ཏེ། དེ་ཡང་རང་རིག་པ་ཉིད་མཐར་ཕྱིན་ཅེས་བྱ་བའི་དོན་ཏོ།། ཕྱག་རྒྱ་མི་རིགས་པ་མཐོང་ནས་རྡོ་རྗེ་སྙིང་པོས་ཞུས ་པ། སི་ནི་བུཀྐ་སཱ་རུ་གྲགས་ཤེས་སོ།། ལན་དུ་ལུས་མེད་ཅེས་པ་སྟེ། ལུས་དང་ངག་དང་ཡིད་རྣམས་ཕན་ཚུན་དུ་བརྟེན་པ་ཉིད་དང་དོན་དམ་པ་ལོ་དབྱེར་མོད་པས་སྐྱོན་མེད་ཅེས་བྱ་བ་དོན་ཏོ།། ད་ནི་གཏོར་མུ་ཞུས་པ་སྙོམས་ཞུགས ་ཞེས་པ་སྟེ། ཐབས་དང་ཤེས་རབ་སྙོམས་པར་ཞུགས་པས་གནས་པ་དང་། བདེ་བ་ཆེན་པོ་ལ་བཞུགས་ཏེ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་བཾ་རྣམ་པ་ནི་མདོར་བསྡུས་ནས་ཤེསོ།། རྡོ་རྗེ་སེམས་དཔེའི ་གྱུར་པས་བསྟན་ཞེས་པ་ནི་སྦྱིན་པ་སྟེ། གཏོར་མ་སྦྱིན་པའི་ཕན་ཡོན་གསུངས་པ་འདིས་ཞེས་པ་སྟེ། ལས་ཐམས་ཅད་བྱེད་པ་ལ་གཏོར་མ་འདིས་ཞེས་བྱ་བའི་དོན་ཏོ།། མ་གསུངས་པའི་ཕྱི་ག་རྒྱའི་དོན་ཞུས་པ། གང་གིས ་མཁའ་སྤྱོད་མ་ཞེས་པའོ།། དབུ་མི་རུ་ནི་གནས་པའི་སེམས་ཤེས་པ་དངོས་པོ་དང་དངོས་པོ་མེད་པ་ཉིད་ལས་གྲོལ་བ་ཉིད་དོ།། ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་རིམ་པ་གསུངས་པ། རིགས་ནི་ཞེས་པའོ།། རྒྱས ་པར་ཞེས་པ་ནི་རྡོ་རྗེ་སེམས་དཔའ་བཞག་པས་སོ།། དེའི་འོག་ཏུ་རྣམ་པ་གསུམ་དང་རྣམ་པ་ལྔར་ཞེས་པ་རྡོ་རྗེ་སེམས་དཔའ་མི་བསྐྱོད་པའི་ནང་དུ་ཞུགས་པས་རྣམ་པ་ལྔར་བསྒོམོ།། ང་རྒྱལ་དང་ཕྲག་དོག་གཉིས་འདོད་ཆགས་ཀྱི་ནང་བསྡུས ་པས་རིགས་གསུམ་མོ།། གཏི་མུག་དང་འདོད་ཆགས་གཉིས་ཀྱང་ཞེ་སྡང་གི་ནང་དུ་འདུས་པས་རིགས་གཅིག། དེ་ཡང་སྔར་གྱི་རྡོ་རྗེ་སེམས་དཔའི་ནང་དུ་ཞུགས་པས་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའོ།། རྟག་པ་གཉིས་པ་ལ་སྐྱེས ་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱའི་དོན་བསྡུས་པ་སྟེ་ལེའུ་བཞི་པའི་བཤད་པའོ།། ། ད་ནཱི་ཧེ་རུ་ཀླུ་མངོན་པར་འབྱུང་བའི་ལེའུ་གསུངས་པ། བིཅུ་དྲུག་ཞལ་ཕྱུག་ལ་ཞལ་བརྒྱ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། ་དག་མེད་མས་ཐོས་པཱ་དང་། འདི་རཱྀ་ལནྡྲ་དུ་འཁོར་ལོ་སྔོན་པོ་ཞེས་པ་སྟེ། ཇི་ལྟར་ཁྱོད་ཀྱིས་འཁོར་ལི་དེ་བཞིན་དུ་ངའི་ཡང་ཞེས་བྱ་བའི་དོན་ཏོ།། དེ་ལ་འོད་ནི་སྒྲུབོ་ཐབས་ཀྱི་རིམ་པོ་སྟེ། རང་སྤྱི་རཾ་ལ་སྣ་བྱུང་བ་ནི། ཉི་མའི་དཀྱིལ ་འཁོར་བསྒོམ་པར་བྱ།། དེ་ཉིད་ལ་ཡང་ཧཱུཾ་ཉིད་ནི།། ཐབས་དང་ཤེས་རབ་བདག་ཉིད་ཅན།། རྡོ་རྗེ་ལས་སྐྱེས་སྙིང་རྗེ་ཆེ།། ནི་མཁར་རྗེ་བཙུན་དམིགས་ནས་ནི།། རྒྱན་རྣམས་ཐམས་ཅད་འཛིན་པ་ཡི།། ལྷ་མོ་བརྒྱད་ཀྱི་མཆོད་པར་བྱ།། དཀར ་མོ་རི་དགས་མཚན་མ་འཛིན།། རྐུན་མོའི་ལག་ན་ཉི་མའི་སྣོད་།། རོ་ལངས་མ་ཡི་ལག་ནི་ཆུ།། གྷསྨ་རཱྀ་ནི་ལག་ན་སྨན།། སྤོས་མེའི་ལག་ན་རྡོ་རྗེ་སྟེ།། རོ་ཁྲིད་མ་ནི་རོ་འཛིན་མའོ།། གཏུམ་མོ་ཅང་ཏེའུ་བོརྡུང་བར་བྱེད།། འོད་དག་རྣམས ་ཀྱི་བདག་པོ་མཆོད།། འདོད་ཆགས་ཆེན་པོ་རྗེས་ཆགས་པས།། གཡུང་མོ་ཡིས་ནི་མགུལ་ནས་འཁྱུད།། དང་པོ་བྱམས་པ་བསྒོམ་པར་བྱ།། གཉིས་པ་ལ་ནི་སྙིང་རྗེ་བསྒོམ།། གསུམ་པ་དགའ་བ་བསྒོམ་པར་བྱ།། ་ཀུན་གྱི་ཐ་མར་བཏང་སྙོམས་བསྒོམ།། ཡང་ནི་སྟོང་པའི་བྱང་ཆུབ་སེམས།། གཉིས་པ་ལ་ནི་ས་བོན་བསྡུས།། གསུམ་པ་ལ་ནི་གཟུགས་རྫོགས་ཏེ།། བཞི་པོ་ལ་ནི་ཡིག་འབྲུ་དགོད།། ཤྲཱི་ནི་གཉིས་མཽད་ཡེ་ཤེས་ཏེ།། ཧཾ་ནི་རྒྱུ་སོགས ་སྟོང་པ་ཉིད།། རུ་ནི་ཚོགས་དང་བྲལ་བ་ཉིད།། ཀིན་གང་དུའང་མི་གནས་པས།། ཧེ་ན་སྙིང་རྗེ་ཆེན་པོ་སྟེ།། བཛྲོ་ཤེས་རབ་ཏུ་ཡང་བརྗོད།། འདིས་ནི་ཤེས་རབ་རིག་པ་ཡིས།། ཀྱེའི་རྡོ་རྗེར་ཡང་དག་འདོད།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བཾ་ཨཱཏྨ ་རཱམྦྷ་ལས་ཉི་མ་བདུན་དུ་བསྒོམ་པར་བྱ།། དཱི་ལས་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ།། རྡོ་རྗེ་དེ་ཉིད་ལས་ནི་རྣམ་བསྒོམ་པ།། ར་བ་དང་ནཱི་དཱ་བ་དག་ཀྱང་བཅིང་།། ནམཐུའི་ཁམས་ལ་བྷ་ག་བསམ།། དེ་ཡི་དབུས་སུ་བསྒོམ་ཧཱུ~ཾ ་ལོ་སྔོན་དུ་ནི་རིགས་པར།། ལྷ་རྣམས་ཇི་ལྟར་འབྱུང་བའོ།། འཁོར་ལོ་ས་ཡི་སྔོན་དུ་ཆུ།། ཇི་ལྟར་རིགས་པར་མི་ཡི་གདན།། ལྷ་རྣམས་ཀྱི་ནི་རླུང་ཆེན་པོ།། ཇི་ལྟར་བསྒོམ་པ་པོ་འབྱུང་བའང་།། ཆོས་འབྱུང་ལས་བྱུང་འཁོར་ལོ་ནི། ་དྲ་བ་བྲེ་བ་ཕྱེད་པས་མཛེས།། གྲུ་བཞི་པ་ལ་སྒོ་བཞི་པ།། རྡོ་རྗེའི་ཐིག་གིས་བརྒྱན་པོའོ།། འདབ་བརྒྱད་གེ་སར་བཅས་པ་ཡི།། དེའི་དབུས་སུ་པདྨ་བྲི།། དེ་ཡི་སྟེང་དུ་ཟླ་བ་བསྒོམ།། ཟླ་བའི་སྟེང་དུ་ས་བོན་ཏེ།། ཕྱིས་ནི་ཉི་མས་མནན ་པའོ།། གཉིས་ཟླས་པ་ལས་བདེ་བརྒྱན།། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས།། ཀཱ་ལིའི་གཟུགས་ཀྱིས་ཉི་མའོ།། ཟླ་བ་མེ་ལོང་ཡེ་ཤེས་ལྡན།། མཉམ་ཉིད་ཡེ་ཤེས་རྟ་བདུན་པ།། རང་ལྷའི་ས་བོན་ཕྱག་མཚན་ནི།། སོ་སོར་རྟོག་པ ་ཡིན་ཞེས་བརྗོད།། ཐམས་ཅད་གཅིག་འདུས་བྱ་ནན་ཏན།། གཟུགས་བརྙན་རྫོགས་པ་ཆོས་དབྱིངས་དག། དེ་ཡི་དབུས་སུ་གནས་པ་ང།། བཞིན་བཟངས་ཁྱོད་དང་ལྷན་ཅིག་ཏུ།། ལྷན་ཅིག་སྐྱེས་དགེའི་རང་བཞིན་གྱིས།། འདོད་ཆགས ་ཆེན་པོ་རྗེས་སུ་ཆགས།། ཞལ་བརྒྱད་པ་ལ་ཞབས་བཞི་པ།། ཕྱག་ནི་བཅུ་དྲུག་གིས་ནི་བརྒྱན།། བདུད་བཞི་པོ་ནི་མཉམ་པར་མནན།། འཇིགས་པ་ཡང་ནི་འཇིགས་པར་བྱེད་ཅེས་བྱ་བ་ལ་སོགས་པ་རེ་ཞིག་ཇི་སྲིད་གླུས་བསྐུལ་བའི་བར ་རོ།། དེའི་འོག་ཏུ་བདག་པོ་དགའ་མོའི་ས་བོན་གཉིས།། ཨོཾ་ཧཱུཾ་འོབ་རབ་འཇིགས་རུང་།། ཨོཾ་དང་ནི་ཧཱུ~ཾ་སྔོན་པོ་ལས།། རྡོ་རྗེ་འཛིན་པ་ཆེན་པོ་བཞེངས།། ཞབས་བཞི་ས་ལོ་གནོན་པོ་ཡིས།། ལྷ་དང་ལྷ་མིན་སྐྲག་བྱེར་བྱིད།། གླང་པོ ་དྲང་བོང་བུ་གླང་།། རྔ་མོ་མི་དང་ཤ་ར་བྷཱ།། དེ་བཞིན་དུ་ནི་བྱི་ལ་དག། གཡས་ཀྱི་ཐོད་པ་བརྒྱད་ནའོ།། གླང་པོ་ལ་སོགས་རིམ་ཤེས་བྱ།། ས་དང་ཆུ་དང་རླུང་དང་མེ།། ཟླ་བ་ཉི་མ་ཉིད་དག་དང་།། མཐར་བྱེད་པ་དང་ནོར་སྦྱིན་ཉིད།། གཡོན ་གྱི་ཐོད་པ་བརྒྱད་དག་ཏུ།། ས་ནི་དང་པོ་ནོར་སྦྱིན་མཐའ།། དབང་ཕྱུག་ཐམས་ཅད་རབ་སྒྲུབ་བྱེད།། གླང་པོ་ལ་སོགས་སེམས་ཅན་རྣམས།། བློ་དང་དབུགས་དང་དེ་བཞིན་སྒྲོ།། ཟང་བྱེད་མཛེ་དང་འབྲུམ་བུ་དང་།། མཚར་བ་མཆིན ་རང་གཟུགས་ཀྱིས།། གླང་པོ་ལྔ་སོགས་རབ་ཏུ་གྲགས།། སྒེག་དང་དཔའ་དང་མི་སྡུག་དང་།། དྲག་དང་རྒོད་དང་འཇིག་སུ་རུང་།། སྙིང་རྗེ་ངོ་མཚར་ཞི་བ་ཡིས།། གར་གྱི་རོ་ནི་དགུ་དང་ལྡན།། རྣལ་འབྱོར་མ་ནི་བརྒྱུད ་ཀྱིས་བསྐོར།། དུར་ཁྲོད་དུ་ནི་མགོན་པོ་རོ་ལླ།། མྱིག་གཉིས་གཏི་མུག་རྡོ་རྗེ་མ།། རྣ་བ.རཱ་ཞེ་སྡང་རྡོ་རྗེ་མ།། སྣ་ལ་སེརཱ་སྣ་རྡོ་རྗེ་མ།། ཁ་ལ་འདོད་ཆགས་རྡོ་རྗེ་མེ།། ལུས་ལ་ཕྲག་དོག་རྡོ་རྗེ་མ།། ཡིད་ལ་བདག་མེད་རྣལ་འབྱོར་མ།། ཨོཾ་ཨཱཿ ་ཧཱུཾ་ཞེས་བྱ་བའི་སྔགས།། ལུས་ངག་དེ་བཞིན་སེམས་རྣམས་ལ།། མཁྱེའུ་སྤྱོད་དང་ནི་སྣ་སྤྱོད་ཉིད།། ས་འོག་ཏུ་ནཱི་གནས་པ་བསམ།། ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ།། དབང་བསྐུར་བ་ནི་བླང་བར་བྱ།། ལེའུ་བཞི་པ་ལས་གསུངས ་འི།། ཚུལ་གྱིས་འདིར་ནི་དབྱུང་བསྐུར་བྱ།། ཞེ་སྡང་རྡོ་རྗེཀྱཻ་རི་རྡོ་རྗེ། ཨོཾ་ཧཱུ~ཾ་ཕྱུག་རྒྱུ་དེ་ཉིད་ཀྱིསྭཱ།། རྐུན་མོ་གཏི་མུག་ཕྱག་རྒྱ་ཡི་ས།། ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱུ་རྣམས་འདོད་དོ།། མཆོད་བོ་སྟོང་བདུད་རྩི་མྱང་བ་དང་།། དོག ་པ་རྗེ་སུ་དཱན་བྱས་ཏེ།། དེ་ནས་གཽ་རཱི་སྔོགས་ལྷ་མོ།། རེང་ཕྱོགས་ཁ་ལྟས་གཞུག་པར་བྱ།། ལྷ་མེའི་སྙིང་ཟླ་ར་གྲི་གུག་གནས།། ཨོཾ་དང་ལྷན་ཅིག་ཞུ་གྱུར་ནས།། བཅོམ་ལྔནི་སྙིང་ཀར་ཡང་དག་ཞུགས།། རང་སྙིང་ཉི་མ་ལ་གནས ་སྨྱིཅོམ་ལྡན་འདས་དང་སྦྱིན་ཅིག་ཏུ།། གཅིག་ཏུ་གྱུར་བར་རྣམ་པར་བྲིསས།། སྒྲ་སྦྱ་ན་ས་རློམ།། ནས་སྐྱེ་ས་སུ་རྒྱག་ཅིང་རྗེས་ལ་སོགས་བར་བྱ ་ན་ཉི་ཟླ་དག། འདྲེས་པར་གྱུར་པའི་རིམ་པ་འདིས།། མར་མའི་ཚུལ་གྱིས་དགའ་བ་ཆེ།། བྱང་ཆུབ་སེམས་ཀྱི་རང་བཞིན་ཅན།། དམིགས་པ་མེད་པར་བསམ་པར་བྱ།། ཇི་སྲིད་ཤིན་ཏུ་སྟོང་པ་ཉིད།། འདི་དང་འདི་ལྟར་བརྟག་བྱས་ཏེ། ་དཀྱིལ་འཁྱོར་རིམ་པས་སྤྱི་བར་བྱ།། སྔགས་ནི་སྙིང་ཀ་ལས་རྡོ་རྗེའི།། ལམ་ནས་བདེ་བའི་གཟུགས་ཀྱིས་སུ།། ལྷ་མོའི་པདྨར་སོང་དེ་ལས།། ལྷ་མོ་ཡི་ནི་ཁོར་བྱུང་སྟེ།། རང་གི་ཁར་ནི་གཞུག་པར་བྱ།། ཡང་ནི་དེ་ཉིད་ཀྱིས་ཕྱུང ་སྟེ་ཞེས་སོ།། ཕྲེང་བའི་སྔགས་ཞུས་པ།། རྡོ་རྗེ་བཞིབ་པར་བྱས་ནཱས་ནཱི་ཞེས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་དབང་དུ་བྱེད་པ་ཡི་ཞེས་པའོ།། སྔགས་བཏུ་བ་གསུངས་པ། རིགྲྀ་བྱེད་དང་པོ་ཞེས་པ་ནི་ཨོཾ་མོ།། ་ཟླ་ཕྱེད་ཐིག་ལེས་བརྒྱན་ཞེས་པ་ནི་རང་བཞིན་གསུངས་པའོ།། ད་ནི་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བའི་དཀྱིལ་འཁོར་བྲི་བའི་རིམ་པ་ཞུས་པ། བཅོམ་ལྡན་འདས་ཞེས་གསོལ་པ་དང་། དེ་ལ་མཉེསོ་ཞེས་པའོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། སྟོན་པ་དེ་ལ་ཡེ་ཤིས་ཆེ་ཞེས་པ་སྟེ། ཀྱེའི་རྡོ་རྗེའི་གཟུགས་ཀྱིས་དཀྱིལ་འཁོར་བཱི་ཞེས་བྱ་བའི་དོན་ཏོ།། ཐོད་པོ་ཞེས་པ་ནི་པདྨའི་སྣོད་དོ།། རིག་པ་བརྒྱད་ཀྱང་བདེ་བ་ཆེ།། ཞེས་པ་ནི་བདེ་བ་ཆེན་པོའི་རྒྱུ ་ཉིད་དོ།། ལོ་བཅུ་གཉིས་མ་ནི་ཐུགས་ཀྱི་རྣམ་པར་དག་པའོ།། ལོ་བཅུ་དྲུག་མ་ནི་གསུང་གི་རྣམ་པར་དག་པའོ།། ལོ་ཉི་ཤུ་མ་ནི་སྐུའི་རྣམ་པར་དག་པར་གསུངས་སོ།། རིག་མ་བརྒྱད་པོ་དེ་གང་སྙམ་པ་ལ། གསུངས་མ་ཡིན་ཞེས ་པའོ།། དེ་ལ་དབང་བསྐུར་བའི་ཕྱིར་སློབ་མ་གཞུག་པ་གསུངས་པ། ཕྱིས་ཞེས་པའོ།། ཇི་ལྟར་གསུངས་པ། ཞེས་པ་ནི་སྔར་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པར་ཡང་ངོ་།། སློབ་དཔོན་ལ་སོགས་རབ་དབྱེ་བས་ཞེས ་པ་ནི་སློབ་དཔོན་གསང་བ་ཤེས་རབ་དང་། བཞི་པོ་དེ་ཡད་དེ་བཞིན་ནོ།། ཞེས་པའི་རིམ་པོས་སོ།། དེ་ལ་སློབ་དཔོན་གྱི་དབང་བསྐུར་བས་ནི་ཆུ་དང་དབུ་རྒྱན་དང་ཕྲེང་བ་དང་རྡོ་རྗེ་དང་དྲིལ་བུ་དང་མི་དང་བརྟུལ་ཞུགས་དང་། ལུང་བསྟན ་པ་དང་དབུགས་དབྱུང་བ་ལ་སོགས་པ་གཟུང་ངོ་།། མཐའ་དང་མཐའ་མར་གསལ་བྱས་ཤེས་པ་མཆོག་གི་ལྷན་ཅིག་སྐྱེས་པོ་སྟེ། རྒྱུད་འདིར་གསོལྷ་བྱས་པསོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར་ཞུས་པ། དེའི་སྐད་ཅིག་ཅི་འདྲ ་ལགས་ཞེས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་མ་ཐ་མ་མེད་པོ་ཞེས་པའོ།། རང་གི་ལག་པ་གཡས་གཡོན་གྱི་ས་ཞེས་པ། ལག་པ་གཡས་པ་ནི་ཐབསོ།། གཡོན་པ་ཤེས་རབ་བོ།། རྒན་པོ་ནི་མཐེ་བོང ་སྟེ། དེ་ཡང་རྡོ་རྗེའོ།། སྲིན་ལག་ནི་ཆོས་ཀྱི་འབྱུང་གནས་སོ།། དེ་གཉིས་རྣལ་འབྱོར་པས་བཙིར་བར་བྱ་བ་ནི་ལོངས་སྤྱོད་ཀྱི་རྩ་གཉིས་ལ་ཞེས་པའོ།། གཞོན་ནུ་མའི་དགའ་བ་ལྟར་ཞེས་པ་ནི་སྔོན་མ་མྱོང་བའི་བདེ་བ་ཆེན་པོ་སྐྱེད ་པར་བྱེད་པའོ།། དེ་ཉིད་ཧེ་རུ་ཀའི་རང་བཞིན་ནོ་ཞེས་གསུངས་པ། དམ་པའི་མཐོའ་དང་མཐའ་བྲལ་དབུས།། སྟོང་དང་སྟོང་མིན་ཧེ་རུ་ཀ་ཞེས་པའོ།། བརྟག་པ་གཉིས་པ་ལས་ཧེ་རུ་ཀ་མངོན་པར་འབྱུང་བ་ཞེས་བྱ་བའི་ལེ ་སྟེ་ལྔ་པའི་བཤད་པའོ།། །། བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདུས་པའི་ཕྱག་རྒྱུའི་རང་བཞིན་འཛིན་པ་སྔར་གསུངས་པའི་ཐང་ཀའི་ཆོ་གའི་ལྡེའུ་དག་པ་གསུངས་པ། ལྷ་མོས་དམ་དུ་འཁྱུད་ནས་ནི་ཞེས་པའོ།། རྣམ ་པར་དག་པ་གསུངས་པ། སངས་རྒྱས་ལྔ་ཡི་ཕྱག་རྒྱ་ཡིས།། ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་ལྔའི་རང་བཞིན་གྱིས་ཕྱག་རྒྱས་ཞེས་བྱ་བའི་དོན་ཏེ།། ལེའུ་འདིས་བརྗོད་པར་བྱ་བ་ཐང་ཀའི་ཚི་ག་ཞུས་པ། གང་གི་ཆོ ་གས་ཞེས་པ་ནི་ཐོད་པ་ལ་སོགས་པའོ།། ལུས་ཀྱི་བྱ་བས་ཞེས་པ་ནི་སྤྱོད་པས་ཏེ། འདྲི་བར་བྱེད་པའི་བོ་དང་། འདྲི་བར་བྱེད་པའི་ཞེས་བྱ་བའི་དོན་ཏོ།། དེ་ལ་རེ་ཞིག་བྱ་བ་གསུངས་པ། དམཽ་ཚིག་ལྡན་པས་རི་མོ་མཁན་ཞེས་པ་ནི ་བསྲུང་བར་བྱ་བ་དང་། བཟའ་བར་བྱ་བ་དང་ལྡན་པའི་རི་མོ་མཁན་གྱིས་བྲི་བར་བྱའོ།། སྒྲུབ་པ་པོ་ཉིད་ཀྱང་དེ་ལྟ་བུར་གྱུར་པས་བྲི་བར་བྱའོ།། དེ་ཉིད་གསུངས་པ། དཀྱིལ་འཁོར་དྲག་པོ་ནི་བྱིན་གྱིས་བརླབས་པ་དང་ལྡན་པའོ།། ཆོ་ག ་གསུངས་པོ་ཐོད་པར་གནས་ཞེས་པའོ།། སྲེད་པ་འཁལ་བའང་གང་གིས་བྱ་ཞེས་པ་ནི། ཤེས་རབ་གང་གིས་སྐུད་པ་འཁལ་བར་བྱེད་པ་དང་། གང་ཡང་འཐག་པར་བྱེད་པ་སྟེ། དེ་རྣམས་ཀྱང་དམ་ཚིག་མེས་བྱའོ།། ཇི་ལྟར ་དམ་ཚིག་དང་ལྡན་པས་བྱ་སྙམ་པ་ལ་གསུངས་པ། དམ་ཚིག་བྱིན་རླབས་རྣལ་འབྱོར་པ་ཞེས། རྣལ་འབྱོར་སྔོན་དུ་བྱས་ཏེ་དམ་ཚིག་དང་བྱིན་གྱིས་བརླབས་པས་ཞེས་བྱ་བའི་དོན་ཏོ།། ཡང་རི་མོ་མཁན་གྱི་བྱ་བ་གསུངས་པ། ་ཟླ་བ་ཟླ་བ་ཞེས་པ་ནི་བཅུ་བཞི་ཞེས་པ་ཉེ་བར་མཚོན་པ་སྟེ། ཚེས་བརྒྱད་ཅེས་བྱ་བ་ཡང་རྟོགས་པར་བྱ་བའོ།། དེ་བས་ན་ཟླ་བའི་ཉི་མ་གཉིས་ལ་བྲི་བར་བྱའོ།། བརྟག་པ་གཉིས་པ་ལས་ཀྱེའི་རྡོ་རྗེའི་ཐུང་ཀའི་ཆོ་གའི་ལེའུ ་སྟེ་དྲུག་པའི་བཤད་པའོ།། ད་ནི་གླེགས་བམ་གྱི་ཆོ་ག་སྔོན་དུ་བྱ་བ་དང་། ཚེགས་ཀྱི་སྟོན་མོའི་ཆོ་ག་བྱ་བ་གསུངས་པ། དེ་ནས་དེ་ལ་ལྷ་མོས་ཞུས་ཞེས་པའོ།། སྦྲང་རྩི་ཆེན་པོས་སྣག་ཚ་བྱ་ཞེས་པ་ནི་མར་ཁུ་ཆེན་པོས་སྲེ་མོག་བྱ་སྟེ་དེ་སྣོག ་ཚ་བྱ་བའི་དོན་ཏོ།། ཚེགས་ཀྱི་འཁོར་ལོ་གསུངས་པ། ཉོན་ཅིག་ལྷ་མོ་ཞེས་པའོ།། དབུགས་འབྱིན་པར་བྱེད་པས་དུ་ཁྲོད་དེ་ལའོ།། རིའི་ལྗོངས་ནི་ཆུ་བོ་དང་འཁྲིལ་ཤིང་ལ་སོགས་པས་གཡོགས་པའི་ནང་སྟེ། བདེ་བ་ཆེན་པོའི་འཁོར་ལོརོ།། ་མི་མེད་པའི་གྲོང་དུ་ཞེས་བྱ་ནི་སངས་རྒྱས་དང་རྡོ་རྗེ་མཁའ་འགྲོ་མའི་གནས་སུའོ།། རྒྱ་མཚོའི་མཐ་རོ་ཞེས་པ་ནི་གཏིང་དཔག་ཏུ་མེད་པ་དང་། མི་འཁྲུགས་པ་དང་མི་ཟད་པ་ཉིད་ཀྱིས་རྒྱ་མཚོ་ནི་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་དེའི་མཐར་རོ།། ་ཕུང་པོ་ལ་སོགས་པའི་སྟོན་མོ་འདི་དག་བསྡུས་ཏེ་བདེ་བ་ཆེན་པོ་ཉིད་ཀྱིས་བདེ་བར་ལོངས་སྤྱད་དོ།། དེར་ནི་གདན་དུ་བརྟག་བྱ་བ་ཞེས་པ་ལ། དེར་ནི་འདུས་པ་དེར་རོ།། གནན་ནི་རྟེན་ནོ།། དགུ་ཞེས་པ་ནི་ཕུང་པོ་ལྔ་དང་ཁམས་བཞིའོ།། ་ལྟར་བརྟགས་པར་བྱ་སྙམ་པ་ལ་གསུངས་པ། རོའི་གཟུགས་ཀྱིས་ཞེས་པ་སྟེ། བདག་མེད་པའི་ཚུལ་གྱིསོ།། སྟག་གི་པགས་པ་ཞེས་པའི་ཁྱད་པར་དུ་འཛིན་པར་བྱེད་པས་སྟག་སྟེ། ཀུན་ཏུ་རྟོག་པའོ།། དེའི་ལྤགས་པ་ནི ་ལོག་པས་བཞག་པའི་དམིགས་པ་དེས་གཡོགས་པའོ།། དུར་ཁྲོད་རས་ཞེས་པ་ནི་དུར་ཁྲོད་ནི་ཕུང་པོའོ།། དེའི་རས་ནི་གཡོགས་པར་བྱེད་པའོ།། དབུས་སུ་ཀྱེའི་རྡོ་རྗེ་ཞེས་པ་ནི་འཁོར་ལོ་དེའི་དབུས་སུ་ཀྱེའི་རྡོ་རྗེ་དགོད་པར་བྱའོ།། དེ་ནས་རྣམ ་འབྱོར་མ་རྣམས་དགོད་ཅེས་པ་ནི་དེ་ནས་དེའི་འོག་ཏུ་རྣལ་འབྱོར་མ་རྣམས་དགོད་པའོ།། གནས་ཞེས་པ་ནི་ཀྱེའི་རྡོ་རྗེའི་འོག་ཏུ་གནས་ཞེས་བྱ་བའི་དོན་ཏོ།། སྟག་གི་པགས་པའི་སྟེང་དུ་སྤྱད་ཅེས་པ་དེ་སྣང་བ་མེད་པར་བྱས་ཏེ་སྤྱདདོ།། དམ ་ཚིག་ཅེས་པ་ནི་དམ་ཚིག་གིའོ།། ཚོད་མ་ཞེས་པ་ནི་མཱ་ལ་ཏི་ནི་བདག་མེད་པའོ།། དེའི་ཨིན་ཏ་ནཱཾ་ནི་འབར་བར་བྱེད་པའོ།། དེ་ཉིད་སྤྱད་པར་བྱ་ཞིང་མྱང་བར་བྱའོ།། དེ་ཡང་རྒྱལ་པོའི་འབྲ་ས་དང་ལྡན་ཞེས་པ་ནི་བདེ་བ་ཆེན་པོའོ།། སྤྱད ་ཅིང་མི་སྤྱོད་ཅེས་པ་ནི་བདེ་བ་ཆེན་པོའོ།། མཆོད་པ་ནི་དེ་ལ་མཉེས་པར་བྱའོ།། མ་མོ་ཞེས་པ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ།། མ་ཞེས་པ་ནི་འགྲོ་བ་སྐྱོད་པར་བྱེད་པའི་ཤེས་རབོ།། སྲིང་མོ་ནི་རྣམ་པར་བྱེད་ཅིང་སྟོན་པར་བྱེད་པས་སྲི ་མོ་ཡང་།། བཅཝོ་ལག་མཁན་ཞེས་པ་ནི་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོས་འཁྲུ་བར་བྱེད་པའོ།། སྒྱུག་མྲྀ་ནི་བྱམས་པར་བྱེད་པས་སོ།། དམ་གཅིག་ཅེས་པ་ནི་གཉི་སུ་མེད་པའོ།། ཐོད་པ་ནི་བདེ་བོ་ཆེན་པོའི།། ཚང་བཟང་པོ་ཞེས ་པ་ནི་བྱང་ཆུབ་ཀྱི་སེམས་ཀྱིསོ།། བླ་མ་ཞེས་པ་ནི་རྡོ་རྗེ་འཛིན་པའི་ཕྱིར་རོ།། སྦྱིན་ཞེས་པ་ནི་གཏད་པར་བྱ་བ་སྟེ། དེའི་རང་བཞོན་དུ་བྱ་བའི་དོན་ཏོ།། ཕྱག་བྱས་ཏེ་ཞེས་པ་ནི་དེ་དང་དེ་ལྟ་བུར་གྱུར་པའི་རྡོ་རྗེ་སེམས་དཔའ་སྒྲུབ་པས ་ཕྱག་བྱའོ།། རང་ཡང་ཞེས་པ་ནི་དེའི་ཚུལ་གྱིསོ།། བཏུང་ཞེས་པ་ནི་སྤྱད་པར་བྱའོ།། མྱང་བར་བྱ་ཞེས་པ་ནི་ཆོས་ཐམས་ཅད་དོ།། པདྨའི་ལག་པས་ཞེས་པ་ནི་པདྨའི་ལྟེ་བ་ལ་གནས་པས་ཆོས་ཐམས་ཅད་ལེན་པར་བྱེད ་པའི་ཐབས་ཉིད་ཀྱིས་ལག་པས་སོ།། སྦྱིན་ཞེས་བྱ་བ་ནི་སྦྱིན་པ་བྱང་ཆུབ་ཀྱི་སེམས་སྤྲོ་བའོ།། བརྟག་པ་གཉིས་པོ་ལས་ཚོགས་ཀྱི་སྟོན་མོའི་ཆོ་གའི་ལེའུ་སྟེ་བདུན་པའི་བཤད་པའོ།། །། ཕྱག་རྒྱ་ཆེན་པོའི་མཚན་ཉིད ་དང་སྨོན་ལམ་གྱི་ཚིག་སྔོན་དུ་བྱ་བ་དང་། གདུལ་བྱ་འདུལ་བའི་རིམ་པའི་ལེའུ་གསུངས་པ་དེ་ནས་ཞུས་ཞེས་པའོ།། འོ་ན་ཕྱག་རྒྱ་ཆེན་པོ་བརྗོད་དུ་མེད་པས་ཇི་ལྟར་བརྗོད་སྙམ་པ་ལ་གསུངས་པ། ཀུན་རྫོབ་རྣམ་པའི་གཟུགས་ཀྱིས ་ཏེ་ཞེས་པ་སྟེ། ཕྱག་རྒྱ་ཆེན་པོ་ཞེས་པ་ནི་རྡོ་རྗེའི་རིགས་མཱ་མ་ཀཱིའོ།། ཕྱག་རྒྱ་ཆེན་པོ་མཱ་མ་ཀཱི། ལས་ཀྱི་ཕྱག་རྒྱ་སྤྱན་ཡིན་ཏོ།། དམ་ཚིག་ཕྱག་རྒྱ་སྒྲོལ་མ་ཡིན།། ཆོས་ཀྱི་ཕྱག་རྒྱ་ན་བཟའ་དཀའ།། དཀར་མོ་ཡང་མིན་ཞེས་པ་ནི་ཁ་དོག ་ལྷུང་ཁུའོ།། ཕལ་པས་ཞེས་པ་ནི་འདོད་པའི་བསྟན་བཅོས་ལ་སོགས་པ་ལས་པདྨ་ཅན་དུ་བཤད་དོ།། དེ་བཞིན་དུ་ཡང་། ཧ་ཅང་རིང་མི་ནི་ཐུང་བའང་མིན།། ཧ་ཅང་དཀར་མིན་གནག་པའང་མིན།། སྦོམ་པ་མ་ཡིན་སྐེམ་པ་མིན། ་སྐྱོན་རྣམས་སྦེང་བར་བྱེད་པ་དང་།། རྒྱུ་རྩལ་ཤེས་དང་སྔགས་རྣམས་སྦེང་།། རོལ་དང་གླུ་ལ་ཡང་དག་དགའ།། གླུ་དང་རོལ་མོ་ཡང་དག་ཤེས།། གཉེན་ཞིང་རྒྱུན་ཏུ་འབར་བ་དང་།། ལག་པ་རྐང་པ་འཇམ་པ་དང་།། འཇམ་སྨྲས ་པདྨ་ཅན་མཛེས་པ།། ལྗང་ཁུ་ཟླ་བའི་གདོང་ལྡན་རྡུལ།། པདྨའི་དྲི་ལྟར་ཞིམ་པ་དང་།། པདྨའི་འདབ་མ་ལྟ་བུར་གནས།། རི་དགས་མགྲིན་པ་རི་དྭགས་གསུས།། བ་སྥ་མེད་ཅིང་ཤ་ཆ་སྦོམ།། བྷ་གཱ་རུ་སྦལ་རྒྱབ་ལྟ་བུ་ཞེསོ།། དེ་ནི་རྙེད་པས ་དངོས་གྲུབ་ཡིན་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ།། དེའི་རང་བཞིན་གསུངས་པ། ལྷན་ཅིག་སྐྱེས་དགའི་རང་བཞིན་ཅན་ཞེས་པ་རྒྱུན་མི་འཆད་པ་དང་། ཟད་པ་མེད་པ་དང་། བདེ་བ་ཆེན་པོའི་རང་བཞིན་ཅན་ནོ།། ད་ནི་ཀྱེའི་རྡོ་རྗེའི་རྣལ ་འབྱོར་པའི་སྨོན་ལམ་གདབ་པ་ཞུས་པ། དེ་ནས་བདག་མེད་མས་ཞུས་པ་ཞེས་སོ།། ད་ནི་སེམས་ཅན་གདུལ་བའི་ཐབས་ཞུས་པ། གདུལ་དགའ་ཞེས་པ་སྟེ། གདུལ་བྱ་འཇུག་པར་བྱེད་པ་ཀྱེའི་རྡོ་རྗེའི་རྒྱུད་གྲུབ་པའི་མཐའི་སྐལ་བ་དང་ལྡན ་པ་ཡིན་ནོ།། བྱེ་བྲག་སྨྲ་བ་དེ་ལ་བསྟན་ཞེས་པ་ཕུང་པོ་ལྔ་ལ་སོགས་པའི་རང་བཞིན་བསྟན་པའོ།། མདོ་སྡེ་པ་ཞེས་པ་ནི་ཐེག་པ་ཆེན་པོའི་མདོའོ།། རྣལ་འབྱོར་སྤྱོད་པ་ཞེས་པ་ཐམས་ཅད་རྣམ་པར་ཤེས་པ་སྐྱེ་གྲོ་དབུ་མ་ཞེས་པ་ཡོད་པ ་དང་མེད་པ་ལ་སོགས་པའི་ཕྱོགས་སྟོང་པའི་སྟོང་པ་ཉིད་དོ།། ཐམས་ཅད་སྔགས་ཀྱི་ཚུལ་ཞེས་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་བླ་མ་དང་རྣལ་འབྱོར་མིའི་ཚུལ་དུའོ།། དེ་ལྟར་ན་གལ་ཏེ་གཟུང་ན་ཕན་ཡོན་ནི་བླངས་པས་སློབ་མས ་དེའི་ཚེ་འགྲུབ་པར་འགྱུར་རོ།། བརྟག་པ་གཉིས་པ་ལས་གདུལ་བྱ་ལ་སོགས་པའི་ལེའུ་སྟེ་བརྒྱད་པའི་བཤད་པའོ།། །། ད་ནི་སྔར་གསུངས་པའི་བསད་པའི་སྔགས་དང་སྦྱིན་སྲེག་ལ་སོགས་པ་ཇི་ལྟ་བ་བཞིན ་དུ་དེ་ལྟར་ཅུང་ཟད་ཀྱང་མི་བྱ་སྟེ། འོན་ཀྱང་ནུས་པ་ཐོབ་པས་སྙིང་རྗེ་ཆེན་པོས་བླ་མ་ལ་འཁུ་བ་དང་དམ་ཚིག་ཉམས་པ་དང་། བསྟན་པ་ལ་གནོད་པ་བྱེད་པའི་སྐྱེས་བུ་རྣམས་རྣམ་པ་གཞན་གྱིས་བཟློག་པར་བྱའོ་ཞེས ་བསྟན་པའི་ཕྱིར།། དེའི་ཆོ་ག་སྔར་བྱས་ཏེ་ཁ་སྦྱོར་འབྱེད་མཚན་ཉིད་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་པ་སྟེ་རྣམ་པར་ཤེས་པའི་ལུས་ཀྱིས་ཞེས་སྦྱར་རོ།། ཁ་སྦྱོར་དེའི་ཁ་འབྱེད་པ་ནི་རྣམ་པར་འབྱེད་པར་བྱེད་པའོ།། དེའི་མཚོན་ཉིད ་གང་གིས་རྣམ་པར་ཤེས་པ་ཙམ་གྱིས། སྒྲུབ་པ་པོ་ཞེས་པ་ནི་རྣལ་འབྱོར་པའོ།། དངོས་གྲུབ་ནི་ཁ་འབྱོར་པ་རྫོགས་པ་ཐོབ་པའམ། དེ་མི་བསྐྱོད་པའོ་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱ་བ་སྟེ། བསྟན་པ་ལ་གནོད་པ་བྱེད་པ་བསྒྲུབ་པར ་བྱ་བ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུའོ།། བསྒྲུབ་བྱ་ཞེས་པ་ཆད་པས་བཅད་པར་བྱ་བ་མདུན་དུ་གཞག་སྟེ། སྙིང་རྗེ་ཆེན་པོས་བསད་པར་བྱའོ།། ཀྱེའི་རྡོ་རྗེའི་རྣལ་འབྱོར་གྱིས་ཁྲོས་པར་བྱས་ཏེ། བསམ་གཏན་གྱི་ལག་པས་ལྟེ ་བའི་རྩ་བ་ནས་དབྱུང་བར་བྱའོ།། ཆོ་ག་གཞན་གསུངས་པ། ཁ་ནི་འོག་ཏུ་བསྒོམ་པར་བྱ་ཞེས་པ་ནི་ཆོས་གས་ལུས་ལྷ་དང་བྲལ་བར་བྱས་ཏེ། ཁ་སྤྱི་ཚུགསུ་བལྟས་ཏེ། བསྒྲུབ་བྱ་ཁྲག་སྐྱུག་པར་བསྒོམ་སྟེ། སྙིང་གར་རྀ་མ་གྱི་ས་བོན ་ལས་འཇིགས་པའི་མེ་ལྟོ་བུར་འབར་ཏེ། མགོ་བོའི་མཐར་ཐུག་པའི་ལུས་བསྲེགས་པར་བསྒོམ་པར་བྱའོ།། བཤད་པ་ལམ་དུ་མོ་འབར་བའི་ཁོབ་ཀྱི་གཟུགས་ཅན་བས་མ་ཏི། སྔ་གས་ཨོཾ་གྷུཿསྭཱ་ཧཱ་ཞེས་བརྗོད་དོ།། རྒྱུད ་ཀྱི་མཐུ་གསུངས་པ། རྒྱུད་འདིར་ཞེས་པའོ།། ད་ནི་བཅོམ་ལྡན་འདས་ཀྱི་རྣམ་པར་དག་པ་གསུངས་པ། ཆོས་ཐམས་ཅད་རྣམ་པར་དག་པས་རེ་ཞིག་གསུངས་པ་གསང་ཆེན་ཞེས་པའོ།། འབར་བའི་ཕྲེང་བ་འཁྲུགས་པ་ནི་འབར་བས ་སོ།། ཕུག་ན་འདོད་པའི་སྦྱིན་པར་བྱེད་ཅེས་པ་ལ། འདོད་པ་ནི་མངོན་པར་འདོད་པའི་དོན་ལ་སོགས་པའོ།། ད་ནི་སྔགས་བཏུ་བ་གསུངས་པ། སྔགས་བཏུ་བ་ཞེས་པའོ།། རྣམ་པར་སྣང་མཛད་ནི་ཨོཾ་མོ།། ཨུཥྨཱ་ཥའི་བཞི་པ་ནི་ཧའོ།། ་པུཀྐ་སཱི་ནི་ཨུའོ།། སྟོང་པོ་ནི་ཐིག་ལེའོ།། ཡི་གེའི་བདག་པོ་ནི་ཨོཾ་མོ།། མཁའ་སྤྱོད་མཱ་ན་ཨཾ་ངོ་།། དང་པོའི་གཉིས་པ་ནི་ཁའོ།། གཉིས་པའི་གསུམ་པ་ནི་ཛའོ།། ཆུ་མ་ནི་ཨིའོ།། ཡི་གེའི་དབང་ཕྱུག་ནི་ཨོཾ་མཽ།། ལྔ་པའི་གསུམ་པ ་ནཱི་བཱའོ།། མཁའ་འགྲོ་མཱ་ནི་རྡོ་རྗེ་མཁའ་འགྲོ་མ་སྟེ་ཨུའོ།། ཡི་གེའི་གཙོ་བཱ་ནི་ཨོཾ་མོ།། གཱཏི་མུག་རིགས་ནི་དེ་ཉིད་དོ།། དང་པོའི་དང་པོ་ནི་ཀའོ།། མཐར་གནས་པའི་གཉིས་པ་ནཱི་རའོ།། མཐར་གནས་པའི་གསུམ་པ་ནི་ལའོ།། ་ཙཽ་རྣི་ནཱི་ཨེའོ།། བཞི་པའི་གསུམ་པ་ནི་ངའོ།། མཐར་གནས་པའི་བཞི་པ་ནི་ཝའོ།། པུཀྐ་སཱི་ནཱི་ཨུའོ།། ལྔ་པའི་གཉིས་པ་ནི་ཕའོ།། གསུམ་པའི་དང་པོ་ནི་ཊའོ།། ལྔ་པའི་བཞི་པ་ནི་བྷའོ།། མཐར་གནས་པའི་དང་པོ་ནི་ཡའོ།། ་གྷསྨ་རཱི་ནི་ཨིའོ།། ནང་གི་གཽ་རཱྀ་ནི་ཨིའོ།། ལྔ་པའི་གསུམ་པ་ནི་བའོ།། མེ་ནི་རའོ།། བཞི་པའི་དང་པོ་ནི་ཏའོ།། རོ་ལངས་མ་ནི་ཨིའོ།། ཐ་ཕོད་མ་ནི་ཨོའོ།། རྡོ་རྗེ་མཽ་ན་ཨཱའོ།། ལྔ་པའི་དང་པོ་ནི་པའོ།། བདག་མེད་པ་ནི་ཨའོ།། ་བདུན་པའི་དང་པོ་ནི་གོ་རིམས་ཇི་ལྟ་བས་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་པའོ།། ཀྵུ་གཉིས་ཞེས་པནྟི་ར་དང་བཅས་པ་གཉིས་ཏེ། རཱཀྵ་རཱཀྵཱ་ཞེས་བྱ་བའི་དོན་ཏོ།། ཨུཥྨཱ་ཥའི་གསུམ་པ་ནི་སའོ།། བརྟག་པ་གཉིས་པ ་ལས་སྔགས་བཏུ་བའི་ལེའུ་སྟེ་དགུ་པའི་བཤད་པའོ།། ། སྔགས་བཏུས་པ་རྣམས་ཀྱིས་ལས་བྱ་བའི་ཕྲེང་བའི་དབྱེ་བ་དང་དམ་ཚིག་གི་དབྱེ་བ་ཡང་གསུངས་པ་ནི་ལེའུ་བཅུ་པ་གསུངས་པ། དེ་ནས་རྡོ་རྗེ་སེམས ་དཔས་གསུངས་ཞེས་པའོ།། བཟླས་པའི་ཡུལ་ནི་ཕྲེང་བའོ།། ལུང་ཏང་ནི་ལུང་ཏང་གི་འབྲས་བུའོ།། བརྟག་པ་གཉིས་པ་ལས་བཟླས་པའི་ལེའུ་སྟེ་བཅུ་པོའི་བཤད་པའོ།། །། དེ་བཞིན་གཤེགས་པ་རྣམས ་ཀྱི་ཀུན་རྫོབ་ཀྱི་རིགས་ཞུས་པ་ནི་དེམ་འཁྱུད་ཅེས་པའོ།། རིགས་ཀྱི་གཟུགས་ཞེས་པ་ནི་རིགས་ཀྱི་ཁ་དོག་དང་དབྱིབས་སོ།། སེམས་དཔའི་རིགས་ཞེས་པ་ནི་རྡོ་རྗེ་སེམས་དཔའི་རིགས་སོ།། རྒྱུ་དེས་སྐྱེ་བོ་རྣམས་ལ་སླད་མི་བྱ་ཞེས ་པ་ནི་ངེས་པར་རིགས་དྲུག་པོ་དེ་དང་དེ་དག་གི་རིགས་ཞེས་བྱ་བའི་དོན་ཏོ།། ལྷ་མོ་རབ་ཏུ་མཆོད་པ་ཉོན་ཞེས་པ་ནི་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོད་པར་བྱ་བའོ།། ཆང་གིས་མཚན་པོའི་ལག་པ་ཡིས་ཞེས་པ་ནི་འཆི ་བ་ལ་སོགས་པའོ།། ལས་ཞེས་པ་ནི་ཐབས་ཤེས་རབ་ཀྱི་བདག་ཉིད་གཉིསུ་མེད་པའི་བདག་ཉིད་ཀྱིས་སྦྱོར་བསོ།། རྡོ་རྗེ་ལྡན་ཞེས་བྱ་བ་ནི་ཁྱད་པར་དུ་འཕགས་པའི་རྡོ་རྗེས་སོ།། ཁྱོག་དང་གྲུ་མོ་ཞེས་པ་ནི་བཙུན་མོའི་མགྲིན་པར་སྐྱེས་བུའི ་ལག་པ་གཉིས་ཀྱིས་དམ་དུ་འཁྱུད་དེ། གྲུ་མོ་གཉིས་བུད་མེད་ཀྱི་རྗེ་བར་དུ་བཞག་པ་ནི་ཁྱོགསུ་འདོད་པའོ།། དེ་དག་གི་རྐང་པ་གཉིས་བརྐྱང་བ་ནི་ཤིན་ཏུ་བརྐྱང་བའོ།། སྐྱེས་བུ་འདུག་པའི་བརླར་ཡུམ་གྱི་རྐང་མཐིལ་གཉིས་བཞག་པ་ནི་གྲུ་མོའོ།། བརྟག ་པ་གཉིས་པ་ལས་ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་གྱི་ལེའུ་སྟེ་བཅུ་གཅིག་པའི་བཤད་པའོ།། དབང་བསྐུར་བའི་དུས་སུ་གོ་རིམས་ཇི་ལྟ་བས་སློབ་དཔོན་ལ་སོགས་པའི་དབང་བསྐུར་བ་ལ་སོགས་པ་ལ། བླ་མས་ཚིགསུ་བཅད་པ་བརྗོད་པར་བྱ ་བ་དང་། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་པ་ཡང་གསུངས་པ། དེ་ནས་རྡོ་རྗེ་ཅན་ཞེས་པ་སྟེ། དབང་བསྐུར་བ་བཞི་པོ་རྣམས་ཀྱི་ཚིགསུ་བཅད་པ་བཞི་སྟེ། ཁྱོད་ནི་རང་གི་ཕ་དེ་ཡིན་ཞེས་པ་ལ། ཕ་ནི་རྡོ་རྗེ་འཛིན་པའོ།། ཁྱོད་རང་གི་ཡིན་ཞེས་པ ་ནི་དེའི་རང་བཞིན་དུ་གནོས་པ་ཡིན་ཏེ། ཡེ་ཤེས་དེ་རྙེད་པས་ཞེས་བྱ་བའི་དོན་ཏོ།། ལྟེ་བ་ཞེས་བྱ་བ་ནི་ཁྭ་སྟེ་ཁའི་པདྨའི་ལྟེ་བ་ཞེས་བྱ་བའི་དོན་ཏོ།། བརྟག་པ་གཉིས་པ་ལས་ལེའུ་བཅུ་གཉིས་པའི་བཤད་པ་རྫོགས་སྷོ།། ། ་སློབ་དཔོན་མཚེ་སྐྱེས་རྡོ་རྗེའི་ཞལ་སྔ་ནས་མཛད་པ། དཔལ་ཀྱེའི་རྡོ་རྗེའི་འགྲེལ་པ་པདྨ་ཅན་ཞེས་བྱ་བ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་ཀྵི་ཏི་གརྦྷའི་ཞལ་སྔ་ནས། ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱིས ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། དབེན་གནས་རྩེད་ཀྱི་སྟག་ལུང་དུ་སླད་ནས་ཡང་སྐད་གསར་ཆད་ཀྱིས་ཊཱི་ཀཱ་དང་གཏུགས་ཏེ་གཏན་ལ་ཕབ་པའོ།། ། ་