| Wylie | e-texts produced with BDRC’s OCR application |
གཞན་གྱི་མི་ཐུབ་པའི་སྒྲུབ་ཐབས་རྫོགས་སོ།། །། གསར་འགྱུར་ཡིན་ནོ།། ། རྒྱ་གར་སྐད་དུ། ཤྲི་ཙཀྲ་སཾམྦ་ར་ས ་ཧ་ཛ་སཱ་དྷ་ན། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། དཔལ་ཧེ་རུ་ཀ་ལུ་ཕྱག་འཚལ་ལོ།། དང་པོར་རེ་ཞིག་དུར་ཁྲོད་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། ་རྣལ་འབྱོར་པ་རོའི་གདན་ལ་གཅེར་བུ་སྐྲ་གྲོལ་བས་གནས་ཏེ། རང་གོ་སྙིང་པ་རྗེའི་ཉི་མ་ལ་གནས་པའི་ཡི་གྲྀ་ཧཱུ~ཾ་གི་འོད་ཟེར་གྱིས། བདག་ཉིད་ཕྱག་གཉིས་པའི་ཧེ་རུ་ཀུར་རྣམ་པར་བསམ་མོ།། རང་གི་ཞལ ་ནས་ཨཱ་ལཱི་ཀཱ་ལི་དག་ཟློག་མར་ཨི་དཱང་། མཐར་ཧཱུཾ་ཧཱུཾ་ཕཊ་དང་ལྡན་པ་སྤྲོས་ཏེ་དེ་ཉིད་ཞུགས་པ་ན། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ།། ཧེ་ཞེས་རྒྱུད་སོགས་སྟོང་པ་ཉིད་།། རུ་ཡིག་བཀོད་པ་དང་བྲལ ་བ།། ཀ་ནི་གང་དུའང་མི་གནས་པའོ།། ཞེས་ཡི་གེ་བཞིའི་དོན་མངོན་དུ་བྱའོ།། དེ་ནས་ཡི་གེ་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་མདུན་དུ་བླ་མ་དང་། རྫོགས་པའི་སངས་རྒྱས་ལ་སོགས་པ་ལྟས་ལ། ཡང ་དག་པར་མཆོད་དེ་ཕྱག་བཙལྔ་ནས་བཟོད་པར་གསོལ་ལོ།། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།། སྡིག་པ་ཐམས་ཅད་སོ་སོར་བཤགས།། འགྲོ་བའི་དགེ་ལ་རྗེ་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས ་བཟུང་།། བྱང་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད།། སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར།། བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ ་པར་ཤོག། དེའི་རྗེས་སུ་སེམས་ཅན་ཐམས་ཅད་བདེ་བསོ་ཉེ་བར་བསྡུས་པའི་བྱམས་པ་དང་། སྡུག་བསྔལ་གྱི་རྒྱུ་ལས་འདྲེན་པའི་རྣམ་པ་ཅན་གྱི་སྙིང་རྗེ་དང་། ཐམས་ཅད་ལ་བདེ་པོ་རྒྱུན་མི་འཆད་པར ་མོས་པའི་རྣམ་པ་ཅན་གྱི་དགའ་བ་དང་། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་དབེན་པོའི་རྣམ་པ་ཅན་གྱི་བཏང་སྙོམས་སྒོམ་སྟེ། ཨོཾ་སྭཱ་བྷ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷ་ཝ་ཤུདྡྷོ&ཧཾ། ཞེས་བརྗོད་ལ། ཆོས་ཐམས་ཅད ་རྫུན་པ་བསླུ་བའི་ཆོས་ཅན་དུ་དམིགས་ཏེ། འགྲོ་བ་གསུམ་པོ་རྣམས་དང་། བདག་ཉིད་ཀྱང་ཧཱུཾ་གི་ཐིག་ལེརུ་ཆུད་པར་བྱསཱ་ནི་ས?། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝཾ་ཨཱཏྨ་ཀོ&ཧཾ། ཞེས་བརྗོད་དེ་སྔགས ་ཀྱི་དོན་མངོན་དུ་བྱེད་པས་མི་དམིགས་པར་བྱའོ།། དེ་ནས་པར་སྣང་དུ་ཉི་མ་ལ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ས་བོན་དེ་ཉིད་ཀྱིས་མཚན་པ་བསམ་ལ། ཨོཾ་སུམྦྷ་ཞེས་བྱ་བ་ལ་སོགས་པ་བརྗོད་པས། ་དེ་ལས་བྱུང་བའི་ཁྭ་གདོང་མཱ་ལ་སོགས་པ་བརྒྱད་ཀྱི་རང་རང་གི་འོད་ཀྱིས་བཀུག་ཅིང་།། དོང་དུ་ཆུད་པར་བྱས་པའི་བགེགས་ཀྱི་ཚོགས་རྣམས་ལ་ཕུར་བུས་གདབ་པར་བྱའོ།། ་ཨོཾ་གྷུ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕུཊ། ཀཱི་ལཱ་ཡ་ཀཱི་ལ་ཡ་སྱརྦ་པཱ་པཾ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ་བཛྲཱ་ཀཱི་ལ་ཡ་བཛྲི་དྷ་རོ་ཨཱཛྙཱ་པ་ཡེ་ཏ~ཾ་སརྦ་བི་ན། ཀ་ཡ་བཱགཱ་ཙིཏྟ་བཛྲ་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་མུད་ག་ར་བཛྲོ་ཀཱི་ལ། ་ཨ་ཀཽ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། དེ་ནས་ལྟེ་མོ་བརྒྱད་པོ་སླར་ཡིང་སྣ་ཚོགས་རྡོ་རྗེའི་དབུས་ཀྱི་ཧཱུཾ་ལཾ་ཆུད་པ་དང་། དྭེ་དགེ་ཡོངས་སུ་གྱུ་ཉྩིར་པ་ལས། རིམ་བཞིན་རྡོ་རྗེའི་ས་བཞི་དང་། རཱུ་བ་དང་། གུར་དང ་བླབྲུ་རྱེ་དང་། མདའི་དྲི་བ་དང་། བསྐལ་བའི་མེ་དཔུང་འབར་བའི་རྣམ་པ་ཅན་གྱི་མི་རི་གྲུཔཱ་པར་ལྟའོ།། ཨོཾ་མྱེ་དྷི་ནི་བཛྲཱི་བྷ་ཝ་བནྡྷ་ཧཱུཾ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་པཉྫ་ར་ཧཱུཾ་པཾ་ཧཱུཾ། ཨོཾ་བཛྲ་པི་ཏཱ་ནཾ་ཧཱུཾ་ཧཱུཾ ་ཨོཾ་བཛྲ་སརྦ་ཛྭཱ་ལཱ་ཏཱཾ་སཾ་ཛྙཱ། ཨོཾ་བཛྲ་ཛྭཱ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། དེ་ལྟར་སྲུད་པ་བྱས་པའི་དབུས་སུ།། སྣ་ཚོགས་པདྨ་དང་ཉྩམ་ལ། ཨཱ་ལཱི་ཀཱི་ལི་ཡོངས་སུ་གྱུར་པ་ལས། ཉི་ཟླ་ཁ་སྦྱར་གྱི་དབུས་སུ་ཧཱུཾ་ལས ་བྱུང་ཞིང་། དེ་ཉིད་ཀྱིས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་ཁཾ་དག་མཐིང་གི་འོད་ཟེར་གྱི་འཕྲེང་བས་དཀྲིས་པ་ལྟས་ལ། ལྟེ་བའི་ཧཱུཾ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དཔའ་བོ་དང་དཔའ་མོའི་རྣལ་འབྱོར་མ་རྣམས ་བཀུག་ནས་དེ་ཉིད་དུ་ཞུགས་པ་དང་། དེ་དག་ཡོངས་སུ་གྱུར་པ་ལས། དཔལ་ཧེ་རུ་ཀ་རྡོ་རྗེ། གཡས་བརྐྱང་བའི་རོའི་གདན་ལ་བཞུགས་ཤིང་གྲུབ་པའི་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ལྟའོ།། དེ་ཡང་སྐུ་མདོག ་ནག་པོ་ཕྱག་གཉིས་ཕྱེ་སྟེ། རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་གི་ཤེས་རབ་མ་ལ་འཁྱུད་པ། ཞལ་གཅིག་པོ། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཀྱིས་མཚན་པོ། ཐོད་པའི་འཕྲེང་བས་དབུ་ལ་བརྒྱན་པ ་ཟླ་བ་ཕྱེད་པ་དབུ་ལ་འཇོག་པ། སྣ་ཚོགས་རྡོ་རྗེས་མནན་པའི་དབུ་རྒྱན་ཅན། ཞལ་རྣམ་པར་འགྱུར་པ། མཚོ་བ་གཙིགས་ཤིང་འཇིགས་པར་བྱེད་པ། གར་གྱི་ཉམས་དགུ་དང་ལྡན་པ། སྟག་གི་པགས ་པའི་ཤམ་ཐབས་ཅནྡ། བརྒྱ་ཕྱེང་ཐོད་པའི་འཕྲེང་བས་དྲོ་ཤལ་བྱས་པའོ།། མགུལ་རྒྱན་གདུ་བུ་རྣ་རྒྱན་དང་། དབུ་ཡི་ནོར་བུས་རྣམ་པར་བརྒྱན།། མཆོད་ཕྱིར་ཐོགས་དང་ཐལ་བ་ཞེས།། ཕྱག་རྒྱ་དྲུག ་གིས་རྒྱས་བཏབ་པོ།། དེའི་སྤྱན་སྔོར་བཅོམ་ལྡན་འདས་ལ་རྡོ་རྗེ་ཕགོ་མོ།། སྐུ་མདོག་དམར་མོ་ཞལ་གཅིག་མ། ཕྱག་གཉིས་མ། སྤྱན་གསུམ་མོ། གཅེར་བུ་དུམ་པོའི་སྐེ་རགས་ཀྱིས་ཀྱིས་བརྒྱན་པ། ་ཕྱག་རྒྱ་ལྔ་དང་ལྡན་པའོ།། ཕྱག་གཡོན་འཁྱུད་པའི་ཐོད་པ་ནི།། གདུག་པ་བདུད་ཀྱི་ཁྲག་བསྣམས་པ།། གཡོན་པོ་ཕྱོགས་སུ་ཀུན་སྡོང་ལ།། རྡོ་རྗེ་དང་བཅས་སྡིགས་འཛུབ་བྱེད།། བསྐལ་པའི་མེ་ལྟར་གཟི ་བརྗིད་ཆེ།། ཁྲག་འཛག་ཁྲག་ལ་དགྱེས་པ་མོ།། བྱིན་པ་གཡས་ཀྱིས་ལེགས་འཁྲིལ་མྲ།། བདེ་ཆེན་ཐུགས་རྗེའི་བདགྲ་ཉིད་ཅན།། པུ་ཛ་ཨཽ་ཨ་གོ་ར་ད་མ།། ཀ་ཨོ་ཏྲྀ་ཀོ། ཀཱ་ལ་ཀ ་ཏི། པྲེ་གྲི་སྱོ་སྱ། ན་སྱཻ་མ་གུ། སྙིང་གར་པདྨ་མ་འདུབ་མྱ་བརྒྱད་པའི་སྟེང་དུ་ཡ་ཤཱཾསྱཱ་ཀྱི་འཁོར་ལྷོའོ།། པཱུ་ལི་ར་མ་ལཱ་ཡཱ་ལེ་སྩོགས་པར་ནི་སྐུ་གསུང་ཐུགས་ཀྱི་འཁོར་ལོའོ།། ཁ་ལ་སྩོགསྨྲ་པའི་སྒོ་བརྒྱུད ་དུ་ནི་དམ་ཆོག་གི་འཁོར་ལོ་འོ།། དེ་ལྟར་བསྒོམས་ཏེ་ཨོཾ་ཨཱཿཧཱུཾ། སརྦ་བཱི་རེ་ཡོ་གི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭཱ་བྷཱ་ཨཏྨ་ཀོ&ཧཾ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཿབཛྲ་ཤུདྡྷོཉྫཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པར ་བྱའོ།། སྙིང་གཱར་ཨཽ་ཧ་རྡོ་རྗེ་སེམས་དཔའ་འོ།། སྤྱི་བོར་ན་མ་ཧི་རྣམ་པར་སྣང་མཛད་དོ།། སྠི་གཙུག་ཏུ་སཱ་ཧཱུ་ཧཱུཾ་པེདྨ་མཾ་གུར་གྱི་དབང་ཕྱུག་གོ། ཕྲག་པ་གཉིས་སུ་བཽ་ཥྚཿཧེ་དངུལོ་ཧེ་རུ་ཀུཾ་རྡོ་རྗེའོ།། མག་གཉི ་སུ་ཧཱུཾ་ཧཱུཾ་ཧཾ་རྡོ་རྗེ་ཉི་མའོ།། ཡན་ལག་ཐམས་ཅད་ལྀ་ཕཊ་ཧཾ་མཚོན་ཆེ་སྟེ་རྡོ་རྗེ་རྒྱལ་པོའོ།། དཔའ་བོའི་གོ་ཆེའོ།། ཨོཾ་བཾ་ལྟེ་བར་རྡོ་རྗེ་ཕག་མོའོ།། ཧཾ་ཡོཾ་སྠི་གཪྵ་གཤིན་རྗེ་མའོ།། ཧྲིཾ་མོཾ་མགྲིན་པར་རྨོངས ་བྱེད་མོའོ།། ཧྲིཾ་ཧྲི་སྤྱི་བོར་སྦྱོང་བྱེད་མའོ།། ཧཱུཾ་ཧཱུཾ་སྤྱི་གཙུག་ཏུ་སྐྲག་བྱེད་མའོ།། ཕཊ་ཕཊ་ཙཎྜི་ཀ་སྟེ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ།། དཔའ་མོའི་གོ་ཆའོ།། འཛུབ་མོ་འདུང་བྱས་གུང་མེའི་རྩེ་སྦྱར ་མཐེ་བོ་རྡོ་རྗེ་བརྟན་པོར་རབ་ཏུ་སྦྱར།། འདི་ནི་དཔྲལ་བའི་དབྱེས་སུ་རབ་བཞག་ནས།། བསྐོར་ཞིང་བསྐོར་བས་ཀུན་དུ་བསྐོར་བར་བྱ།། རྐང་པ་མནན་ཅིང་གྱེན་དུ་ལྟ།། གྱེན་དུ་ཕྲེཾ་ཞེས་སྒྲ་སྒྲོགས་ཤིང ་ཕྱོགས་བཅུ་འཇིག་རྟེནར་ཁམས་བཞུགས་པའི།། དཔའ་བོ་རྣལ་འབྱོར་མ་རྣམས་འགུགས།། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཡོ་གྲ་ཤུདྡྷོ&ཧཱུཾ། ལག་པ་གྲཝཡས་པ་དང་གཡོན་པ་དག་བསྐོར་ཞིང་མཁའ ་འགྲོ་མའི་དྲི་བ་དམ་པའི་བདེ་བྲར་རོ།། དེ་ནས་ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྕེ་རྣམས་ཀྱིས་ནི་ཁྲུས་གི་སོལ་བ།། ལྷའི་ཆུ་ནི་དག་པི་ཡིས།། དེ་བཞིན་བདག་གིས་ཁྲུས་བྱའོ།། ཨོཾ་སརྦ་ཏ་ཐཱ་ག ་ཏ་ཨ་བྷི་ཥོ་ཀ་ཏ་ས་མ་ཡ་ཤྲྀ་ཡེ་ཧཱུཾ། ཞེས་བྱ་བའི་ཚིགས་སུ་བཅད་པའི་སྔགས་དགེ་བརྗོད་བཞིན་དུ་དབང་བསྐུར་པས། བཅོམ་ལྡན་འདས་ཀྱི་དབུ་ལ་མི་བསྐྱོད་པའོ།། བཅོམི་ལྡ་ནི་འདས་མའི་དབུ་ལ་རྣམ ་པར་སྣང་མཛད་བཞུགས་པར་བསྒོམ་ནས། ཕྱི་ནང་གསང་བའི་ཁྱད་པར་རྣམས་ཀྱིས་མཆོད་དེ། ཧཱུཾ་དཀར་པོ་ལས་རྡོ་རྗེ་རྩེ་གཅིག་པ་དཀར་པོ།། བྷཱུ་དམར་པོ་ལས་བྱུང་བའི་ནོར་བུ་ཅན།། སྦུབས་ཀྱི་སྒོར ་པྲཱ་སེར་པོས་བཀག་པའོ།། དེ་བཞིན་དུ་ཨ་དམོར་པོ་ལས་པདྨ་དམར་པོ་འདབ་མ་གསུམ་པ། དཱ་དཀར་པོ་ལས་བྱུང་བའི་ཟེའུ་འབྲུ་ཅན།། དྷ་སེར་པོས་སྦུབས་ཀྱི་སྒོ་བཀག་པའོ།། རང་གི་ལྟེ་བ་དང ་སྙིང་གཱར་ཟླ་བ་ལྔ་ཡུམ་གྷི་སྙིང་པོ་དང་ཉེ་བའི་སྙིང་པོའོ།། ལྐོག་མ་དང་སྤྱི་བོར། ཉྩི་མ་ལཱ་གནས་པའི་སྙིང་པོ་དང་ཉེ་བའི་སྙིང་པའོ།། ཡུམ་གྱི་ལྟེ་བའི་དང་སྐྱོང་གར་ཉ་མཱ ་གནས་པའི་བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ།། ལྐོ་གཱ་མ་དང་སྤྱི་བོར་ཡུམ་ཉིད་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ།། དེ་ཟླ་བ་ལའོ།། སྔགས་ཀྱི་འཕྲེང་བ་དེ་དགེ་ཐམས་ཅད་ནི་ཁ་དོག་དམར་པོ་གཡོན ་སྐོར་གྱིས་གནས་པ་མགོ་གྱེན་ལ་ལྟས་པའོ།། གནས་ལྦུ་པར་འོད་ཟེར་གྱི་འཕྲེང་པོ་དུ་མ་འཁྲིགས་པ། བདེ་བ་ཆེན་པོའི་རང་བཞིན་དུ་དེམིགས་ནས། མན་ངག་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་མུཆོད་པ་མངོན་དུ ་བྱའོ།། དེ་ནས་སྔགས་ཟླ་བར་བྱཱ་སྟེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛྭ་ལེ་སམྦ་ར་སྭཱ་ཧཱ། ཨོཾ་ཧྲིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའོ།། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནོ་ཡེ། བཛྲ་བརྡྷ་ནཱ~ཾ་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནཱས་གཏོར་མ་འབུལ་བར་བྱཱ་སྟེ། མདུན་དུ་ཡཾ་དང་རཾ་ལས་བྱུང་བའི་རླུང་དང་མེའི་དཀྱིལ་འཁོར་ལ། ཡུཾ་གེ་ཨ་ཡོངས་སུ་གྱུར་པ ་ལས། བིད་མའི་སྣོད་ཀྱི་ནང་དུ་བདུད་རྩི་ལྔ་དང་། སྒྲོན་མ་ལྔ་རྣམས། ཨོཾ་ཏཱཾ་ཛྲེ་ཁཾ་ཧཱུཾ། བཾ་ལཾ་མཱཾ་པཱཾ་ཏཱ་གྱི་ཡི་གེ་རྣམས་ལས་སྐྱེད་ཅིང་། དེ་དག་ཉིད་ཀྱིས་མཚན་མ་བལྟས་ལ། ཡོངས་སུ་གདུངས་པའི ་ཞུ་བའི་རྫས་ཀྱི་སྟེང་དུ་ཧཱུཾ་དཀར་པོ་ལྔས་བྱུང་བའི་ཁ་ཊྭཱཾ་ག་དཀར་པོ་ཞུ་བས་རོ་གཅིག་ཏུ་གྱུར་པ་དང་། ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་བྱུང་བའི་ཡི་གེ་གསུམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་ཡི་གེ་གསུམ་ལ་ཞུགས་པ་དང་། དེ་དག་ཀྱང་རིམ་གྱིས་འོག་ནས་འོག་ཏུ་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་བསམ་ནས། ཇི་སྲིད་འདོད་པར་ཡི་གེ་གསུམ ་གྱིས་བྱིན་གྱིས་བརླབ་པོ།། དེ་ནས་བཅོམ་ལྡན་འདས་དང་། བཅོམ་ལྡན་འདས་མ་ལ། ཨོཾ་ཨ་རལླི་ཧོཿཛཿཧཱུཾ་བཾ་ཧོ། བཛྲ་ཌཱ་ཀཱི་ནི་ས་མ་ཡ་སྟཾ་དྱཾ་ཤྩ་ཧོཿཞེས་བྱ་བས་བསྟབས་ཏེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ ་དཀར་པོའི་ལྕེས་དྲངས་ཏེ་གསོལ་བས་ཚིམས་པར་གྱུར་པར་བལྟའོ།། དེ་ནས་དུརརྱ་ཁྲོད་ན་གནས་པ་རྣམས་ལ། ཤར་ལ་སོགས་པའི་ཕྱོགས་སུ་གཡོན་སྐོར་གྱིས། ཨོཾ་ཁ་ཁ་ཁྱཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས ་བྷུབྷཱུ་ཏ་པྲེ་ཏ། པཽ་ཤཱ་ཙ་ཨུནྨ་དཱ། ཨཔསྨ་ར་ཌཱ་ཀ་ཌཱ་ཀཱི་ནྱ་ད་ཡ། ཨི་མཾ། བཱ་ལི་གྲྀཧྞནྟུ། ས་མ་རཀྵནྟུ། མ་མཱ་སརྦ་སིདྡྷམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ་ཡཱ་ཐཻཥྚ། བྷུཉྫ་ཐ། པི་པ་ཐ། ཛི་གྷཱ་ཐ། མ་ཏི་ཀྲ་མ་ཐ། མྲ་མི ་སརྦ། ཀཱརྟ་ཡ་སཏི་སུ་ཁི་བི་ཤུད་དྷ་ཡེ། ས་ཧཱ་ཡི་གེ་བྷ་ཝཱནྡྷ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ལན་གཉིས་སུ་བརྗོད་པས་བྱིན་ཏེ། དེ་དག་ཚིམ་པར་བསམ་མོ།། དེ་ནས་ཡང་དག་པར་མཆོད་དེ། ཡི་གེ ་བརྒྱ་པ་བརྗོད་ནས་ཐམས་ཅད་རང་གི་སྙིང་གའི་འོད་ཀྱིས་ཡི་གེ་ཧཱུཾ་ལ་ཆུད་པར་བྱས་ནས། སླར་དེའི་འོད་ཀྱི་བདག་ཉིད་ཧེ་རུ་ཀར་སྤྲུལ་ཏེ། ཇི་ལྟར་བདེ་བར་གནས་པར་བྱའོ།། ཐུན ་འཚམས་ཀྱི་ཕྱི་མ་ལ་ཡང་། སྙིང་གའི་ཧཱུཾ་གི་འོད་ཀྱི་རང་གི་ལུས་དེ་ཉིད་བསྡུས་ལ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སྔགས་གསུམ་པོ་བརྗོད་པ་སྔོན་དུ་འགྲོ་བས། སླར་ཡང་ཧཱུཾ་དེ་ཉིད་ཀྱི་འོད་ཟེར་རྣམས་ཀྱིས་སྔ་མ ་ལྟར་ཐམས་ཅད་བསྐྱེད་པར་བྱའོ།། ཐུན་གྱི་མཐར་ནི། ཨོཾ་བཛྲ་མུཿཞེས་བྱ་བས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ཏེ། སྔ་མ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ཏེ་ཉལ་བར་བྱའོ།། གལ་ཏེ ་རྫོགས་པའི་རིམ་པོའི་ཏིང་ངེ་འཛིན་གྱིས་སེམས་བརྟན་པར་འདོད་ན། གང་དུ་སྙིང་གའི་པདྨ་ཁ་སྦྱར་དབུས་སུ་གསལ།། ཕྲ་བས་བལྟ་བ་རབ་བྱུང་མྱོང་བའི་སེམས་འཇུག་པ།། ཁོ་མོས་གསུམ་མ་ལུས་གཉིས་མོད ་པར་ནི་ཉེར་འགྲོ་བ།། གསལ་བའི་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ།། དབང་པོ་གཡོ་བའི་རྟ་ཀུན་ནང་ངེས་སྦྱར་བ།། ཡེ་ཤེས་རྒྱལ་བ་མ་ལུས་བསྡུས་པའི་སྣོད་འགྱུར་བ།། ཁམས་གསུམ་བསྐྱེད ་པའི་རྒྱུ་ཉིད་དུ་ནི་གཉེར་འགྲོ་བ།། མཐོང་བ་མཁའ་དང་འདྲ་བ་དྲི་མེད་དཔོལ་དུ་གྱུར།། སངས་རྒྱས་རྗེས་དྲན་སྦྱོར་བ་ཡིས།། ཆོས་ནི་རྗེས་སུ་དྲན་པ་བསྒོམ།། ཆོས་ནི་རྗེས་དྲན་སྦྱོར་བ་ཡིས།། ཆོས་ཀྱི་སྐུ་ནི་རང ་ཉིད་བསྒོམ།། དབུས་གསལ་བྱེད་རྣམ་པར་ཤེས།། ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱིས།། ཤིན་ཏུ་སྒོམ་པ་གོམ་པ་ལས།། གསལ་བར་འདིར་ནི་ཐེ་ཚོམ་མེད།། རྟག་ཏུ་སྙིང་ལ་གནས་པ་ཡི།། ཐིག་ལེ ་གཅིག་ལ་འགྱུར་མེད་དེ།། དེ་སྒོམ་བྱེད་པའི་སྐྱེ་བོ་ལ།། ངེས་པར་ཡེ་ཤེས་སྐྱེ་བར་འགྱུར།། ཞེས་བྱ་བའི་དོན་མན་ངག་ཇི་ལྟ་བ་བཞིན་བསྒོམ་པར་བྱའོ།། དེ་ལས་ཇི་སྐད་དུ། རྡོ་རྗེ་མཁའ་འགྲོ་ཐུགས ་རྗེ་ཅན།། འདི་ཉིད་དུ་ནི་བཞུགས་མཛད་ཅིང་།། རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས།། འགྲོ་བ་གསུམ་པོ་འདི་ལ་གནས།། ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་རྣམས་འབྱུང་བར ་འགྱུར་རོ།། དཔལ་འཁོར་ལོ་སྡོམ་བྱ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐ་བོས། སློབ་དཔོན་སུ་མ་ཏ་སིང་ཧེས་མཛད་པ་རྫོགས་སོ།། ་འགྱུར་རྙིང་ལ་རྒྱ་དཔེ་དང་བཏུན་པོའི་སྒོ་ནིས་བཅོས་པའོ།། ་