CLOSE WINDOW

GT3153: khro mo'i dbang phyug rnam par rgyal ma'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བི་ཛ་ཡ་ཀྲོ་དྷེ་ཤྭ་རཱི་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་མོའི་དབང་ཕྱུག་རྣམ་པར་རྒྱལ་མའི་སྒྲུབ་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ།། སྒྲུབ་པ་པོ་གདོང་བྱང་དུ་ཕྱོགས་པས ་ཁྲུས་བྱ་ཞིང་བདག་དང་གནས་དང་རྣལ་འབྱོར་སྲུང་བ་སྔོན་དུ་འགྲོ་བས།། བ་ལང་གི་ལྕི་བའི་མཎྜལ་བྱས་ནས། མེ་ཏོག་དགྲམ་པར་བྱའོ།། ཨོཾ་ཨ་པ་རཱ་ཛྙཱི་ཏཱ་ཡ་ན་མཿདབུས་སུའོ།། ཨོཾ་བཽ་རོ་ཙ་ན་ཡ་ན་མོཿལན་གསུམ་སྟེ་འདི ་ཡང་དབུས་སུ་དགོད་པར་བྱའོ།། ཨོཾ་ཨཀྵཽ་བྷྱཿནེ་མཿཤར་དུའོ།། ཨོཾ་རཏྣ་སམྦྷ་ཡ་ན་མཿལྷོ་རུའོ།། ཨོཾ་ཨ་མྲྀ་ཏ་བྷ་ཡ་ན་མཿནུབ་ཏུའོ།། ཨོཾ་ཨ་མོ་གྷ་སིཾ་དྷ་ཡ་ན་མཿབྱང་དུའོ།། ཨོཾ་ལེ་ཙ་ནཱ་ཡ་ན་མཿཤྭར་ལྷོར་རོ།། ་མཱ་མ་ཀཽ་ཡེ་ནཱ་མཿལྷོ་ནུ་བོ་ཏུའོ།། ཨོཾ་པཎྜ་རཱྀ་ཡ་ན་མཿནུབ་བྱང་དུའོ།། ཨོཾ་ཏཱ་ར་ཡཻ་ན་མཿབྱང་ཤར་དུའོ།། སླར་ཡང་དབུས་སུ། ཨོཾ་ཨཱརྱ་ཨ་པ་ར་ཛི་ཏེ་ན་མཿལན་གསུམ་གྱི་མཆོད་པ་བྱའོ།། དེ་དག་གི་ཕྱི་རོལ་སྒོ་བཞི ་ལྔ་དགོད་པ་ནི། ཨོཾ་ཛ་ཡ་དེ་བྱཾ་ན་མ་ཨོཾ་བི་ཛཱ་ཡ་དེ་བྱཻ་ན་མོཿོཾ་ཨ་ཛི་ཏཱ་ཡཻ་ན་མཿོཾ་ཨོཾ་པ་ར་ཛི་ཏི་ཡེ་ན་མཿཅེས་པ་སྟེ་རྣམ་པ་འདི་ལྟ་བུ་དག་གིས་མཆོད་ཡོན་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པོ་བྱའོ།། དེ་ནས ་སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་དང་། སྨོན་ལམ་གདབ་པ་རྣམ་བྱས་ཏེ་ཨོཾ་མུཿཞེས་བྱ་བས་གཤེགསུ་གསོལ་བར་བྱའོ།། དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར ་དག་པའི་འོད་གསལ་བསྒོམ་པར་བྱ་སྟེ། རང་བཞིན་རྣམ་པར་དག་པའི་སྔགས་ཀྱིས་བྱིན་གྱིས་རླབ་པར་བྱའོ།། ཕྱི་ནས་ཨཾ་ཡིག་ལས་སྐྱེས་པའི།། འདུལ་དཀའ་མ་ལུས་འཇོམས་མཛད་པ།། བདུད ་ཀྱི་དཀྱིལ་འཁོར་ཕམ་བྱེད་མ།། གཞན་གྱིས་མི་ཐུབ་མཁས་པས་བསྒོམ།། ཛམ་བུ་ན་དའི་འོད་དང་མཉམ།། གཡོས་ཀྱི་ཐལ་ལྕུག་བརྡེག་པོ་ནི།། ས་གསུམ་པོ་ཡོང་འཇིགས་པར་བྱེད།། ཅིག་ཤོས་ཞགས་པའི་ཕྱག་གིས ་ཉེ་བར་འཚེ་བ་རབ་ཏུ་འཆིང་།། གཡས་བརྐྱང་སྟབས་ཀྱིས་གནས་པ་འམ།། ཡང་ན་གཡོན་བརྐྱང་ཚུལ་དུ་བསྒོམ།། ལོག་འདྲེན་མཉམ་པར་གནོན་པ་མོ།། ཚངས་སོགས་ལྷ་ཡིས་ཡང་དག་མཆོང་།། འབོར་བའི ་སྤྲིན་གྱི་འཕྲེང་བ་འཕྲོ།། འོད་ཆེན་ཐོག་ཐོག་རྡོ་རྗེ་ཡི།། མི་བཟད་སེར་བ་འབེབས་ཤིང་སྤྲོ།། རྒྱན་རྣམས་ཀུན་དང་ཡང་དག་ལྡན།། དབུ་རྒྱན་རྣམ་པར་སྣང་མཛད་བཞུགས།། རབ་ཏུ་གཙིགས་ཤིང་མི་སྡུག་པ།། རྒྱ་མཚོ་བཞི་ཡི ་བཏུད་པའོ།། ན་མོ་མཱ་ར་ས་ན་པྲ་བྷཉྫ་ནཱི་བྷཉྫ་བྷཱཉྫི་ཤཱ་མ་ཤ་མ། སརྦ་ཀླེ་ཤ་མ་ར་ཎི་མཱཾ། དྷུ་ན་དྷྱ་ན། ཧུ་ལུ་ཧུ་ལུ། ཙ་ལེ་ཙ་ལ་སཱ་ཧཱ། འཕྲེང་བའི་སྔགས་སོ།། ཨོཾ་ཨཱཿོཾ་ཧཱུཾ་ཕཊ་སྭཱ་དྷུ། སྙིང་བོའོ།། རང་གི་ལྟེ་བྱར ་གྲུ་གསུམ་དཀར་པོའི་དབུས་སུ་ཨཾ་ཡིག་དམར་པོས་ལེགས་པར་བརྒྱན་པ། ཨཾ་ཡིག་དེ་ཡང་འདམ་སྐྱེས་སྔོན་པོའི་རྣམ་པ་ཅན་གྱི་འཁོར་ལོ་ལ་གནས་པའོ།། སྲོག་དང་རྩོལ་བ་ཡོངས་སུ་བསྡམས་ནས། འཁོར ་ལོ་གཡོན་སྐོར་དུ་འཁོར་བ་ལ་དམིགས་པ་ནི། རང་བཞིན་གྱི་བཟླས་པའོ།། སྤྱི་བོར་འདམ་སྐྱེས་དཀར་པོ་འདབ་མ་བརྒྱད་པ་ལ་ཧཱུཾ་དཀར་པོའོ།། མཛོད་བུར་ནི་སྭཱསྟྲི་ཀའི་གཟུགས་དཀར་པོ་ལས། བདུད་རྩི་རབ ་ཏུ་འབབ་པ་སྤྱི་བོར་འཛག་པའོ།། དེ་ལས་འོ་མའི་རྒྱུན་ལྟར་ལྷུང་བ། ལྕེའུ་ཆུང་ལས་པ་བསོ་པས། ལུས་ཚིམས་པོར་བསྒོམ་མོ།། ཨོཾ་ཨརྱཱ་ཨ་པ་ར་ཛི་ཏ་ཛ་ཡ་བི་ཛེ་ཡ། ཨ་ཛི་ཏེ་ཨ་པ་ར་ཛི་ཏ། ཨོཾ་དི་དེ་ལིང་གྲྀཧྞ ་གྲྀཧྞ་མ་མ་བིགྷྣ་ན་ཧ་ར་ཧ་ར། ཙ་ཏུརྨྨ་རན། ནི་ཝཱ་རཱྀ་ཡ་ནི་ཝ་རཱ་ཡ། ཏཱ་སཾ་ཡ་ཏཱ་ས་ཡ། ཚེ་ད་ཚེ་ད། བྷེ་དཱ་བྷེ་ད། ཧཱུཾ་ཧཱུཾ་ཕཊ་ཅེས་པ་ནི་གཏོར་མའི་སྔགས་སོ།། ཨོཾ་ཨཱཿཔཛྙཱ་ན་ཀ་ཧཱུཾ་ཧཱུཾ་ཕཊ། ཤེས་རབ་མཐར ་བྱེད་དང་ཡང་དག་པར་མཉམ་པར་གནས་པ་ནི། བླ་མ་དམ་པའི་རིམ་པའོ།། འཁོར་ལོ་རྩིབས་བཅུ་པ་བྲིས་ལྔ།། ནི་ཡིག་ལ་སོགས་པ་བཅུ་དང་། ས་ཡིག་ལ་སོགས་པ་བརྒྱད་ནི་མིང་ཡོངས་སུ་སྤེལ་ཞིང ་སྣོ་ཧཱ་དང་སྦྱར་བ་འཁྲོར་ཡུག་དང་ལྟེ་བ་ལ་བྷི་བར་བྱའོ།། རྩི་བས?་རྣམས་ལ་ཉྫིས་འགྱུར་གྱི་སྔགས་རྣམས་ལ་གཉིས་འགྱུར་གྱི་སྔགས་རྣམས་ཁ་སྦྱོར་ཕྱེ་སྟེ་བྲི་བར་བྱ་བ་ལྤ། སོ་སོར་ཡང་སྒྲུབ་བྱའོ་མིང་དང་སྤེལ ་བར་བྱའོ།། ཡང་ཕྱི་རོལ་དུ་རྒྱ་མཚོའི་ལྷ་མོ་བཞི་པ་རྣམས་ཀྱི་མིང་སྤེལ་ཏེ་བྲིས་ནས། རྡོ་རྗེ་ར་བའི་ནང་དུ་ཆུད་པར་བྱ་བ་ནི། བསྐུལ་ཚིག་གི་སྔགས་ཀྱིས་བསྐོར་བའོ།། འཁོར་ལོ་འདི་ནི་ལས་ཐམས་ཅད་བྱེད་པ ་སྟེ། བཞི་པོ་དེ་དག་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུའི་གཟུགས་ཏེ། དབྱུག་པ་དང་ཐོད་པ་ཐོག་པའི་བསམ་གཏན་བསྒོམ་པར་བྱའོ།། ཁྲོ་མོའི་དབང་ཕྱུག་མ ་གཞན་གྱི་མི་ཐུབ་པའི་སྒྲུབ་ཐབས་རྫོགས་སོ།། །། གསར་འགྱུར་ཡིན་ནོ།། ། རྒྱ་གར་སྐད་དུ། ཤྲི་ཙཀྲ་སཾམྦ་ར་ས ་