CLOSE WINDOW

GT315: kye'i rdo rje bsdus pa'i don gyi rgya cher 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཧེ་བཛྲ་པཱི་ཎ་རཱརྠ་ཊཱི་ཀཱ། བོད་སྐད ་ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་པ། དཔལ ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། འཇིག་རྟེན་སྤྱོད་པ་རྣམ་པར་སྤངས་བྱས་རྒྱལ་བའི་རང་བཞིན་རྟག་ཏུ་བྱུང་ཞིང་ཁྱབ།། ་གཉིས་གཉིས་མེད་ཅིང་དྲི་བྲལ་དབང་པོའི་མིན་བདེ་ཀུན་མཁྱེན་ཨེ་བཾ་མཆོག་ཞི་བ།། ཐུགས་ནི་ཐུགས་མིན་ཐུགས་ཏེ ་བེམས་པོ་མ་ཡིན་ཀུན་ཏུ་དབང་པོ་ཐམས་ཅད་པ།། སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་སྐུ་བདུད་རྩི་ལ་ནི་རྟོགས་ཆེད་ཕྱག ་འཚལོ།། སྟོན་བརྒྱད་པོ་རབ་བཅོམ་ལས་བྱུང་རྣམ་པར་ཐར་རྣམས་གཙོ་བོའི་ཞལ་བརྒྱད་རྣམས།། སྟོང་པ་ཉིད་རྣས་བཅུ་དྲུག་ཕྱག་དང་ཐུགས་རྗེ་རྣམས་ཀྱང་ཐོད་པ་འདི་རྣམས་ཏེ།། འགྱུར་མེད་ལྔ་བཅུ་རྗོད་བྱེ་དེ་ཉིད ་བཀོད་པ་ཕྲག་པར་མགོ་ཡི་ཕྲེང་བ་ཅན།། ཅོད་པན་ལ་ནི་མི་བསྐྱོད་ཟླ་ཕྱེད་རྡོ་རྗེའི་ཕྲེང་བ་ཐོད་པའི་བདག་ཉིད་མངའ།། བྱམས་པ་ལ་སོ་ཌ་རྣཾས་དང་རྣམ་ཐར་ཞབས་བཟང་རྣམས་ཀྱིས་བདུད་རྣམས་མནནྟེ་བཞགས ་ཉོན་མོངས་ཤེས་བྱ་བསྡུས་དང་སྦྱོར་བ་བྱུང་འགྲོ་ཕྱག་རྒྱ་སྟ་གི་པ་ཌ་པ་ཡིས།། གང་ལ་བདུད་སོ་ཌ་སྒྲིབ་རྣམས་ཆ་ཙམ་ལྟ་བུར་སན་དོན་དུ་བརྒྱན་དེ་ལ། བཏུད་ནས་འདི་ཡི་རྒྱུད་ཀྱི་གསང་བ་འཆད་བྱེད་འགྲེལྔ་བདག ་གིས་བྲི་བར་བྱ།། སན་ཀུན་ལ་ཕན་འདོད་པ།། ས་བཅུ་རྣམས་ཀྱི་དབང་ཕྱུག་པོ།། དང་ལྡན་རྡོ་རྗེ་སྙིང་པོ་ཡིས།། རྣལ་འབྱོར་པ་ལ་མ་ཐོབ་ཆེད།། འབུམ་ཕྲག་ལྔ་པའི་རྒྱུད་ཆེན་ལས།། ཉུང་ངུའི་རྒྱུད་ནི་ལེགས་ཕྱུང་བའང་།། ་བརྒྱ་ཕྲག་བདུན་ནི་ཕྱེད་བཅས་པ།། རྡོ་རྗེའི་ཚིག་མང་ལྡན་པ་འདིར། ཀྱཻ་ཡི་རྡོ་རྗེས་བསྐུལ་བས་ན།། གཞུང་ནི་སྟོང་ཕྲག་དྲུག་པ་སྟེ།། རྣ་བའི་རྒྱུད་ཀྱི་རྗེས་འབྲང་གང་།། དེ་འདི་རྒྱུད་ནི་གསལ་དོན་དུའོ།། སྙིགས་མ་ལྔ་ཡི་དུས་འདི་རུ།། སློབ་དཔོན ་གང་རྣམས་འབྱུང་འགྱུར་བ།། རྣལ་འབྱོར་སྤྱོད་པ་སྟོན་བྱེད་ཅིང་།། ཡང་དག་ལམ་ལ་གནས་མིན་ལཱ།། འགྲོལ་བ་མེད་པར་ཅུང་ངུ་རྒྱུད།། སྦྱིན་པར་བྱེད་པ་ཚུལ་དོན་པ།། གཞན་གྱི་བུད་མེད་ནར་འདོད་པས།། དམྱལ་བར་འགྲོ་བར་ཆེས་བརྩོན་པ། མིང་ན་ཤེས ་ལྔ་སོགས་མེད་པོར་ནི།། ཁ་ཅིག་འགྲོལ་པོ་བྱེད་པར་འགྱུར།། རྟོག་གོའི་བསྟན་བཅྡོཾས་ང་རྒྱལ་གྱིས།། རྣལ་འབྱོར་སྤྱོད་ལ་བརྙས་པར་བྱེད།། སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད།། འབད་པས་དབང་གིས་གཙོནས་སོ།། དེ་དག་ནི་རྡོ་རྗེ་འཛིན་པ་ཞེས།། མི་འགས ་མེ་ལ་སྨྲ་བར་འགྱུར།། ཚུལ་ཁྲིམས་སྡོམ་པོ་འཛིན་པ་ཡི།། དགེ་སློང་ཀུན་ལ་དྲུག་མི་བྱུང།། ས་ལཱ་ཛན་ཛིན་ཉིད།། གས་དག་ཅན་བདག་དྲུག་བྱས་རྙེར།། བཱསྟུར་བྱེ་ཚངས་པ་དམངས་རིགས་དང་།། གང་རྣམས་བྱེང་པའི་ལས་ལ་དགའ།། རྨོས ་པདམ་ཆོས་འཚོད་བྱེད་པ།། སྒྱེད་བླ་མེ་ཡིན་ལོངས་སྤྱོད་པ།། བདུདུ་ཀྱི་རིགས་གཏོགསོ་དེ་རྣམས་ནི།། སྐྱོ་མ་རྣམས་ཀྱི་བླ་མར་འགྱུར།། རྣལ་འབྱོར་སྤྱོད་པའི་ཚུལ་གྱིས་ནི།། རླུང་གི་ཉེས་བྱས་སྦྱང་བྱེད་ཅིང་།། དེ་རྣམས་སྐྱོན་རྣམས་སྤྱང་བྱའི་ཚེ།། ངེས ་པར་སྨྲ་བར་བྱེད་འགྱུར་ཏེ།། སློབ་དཔོན་ཡོན་ཏན་གཟུང་བྱ་ཡི།། སྐྱོན་ནི་སློབ་མས་ནམ་ཡང་མིན།། སྐྱོན་འཛིན་འདིར་ནི་དངོས་གྲུབ་མེད།། འདི་ལོ་ངེས་པར་ཐེ་ཚོམ་མེད།། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག། ཁེངས་ནིང་ཚོགས་ལ་མ་བསྡམས་དང་།། ་རང་བསྟོད་བླ་མར་སློབ་མ་ནི།། བློ་དང་ལྡན་པས་མི་བྱའོ།། ཚིག་འདི་སློབ་མ་རྣམས་ལ་ནི།། རྣམ་པ་ཀུན་ཏུ་སྨྲ་མི་བྱེད།། བརྩེ་མེད་ཞིང་ལས་བྱེད་པ་གང་།། ཁྲོ་ཞིང་གནད་དུ་བསྣུན་པར་བྱེད།། གདུག་ཅིང་དགེ་སློང་སྐྱེ་བོར་སྡང་།། རེངས་པ་ཤེས་པ་ངན་པས་ཁེངས། ་འདོད་ཆཊ་སྤྱད་བྱ་མིན་དོན་གཉེར།། ཤིན་ཏུ་ཚང་འཐུང་མ་བསྡམས་པ།། རང་ལ་བསྟོད་པ་འདིར་བརྗོད་ཅིང་།། ཡོན་ཏན་ཅན་ལ་སྐྱོན་འབྱིན་བྱེད།། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི།། སློབ་དཔོན་ལ་ནི་དེ་བཞིན་གཤེགས།། ཕྱོགས་བཅུའི་འཇིག ་རྟེན་ཁམས་བཞུགས་པས།། དུས་གསུམ་བྱོན་ནས་ཕྱག་བྱེད་ཅེས།། དགོངས་ཏེ་བཤད་པ་མི་ཤེས་ཤིང་།། མིང་ཙམ་གྱིས་ནི་རྨོངས་པ་རྣམས།། རྒྱལ་བའི་དབང་པོ་རྣམས་སྨད་ནས།། ངུ་འབོད་དུ་ནི་འགྲོ་བར་འགྱུར།། རྡོ་རྗེ་སེམས་དཔའ་སྤྱི་བོ ་ནས།། བྱང་ཆུབ་ཤིང་དྲུང་དབང་བསྐུར་གང་།། དབང་བསྐུར་མཆོག་ཐོབ་གྱུར་པ་དེ།། རྡོ་རྗེ་སློབ་དཔོན་དེ་བཞིན་གཤེགས།། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཡིས།། ལུས་གང་འཇིག་རྟེན་ཁམས་རྣམས་ཏེ།། དེ་ནས་ཕུང་པོ་ལྔ་རྣམས་ཀྱིས། ་དུས་གསུམ་བྱོན་ནས་ཕྱག་འཚལ་ལོ།། དེ་ནས་ཅོད་པནི་རིན་པོ་ཆེ།། སྣ་ཚོགས་དངོས་རྣམས་འཇིག་རྟེན་ཁམས།། དེར་གནས་སངས་རྒྱས་ཕྱག་བྱས་གང་།། རྣལ་འབྱོར་རྡོ་རྗེ་སློབ་དཔོན་དེའོ།། ཇི་ལྟར་བརྡ་ཡས་བཤད་པ་ལ།། རྣམ་སྣང་གཅི་བ ་ཁུ་བ་དང་།། མི་བསྐྱོད་པོ་དང་འོད་དཔག་མེད།། དེ་ལྟར་སློབ་དཔོན་རྡོ་རྗེ་འཆང་།། བཤང་ཅི་ཁུ་བ་ཕྱག་རྒྱ་རྣམས།། ཇི་ལྟར་སློབ་དཔོན་སྟེར་བྱེད་བཞིན།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས།། དེ་ལྟར་རྡོ་རྗེ་འཛིན་པས་སྩོལ།། ཀུན་རྫོབ་དིང་ནི་དོན ་དམ་པས།། སློབ་མ་རྣལ་འབྱོར་པ་རྣམས་ལས།། དཀྱིལ་འཁོར་བྱང་ཆུབ་ཤིང་དྲུང་དུ།། དབང་བསྒྱུར་སྔར་དང་ཕྱིས་དེ་བཞིན།། དགོངས་པས་བཤད་དང་དགོངས་མིན་དང་།། ཇི་བཞིན་སྒྲ་དང་རྔ་བཞིན་མིན།། དེ་བཞིན་ངེས་དོན་དང་ངན་ཏ།། ་རྒྱུད་ནི་མཐའ་དྲུག་མཚན་ཉིད་ཅན།། སློབ་དཔོན་ཡོན་ཏན་གང་རྣམས་འདིར།། ཐ་སྙད་ཀྱིས་ནི་བསྟན་དེ་རྣམས།། རྡོ་རྗེ་སེམས་དཔའི་ཡོན་ཏན་ཏེ།། མངོན་ཤེས་དྲུག་སོགས་མཚན་ཉིད་རྣམས།། བརྟན་ཞིང་དུལ་ལ་བློ་གྲོས་ལྡན།། བཟོད་ལྡན་དང་པོ ་གཡོ་སྒྱུ་མེད།། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས།། སྙིང་རྗེ་ལྡན་ཞིང་བསྟན་བཅོས་མཁས།། དེ་ཉིད་བཅུ་རྣམས་ཡོངསུ་ཤེས།། དཀྱིལ་འཁོར་བྲི་བའི་ལས་ལ་མཁས།། དང་བའི་བདག་ཉིད་དབང་པོ་ཐུལ།། གསང་སྔགས་འཆད་བྱེད་སློབ་དཔོན།། ་ཡོན་ཏ་ན་བཤད་པ་འདི་རྣམས་ལྡན།། དགེ་སློང་རྡོ་རྗེ་འཛིན་པར་འགྱུར།། དགེ་ཚུལ་ཁྱིམ་པ་མིན་དེ་དག། བཅུ་རྣམས་དགེ་སློང་འདིར་མཚུངས་མིན།། བསླབ་པའི་གཞི་བཅུ་ལྡན་པ་དང་།། བསླབ་པའི་གཞི་ལྔ་ལྡན་པ་དང་།། སྒྲུབ་པ་གཞི་ཡི་མཐའ་ལྡན ་པ།། དྲི་གསུམ་མཚུངས་པ་མིན་པར་བཤད།། ཇི་ལྟར་རྩ་བའི་རྒྱུད་དུ་གསུངས།། དགེ་སློང་རྡོ་རྗེ་འཛིན་པའི་གནས།། གང་དེ་ཅུང་ཟད་བླ་མནི།། མཉེས་བྱུང་སློབ་མ་ལ་བརྗོད་བྱ།། བདག་མང་མེས་ཞུས་རྡོ་རྗེ་ཅན།། ཇི་ལྟར་རྣམ་པ་བཞིན་དུ་ནི།། བསླ་བྱེ་པའི ་གཞི་ནི་སྦྱིན་ཚད་དུ།། ཚིག་ནི་འདི་སྐད་བཀའ་སྩལ་ཏོ།། དང་པོར་བསླབ་པའི་གཞི་ལྔ་རྣམས།། གསོ་སྦྱོང་སོགས་དང་ཡང་དག་ལྡན།། མི་དགེ་བཅུཔ་ཡོངས་སྤོང་བ།། བྱིན་ནས་དགེ་བསྙེན་ཉིད་དུ་བྱ།། དེ་ནས་བསླབ་པའི་གཞི་རྣམས་ནི།། བཅུ་པོ་བྱིན ་ནས་དགེ་ཚུལ་བྱ།། དེ་ནས་བསླབ་གཞི་བྱེ་བ་ནི།། བྱིན་ནས་དགེ་སློང་བརྟུལ་ཞུགས་བྱ།། དེ་ནས་ས་སོར་ཐར་ཤེས་ནས།། དེ་ནས་བྱེ་བྲག་སྨྲ་བའི་ལུགས།། དེ་ནས་མདོ་སྡེ་ཤེས་བྱས་ནས།། རྣམ་ཤེས་སྨྲ་བ་རང་ཆོས་ལས།། དེ་ནས་ཤེས་རབ་ཕ་རོལ་ཕྱིན།། ་དགོངས་པ་དབུ་མ་ཤེས་བྱ་སྟེ།། དེ་ལྟར་རྒྱུད་གཞོན་མཉན་ནས་ནི།། དེ་ནས་ཀྱེའི་རྡོ་རྗེ་ཤེས་བྱ།། ཐེག་པ་གསུམ་གྱི་ངེས་འབྱུང་ལས།། ཐེག་པ་གཅིག་གི་འབྲས་བུར་གནས།། ཉན་ཐོས་རང་སངས་རྒྱས་དང་འདིར།། ཐེག་པ་ཆེན་པོ་གསུམ་པ་སྟེ།། ་སངས་རྒྱས་པ་ལ་བཞི་པོ་དང་།། ལྔ་པ་ཐུབ་པའི་དགོངས་པ་མིན།། རྣམ་པ་ཐམས་ཅད་མཚིག་ལྡན་པའི།། སྟོང་ཉིད་དང་པར་རྒྱུ་ཡིན་ཏེ།། སྨོན་ལམ་ལས་ནི་སྙིང་རྗེ་ཕྱིས།། འགྲོ་བའི་དོན་བྱེད་འབྲས་བུའོ།། རང་དོན་བྱས་ནས་གཞན་དོན་ནི།། བྱེད་པ ་གང་དེ་བློ་ལྡན་ཡིན།། རང་སྡུག་བསྔལ་ཅན་དབུལ་པོ་གང་།། དེ་ཡིས་གཞན་ལ་ཇི་ལྟར་སྤྱན།། བདེ་ལྡན་དབང་ཕྱུག་ཕུན་ཚོགས་པ།། སེམས་ཅན་དོན་ལ་སྙིང་རྗེས་བརྩོན།། རྒྱུ་དང་འབྲས་བུ་དོན་གཉེར་བས།། ཇི་སྲིད་རྒྱུ་མངོན་མ་བྱས་པ།། དེ་སྲིད་དང ་བོར་རྒྱུ་མེད་པའི།། འབྲས་བུ་གང་ལ་འབྱུང་བར་འགྱུར།། ཐེག་པ་ཆེ་ལས་ཐེག་པ་གཞན།། གཉིས་པོ་འདི་རུ་བརྗོད་པ་ནི།། སྦྱིན་དང་ཚུལ་ཁྲིམས་སོགས་ཉམས་རྣམས།། རལ་སོའི་ཆེད་དུའོ་དེ་ཉིད་མིན།། ཆོས་རྣམས་ཀུན་གྱི་སྟོང་པ་ཉིད།། ངེས ་འབྱུང་བྱེད་པར་བདག་གིས་བཤད།། ངེས་འབྱུང་བྱེད་པོའི་རྒྱུ་དེ་དང་།། དེ་ནས་སྨོན་ལམ་དབང་ལས་ནི།། སྙིང་རྗེའི་བདག་ཉིད་འབྲས་བུ་ཆེ།། དམིགས་པ་མེད་པར་འབྱུང་བར་འགྱུར།། སེམས་ཅན་ཆོས་དང་དམིགས་པ་མེད།། སྙིང་རྗེ་འདི་ནི་གསུམ ་དུ་བཤད།། ཉི་ཚེ་དོན་བྱེད་ཅུང་ཟད་པ།། སེམས་ཅན་ཆོས་ལ་དམིགས་པ་སྟེ།། གྲུབ་པ་བྱང་ཆུབ་སེམས་དཔའ་རྣམས།། ས་བཅུལ་གནས་བདག་ཉིད་ཀྱིའོ།། ཡན་ལག་བཅུ་གཉིས་འགགས་གྱུར་ཅིང་།། ས་ཀུན་ལ་གནས་བདག་དེ་ཅན།། ་བདེ་གཤེགས་རྣམས་ཀྱི་དམིགས་མེད་དེ།། འགྲོ་བའི་དོན་རྣམས་མཛད་པར་བཤད།། རྒྱུ་ནི་གང་འདྲ་གང་འདྲ་བ།། དེ་འདྲ་དེ་འདྲའི་འབྲས་བུ་དེར།། ཀོ་དྲོ་བ་ལས་འགའ་ཞིག་དུའང་།། སཱ་ལུ་ཉིད་ནི་སྒྱུ་མི་འགྱུར།། ས་བོན་དེ་བཞིན་ལྗོན་དེ་བཞིན།། ལྗོན་ཤིང་དེ ་བཞིན་འབྲས་དེ་བཞིན།། ཐོག་མ་བར་དང་ཐ་མར་ཡང་།། ཐུབ་པའི་བཀའ་ནི་དགེ་བ་ཡིན།། དང་པོར་རྟོག་བཅས་རྒྱུ་ལས་ནི།། འབྲས་བུ་རྣམ་རྟོག་བཅས་འབྱུང་གིས།། སངས་རྒྱས་པ་ཀུན་ལ་གཏོགས་ལས།། ཐ་མར་འབྲས་བུ་སྟོང་ཉིད་མིན།། དང་བོར་ཞིང་རྣམས། ་སྦྱསྤྱང་དོན་དུ།། ཀློ་དྲ་བ་རྣམས་འདེབས་བྱེད་ཅིང་།། ཕྱི་ནས་སྦྱངས་པའི་ཞིང་ལ་ནི།། སཱ་ལུའི་ས་བོན་འདེབས་པ་བཞིན།། ལས་ཀྱི་སར་སྐྱེས་མི་རྣམས་ནི།། མ་དག་ཞིང་ཡིན་ཞེས་བཤད་དོ།། མ་ངག་འགྲོ་དྲུག་སྐྱེས་པ་སྟེ།། དགེ་དང་མི་དགེའི་འབྲས་བུར ་བརྗོད།། མི་ཡི་སྐྱེ་བ་དག་ཞིང་ལ།། དམིགས་མི་སྦྲང་རྗེའི་ས་བོན་ནི།། བཏབ་པས་གང་ཞིག་དེ་ཡི་ཕྱིར།། སྟོང་ཉིད་དཔག་བསམ་ལྗོན་ཤིང་འབྱུང་།། སྟོང་ཉིད་དཔག་བསམ་ལྗོན་ཤིང་ལས།། དམིགས་མིང་ཐུགས་རྗེའི་འབྲས་བུ་ནི།། སེམས་ཅན ་ཀུན་གྱིས་བསམ་བྱས་ནས།། འབྱུང་ངོ་འདི་ལ་ཐེ་ཚོམ་མེད།། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལ།། སྐལ་བ་བྲལ་བའི་བདག་ཉིད་ལ།། ཕྱག་རྒྱ་དཀྱིལ་འཁོར་སྔགས་སོགས་གང་།། ཡིད་འོང་བདག་གིས་བསྟན་པ་ཡིན།། ཕྱག་རྒྱ་དཀྱིལ་འཁོར་སྔགས ་སོགས་ཀྱིས།། སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད།། སྟོན་པར་བྱེད་པ་མ་འོངས་པའི།། སློབ་དཔོན་རྣམས་ནི་བདུད་ཀྱི་རིགས།། དེ་ཕྱིར་དགེ་སློང་ཐེག་ཆེན་ལ།། སྟོན་བྱེད་རྡོ་རྗེ་འཆང་བཤད་དེ།། ཐེག་པ་གསུམ་པོ་ཡོངས་ཤེས་ཤིང་།། ཆོས་ཀྱི་བསྡུ་བ ་སྟོན་བྱེད་པའོ།། རིགས་བྱེད་གྲུབ་མཐའ་རྣལ་འབྱོར་རྣམས།། དབང་ཕྱུག་སོགས་ཀྱིས་བྱས་པ་དང་།། སངས་རྒྱས་པ་ཡི་སྔགས་རྒྱུད་ལ།། སྟོང་པ་ཉིད་ལ་ཁྱད་པར་ཡོད།། གང་ཞིག་མི་ཤེས་རྨོངས་བདག་ཉིད།། སློབ་མ་མ་ལུས་ལྟུང་བར ་བྱེད།། བྱེད་པོ་མེད་པར་ལོས་ཡོད་མིན།། ལས་དང་བྲལ་ན་འབྲས་བུ་མེད།། སྒྱུ་འཕྲུལ་ཆེན་མོ་དག་ཆེན་མོ།། འབྱུང་དང་སྡུད་པར་བྱེད་པ་པོ།། རང་ཉིད་འཕྲོག་པོ་རང་བྱེད་པོ།། རང་ཉིད་རྒྱལ་པོ་རང་གཙོ་བོ།། དེ་ལྟར་དབང་ཕྱུག་སྒྱུ་མ་ནི།། དབང ་ཕྱུག་སྒྱུ་མ་ནི།། དབང་ཕྱུག་གིས་ཀྱང་བཤད་པ་སྟེ།། མུ་སྟེགས་ཞི་བའི་གྲུབ་མ་ཐར་རོ།། ཀླུ་ཡི་ཚོ་སུ་ཁྱབ་འཇུག་གིས།། གདུལ་དཀའ་འདུལ་བར་བྱེད་པ་དེའང་།། དེ་ཡང་ལེགས་པར་རྣམ་སྐྱོང་བྱེད།། གང་ཚེ་གང་ཚེ་ས་གཞི་འདིར་རོ།། ཆོས ་འདི་ཉ་མས་ཆུང་ཉིད་གྱུར་ཅིང་།། ཆོས་མི་ཡིན་པ་འཇུག་བྱེད་པ།། དེ་ཚེ་ང་ནི་བདག་བསྐྱེད་དེ།། ལེགས་པ་རྣམས་ནི་བསྲུང་དོན་དང་།། ཉེས་པར་བྱེད་རྣམས་འཇིག་བྱེད་དུའོ།། ཆོས་ནི་གནས་པའི་དོན་བྱེད་དུ།། དུས་དང་དུས་སུ་བདག་འབྱུང་ངོ་།། ་ཕྱིན་ཅི་ལོག་ཏུ་ཆོས་སྟོན་པ།། ཐམས་ཅད་དེ་ལྟར་ཡོངས་མཁྱེན་ནས།། བདག་ལ་ཀྱེ་ཡི་རྡོ་རྗེ་དེས།། འགྲེལ་པ་བྱ་ཆེད་ངེས་པར་བསྐུལ།། ངོ་བོ་ཉིད་ཀྱི་སྐུ་མཆོག་འཇིག་རྟེན་གསུམ་གྱིས་མཆོད་པ་དྲི་མ་མེད་པ་དང་། ཆོས་ཞེས་བྱ་བ་བདེ་དང་སྡུག ་བསྔལ་དངོས་སྤངས་ལོངས་སྤྱོད་རྫོགས་སྐུ་སྟོན་པ་བ།། སྤྲུལ་པ་མཁའ་ལ་རྫུ་འཕྲུལ་སྣ་ཚོགས་བཅས་པ་སྒྱུ་མ་མིག་འཕྲུལ་མཚུངས་པ་ལ།། བཏུད་ནས་བསྡུས་པའི་རྒྱུད་འདི་གསང་ཚིག་ངོས་དོན་བདག་གིས་ཉུང་ངུ་བཤད ་པར་བྱ།། སངས་རྒྱས་རྣམས་ཀྱིས་ཀྱེ་ཡི་རྡོ་རྗེར་ཉུང་ངུའི་རྒྱུད་འདི་རུ་དང་ཆོས་ཚར་གསལ་བ་གང་།། སྔོན་དུ་འབུམ་ཕྲག་ལྔ་པོ་རྣམས་ཀྱིས་དང་པོའི་རྒྱུད་ཚོགསུ་དང་ཚིགས་བཅད་བརྒྱ་ཕྲག་གཅིག། སྟོང་གིས་བསྒྱུར་བ་རྣམས་ཀྱིས་མངོན་པར་བརྗོད ་པ་འབུམ་པ་དང་ཡང་རྒྱུད་ཀྱི་རྒྱལ་པོའི་ཚོགས།། གཞན་དུའང་མི་རྣམས་ལ་ནི་རྒྱལ་བས་བསྟན་པ་མཛད་འདི་འགྲེལ་པ་རྣམས་ཀྱིས་དོན་རྟོགས་སོ།། གང་ཞིག་འགྲེལ་པ་མེད་པར་ཉུང་རྒྱུད་ངེས་པར་བཏུས་ལ་གསང་ཚིག་སྟོན་བྱེད་པ།། དེ་ནི་ལོང་བ ་ཆུཚུལ་སྒྲོལ་ཞུགས་ཡུན་རིངས་ལོན་པའི་རྗེས་ལ་ལྟ་བ་བཞིན།། རྒྱལ་བས་མཐུ་དག་རྒྱུད་དུ་ངེས་དོན་ཁོ་ན་མ་ཡིན་དྲང་བའི་དོན་ཡང་བསྟན།། གལ་ཏེ་དྲང་དོན་འགྲེལ་པས་གསལ་བར་བྱས་ན་ངེས་པ་རྟོགས་ཆེད་དོན་མེད་དོ།། རྒྱལ་བས་མཐའ་དག ་རྒྱུད་ནི་དགོངས་པས་བཤད་དང་དགོངས་མིན་བཤད་དེ་གཞན་པ་ནི།། ཇི་བཞིན་སྒྲ་དང་ཇི་བཞིན་སྒྲ་མིན་ངེས་པའི་དོན་དང་དྲང་བའི་དོན་ཡང་བསྟན།། ཕུང་པོ་ཕྱི་ས་ལ་སོགས་དྲི་མ་བཅྡོཾས་གང་དེ་ནི་ལྷ་ཉིད་མིན།། ལྷ་ཡི་ཞལ་དང་ཕྱག་རྣམས་རྫོགས ་སངས་རྒྱས་མིན་རྟོག་པས་ཚད་དུ་ཀུན་བརྟགས་ཡིན།། བཅོམ་ལྡན་འདས་ཀྱིས་མཐའ་དྲུག་གིས་བསྐོར་འདུས་པ་ལ་སོགས་རྒྱུད་རྣམས་གང་གསུངས་པ།། བསྟན་བཅོས་མཁས་པའི་ང་རྒྱལ་གཅིག་བྱེད་དེ་ནི་རྟོག་གིས་རྟོགས་བྱོ་ག་ལ་ཡིན།། མ ་ལོང་ལ་ནི་ཕྲ་ཕབ་མཚུངས་པ་དུས་རྣམས་གསུམ་པ་ཡང་དག་རིག་པ་འདི།། ངས་དང་དངོས་མེད་རྟོག་པའི་དྲ་བ་བྲལ་བའི་ས་ཤེས་གང་ཡིན་གཉིས་མེད་ཉིད།། བཅོམ་ལྡན་འདས་ཀྱི་བདེ་བ་ཆེན་པོར་ཁུ་བ་འབབ་པ་སུམ་ཅུ་རྩ་གཉིས་རྩ།། གསུངས་ཏེ་མགྲིན་པར ་སོན་ཅིང་དེ་བཞིན་སྙིང་ཁ་ལྟེ་བ་གཡེང་བར་གང་ཡིན་པའང་།། ཅི་ཞིག་བབབ་པ་རྐང་ལག་ཚིགས་དང་ལག་པའི་སོར་མོའི་ཚིགས་སུ་སོན་པ་སྟེ།། དེ་རྣམས་རྒྱལ་བས་ཀྱེ་ཡི་རྡོ་རྗེར་རྡོ་རྗེ་སྙིང་པོས་བདག་ལ་གསུངས་པའང་མེད།། གཙུག་ལག་དགེ་སློང་སྐྱེ་བོ་ལ ་གསུངས་གང་དེའང་མ་ག་དྷཱ་སྐད་གཞན་པ་མིན།། སྡེ་སྣོད་གསུམ་དུ་བཅོམ་ལྡན་འདས་ཀྱིས་གསུངས་གང་དེ་ནི་གནས་བརྟན་སྡེ་པའི་ལུགསུ་སྟེ།། ངེས་པར་ནད་གཞན་དེ་ལའང་སྨན་གཞན་འདི་སྟེ་ནད་འདི་གཞོམ་པའི་ཕྱེད་དུའོ།། ཐུབ་པའི་དོན་ལ་སོགས་ལ ་བརྟེན་པ་རྣམ་བཞི་འདི་ཡིན་ཚིག་འབྲུ་སོགས་ལ་མིན།། གང་ཞིག་ལྷ་དང་ལྷ་མིན་ཀླུ་དང་གནོད་སྦྱིན་སྐད་རྣམས་དང་ནི་གཞན་གྱིས་ཀྱང་།། ཆོས་རྣམས་ཅིག་ཅར་སྟོན་མཛད་འཇིག་རྟེན་དཔེ་སྤང་ངོ་མཚར་བྱེད་པ་བཅོམ་ལྡན་གྱིས།། གསུང་དབྱངས་དེ་འདིའང ་ལེགས་སྦྱར་མཚན་ཉིད་ཅན་གྱིས་ཨོཾ་བཾ་མཱ་ཡ་ཞེས་སོགས་ཀྱིས།། གཙུག་ལག་བཤད་ཅེས་སྨྲ་འདྲི་སྐྱེ་བོ་མཁས་པ་རྣམས་ཀྱི་མཚར་བྱ་ཅིས་མ་ཡིན།། རྣམ་པ་ཐམས་ཅད་མཆོག་ལྡན་མིག་འཕྲུལ་དང་མཚུངས་སྒྱུ་མ་ལྟ་བུ་མཁའ་འགྲོ་བའི།། ་བཅོམ་ལྡན་འདས་ཀྱི་སྐུ་གང་བྱིས་པ་མཁས་པ་རྣམས་ཀྱིས་རྟོགས་བྱེད་ངེས་བཤད་དེ། སུམ་ཅུ་རྩ་གཉིས་མཚན་རྣམས་དང་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཀྱིས་སྤྲས།། ཕུང་པོ་ཁམས་དང་དབང་པོ་རྣམས་དང་ཡུལ་རྣམས་བཅས་པ་དཀྱིལ་འཁྲུ ་ལ་བཞུགས་པའོ།། བླུན་པོ་རྣམས་ནི་རྟོན་ཅིང་འབྲེལ་པ་སྐྱེ་ཞིང་འབྱུང་བ་རིག་པར་རྟག་ཏུ་འདོད།། འཇིག་དང་སྐྱེ་བ་ཚེས་གྲངས་རྒྱུ་བ་ལ་སོགས་རྩིས་རྣམས་རྒྱུད་གཞན་དུ་བསྟན་ཏོ།། སྐྱེ་བོ་བྱིས་འགའ་བོ་མ་མེད་པར་ཞོ་འདོད་པ ་མེད་པར་ནི་འོ་མ་དང་།། བ་བྱུང་ཡང་སྟེ་རབ་ཏུ་སྤྱོད་བྲལ་འདིར་ནི་ཤེས་མེད་པ་ལ་སྐྱོན་ཅི་ཞིག། ཀྱེ་ཡི་རྡོ་རྗེ་ཡས་ནི་བདེ་མཆོག་འཁོར་ལོ་དང་ནི་གདན་བཞི་ཤེས་པར་བྱ།། ཀྱེའི་རྡོར་དང་ནི་བདེ་མཆོག་འཁོར་ལོ་ཉུང་ངུ་འདི་ནི་ན་བཞིས་ཤེས་པར ་བྱ།། མཆོག་གི་དང་པོའི་སངས་རྒྱས་ཚིག་དང་བདེ་མཆོག་ཆེན་པོས་ངེས་དོན་ཤེས་པར་བྱ།། དེ་ལ་སོགས་པའི་རྒྱུད་རྣམས་ནི།། རྒྱུད་གཞན་རྣམས་ཀྱིས་རྟག་ཏུ་ནི།། བརྟན་དང་རྒྱས་བཤད་ཀྱིས་ཤེས་བྱ།། འགྲེལ་པས་ལམ་འདོད་རྣམས་ཀྱིས ་སོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་སྟོང་ཕྲག་དྲུག་པར་འདོད་པའི་ལྷ་ལ་བསྟོད་ཅིང་རྒྱུད་ལ་འཇུག་པ་སྟེ་ཡོངསུ་བཅད་པ་དང་པོའོ།། ། ད་ནི་རྒྱུད་བསྟན་པ་བརྗོད་པར་བྱ་སྟེ། འདིར་དང་པོར་རོ་ཞིག་བརྗོད་པར་བྱ་བ་དང་། རྗེད་པར་བྱེད་པ ་དང་། འབྲེལ་པ་དང་། དགོས་པ་དང་། དགོས་པའི་དགོས་པ་རྣམས་མངོན་པར་ཡང་དག་པར་གཟིགས་ནས་གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྩོལ་བར་མཛད་པ་ནི། ཨེ ་བཾ་གི་ཡི་གེ་ལ་བཞུགས་པ།། མཁའ་འགྲོ་མའི་དྲ་བས་བསྐོར་བ།། ཀྱེའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པོ། རྡོ་རྗེ་སྙིང་པོས་གསིལ་བ་བཏབ་པ། བདག་མེད་མས་ཀྱང་ཞུས་པ་ཡི། ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པ་ལས། ཉུང་ངུའི་རྒྱུད ་གཞུང་ཕྱེད་དང་བཅས་པའི་བདུན་བརྒྱ་པ་འདི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བསྟན་ཏོ།། འདིར་བརྗོད་པར་བྱ་བ་ནི་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་བདག་མེད་མ་དང་བཅས་པའོ།། འདི་རྟོགས་པར་བྱེད་པའི་ལེའུའི་ཚོགས་ཀྱི་རྒྱུད་ཀྱི་རྒྱལ་པོ ་ནི་ཎྜོད་པར་བྱེད་པའོ།། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དེ་དག་གི་ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་པའོ།། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་དབང་བསྐུར་བ་བྱིན་པ་ནི་དགོས་པའོ་ས་སུ་ག་ཡོ་ཞི་གས་ས་འི་ས་འི ་ཀྱི་སེནས་མངོན་པོར་ཡང་དག་པར་གཟིགས་ནས་ཏེ། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་ཞེས་པ་ཉན་ཐོས་ཀྱི་སྡོམ་པ་དང་བྲལ་བ་རྣམས་ལའོ།། རང་གི་སེམས་ཀྱི་བསམ་པས་ཞེས་པ་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་སེམས ་ཀྱིས་སོ།། སྐྱེ་བ་འདི་ལ་སངས་རྒྱས་ཉིད་རབ་ཏུ་སྟེར་བ་ཞེས་པ་ནི་ཡང་དང་ཡང་དུ་མིའི་སྐྱེ་བ་ལ་སྟེ། ལྷ་དང་ལྷ་མིན་ལ་སོགས་པ་ལ་ནི་མིན་ནོ།། ཨེ་བཾ་གི་ཡི་གེ་ལ་བཞུགས་པ་ཞེས་པ་བདེ་བ་ཐམས་ཅད་ཀྱི་གཞི་ལ་བཞུགས་པསོ།། མཁའ་འགྲོ ་མའི་དྲ་བས་ཡོངས་སུ་བསྐོར་བ་ཞེས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཅན་གྱིས་སོ།། ཀྱེའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པ་ཤེས་བ་བདག་མེད་མས་ཡོངས་སུ་ཞུས་པས། ཀྱེའི་རྡོ་རྗེའི ་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་བརྟག་པ་ཆེན་པོ་སུམ་ཅུ་རྩ་གཉིས་པ་ལས་ཉུང་ངུའི་རྒྱུད་རྫོགས་པར་བྱང་ཆུབ་པ་དང་། སྒྱུ་འཕྲུལ་དྲ་བའི་མཚན་ཉིད་ཅན་གྱི་བརྟག་པ་གཉིས་པ་ལེའུ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཕྱེད་དང་བཅས་པའི་བདུན་བརྒྱ་པའི ་གཞུང་གི་ཚད་ཀྱི་བསྡུས་པའི་རྒྱུད་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཡང་དག་པར་བསྟན་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བདེན་པ་དག་གིས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཆང ་དུ་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གིས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་། དེ་ཁོ་ན་ཉིད་བསྒོམ་པས་སོ་ཞེས་པའོ།། རྒྱུད་འདིར་བརྗོད་པར་བྱ་བ་ནི་ཀྱེའི་རྡོ་རྗེ་ཡིན་ལ། ཀྱེའི་རྡོ་རྗེའི་རྒྱུད་ནི་རྗོད་པར་བྱེད་པའོ།། བརྗོད་པར་བྱ་བ་དེ་ཡང་རྗོད་པར་བྱེད་པའི ་ངོ་བོ་ཉིད་ཀྱིས་གནས་པ་སྟེ། དང་པོར་རྡོ་རྗེ་རིགས་ཀྱི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། དེ་ནས་སྔགས་ཀྱི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། ང་ནས་ལྷའི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་།། དེ་བཞིན་དུ་ལྷ་དབང་བསྐུར་བའི་ལེའུའི་ཇོ་བོ་ཉིད་ཀྱིས་གནས ་པ་དང་། ད་ཁོན་ཉིད་ཀྱི་འི་འབྱུ་དེ་ན་ཉིད་ཀྱིས་གནས་པ་དང་། སྤྱོད་པའི་ལེའུ་ངོ་བོ་ཉིད་ཀྱིས་གནས་པ་དང་། བརྡ་དང་གནས་གཏན་ལ་དབང་པའི་ལེའུའི་ངོ་བོ་ཉིད་ཀྱིས་གནས་པ་དང་། རྣལ་འབྱོར་མའི་འཁོར་ལོ་འདུ་བའི་ལེའུའི་ངོ་བོ་ཉིད་དུ་གནས་པ་དང་། ་རྣམ་པར་དག་པའི་ལེའུའི་ངོ་བོ་ཉིད་དུ་གནས་པ་དང་། མངོན་པར་དབང་བསྐུར་བའི་ལེའུའི་ངོ་བོ་ཉིད་དུ་གནས་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་བརྟག་པའི་རྒྱལ་བའི་ལེའུའི་ངོ་བོ་ཉིད་དུ་གནས་པའོ་ཞེས་པ་ཡོངས་སུ་བཅད་པ་བཅུ་གཅིག་ནི ་བརྟག་པ་དང་པོ་ལའོ།། དེ་ནས་སྒྱུ་མའི་དྲ་བའི་བརྟག་པ་ལ། སྒྱུ་མ་ཞེས་པོ་ནི་མཁའ་འགྲོ་མ་སྟེ། དྲི་བ་ཞེས་པ་ནི་ཚོགས་པའོ།། སྡོམ་པ་ནི། འདུས་པ་སྟེ་ཧེ་རུ་ཀ་དང་ཞེས་པ་ངེས་པའོ།། འདི་ཉིད་དུ་དང་པོ་རེ་ཞིག་རབ་གནས་དང་སྦྱིན་སྲེག་དང་ཐབ ་ཁུང་དང་ལས་རབ་འབྱམ་དང་། མཆོད་པའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། དེ་ནས་དངོས་གྲུབ་གཏན་ལ་དབབ་པའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། དེ་བཞིན་དུ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་། དགོངས་པའི་སྐད་ཀྱི་ལེའུའི་ངོ་བོ་ཉིད་ཀྱིས ་བཞུགས་པ་དང་། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་གྱི་ལེའུའི་ངོ་བོ་ཉིད་དུ་བཞུགས་པ་དང་། ཀྱེའི་རྡོ་རྗེ་མངོན་པར་འབྱུང་བའི་ལེའུའི་ངོ་བོ་ཉིད་དུ་བཞུགས་པ་དང་། ཕྱག་རྒྱ་རྣམ་པར་དག་པ་དང་། བྲིས་སྐུ་དང་གླེགས་བམ་ལ་བྲི་བ་ངེས་པའི་ངོ་བོ ་ཉིད་ཀྱིས་བཞུགས་པ་དང་། བཟའ་བའི་ཚི་གྲོའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། པདྨ་ནྡན་གྱི་མཚན་ཉིད་དང་། སློབ་མ་འདུལ་བའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། ལྷ་རྣམ་པར་དག་པ་དང་། སྔགས་བཏུ་བའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས ་པ་དང་། སྔགས་བཟླས་པའི་ལེའུའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། ལྷན་ཅིག་སྐྱེས་པའི་དོན་གྱིས་སྦྱོར་བ་དང་རྗེ་སུ་གནང་བའི་གླེང་གཞིའི་ངོ་བོ་ཉིད་ཀྱིས་བཞུགས་པ་དང་། དེ་ལྟར་ལེའུ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་རྒྱུད་ཀྱི་ངོ་བོ་ཉིད་ཀྱིས་བཞུགས་པའོ།། བཅོམ ་ལྡན་འདས་ཀྱེའི་རྡོ་རྗེས་རྡོ་རྗེ་སྙིང་པོ་ལ་བོས་པར་གྱུར་ཏེ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ནི་ཡེ་ཤེས་ཏེ་བདེ་བ་ཆེན་པོའོ།། དེ་ཉིད་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང ་བ་སྟེ་རྣམ་པར་རྟོག་པའི་སྒོམ་པ་ལ་དགའ་བ་རྣམས་ལ་སྦ་བར་བྱ་ཞིང་ཤིན་ཏུ་སྦ་བར་བྱ་བའོ།། ཨེ་མའོ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ།། རྡོ་རྗེ་སེམས་དཔས་དང་། བྱང་ཆུབ་སེམས་དཔའ་དང་སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས ་དཔའི་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཉོན་ཅིག། ཅེས་བྱ་བ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བཞུགས་པའི་གནས་ཀྱི་མཐར་བརྗོད་པའོ།། དེའི་ཕྱིར་སྔགས་བཞུགས་པའི་གནས་བཅོམ་ལྡན་འདས་ཀྱིས་གསུངས་པ་བརྗོད་པར་བྱ་སྟེ། ་ཕྱི་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བའི་གསུང་ངག་དང་རྡོ་རྗེ་སྙིང་པོས་གསོལ་བ་འདེབས་པའོ་ཞེས་པའོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་དྷཾ ་གཽ་རྣམས་ལ་བཞུགས་སོ་ཞེས་པ་བཞུགས་པའི་ཚིག་གོ།། འོ་ན་འདི་སྲད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པའི་ཚིག་གང་ཡིན་པ་དེ་ཅི། སྟོན་པ་པོ་ཐམས་ཅད་མཁྱེན་པའི་ཡིན་ནམ་འོན་ཏེ་སྡུད་པར་བྱེད་པ་གསོལ་བ་འདེབས་པ་པོའི་ཡིན། གཉི་ག་ལྟར་ན ་དྲང་བའི་དོན་དུ་སྐྱོན་ཡོད་དེ། འདིར་གལ་ཏེ་འདས་པའི་དུས་སུ་ཐོས་པ་དེ་ཉིད་གསུང་བར་བྱེད་ན། དེའི་ཚེ་མ་འོངས་པའི་དུས་ལ་ཡེ་ཤེས་མེད་དེ་གཞན་ལས་ཐོས་ནས་ཡོངས་སུ་མཁྱེན་པའི་ཕྱིར་རོ།། ཅི་སྟེ་སྡུད་པར་བྱེད་པ་པོའི་ཡིན་ན་དེའི་ཚེ་འདི་སྐད་ཀྱི་ཡི་གེ་ལ ་སོགས་པ་དོན་མེད་དེ། རྡོ་རྗེ་སེམས་དཔས་མ་གསུངས་པ་ཉིད་ཀྱི་ཕྱིར་རོ།། དེའི་ཕྱིར་དག་འདི་དགོངས་པའི་སྐད་གཞན་གྱི་ངེས་པའི་དོན་དུ་རྟོགས་པར་བྱའོ།། འདིའི་ངེས་པའི་དོནི་ཉིད་ནི། ཨེ་ཡིག་ཆ་བྱད་བཟང་པོ་གང་། དབུས་སུ་བཾ་གིས་རྣམ་བརྒྱན་པ། ་བདེ་བ་ཐམས་ཅད་ཀྱི་ནི་གནས།། སངས་རྒྱས་རིན་ཆེན་ཟ་མ་ཏོག་ཅེས་པ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་འོ།། དེ་ཉིད་ནི་སྟོན་པ་པོ་ང་སྟེ་བདེ་བ་ཆེན་པོའོ་ཞེས་པའོ།། ཐོས་པ་ནི་མཁྱེན་པའོ།། བདག་གིས་ནི་བདག་ཉིད་ཀྱིས་སོ།། དུས་གཅིག་ནི་ནི་སྐད་ཅིག ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནའོ།། བཅོམ་ལྡན་འདས་ནི་བདེ་བ་ཆེན་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་དགེངས་པའི་སྐད་ཀྱིས་ཕུང་པོ་ལྔ་རྣམས་སོ།། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོ་ཞེས་པ་ལ་སྐུ་དང་གསུང་དང་ཐུགས ་ཀྱི་བྱ་བ་རྡོ་རྗེ་བཙུན་མོ་རྣམས་ནི་ཡུལ་གྱི་ཆོས་ཅན་ན་མཁའ་ལ་སོགས་པའི་ཁམས་རྣམས་ཏེ། སྲོག་འགྲོ་བ་དང་འོང་བའི་བྱེ་བྲག་གིས་ཡོན་ཏན་གཅིག་དང་གཉིས་དང་གསུམ་དང་བཞི་དང་། ལྡིའི་བྱེ་བྲག་གིས་གཙུག་ཏོར་དང་། དཔྲལ་བ་དང་། མགྲིན་པ་དང་སྙིང ་ཁ་དོང་ལྟེ་བའི་པདྨ་རྣམས་ཀྱི་བྷ་རྣམས་སུ་དང་། ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུར་ཡོན་ཏན་གསུམ་གྱི་དབྱེ་བས་གནོས་པ་རྣམས་ཏེ། དགའ་བ་ལ་སོགས་པའི་དབྱེ་བས་བྱང་ཆུད་ཀྱི་སེམས་དེ་རྣམས་སུ་བཞུགསོ་ཞེས་པའོ།། བཟློག་པས་ནི་དེ་ལས་བཟློག ་པ་ཡོན་ཏན་ཟད་པས་རྡོ་རྗེ་ནོར་བུ་དང་གསང་བར་དང་། ཡུལ་ཟད་པས་ལྟེ་བ་དང་། སྙིང་ཁ་དང་མགྲིན་པ་དང་། དཔྲལ་བ་དང་། གཙུག་ཏོར་ཏེ་འདི་རྣམས་སུ་བཞུགས་ཏེ། རྒྱུ་མཐུན་པ་ལ་སོགས་པརི་དབྱེ་བས་སོ་ཞེས་པའོ།། དེ་ལྟར་ཁམས་དང་ཕུང་པོ ་ལྟ་སོགས་པ་རྣམས་སྒྲིབ་པ་མེད་པ་ཉིད་ཀྱིས་རྫོགས་པར་བརྗོད་པར་བྱ་སྟེ་དད་ཏུ་ཆེན་པོའི་ལས་སོ།། ཨེ་ཡིག་ནི་སྦྱིན་མའོ།། བ་ཡི་གི་ནཱི་མཱ་མཱ་ཀཾཥོ། ཡ་ཡི་གོ་ནི་གིས་དཀར་མོའི།། ཡཱཾ་ཡིག་ནི་སྒྲོལ་མའོ།། ཤུ་ཡིག་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ།། ་ཡིག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ་ཞེས་པའོ།། དེ་ནས་ཕུང་པོ་རྣམས་ཏེ་ཨེ་ཡིག་ནི་རྡོ་རྗེ་སེམས་དཔའ།། ཀཾ་ཡཽ་ག་ནི་མི་བསྐྱོད་པའོ།། སྨིན་ཡིག་ནི་དོན་ཡོད་གྲུབ་པའོ།། ས་ཡིག་ནི་རིནི་ཆ་དབང་པོའོ།། མ་ཡིག་ནི་འོད་དཔོས་ཏུ་མེད་པའོ།། ཡེ་ཡིག་ནི ་ནི་རྣམ་པར་སྣང་མཛད་དོ།། བྷ་ཡིག་ནི་དྲི་རྡོ་རྗེ་མའོ།། ག་ཡིག་ནི་རོ་རྡོ་རྗེ་མའོ།། ཝཱན་ཡིག་ནི་གཟུགས་རྡོ་རྗེ་མའོ།། ས་ཡིག་ནི་རེག་བྱ་རྡོ་རྗེ་མའོ།། རྦ་ཡིག་ནི་སྒྲ་རྡོ་རྗེ་མའོ།། ཏ་ཡིག་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའོ།། པྲཱ་ཡིག་ནི་སྒྲིབ་པ ་ཐམས་ཅད་རྣམ་པར་སེལ་བའོ།། གི་ཡིག་ནི་འཇིག་རྟེན་དབང་ཕྱུའོ།། ཏ་ཡིག་ནི་སའི་སྙིང་པོའོ།། ཀཱ་ཡི་གོ་ན་ན་མཁའི་སྤྱོད་པོའོ།། ཡ་ཡིག་ནི་ཕྱག་ན་རྡོ་རྗེའི།། ཝཱ་ཀ་ཡིག་ནི་ཀུན་ཏུ་བཟང་པོ་སྟེ།། དེ་ལྟར་སྒྲ་མཚོད་བཅུ་གཉིས་རྣམས།། ཅི་ཡིན་ན ་རེངས་བྱེད་མའོ།། ཏྟ་ཡིག་ནི་ང་རྒྱལ་མའོ།། བ་ཡིག་ནི་རྨུགས་བྱེད་མའོ།། ཛྭ་ཡིག་ནི་ཤིན་ཏུ་བརྩོན་འགྲུས་མའོ།། ཡོ་ཡིག་ནི་ཤིན་ཏུ་སྔོན་མའོ།། ཥི་ཏ་ཡིག་ནི་དྲག་སྤྱན་མའོ།། བྷ་ཡིག་ནི་གནོད་མཛེས་སོ།། གི་ཡིག་ནི་གཙུག་ཏོར་རོ།། ཥུ་ཡིག ་ནི་བགེགས་མཐར་བྱེད་དོ།། བཾ་ཡིག་ནི་ཤེས་རབ་མཐར་བྱེད་དོ།། ཛ་ཡིག་ནི་པདྨ་མཐར་བྱེད་དོ།། ཧཱ་ཡིག་ནི་གཤིན་རྗེ་མཐར་བྱེད་དོ།། རེ་ཡིག་ནི་ཤེས་རབ་ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་གཙོ་བོ་སུམ་ཅུ་རྩ་བདུན་པའོ།། དེ་ལྟར་སུམ་ཅུ ་རྩཝ་བདུན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རིམ་པ་ཇི་ལྟ་བར་ཡོངས་སུ་དག་པ་རྣམས་ཏཽ།། ཁམས་དྲུག་རྣམས་དང་། ཕུང་པོ་དྲུག་རྣམས་དང་། ཡུལ་དྲུག་རྣམས་དང་། དབང་པོ་དྲུག་རྣམས་དང་། ལས་ཀྱི་དབང་པོའི་བྱེ་བ་དྲུག་རྣམས་དང་། ལུས ་ཀྱི་དབང་པོ་དྲག་རྣམས་དང་། བདེ་བ་ཆེན་པོའོ་ཞེས་པ་སྟེ་བཞི་པ་ཟད་པ་ལས་སོ།། དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་རྣམས་དང་། ཡང་དག་པར་སྦྱོད་པ་བཞི་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་དང་། དབང་པོ་ལྔ་རྣམས་དང་། སྟོབས ་ལྔ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། བྱང་ཆུབ་ཀྱྀ་ཡོན་ལོག་བདུན་རྣམསོ་ཞེས་པའོ།། དེ་ལྟར་བདེ་བ་ཆེན་པོ་ལས་ངོ་བོ་ཉིད་ལས་ཆོས་ཀྱི་སྐུ་སྟེ། བཞི་པ་ཟད་པ་ལས་གཉིད་སྟུག་པོ་ཟད་དོ།། གཉིད་སྟུག་པོ་ཟད་པས་རྨི་ལམ་ཟད་དོ།། ་རྨི་ལམ་ཟད་པ་ལས་སད་པ་ཟད་པའོ།། དེ་རྣམས་ཟད་པ་ལས་རིམ་པ་ཇི་ལྟ་བར་ལྷན་ཅིག་སྐྱེས་པ་དང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་རྣམསུ་རིམ་པ་ཇི་ལྟ་བར་འགྱུར་ཏེ། ཡེ་ཤེས་དང་། སེམས་དང་། ངག་དང་། ལུས་སྒྲིབ་པ་མེད ་པར་འགྱུར་རོ།། དེའི་ཕྱིར།། ཐམས་ཅད་ནས་ནི་ཕྱག་ཞབས་སོགས། ཀུན་ནས་སྤྱན་དང་དབུ་དང་ཞལ།། ཀུན་ནས་ཐོས་ལྡན་འཇིག་རྟེན་དུ།། ཐམས་ཅད་གཡོགས་ནས་བཞུགས་པའོ།། དེའི་ཕྱིར་ཆ་མེད་ཀུན་འགྲོ་ཁྱབ་པ་པོ།། ཕྲ་ཞིང་ཟག་མེད་ས་བོན་ནོ།། རྡུལ ་མེད་རྡུལ་བྲལ་དྲི་མ་མདོ།། ཉེས་པ་སྤངས་པ་སྐྱོན་མེད་པ།། ཤིན་ཏུ་སད་པ་སད་པའི་བདག། ཀུན་ཤེས་ཀུནི་རག་དམ་པ་པོ།། རྣམ་པར་ཤེས་པའི་ཆོས་ཉིད་འདས།། ཡེ་ཤེས་གཉིས་མེད་ཚུལ་འཆང་བ།། དེ་ལྟར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ ་བ་སྐུ་བཞིའི་བདག་ཉིད་ཅན་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ས་བཅུ་གཉིས་ཀྱི་དབང་ཕྱུག་ནི་སྟོན་པ་པོའོ།། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ས་བཅུའི་དབང་ཕྱུག་ནི་གསོལ་བ་འདེབས་པ་པོའོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་སྟོང་ཕྲག་དྲུག་པར་སྟོན་པ་པོ་དང་། ་གསིལ་བ་འདེབས་པ་པོ་དང་། རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་དང་། འབྲེལ་པ་དང་། བཞུགས་པའི་གནས་ངེས་པ་སྟེ་ཡོངས་སུ་བཅད་པ་གཉིས་པའོ།། ། ད་ནི་རྡོ་རྗེ་སྙིང་པོས་གསོལ་བ་འདེབས་པ་དང་། བཅོམ་ལྡན ་འདས་ཀྱི་ལན་གྱི་གསུང་གསལ་བར་བྱ་སྟེ། རྡོ་རྗེ་སྙིང་པོས་གསོལ་པ། ཅི་ཡིས་རྡོ་རྗེ་སེམས་དཔར་འགྱུར། ཅི་ཡིས་ཞེས་པ་ལ་སོགས་པའོ།། ཅི་ཡིས་རྡོ་རྗེ་སེམས་དཔར་འགྱུར།། ཅི་ལྟར་བྱང་ཆུབ་སེམས་དཔར་འགྱུར།། ཅི་བྱར ་སེམས་དཔའ་ཆེན་པོ་ལགས།། ཇི་ལྟར་དམ་ཚིག་སེམས་དཔའ་གཙོ།། ཞེས་པ་རྡོ་རྗེ་སྙིང་པོའི་གསོལ་བ་འདེབས་པ་གསན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཕྱེད་རྡོ་རྗེ་ཞེས་པར་བརྗོད།། སེམས་དཔའ་སྲིད་པ་གསུམ་གཅིག་ཉིད།། ཤེས ་རབ་རིགས་པ་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་ཞེས་པར་བཤད།། བྱང་ཆུབ་ལ་གནས་སེམས་དཔའ་དེ།། བྱང་ཆུབ་སེམས་དཔར་བརྗོད་པར་བྱ།། ཡེ་ཤེས་ཆེན་པོའི་རོས་གང་བ།། སེམས་དཔའ་ཆེན་པོར་བརྗོད་པར་བྱ།། རྟག་ཏུ་དམ་ཚིག་ལ་གནས ་པས།། དམ་ཚིག་སེམས་དཔར་མངོན་པར་བརྗོད།། ཅེས་མདོར་བསྟན་པའི་རྒྱས་པར་བཤད་པ་ནི་འབུམ་ཕྲག་ལྔ་པར་རབ་ཏུ་གསལ་ཏེ། དེའི་ཕྱིར་དེ་ཉིད་ལ་འཇུག་པར་བྱའོ།། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པོ། མི་ཕྱེད་རྡོ་རྗེ་ཞེས་བཤད་གང་། ་བཾ་གི་ཡི་གར་དེ་རབ་བགྲགས།། སྐུ་གསུང་ཐུགས་ནི་མི་ཕྱེད་པ།། ཡི་གེ་ཝཾ་གིས་མངོན་བརྗོད་བྱ།། སེམས་དཔའ་སྲིད་གསུམ་གཅིག་ཉིད་ནི།། ཡི་གེ་ཨེ་ཡིས་བརྗོད་པར་བྱ།། ཨཱ་ཡིག་ཤེས་རབ་དང་ལྷན་ཅིག། ཝཾ་ཡིག་རིག་གསུམ་བདག་ཉིད་ཅན།། ་ལྟེ་བའི་དབུས་གནས་དཔའ་བོན།། ཟ་འབྲུ་གསང་བའི་སྤྱོད་ཡུལ་ཅན།། རང་འདྲའི་ཡེ་ཤེས་དང་ལྡན་ཏེ།། རྡོ་རྗེ་སེམས་དཔར་རབ་བརྗོད་བྱ།། ཕྱག་གཉིས་ཧེ་རུ་ཀ་རུ་བཤད།། དེ་ཉིད་འཇིག་རྟེན་གསུམ་བསྐྱེད་ཉིད།། དེ་ཉིད་ངོ་བོ་ཉིད་དུ་བརྗོད།། སངས ་རྒྱས་སྐུ་དེ་བདེ་བ་ཆེ།། དེ་ཉིད་ཡེ་ཤེས་རྡོ་རྗེར་འགྱུར།། དེ་ཉིད་ལྷན་ཅིག་སྐྱེས་དགའ་ཉིད།། རྒྱུ་མཐུན་པར་ཡང་དེ་ཉིད་ཅན།། རྡོ་རྗེ་རྩེ་གཅིག་པ་རུ་བརྗོད།། དེ་ཡང་བཞི་པའི་གནས་སྐབས་ཟད།། རྣམ་དག་མཆོག་ཏུ་མི་འགྱུར་བའོ།། བྱང་ཆུབ་ལ་གནས ་གང་ཡང་ནི།། སྙིང་ཁའི་པདྨའི་དབུས་གནས་པར།། ཧཱུཾ་ཡིག་ཁོ་ན་སེམས་དཔར་བཤད།། མི་བསྐྱེད་པ་ནི་དེ་ཁོ་ན།། ཐུགས་ཀྱི་རྡོ་རྗེར་དེ་ཉིད་བརྗོད།། ཁྱབ་འཇུག་ཉིད་དེ་ཕྱག་བཞི་པ།། དེ་ཉིད་ཛཱ་ཛྭཱ་ལ་བྷྱོ།། དེ་ཉིད་ཆོས་ཀྱི་སྐུ་རུ་བཤད།། ཆོས་འཁོར ་ལོ་གནས་རྡོ་རྗེ་ཅན།། ཁྱད་དགའི་དགའ་བའི་ཚུལ་འཆང་བ།། དེ་ཉིད་རྣམ་སྨིན་དུ་ཡང་བཤད།། གཉིད་སྟུག་ཟད་པར་བྱེད་པའོ།། ཡེ་ཤེས་ཆེན་པོའི་རོས་གོང་བ།། སེམས་དཔའ་ཆེན་པོར་དེ་བརྗོད་བྱ།། མགྲོན་པར་ལོངས་སྤྱོད་འཁོར་ལོའི་དབང་།། འོད་དཔག ་མེད་དུ་མངོན་བརྗོད་བྱ།། དེ་ཉིད་གསུང་གི་རྡོ་རྗེར་བཤད།། པདྨའི་ཕྱག་ཅན་དེ་བཞིན་གཤེགས།། དེ་ཉིད་མཆོག་ཏུ་དགའ་བར་བཤད།། སྐྱེས་བུ་བྱེད་པར་རབ་བརྗོད་བྱ།། ཀུན་རྫོབ་དང་ནི་དོན་དམ་གྱིས།། དེ་ཡང་རྨི་ལ་མོ་གནས་སྐབས་ཟད།། དེ་ཉིད་ལོང ་སྤྱོད་རྫོགས་སྐུར་འགྱུར།། སངས་རྒྱས་རྣམས་ཀྱི་ཆོས་སྟོན་མཛོད།། དེ་ཉིད་བདེ་བྱེད་རབ་ཏུ་བརྗོད།། ཞལ་གསུམ་རྣམ་པ་ཕྱག་དྲུག་སྟེ།། ཀཽ་ཊི་ཀི་ཊཱི་རྡོ་རྗེ་དེ།། ཧེ་རུ་ཀ་ཉིད་གསུམ་པར་འགྱུར།། རྟག་ཏུ་དམ་ཚིག་ལ་གནས་པས།། གང ་ཞོག་གནས་པོ་དེ་བརྗོད་བྱ།། དམ་ཚིག་རི་བོང་འཛིན་ཁུ་བོ།། བདེ་བ་ཆེན་པོ་དཔྲལ་པར་གནས།། བདུད་རྩིར་ལེགས་གནས་སེམས་དཔའོ།། ཨཾ་གྱི་ཡི་གེར་ཡོངས་བཤད་བྱ།། དེ་ཉིད་རྣམ་པར་སྣང་མཛད་བརྗོད།། སྐུ་ཡི་རྡོ་རྗེ་དེ་ཁོ་ནའོ།། ་ཚངས་པ་སྐུ་ཡི་རྡོ་རྗེ་འཛིན།། དེ་ཉིད་ཡོངས་སུ་བརྗོད་པར་བྱ།། དགའ་བ་ཚངས་པའི་ངོ་བོ་སྟེ།། གཟུགས་ཀྱི་སྐུ་རུ་དེ་བརྗོད་བྱ།། དེ་ཉིད་ཕྱག་ན་འཁོར་ལོར་བཤད།། སྐུ་ནི་སྤྲུལ་པའི་མཚན་ཉིད་ཅན།། བཟློག་པས་དེ་ཡང ་དྲི་མ་མེད།། དེ་ཉིད་སད་པ་ཟད་པ་ཉིད།། དེ་ཉིད་པི་ཙུ་བཛྲ་འགྱུར།། ཞལ་བརྒྱད་ཧེ་རུ་ཀ་རུ་བརྗོད།། དཔའ་བོ་ཆེན་པོ་ཞབས་བཞི་པ།། བཅུ་དྲུག་ཕྱག་དང་ཡང་དོག་ལྡན།། དེ་ལྟར་སྐུ་ཡི་དབྱེ་བོ་ཡིས།། ཧེ་རུ་ཀ་ནི་བཞི་པར་བཤད།། ངོ་བོ་ཉིད་ཅན ་ལས་ཆོས་འགྱུར།། ཆོས་ལས་ལོངས་སྤྱོད་རྫོགས་པ་ཉིད།། དེ་ལས་སྤྲུལ་པའི་སྐུར་འགྱུར་ཏེ།། དེ་ལྟར་སྐུ་ནི་བཞི་ཡིན་ནོ།། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན།། གསུང་གི་རྡོ་རྗེ་དབང་ཕྱུག་ཆེ།། ཁྱབ་འཇུག་ཐུགས་ཀྱི་རྡོ་རྗེ་འཛིན།། རྡོ་རྗེ་སེམས་དཔའ ་བདེ་བ་ཆེ་ཞེས།། རྩ་བའི་རྒྱུད་དུ་རྒྱས་བཤད་པ།། རིགས་ནི་གསུམ་དུ་བརྗོད་པར་བྱ།། ངོ་བོ་ཉིད་དང་ལྡན་པས་ནི།། རིགས་བཞི་ཞེས་པ་བཤད་པ་ཡིན།། མཛད་པ་བཞི་ཡི་དབྱེ་བ་ཡིས།། རིགས་རྣམས་ཀྱི་ནི་རྣམ་གཞག་དེའོ།། སངས་རྒྱས ་ལམ་ནི་མངོན་འདོད་པའི།། རྣལ་འབྱོར་ལྡན་པས་ཤེས་པར་བྱ།། ཞེས་པའོ།། ཨེ་ལཱྀ་གི་ཡི་གེ་ནི་རྡོ་རྗེ་སེམས་དཔའ་སྟེ།། ཧཱུཾ་ཡིག་ནི་ཐུགས་རྡོ་རྗེའོ།། ཨཱཿཡིག་ནི་གསུང་རྡོ་རྗེའོ།། ཨོཾ་ཡིག་ནི་རྡོ་རྗེ་སྐུའོ།། ཨེ་བཾ་ནི་ཧཱུཾ་དང་ཨཱཿདང་ཨོཾ་གྱི་ཡི་གེ ་རེ་རེའི་མིང་འདི་ཡིས་རྟོགས་པར་བྱ་བའི་དོན་གཟུང་བར་བྱ་བའི་ཡི་གེ་དང་མིང་གིས་ནི་མ་ཡིན་ནོ།། འདིར་མིང་གི་དངོས་པོར་མེད་དེ་གིལ་ཏེ་ཡོད་ན་ནི་དེའི་ཚེ་ཡིད་དང་མིག་གིས་གཟུང་བར་བྱ་བར་འགྱུར་བ་ཞིག་ནི་དེ་ལྟར་ཡང་མ་ཡིན་ནོ།། དེའི་ཕྱིར་རྣ་བས ་མིང་ཙམ་གཟུང་བར་བྱ་ལ། འདི་ཡིས་རྟོག་པར་བྱ་བའི་དོན་ནི་ཡིད་དང་མིག་གིས་གཟུང་བར་བྱ་བའོ།། བུམ་པ་དང་སྣམ་བུ་ལ་སོགས་པའི་དོན་ནི་འཇིམ་པ་དང་། འཁོར་ལོ་དང་། དབྱུག་པ་དང་། ཆུ་དང་། སྐུད་པ་དང་། ཐགས་བཟངས་དང་། གནས་དང་། ་སྣལ་མ་ལ་སོགས་པོས་གྲུབ་པ་ནི་མིང་གིས་སྐྱེད་པར་བྱས་པར་འགྱུར་བ་མ་ཡིན་ནོ།། མིང་གི་སྒྲ་ཙམ་གྱིས་ཏཾ་ས་ལ་སོགས་པ་དྲི་མ་ལ་སོགས་པའི་ཆོས་ཀྱི་རྒྱུར་གྱུར་པ་འཇིམ་པ་ལྟ་བུ་ནི་མ་ཡིན་ནོ་ཞེས་པ་བཅོམ་ལྡན་འདས་ཀྱི་ལན་གྱི་གསུང་ངེས ་པའོ།། ད་ནི་ཡང་རྡོ་རྗེ་སྙིང་པོས་གསོལ་བ་འདེབས་པ་དང་། བཅོམ་ལྡན་འདས་ཀྱིས་ལན་བཤད་པར་བྱ་སྟེ། རྡོ་རྗེ་སྙིང་པོས་གསོལ་པ། ཅི་ཡིས་ཀྱེ་ཡི་རྡོ་རྗེ་ལགས།། མཚན་བསྡུས་པ་ནི་འདི་ལྟ་བུ།། ཧེ་ཡིག་གིས་ནི་ཅི་ཞིག་བཤད།། རྡོ་རྗེ་ཡིས་ཀྱང་ཅི ་བརྗོད་བྱ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེ་ཡིག་གིས་ནི་སྙིང་རྗེ་ཆེ།། རྡོ་རྗེའང་ཤེས་རབ་བརྗོད་པར་བྱ།། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད།། དེ་ནི་ང་ཡིས་བཤད་ཀྱིས་ཉོན།། ཞེས་མདོར་བསྟན་པ་འདི་རྒྱས་པར་བཤད་པ་ནི།། རྩ་བའི ་རྒྱུད་དུ་སྟེ་དེ་ཉིད་ལ་འཛེག་པར་བྱའོ།། དེ་ལྟའི་བཅོམ་ལྡན་འདས་ཀྱིས་བཀའེའི་སྩལ་པོ། སེམས་ཅན་ཆོས་དང་དམིགས་པ་མེད།། སྙིང་རྗེ་འདྲིན་རྣམ་གསུམ་བཤད།། ཆེན་པོའི་སྒྲ་ལས་དམིགས་པ་མེད།། ཧེ་ཡིག་གིས་ནི་མངོན་བརྗོད་བྱ།། སྐུ ་གསུང་ཐུགས་ཀྱི་སྦྱོར་བ་ཡིས།། སྔར་གྱི་ཝཾ་ཡིག་དེ་ཉིད་དོ།། རྡོ་རྗེའི་སྒྲས་ཀྱང་ཨེ་ཡིག་སྟེ།། རྣམ་པ་ཀུན་དོན་སྟོང་པ་ཉིད།། གང་ཞིག་འདི་དག་སྙོམས་འཇུག་པ།། རྣལ་འབྱོར་སྒྲ་ཡིས་བརྗོད་པར་བྱ།། ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། ་རྣལ་འབྱོར་རྒྱུད་དུ་བརྗོད་པར་བྱ།། རྣལ་འབྱོར་ཐབས་ཀྱི་སྒྲ་ཡིས་མིན།། ཤེས་རབ་ཀྱིས་ཀྱང་འགྱུར་བ་མིན།། འདི་ནི་རྣལ་འབྱོར་རྒྱུད་ཅེས་བྱ།། ཀྱེའི་རྡོ་རྗེ་གཉིས་རྟོགས་མེད།། འདུས་པ་ལ་སོགས་ཐམས་ཅད་རྣམས།། ཤེས་རབ ་ཐབས་ཀྱི་བདག་ཉིད་དེས།། ཐམས་ཅད་རྣལ་འབྱོར་རྒྱུད་ཡིན་ཏེ།། གོས་རབ་ཐབས་ཀྱི་མིང་རྣམས་ཀྱིས།། གང་དུ་ཐབས་ནི་ལོགས་གནས་ཤིང་།། རྣལ་འབྱོར་མ་རྣམས་ཀུན་སྤྱོད་པ།། ཀུན་རྫོབ་རྣལ་འབྱོར་མ་རྒྱུད་དུ།། བྱིས་པ་རྣམས་ལ་བདག་གིས ་བསྟན།། གང་དུ་ཐབས་ནི་འཕོ་བྱེད་ཅིང་།། ཤེས་རབ་ཡང་དག་གནས་འགྱུར་བ།། ཐབས་ཀྱི་རྒྱུད་ཉིད་དུ་ནི་བཤད།། ཇི་ལྟར་དེ་ལྟར་ཀུན་རྫོབ་དུའོ།། ཕྱག་རྒྱ་དཀྱིལ་འཁོར་བསྒོམ་པ་རྣམས།། ཇི་ལྟ་ཇི་ལྟར་རྣམ་དཔྱད་པ།། དེ་ལྟ་དེ་ལྟར་རྣམ་པར་གཞིག། ་སྐྱེ་འཇིག་མཚན་ཉིད་ཅན་རྣམས་སོ།། ཤེས་རབ་ཐབས་དག་སྙོམས་འཇུག་པ།། དབྱེར་མེད་མཚན་ཉིད་རྡོ་རྗེ་གསུམ།། ཤེས་དང་ཤེས་བྱ་དག་གཅིག་པ།། སྟོང་ཉིད་སྙིང་རྗེ་གཉིས་མེད་པའོ།། སྟོང་ཉིད་མཚན་མོ་མེད་པ་དང་།། དེ་བཞིན་སྨོན་པ་མེད ་པོ་དང་།། མངོན་འདུས་མ་བྱས་རྣམ་པར་ཐར།། རྣམ་པ་བཞི་རྣམས་ཡོངས་སུ་གྲག་སོ།། སྙིང་རྗེ་བྱམས་པ་དགའ་བ་དང་།། བཞི་པ་ཡང་ནི་བཏང་སྙོམས་ཏེ།། དེ་རྣམས་ཚངས་པའི་གནས་བཞི་སྟེ།། ཆོས་ཀུན་རྣམ་པར་མི་རྟོག་ལས།། སྒྲིབ་པ་མེད་པའི ་ཆོས་ཀྱིས་ནི།། གཉིས་མོད་དེ་ཡས་བཏགས་པའོ།། ཤེས་རབ་ཐབས་བདག་དེ་བཞིན་ནོ།། རྡོ་རྗེའི་སྐུ་རྣམས་གཉི་སུ་མེད།། ཕུང་པོ་དྲུག་དང་ཁམས་དེ་བཞིན།། ཡུལ་དང་དབང་པོ་རྣམས་ཀྱང་སྟེ།། བྱ་བ་ལས་ཀྱི་དབང་པོ་རྣམས།། དེ་ལྟར་གཉིས་མེད ་ཉིད་དུ་གནས།། སངས་རྒྱས་ཀུན་གྱི་སྡོམ་པ་ནི།། ཨེ་ཝཾ་ཡི་གེར་རབ་ཏུ་གནས།། ཕྱི་ནས་རིགས་གསུམ་དབྱེ་བ་ཡིས།། རིགས་ལྔ་རྣམ་པར་དབྱེ་བ་ལས།། རིགས་དྲུག་རྣམས་ཀྱི་དབྱེ་བ་ཡི།། དེ་བཞིན་བརྒྱད་དུ་རྣམ་དབྱེ་བས།། ཤེས་རབ་ཐབས ་ཀྱི་བདག་ཉིད་རྒྱུད།། ང་ཡིས་བསྟན་པར་བྱ་ཡིས་ཉོན།། ཞེས་པ་བཅོམ་ལྡན་འདས་ཀྱི་ལན་གྱི་གསུང་ངེས་པར་བསྟན་པ་སྟེ། དེ་ལྟར་རྣལ་འབྱོར་གྱི་རྒྱུད་དུ་རབ་ཏུ་གཞག་པའི་ངེས་པོའོ།། ད་ནི་རྣལ་འབྱོར་མ་རྣམས་ཀྱི་སྐྱོ་བ་དང་གནས་པའི་རྒྱུ ་བརྗོད་པར་བྱ་སྟེ། རྒྱུད་འདིར་རྣལ་འབྱོར་མི་རྣམས་ནི་ཕུང་པོ་ལྔ་རྣམས་དང་། ཁམས་བཞི་རྣམས་དང་། སྐྱེ་མཆེད་དྲུག་རྣམས་ཏེ་ཟླ་བའི་ཆ་བཅོཾ་ལྔའི་དབྱེ་བས་བདག་མེད་མ་ལ་སོགས་པ་རྣམས་སོ།། དེ་རྣམས་ཀྱི་སྐྱེ་བ་དང་གནས་པའི་རྒྱུ་ནི་ཧཱུཾ ་ཡིག་སྟེ། ཧེ་རུ་ཀ་ནི་གཉིས་པའོ།། དེའི་ཕྱིར་དེ་རྣམས་ཀྱི་དོན་མཉམ་ཉིད་ཡེ་ཤེས་རྣམ་ཤེས་དང་། ལྷ་རྣམས་ཇི་ལྟར་འབྱུང་བར་འགྱུར་བའོ།། དེ་བཞིན་དུ། ལྟ་སྟང་ས་དགུག་དང་བརྡ་ཆེན་དང་།། ནུས་པ་རྣམ་པ་མང་པོ་རིག། རི་ངས་པར ་བྱེད་དང་སྐྲོད་པ་ཉིད།། སྡེ་རེངས་བྱད་དང་མངོན་སྤྱོད་པ་ལ་སོགས་པ་གཞན་ཡང་བཤད་པར་བྱ་ཡིས། ཀྱེའི་རྡོ་རྗེར་སྙིང་པོ་ཁྱོད་ཉོན་ཅིག་ཅེས་པ་ལྷ་སྐྱེ་བ་དང་གནས་པ་དག་གི་རྒྱུའི་ངེས་པའོ།། ད་ནི་དེའི་ཡང་བསྐྱེད་པའི་རྒྱུ་བརྗོད་པར་བྱ་སྟེ། དང ་པོར་རེ་ཞིག་ཨེ་ཝཾ་འགྱུར་ཞེས་པོ་ཨེ་ཝཾ་གི་ཡོ་ག་ནི་ཧེ་རུ་ཀའི་དབང་པོའི་རྒྱུའོ།། ཧཱུཾ་ཡིག་ནི་གཉིས་པའི་བསྐྱེད་པའི་རྒྱུའོ་ཞེས་པ་ངེས་པའོ།། དེ་ལོས་དདྲོ་པོ་སྐྱེ་བ་ནི།། གཟུང་དང་འཛིན་པའི་དབྱེ་བ་ལས།། ཡུལ་དང་དབང་པོའི་སྦྱོར་བ ་ཡིས།། རྣམ་ཤེས་རྣམས་ཀྱི་སོ་སོའོ།། དངོས་པོའི་འཆིང་བས་འཆིང་བར་འགྱུར།། དངོས་པོའི་འཆིང་བ་དེ་ཡིས་རྣམ་པར་ཤེས་པ་རྣམས་དང་མིག་ལ་སོགས་པ་རྣམས་འཆིང་བར་བྱེད་དོ།། དེ་ཡོངས་ཤེས་པས་གྲོལ ་བར་བྱེད།། ཡུལ་དང་དབང་པོ་རྣམས་འགོག་པས་དེ་ཡོངས་སུ་ཤེས་པས་ཤེས་པའོ།། དེའི་ཕྱིར་དངོས་པོ་ཉིད་ཀྱིས་རྣམ་གྲོལ་བྱེད།། ལྷའི་མིག་ལ་སོགས་པ་རྣམས་ཀྱིས་འདས་པ་དང་། མ་འོངས་པའི་ཡུལ་མཐོང་བས་རྣམ་པར་ཤེས་པ་དྲུག་རྣམས ་གོལ་ཏེ། དེ་ནི་རྣམ་པར་ཤེས་པས་གཞན་ནོ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུང་པས་སོ།། དེ་བཞིན་དུ་དེ་གཟུགས་གཞན་ལ་སོགས་པ་ཡང་སྟེ་དེའི་ཕྱིར། ཐམས་ཅད་ནས་ནི་ཕྱག་ཞབས་སོགས།། ཀུན་ནས་སྤྱན་དང་དབུ་དང་ཞལ།། ཀུན ་ནས་ཐོས་ལྡན་འཇིག་རྟེན་དུ།། ཐམས་ཅད་ཁྱབ་པར་བྱས་ནས་བཞུགས།། ད་ནི་སྔར་བཤད་པའི་ཤེས་རབ་དང་ཐབས་དག་གིས་དོན་དམ་པའི་བསྒོམ་པ་བརྗོད་པོར་བྱ་སྟེ། དངོས་པོ་བསྒོམ་བྱས་ཞེས་པ་ལ་སོགས་པས་སོ།། འདིར་ནམ་མཁའ་ལ་དངོས ་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུའི་སྟེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ།། དེ་ཡོངས་ཤེས་པ་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱིས་སྣང་བརྙན་མཐོང་བའོ།། རྟོག་པ་དང་དྲལ་ཞིང་མ་འཁྲུལ་པ་ནི་མངོན ་སུམ་ཞེས་བརྗོད་པར་བྱའོ།། དེ་ཉིད་རྣམ་པ་བཞི་སྟེ། དབང་པོའི་མངོན་སུམ་དང་ཡིད་ཀྱི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན་སུམ་དང་རང་རིག་པའི་མངོན་སུམ་ཞེས་པ་སྟེ། ཤེས་པ་དེ་ཉིད་ནི་ཉེ་བར་སྟོན་པར་བྱེད་པས་འཇུག་པར་བྱེད་པ་དང་ཐོབ་པར ་བྱེད་པ་དང་། ཉམ་སུ་མྱོང་བའི་མཚན་ཉིད་ཅན་ནོ་ཞེས་པའོ།། སྣང་བརྙན་དེ་ཉིད་དཔེ་དགུ་རྣམས་ཀྱིས་བསྒྲུབས་ཏེ། འདི་ལྟ་སྟེ་མིག་ཡོར་དང་སྤྲུལ་པའི་གྲོང་ཁྱེར་དང་། སྒྲ་བརྙན་དང་། རྨི་ལམ་དང་། སྒྱུ་མའི་འཁྲུལ་འཁོར་དང་། སྨིག་རྒྱུ་དང་། མེ་ལོང་གི་གཟུགས ་བརྙན་དང་། ཆུ་ཟླ་དང་ན་མཁའ་ཞེས་པའོ།། ཤེས་རབ་ཨེ་ཡིག་དུ་འགྱུར་རོ།། དེ་བཞིན་དུ་ཧེ་རུ་ཀ་ཞེས་པ་དངོས་པོ་མེད་པ་བསྒོམ་བྱ་སྟེ་ཤེས་རབ་ཀྱི་ཡེ་ཤེས་སོ།། ཧེ་རུ་ཀ་ནི་བདེ་བ་ཆེན་པོ་སྟེ་ཤེས་རབ་ཇི་ལྟ་བར་ཐབས་ཀྱང་དེ་བཞིན་ནོ།། དེ་ཡོངས་སུ ་ཤེས་པ་དངོས་པོ་མེད་པར་བསྒོམ་པར་བྱ་བ་སྟེ་ཐབས་སུ་འགྱུར་རོ།། དེ་བཞིན་གྱི་སྒྲ་ལས་རྒྱུ་ཇི་ལྟ་བར་དེ་ལྟར་འབྲས་བུའོ་ཞེས་པའོ།། ཨེ་ཝཾ་གི་ཡི་གེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་ལུས་གནས་ཏེ་ལྟེ་བར་གནས་པའོ།། དེ་ལྟར་ན་ལུས ་གནས་ཡེ་ཤེས་ཆེན་པོ་ནི།། ཀུན་ཏུ་རྟོགས་པ་ཐམས་ཅད་སྤངས་པར་འགྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྟོག་པའི་དྲ་བ་དང་བྲལ་བས་ཞེས་པ་ངེས་པའོ།། ་དེ་ཉིད་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་ཀུན་ཏུ་བསྐྱོད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ།། དངོས་པོ་ཀུན་ལ་ཁྱབ་པ་པོ་ཞེས་པ་ཕུང་པོ་དྲུག་དང་ཁམས་དྲུག་རྣམས་དང་། དབང་པོ་དྲུག་རྣམས་དང་། ཡུལ་དྲུག་རྣམས་དང་། ལས་ཀྱི་དབང་པོ་དྲུག་རྣམས ་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་རྣམས་ཏེ་དངོས་པོ་འདི་རྣམས་ལ་ཁྱབ་པ་པོ་ཡེ་ཤེས་ཀྱི་སྐུའོ།། ལུས་ལ་གནས་ཀྱང་ལུས་སྐྱེས་མིན་ཞེས་པ་སྐྱེ་བ་དང་འཇིག་པའི་དངོས་པོ་མེད་པའི་ཕྱིར་རོ།། འདིར་གང་མཁའ་འགྲོ་མ་དྲ་བ་སྡོམ་པ་བརྟག་པ་གཉིས ་བར་དངོས་གྲུབ་གཏན་ལ་འབེབས་པའི་ལེའུར་འཆད་པར་འགྱུར་བ་རྡོ་རྗེ་སྙིང་པོ་གསོལ་བ་བཏབ་པ་དང་། བཅོམ་ལྡན་འདས་ཀྱི་ལན་གྱི་གསུང་དེ་ནི་ཀུན་རྫོབ་དུ་བྱིས་པའི་སྐྱེ་བོས་རྟོགས་པའི་དོན་དུ་བསྐྱེད་པའི་ཚུལ་གྱི་དབང་པོ་གཉིས ་ཀྱི་བདེ་བ་བསྟན་པའོ་ཞེས་པའོ།། འདི་ལྟ་སྟེ་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས།། དམ་པའི་བདེ་བ་བདེ་ཆེན་ན།། རྫོགས་པ་བསྒོམ་པ་མེད་པ་སྟེ།། བསྐྱེད་པ་ཡི་ནི་དགོས་པ་ཅི།། ཞེས་པ་ལ་འདིར་རྫོགས ་པའི་རིམ་པ་ཞེས་བྱ་བ་ནི་རྟོག་པ་དང་དབང་པོ་གཉིས་ཀྱི་བདེ་བ་དང་བྲལ་བ་སྟེ། དེ་ཉིད་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཡིན་ན་དེའི་ཕྱིར་རྟོག་པས་དཀྱིལ་འཁོར་བསྐྱེད་པ་དང་ཕྱག་རྒྱ་བསྐྱེད་པས་དགོས་པ་ཅི་ཡོད་ཅེས་པའོ།། ཚིག་འདི་གསན་ནས ་བཅོམ་ལྡན་འདས་ཀྱིའི་རྡོ་རྗེས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་འདི།། ཨེ་མོ་དད་པའི་ཤུགས་ཀྱིས་ཉམས།། ཞེས་པ་ཀུན་རྫོབ་དུ་སྟེ། ལུས་ཀྱི་དངོས་མཽད་གླིང་ལ་བདེ།། བདེ་བ་སྨྲ་བར་མི་ནུས་སོ།། ཁྱབ་བྱ་ཁྱབ་བྱེད་དོ། ་བོ་ཡི།། བདེ་བས་འགྲོ་བ་ཁྱབ་པ་པོ།། ཇི་ལྟར་མེ་ཏོག་ལ་གནས་དྲི།། མེ་ཏོག་དངོས་མེད་ལས་མི་རྟོགས།། དེ་བཞིན་གཟུགས་སོགས་དངོས་མེད་པས།། བདེ་བ་དམིགས་པ་ཉིད་མི་འགྱུར་ཞེས་པ་ཀུན་རྫོབ་ཀྱིས་སོ།། དེ་ཉིད་དུ་སློར་ཡོད་དོན་དམ ་བྱར་འགོག་པ་འདི་ལྔ་སྟེ། དངོས་པོ་དངོས་པོ་མེད་པ་།། ཞེས་པ་རྣམ་པ་ཐམས་ཅད་པའི་ཤེས་རབ་པ།། དངོས་པ་རྟོགས་ཕྱིར་སངས་རྒྱས་པ། ཞེས་པ་མངོན་པར་ཤེས་པ་དྲུག་ཅན་ཐབསསོ།། རྨོངས་པ་གང་རྣམས་ང་མི་ཤེས།། འདི་ལྟར་གྱུར ་པའི་གང་ཞིག་ལེ་ལོས་བཅོམ་པས་ཀྱང་སྟེ་དེ་རྣམས་ནི་དབང་པོ་གཉིས་ཀྱི་བདེ་བས་ཉེ་བར་བཅོམ་པ་རྣམས་སོ་ཞེས་པ་ལ་སོགས་པས་སྔ་མ་དང་ཕྱི་མ་དྲང་བ་དང་ངེས་པའི་དོན་ཉིད་དེ་ལེའུ་དེ་ཉིད་དུ་རྒྱ་ཆེར་བཤད་པའོ།། འདིར་ནི་རིགས་ཀྱི་ལེའུར་གསུང ་པ་བཤད་པར་བྱ་སྟེ། འདིར་ཁམས་གསུམ་པ་རྒྱུ་བ་དང་བཅས་པ་དང་། མི་རྒྱུ་བ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར། གལ་ཏེ་སངས་རྒྱས་ཀྱི་ཡེ་ཤེས་དེ་ལུས་ལ་སྐྱེས་པ་ཡིན་ན་རྟེན་དང་བརྟེན་པའི་འབྲེལ ་པས། མེ་ཏོག་གི་དྲི་ཇི་ལྟ་བ་བཞིན་དུ་སྟེ། ཇི་ལྟར་མེ་ཏོག་མེད་པར་ནི་དྲི་མ་དེ་པ་བཞིན་དུ། དེ་མེད་པ་ན་འཇིག་མོད། དེ་ལྟར་ཡང་མ་ཡིན་ནོ།། དེའི་ཕྱིར་ཕྱི་དང་ལུས་ལ་ཁྱབ་པ་ཉིད་ཀྱི་ཕྱིར། ཕྱི་མ་ལ་གནས་པ་དང་། ལུས་ལ་གནས་པ ་ཞེས་བརྗོད་ཀྱི། གང་གི་ཕྱིར་ལུས་མེད་པ་ན་དེ་མེད་པ་ནི་མ་ཡིན་པ་དེའི་ཕྱིར་ལུས་སྐྱེས་མིན་ཞེས་པ་ངེས་པའོ།། དེ་སྐད་དུ་བཤད་པ། ཇི་ལྟར་བུམ་པ་ཞིག་གྱུར་ཀྱང་།། ན་མཁའ་ལ་ནི་འཇིག་པ་མེད།། དེ་ལྟར་ལུས་ནི་ཞིག་གྱུར་ཀྱང་།། ་ཡེ་ཤེས་ལ་ནི་འཇིག་པ་མེད་ཅེསོ།། ཀྱེའི་རྡོ་རྗེ་རྒྱ་ཆེར་འགྲེལ་པ་སྟོང་ཕྲག་དྲུག་པར་ཤེས་རབ་དང་ཐབས་གཉིསུ་མེད་པའི་ཡེ་ཤེས་ངེས་པ་སྟེ་ཡོངས་སུ་བཅད་པ་གསུམ་པའོ།། །། ད་ནི་རྡོ་རྗེའི་ལུས་ལ་རྩ་རྣམས་བརྗོད་པར་བྱ། ་སྟེ།། འདིར་རྡོརྗེའི་སྙིང་པོས་གསོལ་པ། ཀྱེའི་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་སུམ་ཅུ་རྩེ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས ་འཛག་པ་རྣམས་སོ་ཞེས་པ་ལ། འདིར་བདེ་བ་ཆེན་པོ་ཡང་དག་པར་མྱོང་བར་བྱེད་པའི་ཕྱིར། བདེ་བ་ཆེན་པོ་ཞེས་བརྗོད་པར་བྱ་སྟེ་གསང་བའི་འཁོར་ལོ་རྩ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་ཀ་ཡིག་ལ་སོགས ་པ་སྡེ་པ་དྲུག་གི་གསལ་བྱེད་སུམ་ཅུ་དང་གཞོམ་དུ་མེད་པ་གཉིས་ཀྱི་མཚན་ཉིད་ཅན་རྣམས་སོ།། དཽ་ལ་ན་མཁོའ་དང་རླུང་དང་མེ་དང་། ཆུ་དྲང་ས་དང་ཡེ་ཤེས་ཀྱི་ཁམས་ཀྱི་ཆོས་ཀྱི་ཨཾ་ཝ~ཾ་གི་ཡི་གེའི་ཆོས་ཀྱི་སོ་ཞེས་པའོ།། འདི་ལྟ་སྟེ། ་ཀཱ་ཁཱི་གཱ་གྷཱ་དཱ། ཞེས་པ་ན་མཁའི་ཁམས་རྣམས་ཏེ། ཨ་ཀུ་ཧ་རྣམ་པར་བཅད་པ་རྣམས་མགྲིན་པ་ལས་གྱུར་པའོ་ཞེས་པ་ཧ་ཡིག་གིས་ཤེས་པར་བྱེད་པ་ལས་སོ།། དེའི་ནང་དུ་ལྷུང་བ་ནི་དེ་སྨོས་པས་བཟུང་བར་བྱའོ་ཞེས་པའི་ཡོངས ་སུ་བཤད་པས་གྲུབ་པའོ།། ཀཱི་སྡེ་པ་ནི་ན་མཁའི་ཁམས་སོ་ཞེས་པའོ།། དེ་བཞིན་དུ། ཙཱ་ཚཱ་ཛཱ་ཛྙཱ་ཉྩ་ཞེས་པ་ཨི་ཙུ་ཡ་ཤ་རྣམས་རྐན?་ལས་འབྱུང་ངོ་ཞེས་པ་རླུང་གི་ཁམས་ཏེ་ཨ་ཡིག་གིས་ཤེས་པར་བྱེད་པ་ལས་སོ།། དེ་བཞིན་དུ ་ཊཱ་ཐཱ་ཌཱ་ཌྷཱ་ཎཱ་ཞེས་པ་རི་ཊ་ར་ཥ་རྣམས་སྤྱི་བོ་ལས་འབྱུང་བ་རྣམསོ་ཞེས་པ་མེའི་ཁམས་ཏྱེ་ར་ཕའི་ཤེས་པར་བྱེད་པ་ལས་སོ།། དེ་བཞིན་དུ་པཱ་པཱ་དཱ་བྷཱུ་མཱ་ཞེས་པ་ཨུ་པུ་ཝ་མཆུ་ཅན་རྣམས་མཆུ་ལས་སྐྱེས་པ་ཆུ་ཡི་ཁམས་ཏེ་ཝ་ཡིག ་གིས་ཤིས་པར་བྱེད་པ་ལས་སོ།། དེ་བཞིན་དུ། ཏཱ་ཐཱ་དཱ་དྷཱ་ནཱ་ཞེས་པ་ལི་ཏུ་ལ་ས་རྣམས་སོ་ལས་བྱུང་བ་སའི་ཁམས་ཏེ་ལ་ཡིག་གིས་ཤེས་པར་བྱེད་པ་ལས་སོ།། འདི་རྣམས་ནང་ན་སཱ་ཝཱ་ཥཱ་ཤཱི་བྷཱུ་ཞེས་པ་ས་དང་ཆུ་དང་མེ་དང ་རླུང་དང་ན་མཁའི་རང་བཞིན་ཅན་རྣམ་པ་ལྔའི་བདག་ཉིད་དྲུག་པ་ཡེ་ཤེས་ཀྱི་ཁམས་སོ་ཞེས་པའོ།། ཨེ་ཝཾ་གི་ཡི་གེ་ནི་འགྱུར་མེད་གཉིས་ཏེ་ཨེ་ཝཾ་གེ་ཡི་གེ་ལ་སོགས་པ་རྣམས་ནི་གང་གིས་ནི་བྱང་ཆུབ་ཀྱི་སེམས་འགུགས་པ་དེ་བས་ན ་བྱང་ཆུབ་ཀྱི་སེམས་འབབ་པ་རྣམསུ་གསུངས་སོ།། བདེ་བ་ཆེན་པོའི་གནས་འཛག་པ་ཞེས་པ་ནི་གཅི་བ་དང་བཤད་པ་དང་ཁུ་བ་འཇིག་པ་རྣམསོ།། དེ་རྣམས་ཀྱི་དབུས་ན་འོག་དང་སྟེང་དུ་རྩ་གསུམ་ནི་གཙོ་མི་རྣམས་ཡིན་ཅིང་། འོག་ཏུ་བཤད་པ ་འཛག་པ་དང་གཅི་བ་འཛག་པ་དང་ཁུ་བ་འཛག་པར་བྱེད་པ་སྟེ་ལྟེ་བ་ལས་འོག་ཏུའོ།། ལྟེ་བ་ལས་སྟེང་དུ་རྐྱང་མ་དང་རོ་མ་དང་ཀུན་དར་མ་ཞེས་པའོ།། འདི་ལྟ་སྟེ། རྐྱང་མ་ཤེས་རང་རང་བཞིན་གྱིས།། རོ་མ་ཐངས་ཀྱིས་ཡང་དག་གནས།། ཨ་བ་དྷཱ ་ཏཱི་དབུས་ཕྱོགས།། གཟུང་དང་འཛིན་པ་སྤངས་པ་ཉིད།། ཅེས་པ་ལ་འདིར་ཤེས་རབ་ཀྱི་སྒྲ་ཡིས་ཟླ་བ་བརྗོད་དེ་དེའི་རང་བཞིན་སྨྲ་བུག་གཡོན་པར་སྲོག་འབབ་པའོ།། དེས་ན་ཟླ་བའི་རང་བཞིན་གྱིས་ཞེས་པ་སྲོག་འབབ་པ་རྐྱང་མ་གནས་པའོ།། ཐབས ་ཀྱེཀྱི་སྒྲ་ཡིསཽ་ཉི་མ་བརྗོད་པར་བྱ་ཞིང་དེའི་སྣ་བུག་གཡས་པར་སྲོག་འབབ་པ་རང་བཞིན་ཏེ། རང་བཞིན་དེས་རེ་མ་གནས་སོ།། དེ་སྐད་དུ་གསུངས་པ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན།། མཚན་མོ་ཤེས་རབ་རབ་ཏུ་གྲགས།། ཇི་ལྟར་ཉི་མ་ཞི་བར་བརྗོད།། ་ཟླ་བ་ནུས་མ་དེ་ལྟར་བཤད། ཅེས་སོ།། རྣམ་པར་ཤེས་པ་དང་། འདུ་བྱེད་དང་། ཚེར་བ་དང་། འདུ་ཤེས་དང་། གཟུགས་ཀྱི་དཀྱིལ་འཁོར་ལྔ་སྤོང་བའི་རིམ་པས་རྐྱང་མར་གནས་སོ།། ས་དང་ཆུ་དང་། མེ་དང་རླུང་དང་། ན་མཁའི་དཀྱིལ་འཁོར ་སྡུད་པའི་རིམ་པས་རོ་མར་གནས་སོ།། དུས་སྦྱོར་བཅུ་གཉིས་ཡོངསུ་བསྐོར་བས་མི་མཉམ་པ་མཉམ་པའི་དུས་སྦྱོར་རབ་ཏུ་རྒྱུ་བས་དཀྱིལ་འཁོར་སུམ་ཅུ་སུམ་ཅུ་ལོངས་སྤྱོད་པ་ཅན་རྐྱང་མ་དང་རོ་མའོ།། འདིར་ཆུ་སྲིན་གྱི་དུས་སྦྱོར་ལས ་ལ་སོགས་པའི་དཀྱིལ་འཁོར་རྣམས་རིམ་པ་ཇི་ལྟ་བར་འདི་ལྟ་སྟེ། ཀཱ་ཁཱ་གཱ་གྷཱ་དཱ། ཞེས་པའོ།། དེ་ནས་ལུགས་ལས་ཟློག་པས་བུམ་པར་ཡི་གེ་ཐུང་ངུ་རྣམས་སྤྲོ་བའི་རིམ་པས་རྩ་གཡོན་པར་རོ།། འདི་ལྟ་སྟེ། ད་གྷ་ག་ཁ་ཀ། ཞེས་པ་ན་མཁའིའ་ལ་སོགས ་པ་རྣམས་དང་། རྣམ་པར་ཤེས་པ་ལ་སོགས་པ་རྣམསོ།། དེ་བཞིན་དུ་གཡསུ་ཡང་གཟུགས་ལ་སོགས་པ་རྣམས་དང་ས་ལ་སོགས་པ་རྣམས་ཏེ་ལུས་དང་བསམ་པའི་དབྱེ་བས་གཟུང་བ་དང་འཛིན་པའི་འབྲེལ་པས་སོ་ཞེས་པའོ།། དེ་བཞིན་དུ་ཉ་ཤར་བ་ན ་ཙཱ་ནཱ་ཛཱ་ཛྙཱ་ཉྫ་ཞེས་པ་གཡས་པར་སྡུད་པའི་རིམ་པས་སོ།། དེ་ནས་ལུག་འཆར་བ་ན་ཉ་ཛྷ་ཛ་ཚ་ཙ་ཞེས་པ་གཡོན་པར་སྤྲོ་བའི་རིམ་པས་སོ།། དེ་བཞིན་དུ་གླང་འཆར་བ་ན་ཌྷ་བྷྲྀ་བཱ་བྷཱུ་ཎཱ་ཞེས་པའོ།། དེ་བཞིན་དུ་འཁྲིག་པ་འཆར་བ་ན་ཎ་བྷ་ཌ་ཐ་ཊ་ཞེས་པའོ།། དེ ་ནས་ཀཪྐ་ཊ་འཆར་བ་ན་པཱ་ཕཱ་བཱ་བྷཱ་མཱ། ཞེས་པའོ།། དེ་བཞིན་དུ་མ་བྷ་བ་ཕ་པ་ཞེས་པ་སེང་གེ་ལའོ།། ཏྲ་ཐཱ་དཱ་དྷ་ནཱ་ཞེས་པ་བུ་མོ་ལའོ།། ན་དྷ་ད་ཐ་ཏ་ཞེས་པ་སྲང་ཤར་པ་ནའོ།། སཱཾ་སྠཱ་བཱ་ཤཱ་བྷཱ་ཞེས་པ་སྡིག་པ་འཆར་བ་ནའོ།། དེ་ནས་ཐཱ་ཤ་ཥཱཝ་ས་ཞེས་པ ་གཞུའི་དུས་སྦྱོར་འཆར་བ་ནའོ།། དེ་ལྟར་ཉིན་མཚན་གྱིས་དཀྱིལ་འཁོར་དྲུག་ཅུ་རྣམསོ།། དེ་བཞིན་དུ་ནང་གི་རྩ་རྣམས་ལ་དཀྱིལ་འཁོར་རྒྱུ་བ་རྣམས་ཏེ་དེ་རྣམས་ཀྱིས་ཤེས་པར་བྱེད་པ་དེ་རྣམས་ལས་སྐྱེས་པ་རྣམས་ནི་ལག་པ་དང་རྐང་པའི་ཚིག་རྣམས་ལ ་བརྗོད་པར་བྱའོ།། གཡས་པའི་ཕྲག་པ་དང་དཔུང་པའི་ཚིག་ལ་ཆུ་སྲིན་གྱི་དུས་སྦྱོར་ཏེ། དེའི་དཀྱིལ་འཁོར་སོ་སོའི་བདག་ཉིད་ས་ལ་སོགས་པའི་དཀྱིལ་འཁོར་ནི་མཐེ་བོ་དང་མཛུབ་མོ་དང་གུང་མོ་དང་མིང་མེད་དང་མཐེའུ་ཆུང་རྣམས་ཀྱི་ཚིགས་འོག་མ་རྣམས ་ལ་རིམ་པ་ཇི་ལྟ་བར་རོ་ཞེས་པའོ།། དེ་ནས་བུམ་པའི་དུས་སྦྱོར་ལ་གཡོན་པོའི་ཕྲག་པ་དང་དཔུང་པའི་ཚིགས་ལ་སྟེ། ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་རྣམས་ནི་རིམ་པ་ཇི་ལྟ་བར་མཐེའུ་ཆུང་དང་། མིང་མེད་དང་གུང་མོ་དང་མཛུབ་མོ་དང ་མཐེ་བོའི་འོག་གི་ཚིགས་ཀྱི་མཚམས་རྣམས་ལའོ།། དེ་བཞིན་དུ་གཡས་པའི་དཔུང་པ་དང་ཉེ་བའི་དཔུང་པའི་ཚིག་རྣམས་ལ་ཉའི་དུས་སྦྱོར་ཏེ། མཐེ་བོ་ལ་སོགས་པའི་ཚིགས་གཉིས་པའི་མཚམས་རྣམས་དཀྱིལ་འཁོར་རྣམ་སོ།། དེ་བཞིན་དུ་གཡོན ་པའི་དཔུང་པ་དང་ཉེ་བའི་དཔུང་པའི་མཚམས་ལ་ལུག་གི་དུས་སྦྱོར་ཏེ་མཐེའུ་ཆུང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གཉིས་པའི་མཚམས་རྣམསུ་དཀྱིལ་འཁོར་རྣམསོ།། དེ་ནས་གཡས་པའི་ལག་པ་དང་ལག་པར་གྱི་མཚམས་ལ་གླང་གི་དུས་སྦྱོར ་ཏེ། མཐེ་བོང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གསུམ་པའི་མཚམས་ལ་དཀྱིལ་འཁོར་རྣམསོ།། དེ་བཞིན་དུ་གཡོན་པའི་ལག་པ་དང་ལག་ངར་གྱི་མཚམ་སུ་འཁྲིག་པའི་དུས་སྦྱོར་ཏེ་མཐེའུ་ཆུང་ལ་སོགས་པ་ཚིགས་ཀྱི་ཕྲེང་བ་གསུམ་པའི་མཚན ་སུ་དཀྱིལ་འཁོར་རྣམསོ།། དེ་ལྟར་བྱུང་དུ་བགྲོད་པའི་ངེས་པའོ།། དེ་ནས་ལྷོར་བགྲོད་པ་ལ་འདི་ལྟ་སྟེ། གཡས་པའི་རྐེད་པ་དང་བརླའི་ཚིགས་ལ་ཀཪྐ་ཊའི་དུས་སྦྱར་ཏེ་རྐང་པ་གཡོས་པའི་མཐེ་བོང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་དང་པོའི་མཚམས ་ས་ལ་སོགས་པའི་དཀྱིལ་འཁོར་རྣམས་རིམ་པ་ཇི་ལྟ་བ.རོ།། དེ་ནས་གཡོན་པའི་རྐེད་པ་དང་བརླའི་མཚམསུ་སེང་གེའི་དུས་སྦྱོར་ཏེ་རྐང་པ་གཡོན་པའི་མཐེའ་ཆུང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་དང་པོའི་མཚམས་རྣམས་ལ ་ནམཁའ་ལ་སོགས་པའི་དཀྱིལ་འཁོར་རྣམས་རིམ་པ་ཇི་ལྟ་བར་རོ་ཞེས་པའོ།། དེ་བཞིན་དུ་གཡས་པའི་པུས་མོ་དང་བརླའི་མཚམསུ་བུ་མེའི་དུས་སྦྱོར་ཏེ། རྐང་པ་གཡས་པའི་མཐེ་བོང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གཉིས་པའི་མཚམས་རྣམསུ་དཀྱིལ ་འཁོར་རྣམ་སོ།། དེ་བཞིན་དུ་གཡོན་པའི་པུས་མོ་དང་བརླའི་མཚམ་སུ་སྲང་གི་དུས་སྦྱོར་ཏེ། མཐེའུ་ཆུང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གཉིས་པའི་མཚམས་རྣམས་ལ་དཀྱིལ་འཁོར་རྣམསོ།། དེ་བཞིན་གཡས་པའི་རྐང་པ་དང་པུས་མོའོ་མཚམས ་སུ་སྡིག་པའི་དུས་སྦྱོར་ཏེ་ན་ཐེ་བོང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ་གསུམ་པའི་མཚམས་རྣམས་ལ་དཀྱིལ་འཁོར་རྣམསོ།། དེ་བཞིན་དུ་གཡོན་པའི་རྐང་པ་དང་པུས་མོའི་མཚམསུ་གཞུའི་དུས་སྦྱོར་ཏེ་མཐེ་ཆུང་ལ་སོགས་པའི་ཚིགས་ཀྱི་ཕྲེང་བ ་གསུམ་པའི་མཚ་མོས་རྣམསུ་དཀྱིལ་འཁོར་རྣམས་རིམ་པ་ཇི་ལྟ་བར་རོ།། དེ་ལྟར་ན་དཀྱིལ་འཁོར་དྲུག་ཅུ་རྣམས་ནི་སྤྲུལ་པའི་འཁོར་ལོ་ལྔ་ཡིན་ཞིང་བཞི་ནི་སྟོང་པའི་གནས་རྣམས་ཏེ་ཨོཾ་ཝཾ་གཾ་ཡི་གེའི་རང་བཞིན་རྣམས་ཞེས་པའོ།། དེའི་ཕྱིར ་སྤྲུལ་པའི་འཁོར་ལོ་ལ་པདྨ་བདབ་མ་དྲུག་ཅུ་རྩ་བཞི་པའོ།། འདབ་མའི་སྒྲ་ཡིས་དཀྱིལ་འཁོར་དྲུག་ཅུ་འབབ་པའི་རྩ་རྣམས་བརྗོད་དེ། བཞི་ནི་སྟོང་པ་འབབ་པ་རྣམསོ་ཞེས་པའོ།། དེ་ལྟར་དུས་སྦྱོར་སོ་སོའི་རྩ་ལ་གནས་ལྔ་རྣམས་ཏེ་དབུས་སུ་སྟོང ་པ་འབབ་པའི་རྩའོ།། ཤར་དུ་རླུང་འབབ་པའོ།། གཡ་སུ་མེ་འབབ་པའོ།། བྱང་དུ་ཆུ་རྒྱུ་བའི་རྩའོ།། ནུབ་དུ་ས་རྒྱུ་བའོ།། དབུས་སུ་ཨ་བ་དྷཱུ་ཏཱི་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་འབབ་པ་སྟེ། གསུངས་པ་ཡང་ལྟེ་བའི་དབུས་སུ་དཔའ་བོ་གནས།། ཟེ་འབྲུ ་གསང་བའི་སྤྱོད་ཡུལ་ལའོ་ཞེས་སོ།། དེ་ལྟར་དབྱུ་གུ་དྲུག་ཅུ་རྣམས་དཀྱིལ་འཁོར་དྲུག་ཅུ་འབབ་པའི་བྱེད་པ་རྣམས།། བཞི་ནི་སྟོང་པ་འབབ་པར་བྱེད་པ་སྟེ། ཇི་ལྟར་ཟླ་བའི་ཆ་བཅུ་དྲུག་པ་སྐད་ཅིག་ཙམ་ཡིན་པ་དེ་ལྟར་དེ་ནི་དཀྱིལ་འཁོར་ཡོངསུ་རྫོགས ་པ་འབབ་པ་ཡོད་ཡིན་པར་ཤེས་པར་བྱའོ་ཞེས་པ་སྤྲུལ་པའི་འཁོར་ལོ་ལའོ།། མི་མཉམ་པའི་དུས་སྦྱོར་ཟླ་བའི་རང་བཞིན་གྱི་རྐྱང་མ་སྟེ། མཉམོ་པའི་དུས་སྦྱོར་ཉི་མའི་རང་བཞིན་གྱི་རོ་མའོ།། ཨ་བ་དྷཱུ་ཏཱི་ནི་མཉམ་པ་གཟུང་བ་དང་འཛིན་པ་སྤངས་པ་དབུས ་ཕྱོགསུ་སྟེ། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཤེས་པར་བྱའོ་ཞེས་པའོ།། དེ་ལྟར་སྤྲུལ་པའི་འཁོར་ལེ་ལྀ་དབྱུ་གུའི་འཕོ་བ་རྣམས་དྲུག་ཅུ་རྩ་བཞི་སྟེ་བཞི་ནི་སྟོང་པའོ།། དེ་ནས་ཆོས་ཀྱི་འཁོར་ལོ་ལ་པདྨ་འདབ་མ་བརྒྱད་པ་སྟེ་དེར་འདབ་མ་བརྒྱད་རྣམས་ལ ་ཆོད་ཀྱི་དབྱེ་བས་འཕོ་བ་བརྒྱད་རྣམས་ཏེ། ཕྱེད་དང་བཅས་པའི་དུས་སྦྱོར་གྱི་བདག་ཉིད་ཅན་རྒྱང་མིའི་དང་རོ་མའི་ཞེས་པའོ།། དེ་ནས་མིགྲན་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་གསལ་བྱེད་ཐུང་ངུའི་དབྱེ་བས་རྩ་སུམ་ཅུ་རྩ་གཉིས་རྣམསོ།། ་ལོངས་སྤྱོད་རྫོགས་པར་ནི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པར་བླ་མའི་མན་ངག་ལས་ཏེ། རྒྱུད་དུ་ནི་ལུགས་ལས་བཟློག་པས་གསུངས་སོ།། དེ་ལ་ཡུང་ཙམ་གྱི་དབྱེ་བས་འཕོ་བ་སུམ་ཅུ་རྩ་གཉིས་རྣམས།། དཔྲལ་བར་པདྨ་འདབ་མ་བཅུ་དྲུག་པ ་དེ་ལ་ཐུན་ཚོང་ཕྱེད་པའི་དབྱེ་བས་འཕོ་བ་བཅུ་དྲུག་རྣམས་སོ།། གཙུག་ཏོར་དུ་པདྨ་འདབ་མ་བཞི་པ་སྟེ།། དེ་ལ་ཐུན་མཚམས་ཀྱི་དབྱེ་བས་འཕྲོ་བ་བཞི་རྣམ་སོ།། འདིར་ཕྱི་རོལ་དུ་རྒྱུ་བ་ནི་དེ་ལ་དབུགས་ཕྱིར་འབྱུང་བའི ་དུས་སུ་སྤྲུལ་པའི་འཁོར་ལོ་ལ་དབྱུ་གྲི་རྩའི་དཀྱིལ་འཁོར་སྣའི་བུ་གར་འཆར་བར་འགྱུར་ཏེ། སྣའི་བུ་གོ་གཉིསུ་གཡོན་པ་འམ་གཡས་པར་དྲང་པོའི་ཐ་མོར་གང་གི་ཚེ་ནམ་མཁའི་དཀྱིལ་འཁོར་འབབ་པ་དེའི་ཚེ་དབུས་སུ་རྒྱོའོ།། གང་གི ་ཚེ་རླུང་གི་དཀྱིལ་འཁོར་འབབ་པ་དེའི་ཚེ་སྣའི་བུ་གར་སྟེང་དུ་རོག་ཅིང་ངོ་།། གང་གི་ཚེ་མེའི་དཀྱིལ་འཁོར་འབབ་པ་དེའི་ཚེ་སྣའི་བུ་ག་ལ་གཡ་སུ་རེག་ཅིང་ངོ་།། གང་གི་ཚེ་ཆུའི་དཀྱིལ་འཁོར་འབབ་པ་དེའི་ཚེ་གཡོན་དུ་རེག་ཅིང་སྟེ། གཡོན་དུའམ ་གཡས་སུའང་རུང་སྣ་ལ་མངོན་དུ་ཕྱོགས་པར་རོ།། གང་གི་ཚེ་སིའི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ་འོག་ཏུ་རེག་ཅིང་ངོ་།། དེ་ལྟར་སྣའི་བུ་ག་དག་ལ་གནས་ལྔ་རྣམས་སུ་རྣལ་འབྱོར་པས་ཤེས་པར་བྱ་སྟེ། གཡོན་དུའང་གཡ་སུ་མི་མཉམ་པ་དང་མཉམ ་པའི་དུས་སྦྱོར་འཆར་བའི་དབྱེ་བས་སོ་ཞེས་པའོ།། འདིར་ཀྱེའི་རྡོ་རྗེ་འབུམ་ཕྲག་ལྔ་པར་གང་འདི་རྒྱས་པར་བཤད་པ་དེ་ནི་མང་བ་ཉིད་ཀྱི་ཕྱིར་མ་བརྗོད་དེ་ཐོས་པ་ཆུང་བ་རྣམས་མང་པོ་བཤད་པ་ལ་སྐྲག་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱི་ངས ་པའོ།། དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཁྱིམ་འཁོར་ལོ་ལ་ཆུ་སྲིན་ལ་སོགས་པ་འདི་ནི་གདན་བཞིར་ཤེས་པར་བྱ་སྟེ་འཆི་ལྟོས་ཀྱི་མཚན་ཉིད་ཀྱང་སྟེ་རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ།། རེ་ཧི་ཏ་དང ་མོ་ཧི་ཏ་ལ་སོགས་པའི་རྩ་མི་མཉམ་པ་དང་མཉམ་པའི་དུས་སྦྱོར་འབབ་པ་རྣམསོ་ཞེས་པ་དགོངས་པའི་སྐད་གཞན་གྱིས་གསུངས་ཏེ། རྩ་དེ་རྣམས་ཀྱིས་བཟང་བ་དང་ངན་པ་དེར་གསུངས་ཤིང་འཆི་ལྟས་དང་འཆི་བ་ཡང་ངོ་ཞེས་པའོ།། རྒྱུ་དེའི་ཕྱིར། ་རྐྱང་མ་མི་བསྐྱོད་འབབ་པ་སྟེ།། རོ་མ་ཁྲག་ནི་རབ་འབབ་ཅིང་།། ཤེས་རབ་ཟླ་བ་འབབ་བཤད་པ།། ཨོཾ་བ་དྷཱ་ཏཱི་དེ་རང་གྲགས།། ཞེས་པ་སྟེ་འདིར་མི་སྐྱོད་པ་ནི་ཆུའི་ཁམས་ཏེ་ཆུ་ཡི་ཁམས་རྒྱུ་བ་ནི་སྣ་དུག་གཡོན་པ་བརྐྱང་མའོ།། ཁྲུག་ནཱི་མིའི ་ཁམས་ཏེ། གཡས་པར་མེའི་ཁམས་འབབ་པ་ནི་རི་མའོ།། ད་ལྟར་ན་གཡོན་པར་ཆུ་ལུས་སྐྱེས་པ་པདྨ་དང་། གཡས་པར་མེ་ལས་སྐྱེས་པ་རིན་པོ་ཆེ་ལྷག་པའི་ལྷའོ།། ཤེས་རབ་ཨ་བོ་དྷཱ་དྷཱི་སྟི་ཟླ་བ་ནི་ཐིག་ལེ་ཁུ་ཡིན་ལ། ད་ཉིད་ནི་ལྷའི ་བདག་ཉིད་ཅན་སྟོང་པ་ཆེན་པོ་འབབ་པར་བྱེད་དོ་ཞེས་པས་སྟོང་པ་འབབ་ཅིང་དབུས་སུ་རྡོ་རྗེའི་རིགས་ལྷག་པའི་ལྷ་སྟེ། ཨ་བ་དྷཱུ་ཏཱི་རུ་རབ་ཏུ་གྲོགས་སོ།། དེ་བཞིན་དུ་ཟླ་བ་དང་ཉི་མ་དང་སྒྲ་གཅན་འབབ་མ་རྐྱང་མ་དང་རོ་མ་དང་ཨ་བ་དྷཱུ་ཏཱིའི་རིམ་པ ་ཇི་ལྟ་བ་སྟེ་སྲོག་ཀུན་ནས་རྒྱུ་བ་ལའོ།། ཐུར་སོལ་ལ་ནི་བཤད་པ་དང་གཅི་བཱ་དང་ཁུ་བ་འབེབ་མ་རྣམས་ཏེ་ལྟེ་བ་ལས་འོག་ཏུ་སྟེ། འཁོ་ར་ལོ་དང་། རལ་གྲི་དང་། རྡོ་རྗེ་རྩཝ་གཅིག་པ་རྣམས་སོ།། སྟེང་གི་སྒོ་རྣམས་དང་འོག་གི་སྒོ་རྣམསོ་ཞེས་པའོ།། ད་ནི ་འོག་གི་སྒོ་ཅན་ཆུ་འབབ་པ་སུམ་ཅུ་རྩ་གཉིས་རྣམས་བཤད་པར་བྱ་སྟེ་མི་ཕྱེད་མ་ལ་སོགས་པ་རྣམས་སོ་ཞེས་པའོ།། འདིར་དཀར་པོའི་ཕྱོགས་ལ་དབྱངས་བཅོ་ལྔ་རྣམས་ཏེ་བཅུ་དྲུག་པ་ཐིག་ལེའོ།། རྩ་དེ་རྣམས་ཀྱང་འཕྱང་མ་ལ་བསྐོར་ནས་གན ་པའོ།། འདི་ལྟ་སྟེ། ཨ་ཨི་རི་ཨུ་ལི་ཞེས་པ་རིམ་པ་ཇི་ལྟ་བར་ཚེས་གཅིག་དང་། གཉིས་དང་། གསུམ་པ་དང་བཞི་པ་དང་ལྔ་པའོ།། དེ་བཞིན་དུ་ཡོན་ཏན་རྣམས་དེ། ཨར་ཨེ་ཨར་ཨོ་ཨ་ལ། ཞེས་པ་དྲུག་པོ་ལ་སོགས ་པ་སྟེ། རིམ་པ་ཇི་ལྟ་བས་སོ།། དེ་ལ་ཡཎ་དུ་བསྒྱུར་བ་རྣམས་ནི་ཧ་ཡ་ར་ཝ་ལ་ཞེས་པ་སྟེ། རིམ་པ་ཇི་ལྟ་བས་བཅུ་གཅིག་པ་ལ་སོགས་པ་རྣམས་སོ།། ཐིག་ལེའི་དབུས་སུ་འཕྱང་མ་ནི་བཅུ་དྲུག་པ་སྟེ། དེ་ལྟར་རྐན་གྱི་སྟེང་དུ་དཔྲལ་བར་ཁུ་བའི་ཆའི་རང ་བཞིན་གྱིས་བདུད་རྩི་འཛག་སྟེ། ཕྱི་རོལ་ཏུ་བསིལ་བ་དང་ནང་དུ་སྠཱ་ཀ་ཞེས་པའོ།། དེ་བཞིན་དུ་རྩ་སོ་སོ་སྟེ། འདི་ལྟ་སྟེ། མི་ཕྱེད་མ་དང་ཕྲག་ཟུགས་མ།། མཆོག་མ་གཡོན་མོ་ཐུང་ངུ་མ།། ཞེས་པ་ཚེས་གཅིག་ལ་སོགས་པ་ལྔ་རྣམསོ།། དེ་ནས་རུ ་སྦལ་སྐྱེས་སྒོམ་དབང་བསྐུར་མ།། སྐྱོན་ལྡན་མ་དང་བཤད་པ་མ།། ཞེས་པ་དྲུག་པ་ལ་སོགས་པ་རྣམས་སོ།། མཚན་མོ་མ་མོ་བསིལ་སྦྱིན་མ།། དྲོད་མ་དང་ནི་ལ་ལ་ནཱ།། ཞེས་པ་བཅུ་གཅིག་ལ་སོགས་པ་རྣམས་ཏེ་རིམ་པ་ཇི་ལྟ་བས་སོ།། རྒྱ་དེ་མ་ནི་བཅོ་ལྔའི ་བདག་ཉིད་དེ་ཨ་བ་དྷཱུ་ཏི་ནི་བིཅུ་དྲུག་ལའོ།། དེ་ནས་ནག་པོའི་ཚེས་གཅིག་ལ་སོགས་པ་རྣམས་རོ་མ་ལ་སྟེ་དབྱངས་རིང་པོའི་རང་བཞིན་གྱིས་ཆོས་བཅོཾ་ལྔ་རྣམས་སྡུད་པའི་རིམ་པས་སོ།། འདི་ལྟ་སྟེ། ལཱ་ཝཱ་རཱ་ཡཱ་ཧཱ་ཞེས་པ་ཆོས་གཅིག་དང་གཉིས་དང་གསུམ ་པ་དང་བཞི་པ་དང་ལྔ་པ་སྟེ། རིམ་པ་ཇི་ལྟ་བས་སོ།། དེ་ནས་ཡོན་ཏན་འཕེལ་བའི་དབྱེབས། ཨཱ་ལ་མི་སྤོར་ཨེ་ཨཱ། ཞེས་པས་རིམ་པ་ཇི་ལྟ་བས་དྲུག་པ་ལ་སོགས་པ་རྣམས་ས།། དེ་ནས་དབྱངས་རིང་བའི་དབྱེབས་ལཱཾ་ཨཱུ་རཱི་ཨཱི་ཨཱ། གས་པ་བཙུད ་པ་ལ་སོགས་པ་རྣམས་ཏེ་རིམ་པ་ཇི་ལྟ་བས་སོ།། ལྕེའི་རྩེ་མོར་བཅུ་དྲུག་པ་རྣམ་པར་བཅད་པའོ།། འདི་རྣམས་ཀྱི་དབུས་ན་ཞེས་པ་རོ་མ་ལ་སོགས་པ་རྣམས་སོ།། འདི་ལྟ་སྟེ། རོ་མ་དང་འཇལ་མ་དང་མདོག་གནག་མ་དང་སྤྱི་མ་དང་རྒྱུ་སྦྱིན་མ་ཞེས་པ་ཆོས་གཎྜཱི ་ལ་སོགས་པ་རྣམསོ།། སྦྱོར་བྲལ་མ་དང་སྦུ་གུ་མ་དང་གྲུབ་མ་དང་འཚེད་མ་དང་ཡིད་བཟང་མ་ཞེས་པ་དྲུག་པ་ལ་སོགས་པ་རྣམས་སོ།། སུམ་བསྐོར་མ་དང་འདོད་མ་དང་ཁྱིམ་མ་དང་གཏུམ་མོ་དང་ཀཱ་ཏྱཱ་ཡི་ནི་ཞེས་པོ་བཅུ་གཅིག་ལ་སོགས་རྣམས་ཏེ། ་དེ་ལྟར་བཅོ་ལྔ་རྣམས་སོ།། ལྕེའི་དབུས་སུ་བདུད་འདྲལ་མ་སྐུད་པ་ནག་པོའི་རང་གཟུགས་ཅན་ལྕེའི་རྩེ་མོ་ཇི་སྲིད་པར་ལངས་པ། འཕྱང་མ་དང་འཛག་མ་ཐུང་ཞིང་རོ་མྱོང་བའོ་ཞེས་པའོ།། ཡང་རྡོ་རྗེའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྩ་འང ་རྣམས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་གསུམ་ཡངས་གྱུར་ཐམས་ཅད་ནི། ཞེས་པ་ཕུང་པོ་དང་དབང་པོ་དང་ལས་ཀྱི་དབང་པོ་ཡོངསུ་གྱུར་པ་རྣམས་ཞེས་པའོ།། གཟུང་དང་འཛིན་པ་རྣམ་པར་སྤངས་ཞེས་པ་དབུ ་མར་རབ་ཏུ་ཞུགས་པར་འགྱུར་བའོ།། ཡང་ན་ཐབས་ནི་ཐམས་ཅད་ཀྱིས།། དངོས་པོའི་མཚན་ཉིད་དུ་ནི་བརྟགས།། ཞེས་པ་ཁམས་དང་ཡུལ་དང་བྱ་བ་རྣམས་ཀྱི་རྣམ་པར་ཤེས་པའི་དངོས་པོའི་མཚན་ཉིད་དུ་བརྟགས་པ་རྣམས་སོ།། ཀྱེའི་རྡོ་རྗེའི་འགྲེལ ་པ་དྲུག་སྟོང་པར་རྡོ་རྗེའི་ལུས་ལ་རྩ་རྣམས་གཏན་ལ་དབབ་པ་སྟེ་ཡོངསུ་བཅད་པ་བཞི་པའོ།། ། ད་ནི་སྡོམ་པའི་དབྱེ་བ་བཤོད་པར་བྱ་སྟེ། འདིར་ལུགས་མཐུན་དང་ལུགས་ལས་བཟློག་པ་དག་གིས་གང་གསུངས་པ་དེ ་རིམ་པ་ཇི་ལྟ་བར་འགྲེལ་པས་གསལ་བར་བྱའོ།། འདིར་སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་ཝཾ་ཡི་གེར་རབ་ཏུ་གནས།། གསང་བའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པར་དང་། གཙུག་ཏོར་གྱི་འདབ་མ་བཞི་པ་ལའོ།། ལྷག ་མ་ཀུན་རྫོབ་པས་སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། ལྷན་ཅིག་སྐྱེས་པའི་འཁོར་ལོ་རྣམསུ་སྡོམ་པ་སྟེ་འདུ་བར་བྱེད་པ་ཡིན་ལ་འདབ་མ་དྲུག་ཅུ་རྩ་བཞི་པ་དང་འདབ་མ་བརྒྱད་པ་དང་འདབ་མ་སུམ་ཅུ་རྩ་གཉིས་པ་དང་འདབ་མ་བཅུ་དྲུག ་པར་ཏེ། ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་། དཔྲལ་བ་རྣམས་སུའོ།། དཔྲལ་བར་ཨ་ལིའོ།། མགྲིན་པར་ཀཱ་ལིའོ།། སྙིང་ཁར་ཤེས་རབ་བོ།། ལྟེ་བར་ཐབས་སོ།། ལྷན་ཅིག་སྨྱོས་པའི་སྐུ་ནི་སྙིང་ཁར་ལྟ་བར་རོ།། ཆོས་ཀྱི་སྐུ་ནི་སྙིང་ཁར་རོ། ་ལོངས་སྤྱོད་རྫོགས་པའི་སྐུ་ནི་མགྲིན་པར་རོ།། སྤྲུལ་པའི་སྐུ་ནི་དཔྲལ་བར་རོ།། ལྟེ་བར་བཞི་པའོ།། སྙིང་ཁར་ཤིན་ཏུ་གཉིད་པའོ།། མགྲིན་པར་རྨི་ལམ་མོ།། དཔྲལ་བར་སྲད་པོའོ།། དཔྲལ་བར་སྐུ་རྡོ་རྗེའོ།། མགྲིན་པར་གསུང་རྡོ་རྗེའོ།། སྙིང ་ཁར་ཐུགས་རྡོ་རྗེའོ།། ལྟེ་བེར་ཡེ་ཤེས་རྡོ་རྗེའོ།། ལྟེ་བར་ཨཻ་ཡིག་གོ།། སྙིང་ཁཱ་ར་ཝཾ་ཡིག་གོ། མགྲིན་པར་མ་ཡིག་གོ།། དཔྲལ་བར་ཡཱ་ཡིགྲ་གོ། ལྟེ་བར་སྤྱན་མའོ།། སྙིང་ཁར་མཱ་མ་ཀཱིའོ།། མགྲིན་པར་གོས་དཀར་མོའོ།། དཔྲལ་བར་སྒྲོལ ་མའོ།། དཀྱིལ་འཁོར་བཞི་རྣམས་སོ་ཞེས་པའོ།། སྐད་ཅིག་མ་བཞི་རྣམས་ནི་རྣམ་པ་སྣ་ཚོགས་པ་ནི་དཔྲལ་བར་རོ།། རྣམ་པར་སྨིན་པ་ནི་མགྲིན་པར་རོ།། རྣམ་པར་ཉེད་པ་ནི་སྙིང་ཁར་རོ།། མཚན་ཉིད་དང་བྲལ་བ་ནི་ལྟེ་བར་རོ།། དེ ་བཞིན་དུ་དགའ་བ་ནི་དཔྲལ་བར་རོ།། མཆོག་དགའ་ནི་མགྲིན་པར་རོ།། ཁྱད་དགའི་དགའ་བ་ནི་སྙིང་ཁར་རོ།། ལྷན་ཅིག་སྐྱེས་པའི་དགའ་བ་ནི་ལྟེ་བར་རོ།། དེ་བཞིན་དུ་སྡུག་བསྔལ་གྱི་བདེན་པ་ནི་དཔྲལ་བར་ར།། ཀུན་འབྱུང་གི་བདེན་པ་ནི་མགྲིན་པར།། ་འགོག་པའི་བདེན་པ་ནི་སྙིང་ཁར་རོ།། ལམ་གྱི་བདེན་པ་ནི་ལྟེ་བར་རོ།། དེ་ཁོ་ན་ཉིད་བཞི་རྣམས་ཏེ།། བདག་གི་དེ་ཁོ་ན་ཉིད་ནི་དཔྲལ་བར་རོ།། སྔགས་ཀྱི་དེ་ཁོ་ན་ཉིད་ནི་མགྲིན་པར་རོ།། ལྷའི་དེ་ཁོ་ན་ཉིད་ནི་སྙིང་ཁར་རོ།། ཡེ་ཤེས་ཀྱི་དེ་ཁོ་ན ་ཉིད་ནི་ལྟ་བ་ལའོ།། དཔྲལ་བར་དར་བྱེད་པའོ།། མགྲིན་པར་སྒྲ་བརྗོད་པར་རོ།། སྙིང་ཁར་ཐམས་ཅད་སེམས་པའོ།། ལྟེ་བར་བདེ་བ་མྱོང་བའོ།། སྡེ་པ་བཞི་རྣམས་ནི།། གནས་བརྟན་པ་ལྟེ་བར་རོ།། ཐམས་ཅད་ཡོད་པར་སྨྲ་བ་སྙིང་ཁ་ནའོ།། མགྲིན ་པར་ཀུན་གྱིས་བཀུར་བའོ།། དཔྲལ་བར་དགེ་འདུན་ཕལ་ཆེན་པོའོ།། ཟླ་བ་ནི་དཔྲལ་བར་རོ།། ཉི་མ་ནི་མགྲིན་པའོ།། སཱིང་ཁར་སྒྲ་གཅོན་ནོ།། ལྕི་བར་དུས་མེའོ།། དཔྲལ་བར་འཕོ་བ་བཅུ་དྲུག་རྣམས།། མགྲིན་པར་སུམ་ཅུ་རྩ་གཉིས།། སྙིང་ར ་བརྒྱད་རྣམས་སོ།། ལྟེ་བར་འཕོ་བ་དྲུག་ཅུ་རྩ་བཞི་རྣམས་སོ།། སྔར་བཤད་པའི་ཐུན་མཚམས་བཞི་རྣམས་ཏེ། སྔ་མའི་ཐུན་མཚེམས་ནི་དཔྲལ་བར་རོ།། ཉིན་གུང་གི་ཐུན་མཚམས་ནི་མགྲིན་པར་རོ།། ཉིན་མོའི་ཕྱི་མའི་ཐུན་མཚམས་ནི་སྙིང་ཁར་རོ།། ་མཚན་ཕྱེད་ཀྱི་ཐུན་མཚམས་ནི་ལྟེ་བ་ལའོ།། དཔྲལ་བར་ནི་ལོངས་སྤྱོད་དོ།། མགྲིན་པར་ནི་དབང་བྱེད་དོ།། སྙིང་ཁར་ནི་ཐིམ་པའོ།། ལྟེ་བར་ནི་བདག་པོ་ཉིད་དོ།། དེ་ལྟར་ཐམས་ཅད་བཞིའོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཚོས་སུམ་ཅུ་རྩ་དྲུག་རྣམས་དང་། ་ཁམས་སུམ་ཅུ་རྩ་དྲུག་རྣམས་སྔར་བཤད་པའི་ཆ་བཞིར་བྱས་ནས་ཐམས་ཅད་བཞི་བཞིར་གྲངས་ཇི་ལྟ་བར་རིགས་ཀྱི་དབྱེ་བས་འཁོར་ལོ་བཞི་རྣམས་ལ་སྦྱར་བར་བྱའོ།། ཇི་ལྟར་རྩ་བའི་རྒྱུད་ཀྱི་རྗེ་སུ་འབྲངས་ནས་རྒྱུད་ནི་རྒྱུད་གཞན་དུ་གསུང ་པའི་རྣམ་པས་རིགས་དྲུག་གི་དབྱེ་བས་འཁོར་ལོ་དྲུག་ཏུ་སྡོམ་པའོ།། རིགས་ལྔའི་དབྱེ་བས་འཁོར་ལོ་ལྔ་རྣམསུ་སྡོམ་པའོ།། རིགས་བཞིའི་དབྱེ་བས་འཁོར་ལོ་བཞི་རྣམསུ་སྡོམ་པའོ།། རིགས་གསུམ་གྱི་དབྱེ་བས་འཁོར་ལོ་གསུམ་རྣམསུ་སྡོམ་པའོ ་ཞེས་པ་ངེས་པའོ།། རིགས་གསུམ་དང་ནི་རིགས་བཞིའི་རྒྱུད།། དེ་བཞིན་རིགས་ལྔ་རིགས་དྲུག་སྟེ།། ཁྱབ་བྱ་ཁྱབ་བྱེད་དབྱེ་པ་ཡིས།། བརྟེན་པོ་རྟེན་གྱི་བྱེ་བྲག་ལས།། འདིར་རྟེན་རིགས་གཅིག་གི་དབྱེ་བས་བརྟེན་པ་ཞལ་གཅིག་པའོ།། རྟེན་རིགས་གསུམ ་གྱི་དབྱེ་བས་ཞལ་གསུམ་པའོ།། ཛྙཱ་ན་རིགས་བཞིའི་དབྱེ་བས་ཞལ་བཞི་པའོ།། རྟེན་རིགས་ལྔའི་དབྱེ་བས་ཞལ་ལྔ་པའོ།། རྟེན་རིགས་དྲུག་གི་དབྱེ་བས་ཞལ་དྲུག་པའོ།། རྟེན་རིགས་བརྒྱད་ཀྱི་དབྱེ་བས་ཞལ་བརྒྱད་པའོ།། འདིར་དུས་མེའི་དབྱེ་བས་ཞལ་གཅིག ་པར་བཤད་པའོ།། སྒྲ་གཅན་གྱི་དབྱེ་བས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱིས་ཞལ་གཉིས་པའོ།། སྐུ་དང་གསུང་དང་ཐུགས་ཟླ་བ་དང་། ཉི་མ་དང་སྒྲ་གཅན་གྱི་དབྱེ་བས་ཞལ་གསུམ་པའོ།། ཟླ་བ་དང་ཉི་མ་དང་སྒྲ་གཅན་དང་དུས་མེ་སྐུ་དང་གསུང་དང ་ཐུགས་དང་ཡེ་ཤེས་ཀྱི་དབྱེ་བས་ཞལ་བཞི་པའོ།། ཕུང་པོ་ལྔའི་དབྱེ་བས་ཞལ་ལྔ་པའོ།། ཕུང་པོ་དྲུག་གི་དབྱེ་བས་ཞལ་དྲུག་པའོ།། ཟླ་བ་རྣམ་པ་གཉིས་དང་ཉི་མ་གཉིས་དང་སྒྲ་གཅན་གཉིས་དང་དུས་མེ་རྣམ་པ་གཉིས་ཏེ་འདི་རྣམས་བརྒྱད་ཀྱི་དབྱེ ་བས་ཞལ་བརྒྱད་པའོ།། འདིར་ཟླ་བའི་དབྱེ་བ་ནི་དཔྲལ་བ་དང་འབྱུང་མའི་འཁོར་ལོའོ།། ཉི་མའི་དབྱེ་བ་ནི་ལྕེ་དང་མགྲིན་པའི་འཁོར་ལོའོ།། སྒྲ་གཅན་གྱི་དབྱེ་བ་ནི་སྙིང་ཁ་དང་གཙུག་ཏོར་གྱི་འཁོར་ལོའོ།། དུས་མའི་དབྱེ་བ་ནི་ལྟེ་བ་དང་གསང་བའི་འཁོར་ལོ་ཞེས ་པའོ།། དེ་སྐད་དུ་གསུངས་པ། སྒྲ་གཅན་སྟེང་དུ་ཉི་མ་གནས།། ཉི་མའི་སྟེང་དུ་ཟླ་བའོ།། ཟླ་བའི་སྟེང་དུ་སྒྲ་གཅན་ཏེ།། དེ་ཡིས་སྣ་ཚོགས་རབ་ཏུ་འཇུག། དེ་ཡིས་འཇུག་བྱེད་དུས་ཀྱི་མེ།། ལྟེ་བ་གསང་བར་རྣམོ་གཉིས་གནས།། དེ་ཉིད་རྡོ་རྗེ་ཉི་མར ་བརྗོད།། གང་དུ་གཏུམ་མོ་གནས་པའོ།། བདུད་རྩི་ཡང་དག་གནས་གང་དུ།། ཧཾ་ཡིག་གནས་པ་དེ་རུའོ།། གཙུག་ཏོར་པདྨར་ཚིར་འབབ་པ།། རྡོ་རྗེ་ཟླ་བ་དྲི་མེད་འོད་།། ཅེས་པ་སྡོམ་པའི་དབྱེ་བའི་ངེས་པའོ།། ད་ནི་གཏུམ་མོ་ཞེས་པ་ལ་སོགས་པ ་གཏུམ་མོའི་རྣལ་འབྱོར་བརྗོད་པར་བྱའོ།། གཏུམ་མོ་ལྟེ་བར་འབར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་།། སྤྱན་ལ་སོགས་པ་རྣམ་བསྲེགས་ཏེ།། བསྲེགས་ནས་རི་བོང་ཅན་ཧཱུཾ་འཛག། ཅེས་པ་མདོར་བསྟན་པའི་ཚིག་སྟེ། མདོར ་བསྟན་པ་འདི་ཡི་རྒྱས་པར་བཤད་པའི་ཚིག་ནི་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་ལས་ཀྱང་ཆེས་གསང་བ།། རྡོ་རྗེ་སྙིང་པོ་དེས་བཤད་ཉོན།། དངོས་གྲུབ་ཐམས་ཅད་རྣམས་ཀྱི་རྒྱུད།། རྣལ ་འབྱོར་པ་ལ་གྲོལ་བ་སྟེར།། རྡོ་རྗེ་སེམས་དཔས་གང་གསུངས་པ།། ཡེ་ཤོས་སྐུ་སྟེ་གཉིས་རྟོགས་མེད།། རྩེ་གསུམ་ལྟེ་བར་མགོན་པོ་ནི།། ལྟེ་བ་གསང་བའི་ནང་ན་གནས།། དེ་ཡི་འོག་དང་སྟེང་སོན་པ།། གློག་གི་དབྱུག་པ་མཚུངས་འོད་ཅན།། ་རྣམ་ཤེས་དབང་པོའི་ཁམས་རྣམས་ནི།། ལུས་ལ་གནས་པ་སང་བྱེད་པའོ།། ས་ཡི་དབང་ཕྱུག་མ་དེ་ནི།། ལྟེ་བར་རྩེ་མོ་དབུ་མར་གནས།། གསང་བར་གཡས་ཀྱི་རྩེ་མོ་ཡང་།། ལྟུང་བཞིན་པ་ནི་གླེགས་དང་འདྲ།། རང་འདྲའི ་ཤེས་རབ་ཡིན་པར་བརྗོད།། དེ་འདིར་གཏུམ་མོ་ཡིན་པར་བཤད།། དེ་ནི་ཐུར་དུ་རྩ་གསུམ་སྟེ།། དེ་བཞིན་གྱེན་དུའང་གསུམ་རྣམས་སོ།། ཚངས་པའི་རྩེ་མོ་དབུས་ན་གནས།། ཁྱབ་འཇུག་རྩེ་མོ་གཡོན་པ་ན།། གཡས་པ་དྲག་པོའི་རྩེ་མོའོ།། ་བཤད་པ་གཅིག་ཁུ་བ་འབབ།། སྒྲ་གཅན་རྩེ་མོ་དབུས་ན་གནས།། ཟླ་བའི་རྩེ་མོ་གཡོན་པ་ནི།། གཡས་པར་ཉི་མའི་རྩེ་མོའོ།། ཆུ་དང་མེ་དང་ནམ་མཁའ་འབབ།། རྐྱང་མ་གཡོན་དུ་ཡང་དག་བཤད།། གཡས་པ་ན་ནི་རོ་མར་བརྗོད།། དབུ ་མར་ཨ་བ་དྷཱུ་ཏི་གང་།། དེ་ནི་གཡུང་མེར་རབ་བརྗོད་བྱ།། ལྟེ་བ་ནས་ནི་སྙིང་དབུས་སུ།། ལམ་གསུམ་བྱས་ན་དེ་ནས་འགྲོ།། སྙིང་ཁ་ནས་ནི་མགྲིན་དབུས་སུ།། ལམ་གསུམ་བྱས་ནས་སླར་ཡང་སོན།། དཔྲལ་བ་མགྲིན་པ་དག་དབུས་སུ།། ལམ ་གསུམ་བྱས་ནས་སླར་ཡང་བགྲོད།། དཔྲལ་བ་གཙུག་ཏོར་དག་དབུས་སུ།། ལམ་གསུམ་བྱས་ནས་སླར་ཡང་བགྲོད།། གཙུག་ཏོ་ར་ནས་ནི་རྣ་བ་རུ།། ལམ་གསུམ་བྱིས་ནས་སླར་ཡང་བགྲོད་།། སྣ་ཡི་བུ་ག་གཡོན་པར་ནི།། རྒྱང་མ་ཡང ་དག་རྣམ་པར་གནས།། གཡས་སུ་རྩ་ནི་རོ་མའོ།། སྨིན་དབུས་ཨ་བ་དྷཱུ་ཏཱིའོ།། ལྟེ་བ་ལ་སོགསོ་འཁོར་ལོ་ལྔ།། དེ་རྣམས་ལམ་གསུམ་ལྔ་རྣམས་ཉིད།། ལྟེ་བ་ནས་ནི་ལྷོ་དབུས་སུ།། ཨ་ཝ་དྷཱུ་ཏཱི་ས་འགྲོ་ཞིང་འོང་།། འདབ་མ་རྣམས་ནས་འདའ ་མ་ལ།། རྐྱང་མ་རོ་མ་དག་བཤད་དོ།། ལྟེ་བར་སྒྲ་གཅན་དེ་ནས་ཉི།། ཟླ་བ་ཟླ་བས་མཚན་པ་ཡང་།། ཕུག་ནས་གཙུག་ཏོར་དུ་སོན་པ།། དེ་ནི་ཨ་བ་དྷཱུ་ཏཱིའི་རྩ།། གང་ཚེ་སྐྱེས་བུ་འདོད་མྱོས་པའི།། རྐྱང་མ་དང་ནི་རོ་མ་དང་།། དེ་དག་སྦྱར་བའི་སྦྱོར་བ་ཡིས།། གཏུ ་མོ་ངེས་པར་འབབ་པར་བྱེད།། དེ་ནི་ལྟེ་བའི་འཁོར་ལོར་འབར།། དབྱུང་མོའི་ལམ་ནས་ངེས་པར་འབྱུང་།། སྒྲ་གཅན་ཟླ་བས་མཚན་ཕུག་ནས།། དེ་ནི་ཧཾ་ཡིག་ལ་རོག་བྱེད།། དེ་ཡིས་རེག་པས་ཧཾ་ཡིག་དེ།། དེ་ནས་བདུད་རྩི་དཀར་པོར་འཇུ།། དཀྱིལ ་འཁོར་ལྔ་རྣམས་འབད་བྱེད་པ།། ཕུང་པོ་ཁམས་སོགས་བསྲེགས་པས་ན།། ཡུལ་དང་དབང་པོ་འགགས་པ་ན།། དགའ་བ་ལ་སོགས་འབྱུང་བ་ལ།། ཟླ་བ་ལས་ནི་ཐིག་ལེ་འཛག། ཧ་མ་ཡིག་སྤྱི་བོར་ཡང་དག་གནས།། དཔྲལ་བ་ཟླ་བར་མགྲིན ་ཉི་སར།། དེ་ནས་སྒྲ་གཅན་དུ་སོང་བ།། ལྟེ་བར་གཏུམ་མོ་ཞུགས་པ་ནི།། གསང་བའི་འཁོར་ལོར་དེ་ནས་བགྲོད།། གསང་བའི་འཁོར་ལོར་འདི་ལྷུང་བ།། འདི་ནི་ཕྱུག་ཆེན་དུ་བཤད་དོ།། འོག་ཏུ་རྩེ་གསུམ་རྩ་རྣམས་ཀྱིས།། གང་དུ་སྒྲུབསུ་རབ ་ཏུ་བསྟན།། སྐྱེ་བ་བདུན་པ་ཕྱུགས་ཉིད་ནི།། མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར།། རྒྱལ་བ་ཡིས་ནི་ནད་རྣམས་འཕྲོག། ཕུང་པོ་ཁམས་ནི་ཞུ་བ་ཡིས།། འཁོར་ལོས་སྒྱུར་བ་ཉིད་སྦྱིན་བྱེད།། དབང་པོ་དང་ནི་ཡུལ་བསད་པ།། འདི་ནི་མཁའ ་ལ་སྤྱོད་ཉིད་སྟེར།། ཕྲ་ལ་སོགས་པའི་ཡོན་ཏན་ལྡན།། རྗེ་སུ་ཞུགས་པས་སད་པ་སོགས།། མྱུར་དུ་སངས་རྒྱས་ཉིད་སྟེར་བྱེད།། ཇི་ལྟར་ཕྱི་རོལ་དངུལ་ཆུ་བཅིངས།། དེ་ལྟར་ཡེ་ཤོས་བཅུ་འདི་ཡང་།། སྡུག་བསྔལ་ཐམས་ཅད་ངེས་འཇོམས ་པའི།། དངོས་གྲུབ་རྒྱ་ཆེན་སྟེར་བར་བྱེད།། དེ་བཞིན་ཚངས་པ་ཁྱབ་འཇུག་ཕྲུགས།། གསང་བའི་འཁར་ལོར་ཨ་ལྷུང་བ།། རྔ་སྲིད་སྲེགས་པ་བདུན་གྱི་བར།། ཆ་འདི་ཡངས་པ་སྦྱིན་པར་བྱེད།། སྟེང་དུ་སྒྲ་གཅན་ཕྱུག་སུ ་བརྗོད།། ཟླ་བ་ཉི་མ་ཕྲུགས་ཆེན་པོ།། ཚངས་པའི་བུ་གར་ལྷུང་གྱུར་པས།། སྤྱོད་དང་གྲོལ་བའི་འབྲས་བུ་སྟེར།། ཁྲག་དང་ཆུ་རྒྱུས་དེ་བཞིན་དུ།། རྒྱང་མར་འབབ་པས་ལྟུང་བར་བྱ།། འདི་རྣམས་ཀྱང་ནི་ཕྲུགས་ཤེས་བྱ།། ཕྱི་རོལ་ཡུལ་ཅན ་གཞན་ཕྱུགས་མིན།། སྐྱེ་བ་བདུན་པ་ཕྱུག་རྣམས་ནི།། ཀུན་ནས་མཆོག་གི་དབང་ཕྱུག། ལུས་ལ་སྐྱེ་བདུན་ཇི་ལྟ་བར།། དེ་ལྟར་དེ་ནི་བཤད་བྱ་ཉོན།། བཟའ་དང་བཏུང་བའི་རོ་རྣམས་ཀུན།། ཟོས་དང་འཐུངས་པ་རྣམས་དྲུག་པོ།། སྨིན ་པ་ལས་ནི་བཅུད་འགྱུར་ཏོ།། དེ་དེའི་སྐྱེ་བ་དང་པོའོ།། དེ་ནས་ཁྲག་ཉིད་དུ་འགྱུར་ཏེ།། གཉིས་པར་གསོལ་བར་འགྱུར་བ་ཡིན།། གསུམ་པ་ཤ་ཉིད་དུ་འགྱུར་རོ།། བཞི་པ་པགས་པ་ཉིད་དུ་འགྲོ།། ལྔ་པར་རྩ་ཉིད་འགྱུར་བ་ཡིན།། དྲུག་པར ་རྒྱུརྒྱས་པ་ཉིད་འགྱུར་རོ།། བདུན་པར་རྐང་ཉིད་དུ་འགྱུར་ཏེ། འདི་ནི་ལན་བདུན་པར་འགྱུར་རོ།། དེ་ཉིད་བསྟེན་པའི་སྦྱོར་བ་ཡིས།། མཛོད་དྲུག་རིགསུ་བརྗོད་པར་བྱ།། རིགས་ནི་ལུས་ཞེས་བཤད་པ་སྟེ།། རིགས་ལས་བྱུང་ག་དུ་བར་བརྗོད།། ་དེ་ཡི་ནུས་མ་རྡུལ་དུ་བརྗོད།། ལུས་ནི་སྐྱེད་པར་བྱེད་པའི་རྒྱུ།། རྣམ་ཤེས་ཁྱབ་བྱེད་ཤེས་པ་ནི།། དེ་དག་གི་ནི་དབུས་སུ་གནས།། ཟླ་བ་ཉི་མ་ལ་བརྟེན་ནས།། སྲིད་གསུམ་བདག་ཉིད་ཧེ་རུ་ཀ། སྟེང་འོག་གནས་པའི་དཔའ་བོ་ནི།། མཁ་འགྲོ ་མ་ཡི་འཁོར་ལོ་རིགཙོ།། རྩ་ནི་རྣམ་པ་བཞི་རྣམས་ཀྱིས།། སྤྱི་བོར་འཁོར་ལོ་བརྗོད་པར་བྱ།། དཔྲལ་བར་བཅུ་དྲུག་རྣམས་ཀྱི་སྟེ།། མགྲིན་པར་སུམ་ཅུ་གཉིས་རྣམས་ཀྱིས།། སྙིང་ཁར་འཁོར་ལོ་བརྒྱད་རྣམས་ཀྱིས།། དྲུག་ཅུ་རྩ་བཞི་རྣམས་ཉིད ་ཀྱིས།། ལྟེ་བའི་འཁོར་ལོར་ཡང་དག་བཤད།། གསང་བར་སུམ་ཅུ་གཉིས་རྣམས་ཀྱིས།། རྩ་རྣམས་འཁོར་ལོའི་རྩི་བ་བཤད་པའམ། ཡང་ན་པདྨའི་འདབ་མ་རྣམས།། རྣལ་འབྱོར་མ་རྣམས་དེ་བརྟེན་པ།། བྱ་བ་རྣམ་པ་དུ་མ་བྱེད།། ཡུལ་དང་དབང ་པོའི་རང་བཞིན་གྱིས།། རྣམ་པར་ཤེས་པ་རབ་བསྐུལ་བ།། གནས་དང་ཉེ་བའི་གནས་སོགས་ཀུན།། དེ་ནི་རྩ་ཡི་པདདྨ་འདབ་རྣམས།། ལྷ་མོ་བཞི་ཡི་གཙུག་ཏོར་དུའོ།། སྒྱུ་མ་ཆེན་པོར་བརྗོད་པར་བྱ།། འདི་ནི་ལྟེ་བའི་འཁོར་ལོ་ཡི།། དང་པོའི་དཀྱིལ ་འཁོར་དུ་ནི་འཆར།། དཔྲལ་བར་ཐིག་ལེ་རྡོ་རྗེ་ནི།། རྩ་རྣམས་བརྒྱད་དང་ལྡན་པར་འགྱུར།། མིག་གཉིས་དེ་བཞིན་རྣ་བ་དང་།། སྣ་དང་ལྕེ་དང་འཕྱང་བའོ།། གཽ་རཱི་ལ་སོགས་ལྷ་མོ་ནི།། གཟུགས་སོགས་དང་ནི་ས་སོགས་རྣམས།། ཟླ་བའི ་ཆ་དབྱེས་བདག་མེད་མ།། འདི་ཉིད་དུ་ནི་རབ་ཏུ་བརྗོད།། ཞལ་གསུམ་ཕྱག་དྲུག་མགྲིན་པར་ཏེ།། དེ་ནི་སུམ་ཅུ་གཉིས་ཁོ་ནས།། སྙིང་ལའང་ལྷ་མོ་བརྒྱད་རྣམས་དང་།། ཕྱག་བཞི་པ་འདི་ཡང་དག་བཞུགས།། སེམས་ཀྱི་རྡོ་རྗེར་ཁྱབ་འཇུག་ཆེ།། མི ་བསྐྱོད་པ་ཡི་རིགས་ལས་བྱུང་།། འཇིག་རྟེན་གསུམ་བསྐྱོད་ལྟེ་བར་ཏོ།། དེ་ནི་དྲུག་ཅུ་བཞི་ཉིད་ཀྱིས།། འདི་རྣམས་མཁའ་འགྲོ་ལྔ་རུ་བཤད།། མཁའ་འགྲོ་མ་རྣམས་ཁམས་ལྔ་རྣམས།། འདི་རྣམས་འཁོར་ལོ་ལྔ་ལ་གནས།། དྲུག་པ་གསང་བར ་བདག་པོ་ཆེ།། མཁའ་འགྲོ་སུམ་ཅུ་གཉིས་རྣམས་དང་།། ལྷན་ཅིག་ཁམས་གསུམ་དབང་ཕྱུག་གོ། འཁོར་ལོ་དྲུག་ལ་ལྷ་མེ་རྣམས།། ལྷ་བཅུ་རྩ་དྲུག་ལྷག་པའི་བརྒྱའོ།། དུས་ཀྱི་འཁོར་ལོ་ཞེས་པར་བཤད།། རིགས་དྲུག་རྣམས ་ཀྱིས་གཅིག་བསྡུས་པའོ།། དཔྲལ་བ་སྤྱི་བོར་རྩ་རྣམས་གང་།། ཉི་ཤུ་བད་ཀན་འབབ་བྱེད་པའོ།། མགྲིན་པ་སྙིང་ཁའི་བཞི་བཅུ་རྣམས།། དེ་བཞིན་མཁྲིས་པ་འབད་བྱེད་པའོ།། ལྟེ་བ་གསང་བར་བཅུ་དྲུག་གང་།། བརྒྱད་ཅུ་རླུང་ནི་འབབ་བྱེད་པའོ།། འདུས ་པའི་རང་བཞིན་ལ་སོགས་པ།། གསང་པོའི་འཁོར་ལོའི་རྩ་བཅུའོ།། སྟེང་འོག་རྩ་གསུམ་གང་ཡིན་རྣམས།། འཁོར་ལོ་དྲུག་ནི་འགོག་བྱེད་པའོ།། ཉེ་བའི་རྩ་རྣམས་དུ་མ་སྟེ།། དེ་ལས་ལུས་ནི་རྐང་ནོས་གནས།། དེ་རྣམས་སྟོང་ཕྲག་བདུན་ཅུ་གཉིས།། ་ལུས་ལ་དེ་སྙེད་ལྷ་མོ་རྣམས།། བ་སྤུའི་གྲངས་ཀྱི་འབྱུང་པོ་སྟེ།། བྱེ་བ་ཕྲག་གསུམ་ཕྱེང་བཅས་རྣམས།། སྒྲ་ཡི་གྲངས་ཀྱིས་གྲུབ་པ་གནས།། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས།། དབུགས་དྲུག་རྣམས་ཀྱི་ཆུ་སང་སྟེ།། ཆུ་སང་དྲུག་ནུས་ཆུ་ཚད་དོ།། ཆུ ་ཚོད་དག་གིས་ཡུད་ཙམ་ཅིག། བཞི་ཆས་དམན་པ་བཞི་རྣམས་ཀྱིས།། ཐུན་ཚོད་ཕྱེད་པ་དེ་གཅིག་འགྱུར།། ལྔ་རྣམས་ཀྱིས་ནི་དུས་སྦྱོར་འགྱུར།། དུས་སྦྱོར་ཕྱེད་གཉིས་ཐུན་ཚང་འགྱུར།། ཐུང་ཚོང་གཉིས་ནི་ཐུན་མཚ་མེས་གཅིག། དེ་བཞི་རྣམས ་ཀྱིས་ལུས་ཅན་གྱིས།། ཉིན་ཞག་དུ་ནི་རབ་ཏུ་བརྗོད།། དེ་ཡང་དུས་སྦྱོར་བཅུ་གཉིས་ཀྱིས།། དབུགས་རྣམས་དྲུག་བརྒྱ་ལྷག་པ་ཡི།། སྟོང་ཕྲག་ཉི་ཤུ་རྩེ་གཅོག་གིས།། ཉི་མའི་དབྱུ་གུ་དང་མཉམ་པས།། ཟླ་ཕྱེད་ཉི་ཤུ་རྩ་བཞི་དང་།། དེ་བཞིན་ཟླ ་བབཅུ་གཉིས་ཀྱིས།། དུས་ཚིག་དྲུག་གིས་ཇི་བཞིན་བཤད།། སྦྱོར་བའི་དུས་ནི་མཉམ་པ་བཞིས།། དུས་གསུམ་གྱིས་ཏེ་བགྲོད་གཉིས་ཀྱིས།། དེ་ལྟར་ལུས་ལ་ཉིན་ཞག་འགྱུར།། དབུགས་རྣམས་དགུ་བརྒྱས་ཟླ་བ་ཕྱེད།། ཟླ་བ་བརྒྱ་ཕྲག་བཅོ་བརྒྱད ་ཀྱིས།། སུམ་ཅུ་དྲུག་གིས་དུས་ཚིགས་བཤད།། ལྔ་སྟོང་བཞི་བརྒྱས་སྦྱོར་བའི་དུས།། བདུན་སྟོང་ཉི་བརྒྱས་གསུམ་ཅན་དུས།། བགྲོད་པ་བརྒྱད་བརྒྱས་ལྷག་པ་ཡི།། སྟོང་ཕྲག་བཅུས་སོ་དེ་བཞིན་དུ།། གཉིས་ཀྱིས་ལོ་གཅིག་བརྗོད་པར་བྱ།། ་འཕོ་བ་ལ་ནི་དབུ་མའི་དབུགས།། ལྔ་བཅུ་རྩ་དྲུག་རྐང་པར་བཅས།། བདུན་ཅུ་རྩ་ལྔས་ལྷག་པ་ཡིས།། བརྒྱ་ཕྲག་དྲུག་རྣམས་བཅུ་གཉིས་ལོའོ།། དེ་རྣམས་ལོ་བརྒྱའི་དབུགས་རྣམས་ཀྱིས།། ཕྱོགས་གསུམ་དང་ནི་ལོ་གསུམ་མོ།། ཨ་བཽ་དྷཱུ་ཏཱིའི ་དུས་སུ་འགྱུར།། སྲོག་ཆགས་རྣམས་ལ་འཆི་སྟེར་བྱེད།། རྐྱང་མ་ལ་ནི་ཉིན་མཚོན་དུ།། གལ་ཏེ་རླུང་གིས་འབབ་བྱེད་ན།། དེ་ལས་ལོ་གསུམ་ན་འཆི་སྟེ།། ཟླ་བའི་འཆི་ལྟས་ལས་འགྱུར་རོ།། གང་ཚེ་ཉི་མར་ཉིན་ཞག་ལྔ།། ལུས་ཅན་རྣམས་ཀྱི་སྲོ་གེ ་འབབ་ན།། དེ་ལས་ལོ་གསུམ་ན་འཆི་འགྱུར།། གཽ་ཡ་སུ་ཉི་མའི་འཆི་ལྔས་ཀྱིས།། གང་ཆོ་ག་ཡོན་གྱི་རྩ་ལ་སྲོག། འདི་ནི་ཉིན་ཞག་གསུམ་རྒྱུན།། ལྟེ་བར་ཁྱིམ་གྱི་འདབ་མ་འདོར།། ལོ་གསུམ་ནས་ནི་བགྲོད་པ་ཟད།། གཉིས་པར་ཉིན་ཞག ་དྲུག་དེ་ལྟར།། ཟླ་བ་གསུམ་ལ་ངེས་པར་འབབ།། དེ་ལྟར་ཟླ་བ་གསུམ་གསུམ་གྱིས།། ཉིན་ཞག་གསུམ་གྱི་རྣམ་འཕེལ་ལས།། འདབ་མ་བཅུ་གཅིག་རྣམས་ནི་འདི།། ལོ་གསུམ་རིམ་པས་འདོར་བར་བྱེད།། སུམ་ཅུ་རྩ་གསུམ་ཇི་སྲིད་པས།། ་ཉི་མ་ཞག་གཡོན་ནས་པར་མེད་འབབ།། ཡོན་ཏན་གསུམ་གྱི་དབྱེ་བ་ཡིས།། དེ་ནས་ཉི་མར་ཡང་དག་འཇུག། ཉན་ཞག་གཉིས་ཏ་ང་ནས་ནི།། དབུས་སུ་ལྟེ་བར་ཡང་དག་འཇུག། སྲོག་ནི་ཞག་གཅིག་དེ་ནས་ནི།། འཆི་བ་ལས་ནི་དབུས་རྣམས ་འདོར།། གང་ཚེ་རླུང་ནི་ཉིན་ཞག་བཅུར།། གཡས་པའི་རྩཝ་ལ་འབབ་བྱེད་དེ།། ཁྱིམ་གྱིས་འདབ་མ་གཉིས་པ་ལའོ།། དེ་ནས་ལོ་གཉིས་ཀྱིས་འཆི་འགྱུར།། ཁྱིམ་གྱི་འདབ་མ་གསུམ་པ་ལ།། ཚེས་ཞེས་བྱ་བས་ལོ་གཅིག་ནའོ།། བཞི་པར་ཉིན་ཞག་ཉི་ཤུ ་རུ།། འབབ་པས་ཟླ་བ་དྲུག་ནའོ།། འདབ་མ་ལྔ་པར་ཉི་ཤུ་ལྔ།། འབབ་ན་ཚོ་ནི་ཟླ་བ་གསུམ།། དྲུག་པར་ཉིན་ཞག་ཉི་ཤུ་དྲག། འབབ་ན་ཚེ་ནི་ཟླ་བོ་གཉིས།། བདུན་པར་ཉིན་ཞག་ཉི་ཤུ་བདུན།། འབབ་ན་ཚེ་ནི་ཟླ་བ་གཅིག། ཉིན་ཞག་སུམ་ཅུ་རྩ་གསུམ ་དུ།། འདི་ལས་བར་མེད་འབབ་ན་འདི།། འདང་མ་བརྒྱད་པ་དགུ་པ་དང་།། བཅུ་པ་བཅུ་གཅིག་པ་རིམ་པས།། ཚེས་ཕྱོགས་ལྔ་དང་ཡོན་ཏན་གྱིས།། ཞག་གཅིག་འདབ་མ་དེ་རྣམས་འདོར།། དེ་ནས་གཡས་ཀྱི་རྩེ་སྤངས་ནས།། གཡོན་དུ་རླུང་གི་འགྲོ། ་བྱེད་དེ།། ཉིན་ཞག་གཉི་སུའོ་དེ་ནས་ནི།། དབུ་མའི་གན་སུ་ཉིན་ཅིག་འགྲོ། དེ་ལྟར་དབུགས་རྣམས་ཟད་བྱས་ནས།། འཆི་བ་ལས་ནི་འདི་འཕོ་བའོ།། འོག་ཏུ་ཁུ་བ་ཟད་པར་འགྱུར།། མ་ཡི་རྡུལ་ནི་གྱེན་དུ་འགྲོ། རང་ལས་བག་ཆགས་ཀྱིས་བཅིངས ་པའི།། རྣམ་ཤེས་རླུང་དང་ལྡན་པ་ནི།། ཤི་ལས་སླར་ཡང་འབྱུང་བར་འགྱུར།། དེ་མེད་པར་ནི་ཕྱི་མ་མིན།། མཁན་པོ་ལས་ནི་རིག་པ་དང་།། མར་མེ་མར་མི་འགྱུར་ཇི་བཞིན།། རྒྱ་ལས་རྒྱ་གཞན་ཇི་བཞིན་དང་།། གདོང་ལས་མེ་ལོང་ལ་གདོང་དང་།། ། ་སྒྲ་ལས་སྒྲ་བརྙན་འབྱུང་བ་དང་།། ཇི་ལྟར་མེ་ཤེལ་ལས་མེ་ནི།། ཉི་མར་ཉི་མ་མེད་མི་འབྱུང་།། སྦྱར་བ་ཟོས་ལས་ལྕེ་འཇུག་པ།། སྒྱུར་ཡིན་སྦྱར་བ་མེད་མི་འབྱུང་།། ས་བོན་ལས་ནི་མྱུ་གུ་བཞིན།། དེ་མེད་པར་ནི་དེ་མི་འབྱུང་།། འབྲས་བུ་རྒྱུ་ཡི་རང ་བཞིན་ལས།། བདག་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་རྣམས་འགའ་ན་ཡང་།། སྐྱེ་བ་འགའ་ཡང་ཡོད་མ་ཡིན།། པ་དང་མི་ཡི་དཀར་དམར་དང་སྲོག་དང་ཐུར་སེལ་གཉིས་དེ་བཞིན།། སེམས་ཀྱི་རྡོ ་རྗེ་ཡང་དག་ལྡན།། ལུས་ཀྱི་སྐྱེད་པར་བྱེད་པའི་རྒྱུ།། འོད་དཔག་མེད་དང་རིན་ཆེན་འཆང་།། སྲོག་དང་ཐུར་སེལ་རིམ་ཇི་བཞིན།། ལུས་ངག་ཡིད་དང་ཆགས་པ་རྣམས།། སེམས་ཀྱི་རྡོ་རྗེ་ཅན་གྱི་སྒོ།། ཁུ་བ་ལས་ནི་ཟླ་བ་སྐྱེ།། ཁྲག་ལས་ཉི་མ ་ཡང་དག་འབྱུང་།། སྲོག་ལས་སྒྲ་གཅིན་གྲུབ་པའོ།། དུས་ཀྱི་མེ་ནི་ཐུར་སེལ་ལས།། ཁུ་བ་ལས་ནི་རྩ་རྣམས་སྐྱེ།། རུས་པ་ཁུ་བ་ལས་བྱུང་བའོ།། རྡུལ་ལས་ཁྲག་ནི་ཡང་དག་འབྱུང་།། ཁྲག་ལས་ཤ་ནི་ཀུན་ཏུ་སྐྱེ།། ཤ་ལས་ཀྱང་ནི་པགས ་པ་སྐྱེ།། རུས་པ་ལས་ནི་རྐང་སྐྱེ་འགྱུར།། ཁུ་བ་རྡོ་རྗེ་རྡུལ་དྲིལ་བུ།། རྩ་ནི་པདྨ་ནོར་དུ་ཆེ།། ཁྲག་གོ་དེ་བཞི་ན་འཁོར་ལོ་རུས།། ཤ་ན་དེ་བཞིན་རལ་གྲིར་བཤད།། ཨུཏྤ་ལ་དང་པདྨ་དཀར།། ལུས་ཅན་རྣམས་ཀྱི་པགས་པ་རྐང་།། བརྒྱད ་པོ་འོདདི་རྣམས་རང་སེམས་ཀྱིས།། རིམ་པ་ཇི་བཞིན་ཞལ་རྣམས་སོ།། ཤར་གྱི་ཞལ་རྣམས་རྐང་པར་འགྱུར།། ཟླ་བ་ཉི་མ་མུན་པ་མེད།། ཁྲག་ལས་འཇིམ་པའི་རང་བཞིན་ས།། ཤི་ཡཾ་ཁམསུ་རངབ་བརྗོད་བྱ།། ཁུ་བ་ལས་ནི་སྲ་བ་ས།། རྡོ ་བ་རུས་པའི་རང་བཞིན་དེའོ།། ཟླ་བ་ལས་ནི་ཆུ་འགྲུབ་བོ།། མེ་ནི་ཁྲག་ལས་གྲུབ་པ་ཡིན།། སྒྲ་གཅན་ལས་ནི་སྲོག་འགྲུགོ། ཐུར་སེལ་དུས་མེ་ལས་བཤད་དོ།། ལུས་ཅན་ཀུན་གྱི་ལྕེ་དང་ནི།། འཕྱང་མ་ཁུ་བཅས་བསྐྱེད་པ ་ཡིན།། གཡོན་དང་གཡས་པའི་མིག་ཉིད་ནི།། རྡུལ་གྱིས་བསྐྱེད་པར་བྱས་པ་ཡིན།། སྲོག་གིས་ངེས་པར་བསྐྱེད་པ་ནི།། དེ་བཞིན་སྣ་ཡི་བུ་ག་གཉིས།། སྟོད་པ་ཁོ་ན་ལས་བསྐྱེད་པ།། རྣ་བའི་བུ་ག་གཉིས་དེ་བཞིན།། ཐུར་སེལ་ཉིད་ཀྱིས་བསྐྱེད ་པ་ནི།། འོག་གི་རྒྱུ་གསུམ་དེ་བཞིན་ནོ།། སྒྲ་གཅོན་གྱིས་ནི་བསྐྱེད་པ་སླར།། ནུ་མའི་བུ་ག་གཉིས་དེ་བཞིན།། ཐུར་དུ་རྒྱུ་ལས་སྒོ་ངཟུང་།། དེ་ལྟར་ལུས་ཀྱི་ཁམས་རྣམས་འགྱུར།། ཁུ་བ་ཉིད་ཀྱིས་ཁམས་རྣམས་གསུམ།། རྡུལ་གྱིས ་ཀྱང་འདིར་རྣམ་པ་གསུམ།། མཛོད་དྲུག་ས་ཞེས་བཤད་པ་ཡིན།། ལུས་དང་ལུས་ཀྱི་དབང་པོ་གཉིས།། ཆུ་ཡིས་བསྐྱེད་པ་གཡོན་པ་སྟེ།། གཡས་པ་མེ་ཡིས་བསྐྱེད་པའོ།། སྲོག་ཉིད་ཀྱིས་ནི་བདུད་རྩིར་འགྱུར།། དེ་ལས་གྱེན་དུ་རྩ་གསུམ ་བཤད།། རླུང་གིས་བསྐྱེད་པ་གཡོན་པ་སྟེ།། ས་ཡི་འོག་གི་དབུས་མའོ།། གཡས་པའི་རྩ་ནི་ཐུར་སེལ་གྱིས།། བསྐྱེད་པར་འདིར་ནི་ཐེ་ཚོམ་མེད།། དཔྲལ་བ་ར་ཟླ་བའི་དཀྱིལ་འཁོར་ནི།། ཡང་དག་རྫོགས་ལ་སྐུ་གནས།། མགྲིན ་པའི་ཕྱོགསུ་གསུངས་རྡོ་རྗེ།། ཉི་མའི་དཀྱིལ་འཁོར་གང་བ་ལའོ།། སྒྲ་གཅན་དཀྱིལ་འཁོར་དབུས་གནས་པར།། ལུས་ཅན་ཀུན་གྱི་རྣམ་ཤེས་སོ།། སྒྲ་གཅན་འཇུག་མ་ས་ལ་ནི།། རིན་ཆེན་ལེགས་གནས་ཐེ་ཚོམ་མེད།། དོན་ཡོད ་དུས་མེའི་དཀྱིལ་འཁོར་ལ།། སྣ་ཚོགས་རྡོ་རྗེའི་སྟེང་ན་གནས།། འཁོར་ལོ་པདྨ་རྡོ་རྗེ་དང་།། རིན་ཆེན་རལ་གྲི་ལྔ་པ་སྟེ།། སྐྱེས་བུའི་རྡོ་རྗེ་ནོར་བུ་དང་།། སངས་རྒྱས་དབུ་ལ་དྲུག་པར་བཤད།། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི།། རིགས་དྲུག ་འདི་རྣམས་སྟོབས་ཆེན་ཡིན།། ས་ཡིས་དྲི་ནི་བསྐྱེད་བྱ་སྟེ།། རོ་ནི་མེ་ཡིས་སྨིན་ལིས་འགྱུར།། ཆུ་ལས་མྱུ་གུ་ལ་སོགས་འགྱུར།། རེག་བྱ་འདི་ནི་རླུང་ལས་འགྱུར།། སྲོག་གི་རླུང་ལས་སྒྲ་འབྱུང་སྟེ།། ཐུར་སེལ་ལས་ནི་ཆོས་ཀྱི་ཁམས།། ཡིད། ་ཀྱི་དབང་པོ་དེ་ཉིད་ལའོ།། ལུས་ཅན་ཀུན་གྱིས་ཤེས་པར་བྱ།། གཤིན་རྗེ་མཐར་བྱེད་རུས་པས་བསྐྱེད།། ཁྲག་ལས་ཤེས་རང་མཐར་བྱེད་བཤད།། པདྨ་མཐོར་བྱེད་རྩ་རྣམས་ལས།། ཤ་ལས་བགེགས་མཐོར་བྱེད་པར་བཤད།། རྐང་ལས་ཀྱང་ནི་མི ་གཡོར་བརྗོད།། ཊཀྐི་རྒྱལ་པོ་པགས་པ་ལས།། དབྱུག་པོ་སྔོ་འགྱུར་བ་སྤུ་ལས།། སེན་མོ་ལས་ཀྱང་སྟོབས་པོ་ཆེ།། སྐྲ་ལུས་གཙུག་ཏོར་འཁོར་ལོ་ཅན།། འོག་གི་སྐྲ་ལས་གནོད་མཛེས་རྒྱལ།། ལག་པ་རྐང་པའི་ཚིག་རྣམས་གང་།། ཁྱིམ ་རྣམས་ཡིན་ཏེ་ས་སོགས་བཞིའོ།། ཡོན་ཏན་གསུམ་གྱི་དབྱེ་བ་རྣམས།། དེ་རྣམས་བཅུ་གཉིསུ་ནི་བཤད།། སོར་མོ་རྣམས་ཀྱི་ཚིགས་རྣམས་ནི།། དུས་ཚིགས་ཉན་ཞག་དྲུག་ཅུ་རྣམས།། ལུས་ཅན་རྣམས་ཀྱི་སྟེང་འོག་ཏུ།། གིང་གནས་སོ་རྣམས་རྒྱུ ་སྐར་འདི།། དྷཱུ་བ་ཁུ་བས་སྤྱི་བོར་སོན།། ཁྱིམ་རྣམས་ཡན་ཏ~ཾ་ས་འག་བཞའ།། ཡོན་ཏན་གསུམ་གྱི་དབྱེ་བ་རྣམས།། དེ་རྣམས་བཅུ་གཉི་སུ་ན་བཤད།། སེར་མ་རྣམས་ནི།། དུས་ཆགས་ཉན་ཞག་དྲུག་ཅུ་རྣམས།། ལུས་ཅན་རྣམས་ཀྱི་སྟང་འག་ཏུ། ་གང་གནས་ས་རྣམས།། རིབྱི་འོག་ཏུ་སན་པའི་རྡུལ།། ཇི་ལྟར་ཕྱི་རོལ་དེ་བཞིན་དུ།། ལུས་ལ་མངལ་ནས་ངེས་པར་སྨྲ།། བདེན་དོན་རྣམ་པ་བཅུ་གཉིས་པ།། བཅུ་ག་ཉིས་ཕྱག་གིས་ཧ་རུ་ཀྵ། ཡན་ལག་བཅུ་གཉིས་འགོག་པས། ་གནས་སྐབས་ལས་ནི་ཞལ་བཞིའོ།། ཕྱག་ནི་བཅུ་དྲུག་བྷཱུ་བཱིའི་མ།། དེ་ཉིད་རྣམ་པ་བཅུ་དྲུག་རིགས།། ཟུག་བརྒྱད་པོ་འགག་པ་ཡིས།། དབང་ཕྱུག་དམ་པ་ཞལ་བ་རྒྱུད་པའོ།། དྷཱུ་བ་ཉི་མ་མུན་པ་མེ།། གང་གི་ཞབས་ཀྱིས་འགོག་མཛད་པ།། ཟླ་བྱེད ་རྣམས་ནི་བཀླག་མཛད་ནས།། ཉི་ཤུ་རྩ་བཞིའི་ཕྱག་རྣམས་ཀྱིས།། ཞལ་བཞི་རྣམས་ཀྱིས་སྔ་མ་བཞིན།། དུས་ཀྱི་འཁོར་ལོ་ཡང་དག་བྱུང་།། ཀ་སོགས་གསལ་བྱེད་བཀག་པ་ལས།། སུམ་ཅུ་རྩ་བཞིའི་ཕྱག་གིས་གཞན།། དབྱངས་རྣམས་བཅུ་དྲུག ་འགོག་པ་ཡིས།། བཅུ་དྲུག་ཞབས་རྣམས་བཤད་པའོ།། སྒོ་དགུ་རྣམས་ནི་འགོག་པ་ཡིས།། རྡོ་རྗེ་འཇིགས་བྱུང་ཞལ་དགུ་པ།། དེ་ལྟ་བུ་སོགས་རྒྱུད་རྣམས་ནི།། ལུས་དྲུག་སེམས་རྣམས་འགོག་པ་ལས།། དེ་དག་ས་ལས་བྱིས་རྣམས་ལ།། རྒྱལ ་བའི་དབང་པོས་བསྟན་པ་ཡིན་ཞེས་སོ།། རྩ་བའི་རྒྱུད་ལས་གཞན་ཡང་རྒྱ་ཆེར་གསུངས་ཏེ།། བྱིས་པ་རྣམས་ཀྱིས་རྟོགས་པའི་དོན་དུ་ཅུང་ཟད་བཤད་པ་ཡིན་ནོ།། རིགས་ཀྱི་ལེའུ་འདི་ཉིད་ཀྱི་རྩ་བའི་ཀུན་ཏུ་སྤྱོད་པ་ནི།། འཁོར་ལོ་བདེ་མཆོག་གི་ཉུང ་དུ་ཚིགསུ་བཅད་པ་ཕྱེད་དང་བཅུ་གསུམ་གྱི་བསྡུས་པའི་དོན་གྱི་འགྲེལ་པར་ཤེས་པར་བྱའོ།། ཅེས་པ་དེ་བཞིན་གཤེགས་པའི་ངེས་པ་སྟེ། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱའོ།། དེ་ལྟར་ཚིགས་བཅད་སུམ་ཅུ་རྣམས་ཀྱིས་རྩ་བའི་རྒྱུད་ཀྱི ་དེངེས་པ་ཀྱེའི་རྡོ་རྗེའི་རིགས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པའོ།། ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་དྲུག་སྟོང་པར་གཏུམ་མོའི་རྣལ་འབྱོར་བསྡུད་པ་དང་། བསྐྱེད་པའི་རྒྱུད་གྱུར་པའི་རིགས་ཀྱི་ལེའུར་ཡོངསུ་བཅད་པ་ལྔ་པའོ།། རིགས་ཀྱི ་ལེའུ་རྫོགས་སོ།། ། སྣ་ཚོགས་སྒྲ་རྣམས་ཀྱི་ནི་དོན་ཙམ་བསྟན།། ལོངས་སྤྱོད་རྫོགས་སྐུར་སྤྱི་བོས་ཕྱག་འཚལ་ནས།། ཐེག་པ་འདི་ལ་གསང་སྔགས་འདི་ཉིད་ནི།། བརྡ་ཡི་རིགས་སོགས་དོན་འདིར་བཤད་པར་བྱ།། ་སངས་རྣམས་ཀྱི་སྔགས་ཀྱི་བརྡ།། རྒྱུད་དུ་རྣམས་གཉིས་གསལ་མཛད་དེ།། དེ་བཞིན་ཉིད་ཀྱི་བརྡ་ཙོན་ཅིག། ཐ་སྙོད་རབ་བརྗོད་གཉིས་པའོ།། དེ་བཞིན་ཉིད་བརྡ་ཞེས་བྱ་བ།། སེམས་ཅན་ཀུན་གྱི་སྐད་ཅན་ཚིག། ཆོས་ཀྱི་དུང་སྟེ་སྒྲ་ཚནི་ལྡན།། ་ཆོས་ཀྱི་གཎྜཱི་སྒྲའོ་ཆེ།། མི་གནས་མྱ་ངན་འདས་པ་པོ།། ཀུན་ཏུ་འགྲོ་བའི་ངག་དུ་བརྗོད།། གང་ལ་ཐ་སྙད་རབ་བརྗོད་སྔགས།། བརྡ་ཡི་དོན་ནི་གསལ་བྱེད་པའོ།། དོན་གྱི་རྗེས་འགྲོའི་བཟླས་པ་ནི།། རང་བཞིན་མེད་པ་མཛེས་པ་ཡིས།། ཡིན ་ལག་དབྱེ་བ་མེད་པའི་སྔགས།། མི་ནིང་གོ་འཕྱང་ལ་གནས་བཟླས།། སྲོག་ནི་རྒྱུན་མི་འཆད་འགྱུར་སྤྲོ།། ཨ་བ་དྷཱུ་ཏཱིའི་གནས་སོན་བཟླས།། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་།། དྲུག་བརྒྱ་ཉིན་དང་མཚན་མོ་ལའོ།། ཉིན་ཞག་ལྔ་ཡིས་འབུམ ་ཕྲག་སྟེ།། སྟོང་ཕྲག་བརྒྱད་རྣམས་ལྷག་པའོ།། ནག་པའི་ཆོས་གཅིག་ནས་བརྩམ་སྟེ།། གང་བ་གསུམ་བྱུང་བ་རི་དུའོ།། དཀར་པོའི་ཚེས་གཅིག་ནས་བརྩམས་ནས།། རྫོགས་པ་གསུམ་གྱི་བར་དུ་བཟླས།། སྐྱ་རངས་འཆར་བའི་དུས་སུ་ནི།། ་ཟླ་བ་ཉ་ལ་དེ་འགྲུའོ།། རྡོ་རྗེ་སེམས་དཔར་ཕྱག་བྱས་ནས།། ཆོས་ཀྱི་འཁོར་ལོ་རབ་སྐོར་བྱེད།། བཟླས་པ་སྟོང་ཕྲག་བརྒྱད་རྣམས་དང་།། ཁྲི་ཕྲག་བཞི་དང་དེ་བཞིན་དུ།། འབུམ་ཕྲག་དྲུག་གིས་ཟླ་བ་གཅིག། སྲོག་གི་བཟླས ་པ་འགྲུབ་པར་བྱེད།། ཕྲེང་བས་མ་ཡིན་བརྗོད་པ་མིན།། སྦྱིན་སྲེག་སྔོགས་ཀྱིས་མཆོད་པ་དང་།། ཚིམ་པར་བྱེད་དང་ཆོ་ག་གཞན།། གཞན་དང་གཞན་རྣམས་རྣམ་པར་འཇིག། བཟླས་པ་འདི་ཡིས་ནུས་མེད་གང་།། བྱིས་པའི་བློ་ཅན་སྔགས་པ་རྣམས།། ་རྣམས་ལ་ནི་བགྲང་ཕྲེང་གིས།། ཐ་སྙད་རབ་བརྗོད་གསལ་བྱ་སྟེ།། ཕྱི་རོལ་ལོངས་སྤྱོད་འདོད་རྣམས་ལ།། སྔགས་པས་བསོད་ནམས་ཐོབ་བྱང་དུའོ།། ཉིན་མཚན་དུ་ནི་དབུ་མར་སྲོག། ཞུགས་པས་ནད་རྣམས་འཕྲོག་པར་བྱེད།། ཚེས་ཀྱི་ཉིན་ཞག་སྲོག ་བཅིངས་ན།། འདིས་ནི་མཁའ་སྤྱོད་ཉིད་སྟེར་བྱེད།། ཟླ་གཅིག་སྲོག་བསང་སྙིང་ཁར་གནས།། རྣལ་འབྱོར་པ་རྣམས་འཆི་མེད་འགྱུར།། ལྟེ་བའི་ཟླ་དྲུག་སྲེག་ན་ནི།། འདི་ཡིས་ཐམས་ཅད་མཁྱེན་ཉིད་སྟེར།། དབྲེལ་བ་མོ་གྲིན་པའི་འཁོར་ལོ་དང་།། སྙིང ་ཁ་ལྟེ་བར་གོ་རིམས་བཞིན།། མི་རྣམས་ཀྱིས་ནི་བརྒྱལ་དང་བཅིངས།། བསོད་དང་ཇི་བཞིན་བསྲེགས་པས་འདིའོ།། སྲོག་དང་ཐུར་སེལ་འགོག་པ་ཡི།། འདོད་ཆགས་བྲལ་བ་ཉིད་འདོད་དོ།། བསོད་དང་སྲེགས་པ་གཉིས་དག་གིས།། སྔགས ་པ་སངས་རྒྱས་ཉིད་དུ་འགྱུར།། སྲོག་དང་ཐུར་སེལ་ཟད་པྲ་འདིར།། ཡན་ལག་བཅུ་གཉིས་ཟད་པར་འགྱུར།། རྒྱུ་དང་འབྲས་བུ་འགོག་པ་ཡིས།། སངས་རྒྱས་ཉིད་དུ་སུ་མི་འགྱུར།། ཇི་སྲིད་སྲོག་ཆགས་རྣམས་ཀྱི་སྲོག། རྒྱུ་བ་དེ་སྲིད་ཡང་སྲིད ་པའོ།། སྲོག་གི་རྒྱུ་བ་རྣམ་ཞིག་ན།། འཆི་བ་མེད་ཅིང་ཡང་སྲིད་མེད།། ཅེས་དེ་ལྟར་སྔགས་ཀྱི་བརྡ་མ་ནིང་གི་བཟླས་པ་སྟེ།། དེ་བཞིན་ཉིད་ཀྱི་བརྡ་ཡིས་ཤེས་པར་བྱའོ།། འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དེ་ནས་འདི་ལས་སྔགས་ཀྱི་ལེའུ་བཤད ་པར་བྱའོ།། འདི་ལྟ་སྟེ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ཞེས་པ་ཐམས་ཅད་དང་འབྱུང་བ་པ་རྣམས་ནི་འབྱུང་པོ་ཐམས་ཅད་པ་སྟེ། དེའི་དང་དེ་རྣམས་ཀྱིས་སྔགས་གྲངས་ཇི་ལྟ་བ་བཞིན་ནོ།། ཨོཾ་ཨཱ་ཀཱ་རེ་ཨུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ། ཞེས། ་པ་ལ་འདིར་ཨ་ཡག་གི་སྒྲ་ཡས་གཞོམ་དུ་མེད་པའི་སྒྲ་སྟེ། ཨེ་ཡིག་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་འགྱུར་མེད་དམ་པ་ཡིན།། སྲོག་ཆེན་པོ་ནི་སྐྱེ་བ་མེད།། ཚིག་དུ་བརྗོད་པ་སྤངས་པ་སྟེ། ཞེས་པ་ལ་སོགས་པས་རྒྱུ་འཕྲུལ་དྲ་བར་རིག་པའོ།། ། ་ཐམས་ཅད་ནི་ཐམས་ཅད་མཁྱེན་པ་སྟེ། ཀུན་མཁྱེན་ཀུན་རིག་དམ་པ་སྟེ།། བདག་རིག་གཞན་རིག་ཐམས་ཅད་པའོ།། ཀུན་ལ་ཕན་པའི་གང་ཟག་མཆོག། འཇིག་རྟེན་དཔེ་ལས་འདས་པ་སྟེ།། ཤེས་དང་ཤེས་བྱའི་བདག་པོ་མཆོག། ཅེས་པ་ལ ་སོགས་པ་ཐམས་ཅད་མཁྱེན་པའི་སྔགས་སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱི་གསུང་དག་ཅེས་པ་ངེས་པའི་དོན་ཏོ།། ས་ལ་སོགས་པའི་འབྱུང་བ་རྣམས་ལས་སྐྱེས་པ་ནི་འབྱུང་བ་ལ་རྣམས་ཏེ་ཕུང་པོ་ལྔ་ཡི་ངོ་བོ་ཉིད་ཀྱིས་ཆོས་ཅན་རྣམས་སོ།། དེ་རྣམས ་ཀྱི་སྔགས་ཀྱི་སྔགས་ནི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཡི་གེ་ལྔ་རྣམས་ཞེས་པ་སྟེ། ཨོཾ་ཡིག་གིས་དེ་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་སྐུ་རྡོ་རྗེའོ།། ཨཱཿཡིག་གིས་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ་གསུང་རྡོ་རྗེའོ།། ཧཱུཾ་ཡིག་གིས་རྣམ་པར་ཤེས ་པའི་ཕུང་པོ་སྟེ་ཐུགས་རྡོ་རྗེའོ།། སྭཱ་ཡིག་གིས་ཚོར་བའི་ཕུང་པོའོ།། ཧཱ་ཡིག་གིས་འདུ་བྱེད་ཀྱི་ཕུང་པོའོ།། དེ་རྣམས་ལ་གཏོར་མ་དབུལ་བ་སྟེ། མཐར་ཧཱུཾ་ཡིག་གསུམ་དང་ཕཊ་ཡིག་གཉིས་ཀྱིས་ཕྱིར་བཏང་བའོ་ཞེས་པའོ།། ་དེ་ལྟར་ཨོ་ཡིག་གིས་སྦྱང་བའོ།། ཨཱཿཡིག་གས་རྒྱས་པར་བྱེད་པའོ།། ཧཱི་ཡིག་གིས་སྦར་བར་བྱེད་པའོ།། སྭ་ཡིག་གིས་བདུད་རྩིར་བྱེད་པའོ།། ཧཱ་ཡིག་གིས་འགུགས་པར་བྱེད་པའོ།། ཧཱུཾ་ཡིག་སུཾ་གྱིས་དབུལ་བའོ།། ཕཊ་ཡིག་གཉིས ་ཀྱིས་ཕྱིར་བཏང་བའོ།། ལག་པ་གཡོན་པས་སྦྱང་བ་སྟེ། ལག་པ་གཡས་པས་རྒྱས་པར་བྱེད་པའོ།། ཐལ་མོས་བཀབ་པས་སྦར་བའོ།། ན་མཁའ་ལྡིང་གི་ཕྱག་རྒྱས་བདུད་རྩིར་བྱེད་པའོ།། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས ་དགུག་པའོ།། རྡོ་རྗེའི་ཕྱག་རྒྱས་དབུལ་བའོ།། ལག་པའི་ཕྱག་རྒྱས་སེ་གོལ་སྦྱར་ནས་གཤེག་སུ་གསོལ་བའོ་ཞེས་པའོ།། ཕྱག་རྒྱ་བཅིང་བ་འདི་རྒྱུད་གཞན་དུ་ཤེས་པར་བྱའོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་ནི་གྲངས་ཇི ་ལྟ་བ་བཞིན་དུ་འདི་ལྔ་སྟེ། བུཾ་ཡིག་གིས་རྣམ་པར་སྣང་མཛད་དེ་སྤྱི་བོར་རོ།། ཨཾ་ཡིག་གིས་རིན་ཆེན་འབྱུང་ལྡན་ཏེ་ལྟེ་བར་རོ།། ཛྲྀ་ཡིག་གིས་འོད་དཔག་མེད་པ་སྟེ་མགྲིན་པར་རོ།། ཁཾ་ཡིག་གིས་དོན་ཡོད་གྲུབ་པ་སྟེ་གསང་བར་རོ།། ཧཱུཾ་ཡིག ་གིས་མི་བསྐྱོད་པ་སྤྱི་སྙིང་ཁར་རོ།། དེ་ལྟར་པི་ཙུ་བཛྲའི་སྐུ་ལ་དཀོད་པར་བྱས་ནས་རྡོ་རྗེ་མཁའ་འགྲོ་གཞན་རྣམས་ཀྱིས་ཡང་ངོ་ཞེས་པ་ངེས་པའོ།། དེ་ནས་ཕྱག་བཅུ་དྲུག་པའི་སྔགས་ནི།། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་སྟེ་འདིར་ངེས ་པའི་དོན་ནི་ཨོཾ་ཡིག་གིས་ལྷ་རྣམས་ཀྱིས་གདན་ཡིན་པ་ཇི་ལྟ་བ་དེ་ལྟར་སྔགས་ཀྱིས་ཡི་གེ་དང་པོས་ལྷ་འགྲུབ་པའོ།། ས་བོན་ལྷག་མ་རྣམས་ཀྱིས་ཡན་ལག་དགོད་པ་སྟེ། མིག་ལ་སོགས་པ་ལ་རིམ་པ་ཇི་ལྟ་བསོ།། ཧཱུཾ་ཡིག་གསུམ་གྱིས ་ཡེ་ཤེས་སེམས་དཔའ་འགུགས་པ་སྟེ། ཕཊ་ཡིག་གིས་གཞུག་ཅིང་སྭཱ་ཡིག་གིས་དགྱེས་པར་བྱེད་པ་དང་ཧཱཾ་ཡིག་གིས་རོ་མཉམ་པར་བྱེད་པའོ་ཞེས་པ་ཀྱེའི་རྡོ་རྗེའི་སྙིང་པོའོ།། དེ་ལྟར་སྔགས་རྣམས་ཐམས་ཅད་ཨོཾ་ཡིག་དང་པོ་ཅན་དང་། སྭཱ་ཧཱའི ་མཐའ་ཅན་དང་། ཧཱུཾ་ཕཊ་སྤེལ་བའི་དབུས་སུའོ་ཞེས་པ་ཐམས་ཅད་དུ་ངེས་པའོ།། དེ་ལྟར་སྔ་མི་བཞིན་དུ། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུ~ཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཕྱག་དྲུག་པའིའོ།། དེ་བཞིན་དུ་ཕྱག་བཞི་པའི་ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ་དེ་བཞིན་དུ་ཕྱག་གཉིས་པའི་ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། འདི་སྔགས་བཏུ་བའི་ལེའུ་ལ་ཧཱུཾ་ཡིག་དང་ཕཊ་ཡིག་ནི་མན་ངག་ལས་ཤེས་པར་བྱའོ།། ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པའི་སྔགས་ནི་ཨོཾ་ཡིག་གིས ་སྐུ་བྱིན་གྱིས་བརླབས་པ་སྟེ། རྣམ་པར་སྣང་མཛད་ཟླ་བོའི་དཀྱིལ་འཁོར་ལའོ།། ཨཱཿཡིག་གིས་གསུང་བྱིན་གྱིས་བརླབས་པ་སྟེ་ཉི་མ་ལ་འོད་དཔག་ཏུ་མེད་པའོ།། ཧཱུཾ་ཡིག་ཐུགས་བྱིན་གྱིས་བརླབ་པས་སྟེ་སྙིང་ཁར་སྒྲ་གཅེན་གྱི་དཀྱིལ་འཁོར ་ལ་མི་བསྐྱོད་པའོ།། འདི་དྲང་བའི་དོན་དུ་བདག་མེད་མ་ལ་སོགས་པ་དབྱངས་རྣམས་སྔགས་བཏུ་བའི་དོན་དུ་བརྗོད་པར་བྱ་སྟེ། ཨ་ཨཱཿི་ཨཱིཿུ་ཨཱུཿརྀ་རཱྀ་ལཾ་ལཱྀཿེ་ཨཻཿོ་ཨཾ་ཨཽ།། ངེས་པའི་དོན་གྱིས་ཡང་སོ་སོར་བསྡུ་བའི་ཀློག་པས ་བཟུང་བར་བྱ་སྟེ། ཨ་ཨི་རེ་ཨུ་ལི་ཀ། ཨ་ཨེ་ཨར་ཨོ་ཨ་ལ་ཙ། ཧ་ཡ་ར་ཝ་ལཊ་སོ་ཞེས་པའི་ས་བོན་རྣམས་དཀར་པོའི་ཕྱོགས་ལ་ཟླ་བའི་ཆ་རྣམས་ཀྱིའོ།། ། བྱིས་པ་ཀློག་པའི་ཚུལ་གྱིས་དྲང་བའི་དོན་གྱིས་ནི་བཅོམ་ལྡན ་འདས་ཀྱི་གསུངས་པ་མ་ཡིན་ནོ་ཞེས་པ་རྩ་བའི་རྒྱུད་དུ་ངེས་པའོ།། དེ་བཞིན་དུ་གྲོང་ཁྱེར་བསྐྱོད་པའི་སྔགས་ནི། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། ཞེས་པ་དྲང་བའི་དོན་གྱིས་སོ།། ངེས་པའི་དོན་གྱིས་ནི་ཨ་ཀུ་ཧ་རྣམ་པར་བཅད་བྱ་རྣམས་མགྲིན་འགྱུརརོ།། ་ཨི་ནུ་ཡ་ཤ་རྣམས་རྒན་འགྱུར་རོ།། རྀ་ཊུ་རཱ་ཥ་རྣམས་སྤྱི་བོ་ལས་འགྱུར་རོ།། ཨུ་པུ་ཝཾ་དང་མ་ཆུནན་རྣམས་མཆུ་གྱུར་རོ།། ལི་ཏུ་ལས་རྣམས་གྱུར་རོ།། ཨོཾ་ཨ་ཨཱ་ཧ་ཧཱ་ང་ཉ་ཎ་མ་ན་ཐཱ་སྭཱ་ཧཱ།། ཞེས་པ་གྲོང་ཁྱེར་དཀྲུག་པའི་སྔག་སོ།། སྔགས་བཏུ་བའི་ལེ ་བླ་མཱའི་ངག་ལས་ཤེས་པར་བྱའོ།། རྩ་བའི་རྒྱུད་དུ་ངེས་པའི་དོན་གྱིས་མན་ངག་ནི་ཨཱ་ལི་ཟླ་བའི་ཚེའི་དབྱེ་བས་ཡུད་ཙམ་སུམ་ཅུ་རྣམས།། ཉིན་ཞིག་སོ་སོ་ལ་ཉི་མའི་གསལ་བྱེད་དྲུག་ཅུ་རྣམས་དབྱུ་གུའི་དབྱེ་བས་བཟླས་པར་བྱའོ།། ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི ་སྒྲ་ཡིས་ཨཱ་ལི་དང་ཀཱ་ལིའི་ངོས་པའི་དོན་གྱིས་བརྗོད་དེ། ཨཱ་ལི་དང་ཀཱ་ལིའི་བཟླས་པ་འབུམ་ཕྲག་བཟླས་པས་འཛིན་དེ་གསུམ་སྐྱོད་པར་བྱེད་ན་གྲོང་ཁྱེར་གཅིག་ཙམ་ལྷ་ཅི་སྨོས་ཞེས་པའོ།། ཨཱ་ལི་དང་ཀཱི་ལི་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། ཨ་ཨཱ་ཨི ་ཨཱི་རྀ་རཱྀ་ཨེ་ཨཱ་ལྀ་ལཱཾ། ཨ་ཨེ་ཨར་ཨཱར་ཨེ་ཨ~ཾ་ཨ་ལ་ཨཱ་ལ་ཧ་ཧཱུཾ་ཡ་ཡཱ་རེ་རཱ་ཝ་ཛྭཱ་ལ་ལཱ་ཞེས་པ་སྨེ་བའི་རིམ་པས་ཨཱ་ལིའི་བཟླས་པས་དབུགས་འཇུག་པའོ།། དབུགས་འབྱུང་བས་ཀཱ་ལ~ཾ་སྟྭཾ། ཀ་ཀཱི་ཁ་ཁཱ་ག་གཱ་གྷྲྀ་བྷྲྀ་ད་དྲཱ། ཙཾ་ནཱི། ཚ་ཚྭཛ ་དྷུཛྷཛྙཱ། 1!། ཊ་ཊཱ་ཛ་ཐཱ་ཊཱ་ཌཱ། ཌྷ་ཌྷཱ་ཎཱ་ཎཱ། པ་པཱ་པ་པཱ་བ་བཱ་བྷ་བྷྲ་མ་མཱ། ཏ་ཏཱ་ཐ་ཐཱ་ད་དཱ་དྷ་དྷ་ན་ནཱ།། ས་སཱ་བྷཱ་ཝཱ་ཥ་ཥཱ་ཤ་ཤཱ་དྷཱནྟ་ཞེས་པ་སྟེ། དང་པོར་ཨོཾ་ཡིག་བསྐྱེད་པ་ལའོ།། དགུག་པ་ལ་མཐར་པོ་ཥཊ ་སྦྱིན་པར་བྱ་སྟེ། དེ་ལྟར་གྲོང་ཁྱེར་བསྐྱོད་པའི་སྔགས།། ལྷ་གཅིག་གི་བསམ་གཏན་དང་མེ་ཏོག་དམར་པོ་ལ་བཟླས་པ་དང་། སྦྱིན་སྲེག་གིས་སོ་ཞེས་པའི་ཆད་པར་འགྱུར་བ་ལ་བརྗོད་པར་བྱའོ།། ། དེ་བཞིན་དུ་ཀུ་རུ་ཀུལླེའི་སྔགས་བརྗོད་པར ་བྱ་སྟྭཾ། འདིར་ཨཾ་ཡིག་གོ་རྟེན་སྐུ་འགྲུབ་པའོ།། ཧཱུཾ། ཡིག་གིས་ལྷ་མོའི་ངག་རྫོགས་པའོ།། རླུང་གི་རིགས་ལ་ཀུ་རུ་ཀུལླེ་འོད་དཔག་མེད་པས་སངས་རྒྱས་བཏབ་པའོ།། དཔྲལ་བར་ཨོཾ་མི་ལྕེ་ལ་ཧྲཱིཿའོ།། མགྲིན་པ་ལ་ཀུའོ།། སྙིང་ཀར་རུའོ།། ལྟེ་བ་ལ ་ཀུའོ།། གསང་བར་ལྕེའོ་ཞེས་པ་ཡན་ལག་དགོད་པའོ།། དབུགས་རྔུབ་པ་བཀང་ནས་འབུམ་ཕྲག་གཅིག་བཟླས་པར་བྱ་ཞིང་།། དབུགས་འབྱུང་བའི་དུས་སུ་བགྲང་ཕྲེང་བསྐྱོད་པར་མི་བྱའོ།། ཅེས་པ་ཝ་རྦེ་ཀུ་ལླེའི་སྔགས་སོ།། ད་ནི་བསྲུང་བའི་སྔགས་ཀྱིས ་ངེས་པའི་དོན་བརྗོད་པར་བྱ་སྟེ། ཨོཾ་ཡིག་གིས་འཇམ་པའི་སྟན་བརྗོད་དོ།། དྲི་བཟང་པོ་རིས་གཞི་ཅན་གྱི་གནས་ཡིད་དུ་འོང་བ་ཟླ་བ་ལྟ་བུ་ཡང་ངོ་།། ར་ཡིག་གིས་ཉི་མ་བདུན་གྱི་ཉི་མི་དཀྱིལ་འཁོར་རོ།། ཀྵ་ཡིག་གིས་སྣ་ཚོགས་རྡོ་རྗེའོ།། དེའི་འོག་དང ་སྤྱང་དང་ཕྱོགས་ཐམས་ཅོང་དུ་རྩིབས་བཅུ་པའི་འཁོར་ལོ་བྱས་ནས་དེ་ནས་དབུས་སུ་ཧཱུཾ་ཡིག་ལས་ཟླ་བའི་རྒྱལ་བའི་དབང་པོར། ཤར་གྱི་རྩིབས་ལ་གི་ཤིན་རྗེ་མཐར་བྱད་དེ།། ལྷའི་རྩིབས་ལ་ཤས་རིབ་མཐར་བྱེད་།། ནུབ་ཀྱི་རྩིབས ་ལ་པདྨ་མཐར་བྱེད་དོ།། བྱང་གི་རྩིབས་ལ་བགེགས་མཐར་བྱང་ངོ་།། མེར་མི་གཡོ་བའོ།། བདེན་བྲལ་གྱི་ཕྱོག་སུ་འདོད་པའི་རྒྱལ་པོའོ།། རླུང་གི་མཚམསུ་དབྱུག་པ་སྔོན་པའོ།། དབང་ལྡན་གྱི་མཚམ་སུ་སྟོབས་པོ་ཆེའོ།། སྟེང ་གི་རྩིབས་ལ་གཙུག་ཏོར་རོ།། འོག་ཏུ་གནོད་མཛེས་རྒྱལ་པོའོ།། དེ་ནས་གཉིས་པ་བརྗོད་པས་རེ་པའི་ཉི་མའི་དཀྱིལ་འཁོར་རོ།། ཀྵ་ཡིག་གིས་སྣ་ཚོགས་རྡོ་རྗེ་སྟེ་དེ་ཡིས་གཅིག་ཏུ་འདྲེས་པར་གྱུར་པས་རྡོ་རྗེའི་ར་བ་གསུམ་མོ།། ཧཱུཾ་ཡིག ་གསུམ་གྱིས་རྡོ་རྗེའི་ས་གཞི་དང་ཁང་པ་བརྩེགས་པ་དང་རྡོ་རྗེ་པདྨའི་གདན་ནོ་ཞེས་པའོ།། ཕཊ་ཡིག་གིས་བདུག་པ་ཅན་ལ་པུར་བུས་འདེབས་པའོ།། སྭ་ཡིག་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རབ་ཏུ་སྤྱན་འདྲེན་པའོ།། ཧཱ་ཡིག ་གིས་ནི་མཆོད་པ་ལ་སོགས་པ་མཐའ་དག་དང་སྡིག་པ་བཤགས་པ་ལ་སོགས་པ་གསུངས་པར་འགྱུར་རོ་ཞེས་པ་སྔགས་འདིའི་ངེས་པའི་དོན་ཏོ།། ད་ནི་རྩ་བའི་རྒྱུད་དུ་གསུངས་པའི་ལས་ཉི་ཤུ་རྩ་བཞི་སྒྲུབ་པར་བྱེད་པ་རྣམས་སུ་འགྱུར་ཞིང ་སྔགས་ཀྱི་ཚིག་རྣམས་བརྗོད་པར་བྱའོ།། འདིར་ཉུང་ངུའི་རྒྱུད་དུ་ལུགས་དང་མཐུན་པ་དང་ལུགས་ལས་ཟློག་པ་ལས་ཐམས་ཅད་གདུག་པའི་སློབ་དབེན་ཡོངས་སུ་མི་ཤེས་པ་རྣམས་ལ་སྦས་ཏེ། བླ་མ་དམ་པའི་བརྒྱུད་པའི་རིམ་པ་ལ་སོགས ་པས་ཤེས་པར་བྱ་ཡིས།། གླེགས་བམ་བཀླགས་པས་ནི་མི་ཡིན་ནོ།། གཞན་དུ་ན་རྒྱུད་གཞན་བལྟས་ནས་གང་རིགས་པས་འཐད་པ་རྒྱུད་མང་པོར་ཡང་དག་པར་རྟོགས་པར་བྱས་པའི་བཅོམ་ལྡན་འདས་ཀྱི་ངག་དེ་བཟུང་བར་བྱ་ཡི།། བླུན ་པོའི་དད་པ་ཉིད་ཀྱིས་ནི་མ་ཡིན་ནོ།། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ།། ངའི་གསུང་ནི་དང་པོར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཁོ་ན་སྟེ། དང་པོར་དགེ་བར་དང་ཐ་མར་མི་དགེ་བ་ནི་མ་ཡིན་ཞིང་དང་པོ་དང་། བར་དུ་མི་དགེ་བ་ཐ་མར ་དགེ་བ། ཇི་ལྟར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཀུན་ཏུ་བརྟགས་པ། དང་པོར་རྣམ་པར་རྟོག་པའི་སྒོམ་པ་དང་། བར་དུ་དབང་པོ་གཉིས་ཀྱི་བདེ་བ་བསྒོམ་པ་དང་། ཐ་མར་རྣམ་པར་མི་རྟོག་པ་སྟོང་པ་ཉིད་བསྒོམ་པ་བདེ་བ་ཆེན་པོ་བསྒོམ་པའོ་ཞེས་པ ་མ་རུངས་པའི་ཚི་གོ་གི་རྒྱུ་འདྲོར་དེ་ལས་སྐྱེས་པའི་འབྲས་བུ་ཐམས་ཅད་དུ་མཐོང་གི། ཀོ་དྲ་བའི་ས་བོན་ལས།། སཱ་ལུའི་འབྲུ་ནི་འབྱུང་བ་མེད།། རྣམ་རྟོག་ས་བོན་ལ་བྱུང་བའི།། འབྲས་བུ་རྣམ་རྟོག་བཅས་པར་འགྱུར།། རྣམ་པར་མི་རྟོག་ལས་སྐྱེས ་པའི།། འབྲས་བུ་རྣམ་པར་མི་རྟོག་འགྱུར།། རྒྱུ་དེའི་ཕྱིར་དང་པོར་དགེ་བ།། བར་དུ་དགེ་བ། ཐ་མར་དགེ་བའོ།། ཇི་ལྟར་ས་བོན་དེ་བཞིན་ལྗོན།། ཇི་ལྟར་ལྗོན་ཤིང་དེ་བཞིན་འབྲས།། འཇིག་རྟེན་འདི་ཀུན་ཏུ་མཐོང་སྟེ།། དེ་ནི་རྟེན་ཅིང་འབྱུང་བ་ཉིད།། ་གཞན་གྱིས་རིགས་ཀྱི་སྔགས་གང་ཡིན། དེ་ནི་ལས་གཞོན་སྒྲུབ་བྱེད་མིན།། འཇིག་རྟེན་དུ་ནི་འགའ་ཞིང་དུའང་།། ཉི་མས་ཚ་བཞི་བྱེད་མིན།། ཀྱེའི་རྡོ་རྗེའི་རྩ་རྒྱུད་དུ།། ཇི་ལྟར་བདག་ལ་གསལ་གསུང་བཞིན།། དེ་ཉིད་ཉུང་རྒྱུད་འདི་རུ་ནི།། རྒྱས ་བཤད་བདག་གི་བརྗོད་པར་བྱ།། ས་ཡི་ས་བོན་གྱིས་རེངས་བྱེད།། རྨོངས་དང་ཕུར་བུས་གད་བ་དེ་བཞིན།། རྟག་ཏུ་ཞི་བྱེད་ཆུའི་ས་བོན།། དེ་བཞིན་རྒྱས་དང་དུག་མེད་པའོ།། མེ་ཡི་ས་བོན་ཆེར་འགུགས་བྱེད།། དབང་དང་བསྐྱོད་པ་རྟག་ཏུའོ།། སྦྱང་བྱེད ་བསྐྲད་པ་རླུང་རྣམས་ཀྱི།། དེ་བཞིན་དུ་ནི་དུག་འཕེལ་བའོ།། སྟོང་པའི་ས་བོན་དུག་གཅོད་བྱེད།། དེ་བཞིན་བསོད་དང་འཚོ་བའོ།། གོས་དང་བསླང་དང་དགའ་བ་ནི།། ཡེ་ཤེས་ས་བོན་གྱིས་གྲུབ་པའོ།། ལྐུག་པ་ཉིད་དང ་འོ་ན་ཉིད་དང་།། མ་ནིང་བྱེད་པ་ཉིད་ཀྱང་ནི།། ཐུགས་གསུང་སྐུ་ཡིས་ས་བོན་གྱིས།། རིམ་པ་ཇི་བཞིན་སྔགས་པས་བྱེད།། ས་ཆུ་མ་རླུང་སྟོང་པ་དང་།། ཡེ་ཤེས་དཀྱིལ་འཁོར་སྦྱོར་བ་ལས།། རེངས་པ་ལ་སོགས་ལས་རྣམས་ནི།། སྒྲུབ་པ ་མཆོག་གིས་སྒྲུབ་པར་བྱེད།། མ་ནིང་བྱེད་དང་ལྐུགས་ཉིད་དང་།། ལོང་བ་དང་ནི་སྣ་འགགས་དང་།། འོན་པ་ཉིད་དང་སྤྲོ་བོ་ཉིད།། སྔ་མིའི་ས་བོན་རྣམས་ཀྱིས་བསྒྲུབས།། རི་བོ་རི་ཁྲོད་སྨོན་ལྗོངས་དང་།། རྒྱ་མཚོ་ཆེན་པོའི་འགྲམ་རྣམས་དང་།། གདོད། ་ནས་གྲུབ་པའི་དུར་ཁྲོད་དོ།། གནས་འོདི་རྣམསུ་བྱ་བ་ཡིན།། སྔགས་བཟླས་དེ་བཞིན་བསམ་གཏན་དང་།། སྦྱིན་སྲེ་དོག་དཀྱིལ་འཁོར་བཞེངས་པ་ནི།། སོ་སོའི་ལས་དང་རྗེས་མཐུན་པས།། གཞན་དུ་དངོས་གྲུབ་སྦྱིན་མི་འགྱུར།། སྐྱེས་པ་བུད ་མེད་གནས་གཞན་དུ།། སྔགས་དང་ལྷ་ནི་སྒྲུབ་པ་མིན།། དེ་ལ་སྔགས་ཀྱིས་རབ་བསྐུལ་ནས།། ལྷ་ནི་ལས་རྣམས་བྱེད་པར་འགྱུར།། དེ་ཕྱིར་མཁས་པ་རྣམས་ཀྱི་ནི།། མིང་དང་སྐུ་ཡི་བཟླས་བསྒོམ་བྱ།། རྩ་བའི་སྔགས་ནི་སྐུ་རུ་འགྱུར།། སྙིང ་པོ་ཞེས་བྱ་མཐུན་ལྡན་གསུང་།། དེ་བཞིན་ཉེ་བའི་སྙིང་པོ་ནི།། ཐུགས་ཀྱི་སྔགསུ་བརྗོད་པར་འགྱུར།། ཡེ་ཤེས་སོ་བོན་ཞེས་བཤད་པར།། ཡེ་ཤེས་སྔགསུ་དེ་བརྗོད་བྱ།། ས་བོན་ཉེ་བའི་སྙིང་པོ་དང་།། སྙིང་པོ་དང་ནི་རྩ་བའི་སྔགས།། ཡི ་ཤེས་ཐུགས་དང་གསུང་དང་སྐུ།། རིམ་བཞིན་བསྒོམ་བྱ་བཟླས་བྱ་སྟེ།། ཇི་སྲིད་དངོས་གྲུབ་གྱུར་གྱི་བར།། འབད་པས་བཟླས་བྱ་མཆོད་པར་བྱ།། གཞན་དུ་ཆོ་ག་ཉམས་པས་ནི།། སྔགས་ཀྱི་དངོས་གྲུབ་འགྱུར་མ་ཡིན།། དད་པས་བཟུང་བ་འདི་ཡིས་ནི།། ་ལུས་ནི་ཉོན་མོངས་འབའ་ཞིའོ། ཡ་ར་ལ་ཝ་ཡི་གེ་གང་།། རླུང་མེ་ས་དང་ཆུ་ལ་སྙེས།། ཤར་དང་ལྷོ་དང་ནུབ་བྱང་ནི།། བྱང་རྣམས་སུ་ནི་ངེས་སྦྱར་བྱ།། རིང་པོ་མེ་དང་བདེན་བྲལ་དང་།། རླུང་དང་དབང་ལྡནི་རིམ་པ་ལས།། སྟེང་དང་འོག་ཏུ་ཧཾ་ཧ་སྦྱིན།། ་དབུས་སུ་ཨཾ་ཨཿརམ་མཆོད་བྱ།། སངས་རྒྱས་ཀུན་དང་བླ་མོ་དང་།། དམ་པའི་ཆོས་ནི་ཀློག་པ་ཡི།། དོན་དུ་མདུན་དུ་མཎྜལ་བྱ།། གཞན་པོ་རྒྱལ་བ་མངའ་བདག་ཉིད།། རླུང་གི་དཀྱིལ་འཁོར་ཆོས་ཀྱིས་ནི།། ཟླུམ་པོ་ཤར་གྱི་ལུས་འཕགས་པོ།། ་མེ་ཡི་དཀྱིལ་འཁོར་ངོ་བོ་ཡིས།། འཛམ་བུ་གླིང་སྟེ་ཟུར་གསུམ་པ།། གྲུ་བཞི་ནུབ་ཀྱི་བ་གླང་སྤྱོད།། ས་ཡི་དཀྱིལ་འཁོར་མཚན་ཉིད་ཅན།། ཆུ་ཡི་དཀྱིལ་འཁོར་ཆོས་ཅན་གྱིས།། ཟླ་ཕྱེད་བྱང་གི་སྒྲ་མི་སྙན།། སྟོང་པའི་ངོ་བོས་ཟླ་བ་ཡཱི།། དཀྱིལ་འཁོར། ་མཚན་ཉིད་ཚངས་སྒོ་ང།། འོག་ཏུ་ཡེ་ཤེས་ངོ་བོ་ཡིས།། དུས་མེ་ཉི་མའི་དཀྱིལ་འཁོར་རོ།། དབུས་སུ་ཐིག་ལེ་རྣམ་བཅད་ནི།། སྟེང་འོག་ལྷོ་ཡ་རི་བོར་འགྱུར།། འདི་ལྟར་མཎྜལ་བྱས་ནས་ནི།། དེ་ནས་སྔགས་སོགས་བཟླས་པར་བྱ།། ས་ལ་མཎྜལ ་གཞན་ས་ནི།། རྡུལ་ཆེན་དཀྱིལ་འཁོར་བཞིན་དུ་བྱ།། ཕུང་པོ་ཁམས་དྲུག་གཟུགས་ལ་སོགས།། སུམ་ཅུ་དྲུག་རྟག་ཏུ་རུ་མཆོད།། ས་དང་ཆུ་དང་མེ་དང་རླུང་།། ཁུ་བ་རྡུལ་ནི་དེ་བཞིན་ཏེ།། ཁམས་དྲུག་ཅེས་པར་བཤད་བྱས་པོ།། ལུས་ཅན་རྣམས ་ཀྱི་གཟུགས་ཕུང་བ།། མགྲིན་གྱུར་རྐན་གྱུར་སྤྱི་བོར་གྱུར།། མཆུར་གྱུར་སོར་གྱུར་སྣ་ལྡན་ཏེ།། འདུ་ཤེས་དང་ནི་རྣམ་དྲུག་བསྟན།། དངས་དང་པོས་མང་དོན་གསལ་བྱེད།། མིག་དང་རྣ་བསྣ་དང་ལྷ།། ལུས་དང་དེ་བཞིན་ཡད ་དབང་པོ།། རྣམ་ཤེས་ཕུང་པོར་བཤད་པ་སྟེ།། མིག་ལ་སོགས་པ་རྣམ་པ་དྲུག། དེ་བཞིན་གཟུགས་དང་སྒྲ་དང་ནི།། དྲི་རྣམས་དང་ནི་རོ་དང་ནི།། རེག་བྱ་དང་ནི་ཆོས་ཀྱི་དབྱིངས།། མྱོང་ཕྱིར་ཚོར་བ་རྣམསུ་བཤད།། དེ་བཞིན་དབང་པོ་དྲུག་སྒོ་ནས།། རྣམ ་ཤེས་རྣམས་ནི་རབ་འཇུག་ཅིང་།། ཡུལ་དང་དབང་པོ་རབ་འཇུག་བྱེད།། འདུ་བྱེད་རྣམ་དྲུག་རབ་ཏུ་བཤད།། རྟག་དུ་སྲོག་དང་ཐུར་སེལ་དག། སྟེང་དང་འོག་གི་ལམ་གསུམ་པོ།། རྩེ་དྲུག་རྣམསུ་འབར་བྱེད་པ།། ཡེ་ཤེས་ཕུང་པོའང་རྣམ་པ་དྲུག ་སུམ་ཅུ་བདུན་པ་སེམས་ཆེན་པོ།། དམ་པ་སུམ་ཅུ་རྩ་དྲུག་གི། ཁམས་ཀྱིས་བསྐོར་བ་རྣལ་འབྱོར་པས།། ཨ་སོགས་ཀ་སོགས་ཀྱིས་མཆོད་བྱ།། ཨ་སོགས་ཀ་སོགས་རང་བཞིན་གྱིས།། ཁམས་རྣམས་བདུན་ཅུ་རྩ་གཉིས་ཏེ། དེ་དྲུག་ཧ་སོགས ་ཡི་གེ་རྣམས།། ཐུང་ངུ་རིང་པོར་རབ་འབྱེ་ལས།། བདུན་ཅུ་རྩ་གཉིས་འདིར་བཤད།། དབྱངས་དེ་སུམ་ཅུ་རྩ་དྲུག་ཉིད།། ཨ་སོགས་ཀ་སོགས་ཡང་དག་ལྡན།། ཡི་གེ་བརྒྱ་ནི་བརྒྱད་ལྷག་པ།། བགྲང་ཕྲེད་དུ་ནི་རབ་བརྗོད་བྱ།། རྣལ་འབྱོར་པ་ཡིས ་སྔགས་འདས་པའོ།། གསལ་བྱེད་སུམ་ཅུ་དྲུག་ཐུང་བའི།། བཅོ་བརྒྱད་དབྱངས་རྣམས་དང་ལྡན་པ།། བརྒྱད་ལྷག་བརྒྱ་ཡི་ཕྱེད་རྣམས་ཀྱིས།། བགྲང་ཕྲེང་དུ་ནི་དེར་བརྗོད་བྱ།། རྒྱུ་སྐར་རྐང་པའི་དབྱེ་བ་ཡིས།། གསུམ་པར་ཡོངས་སུ་བརྗོད་པར་བྱ།། ་རྒྱུ་སྐར་ཕྱེད་ཀྱི་ཆ་ཡིས་ནི།། བཞི་པ་དེ་ཉིད་གང་ཕྱིར་ཡིན།། སུམ་ཅུ་དྲུག་གི་དབྱིངས་དབྱེ་བས།། ལྔ་པར་ཡོངསུ་བརྗོད་པར་བྱ།། རྒྱུ་སྐར་ལོངས་སྤྱོད་དབྱེ་བ་ཡིས།། དྲུག་པར་ཡོངསུ་བརྗོད་པར་བྱ།། བཅཝ་བརྒྱད་དབྱངས་ཀྱི་དབྱེ་བ་ཡིས།། བདུན་པར་ཡོངས་སུ ་བརྗོད་པར་བྱ།། སླར་ཡང་སུམ་ཅུ་རྩ་དྲུག་གི། གསལ་བྱེད་དབྱེ་བས་བརྒྱད་པའོ།། དཀའ་ཐུབ་ཅན་གྱི་བགྲང་ཕྲེང་གིས།། འདི་ལྟར་རྣམ་པ་བརྒྱད་དུ་བཤད།། ཤེལ་གྱིས་བཅོ་བརྒྱད་རྣམས་ཀྱིས་གཅིག། བརྟུལ་ཞུགས་ཅན་གྱིས་ཞི་བ་བྱེད།། ་མུ་ཏིག་སུམ་ཅུ་དྲུག་དབྱངས་སུ།། བརྗོད་པས་མི་རྣམས་རྒྱས་པའོ།། ཉི་ཤུ་རྩ་བདུན་རྒྱུ་སྐར་གྱི།། མོ་སོས་གསོད་ལ་བཤད་པའོ།། དེ་ཡི་ཉིས་འགྱུར་བོང་བུའི་སོས།། སྡང་བར་བྱེད་དང་སྐྲོད་ལའོ།། གསལ་བྱེད་སུམ་ཅུ་དྲུག་དག་པས།། དབང་དུ ་བྱས་སོགས་བོ་དྷི་ཙེསོ།། དབྱུང་དང་གསལ་བྱེད་ཡོངས་བསྲེས་པ།། བཞི་ལྷག་པ་ཡཾ་ལྔ་བཅུ་ཡིས།། པདྨ་ཞེས་པའམ་ཡང་ན་ནི།། ཙན་ད་ནི་ས་བོན་གྱིས་དགུག་པའོ།། རྒྱུ་སྐར་ཕྱེད་ཀྱིས་རྐང་པ་ཡིས།། རྨོད་པར་བྱེད་ལ་ལུང་ཐང་བཤད།། ་དབྱངས་དང་གསལ་བྱེད་རྐང་པས་དག། རེངས་ལ་རུ་ད་ཀཱ་རུ་བཤང་།། དེ་ལྟར་དག་པའི་ལས་ལ་ནི།། དག་པ་རྣམ་པ་བརྒྱད་དུ་བཤད།། འདྲེས་པ་རྣམས་པ་སྣ་ཚོགས་པའི།། ས་བོན་ནམ་འདིར་ནོར་བུས་བྱས།། ཁམས་ཀྱི་ཁ་དོག་དབྱེ་བ་ཡིས།། ། ་ཇི་ལྟར་རྙེད་པ་དེ་བཞིན་བྱོས།། དེ་ནས་འདི་ལས་རྣལ་འབྱོར་པའི།། གང་གི་མྱུར་དུ་འགྲུབ་བྱེད་འགྱུར།། རིགས་ལས་སྐྱེས་པར་གྱུར་པའི་སྔགས།། སྔགས་ཀྱི་མཚན་ཉིད་བཤད་པར་བྱ།། ཨ་ཀུ་ཧ་ཟླ་མགྲོན་བྱུང་གང་།། དབྱངས་དང་གསལ ་བྱེད་མཚན་ཉིད་རྣམས།། ན་མཁའི་ཁམས་ལས་ཡོང་དག་ཧཱུ~ཾང་།། དེ་རྣམས་ཧཽ་ཡོག་ཤོས་བྱེད་ཀྱིས།། ཨོཾ་ཙུ་ཡོ་ཤ་རྐ་ནི་ལོས་བྱུང་།། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས།། རླུང་གི་ཁམས་ལས་ཡང་དག་བྱུང་།། ་དེ་རྣམས་ཡ་ཡིག་ཤེས་བྱེད་ཀྱིས།། རི་ཊུ་རའ་སྤྱི་བོ་བྱུང་།། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས།། མ་ཡི་ཁམས་ལས་ཡང་དག་བྱུང་།། ང་ཡིག་ཤེས་བྱེད་ཀྱིས་ཡིན་ནོ།། ཨུ་པུ་ཝལྤ་མཆུར་འགྱུར་གང་།། དབྱངས་དང་གསལ་བྱེད ་མཚན་ཉིད་རྣམས།། ཆུ་ཡི་ཁམས་ལས་ཡང་དགེ་བྱུང་།། དེ་རྣམས་ཝ་ཡིག་ཤེས་བྱེད་ཀྱིས།། ལྀ་ཏུ་ལ་ས་སོ་སྐྱེས་གང་།། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས།། ས་ཡི་ཁམས་ལས་ཡང་དག་འབྱུང་།། དེ་རྣམས་ལ་ཡིག་ལས ་ཤེས་བྱེད།། རྗེས་སུ་ང་རི་རྣམས་བཅད་ཀྱང་།། དབྱངས་དང་གསལ་བྱེད་སྤངས་པ་སྟེ།། ཡེ་ཤེས་ཁམས་ལས་ཡང་དག་བྱུང་།། དེ་ལྟར་ཁམས་དྲུག་རིགས་ཅན་ཏེ།། ས་དང་ཆུ་དང་སྲེག་ཟ་རླུང་།། ཁུ་བ་དང་ནི་རྡུལ་གྱི་རིགས།། ཁམས་དྲུག ་ཅན་དུ་འདིར་བཤད་དེ།། སྐྱེས་བུ་གང་ཟག་ཆེན་པོའོ།། གཙོ་བོ་ཨ་སོགས་ཀ་སོགས་བདག། ཕུང་པོ་ཁམས་ཀྱི་སྔགས་བདག་ཉིད།། སོ་སོ་སྡུད་པ་བྱེད་བད་ཀྱི།། སྒྲ་གྲུབ་པ་ཡི་དོན་དུ་བསྟེན།། སྔགས་གྲིབ་པའང་དེ་ཁོ་ན།། ཐམས ་ཅད་མཁྱེན་པའང་དེ་བཞིན་སྔགས།། བྱིས་པ་ཀློག་པའི་རིམ་པས་མིན།། མགྲིན་པ་རྐན་དང་མགྲིན་པ་མཆུ།། འདྲེས་པ་གསལ་བྱེད་དབྱངས་རྣམས་གང་།། གནས་གཉིས་པ་གང་གཞན་པ་རྣམས།། དེ་རྣམས་རང་བཞིན་གཅིག་སྐྱེས ་མིན།། མགྲིན་པ་ལ་སོགས་གནས་གཅིག་ཏུ།། རང་བཞིན་དག་པ་ལས་སྐྱེས་དབྱངས།། སྔགས་རྣམས་རྟག་ཏུ་བརྗོད་བྱས་པ།། དེ་ནི་གནས་ཉིད་བརྗོད་པ་མིན།། ཨ་ཡིག་དབྱངས་དང་ཡང་དག་ལྡན།། གང་ཞིག་རང་གི་གནས་མི་འདོར།། དེ་ནི ་རང་བཞིན་གྱིས་དག་པ།། གསལ་བྱེད་རྣམ་བཅད་ཐིག་ལེ་ཅན།། ཨེ་ཡིག་སོགས་དབྱངས་དང་ལྡན་པ།། གནས་གཉིས་པ་རུ་གང་འཇུག་པ།། རང་བཞིན་དག་པ་སྐྱེས་དེ་མིན།། གསལ་བྱེད་ཉིས་འགྱུར་དུ་འགྱུར་རོ།། དབང་ཆེན་དཀྱིལ ་འཁོར་སེར་པོ་སྟེ།། ལཾ་ཡིག་ཡི་གེ་ལས་བྱུང་བའོ།། ཆུ་ཡི་དཀྱིལ་འཁོར་དཀར་པོ་སྟེ།། ཝི་ཡིག་ཡི་གེ་ལས་བྱུང་བའོ།། མེ་ཡི་དཀྱིལ་འཁོར་དམར་པོ་སྟེ།། རེ་ཕའི་ཡི་གེ་ལས་བྱུང་བའོ།། རླུང་གི་དཀྱིལ་འཁོར་ནག་པོ་སྟེ།། ཡཾ ་ཡིག་ཡི་གེ་ལས་བྱུང་བའོ།། ན་མཁའི་དཀྱིལ་འཁོར་ལྗང་ཁུ་སྟེ།། ཧ་ཡིག་ཡི་གེ་ལས་བྱུང་བའོ།། རྣམ་བཅད་ཐིག་ལཾ་ལས་བྱུང་བ།། ཡེ་ཤེས་ཁ་དོག་ཀུན་ལས་སྐྱེས།། དེ་བཞིན་ཏེ་སྡེ་ལྀ་ཡིག། ཡཾ་གེ་ལས་སྐྱེས་སེར་པོ་སྟེ།། ས་སྡེ ་ལ་སོགས་ཨུ་ཡིགེ་གི། དབྱངས་ལས་བྱུང་བ་དཀར་པོར་བཤང་།། ཊ་སྡེ་ལས་བྱུང་རྀ་ཡིག་གི། དབྱངས་ལས་བྱུང་བ་དམར་པོའོ།། ཙ་སྡེ་ལས་སྐྱེས་ཨི་ཡིག་གི། དབྱངས་ལས་བྱུང་བ་ནག་པོར་བཤད།། ཀཱ་སྡེ་ལས་སྐྱེས་ཨ ་ཡིག་གི། དབྱངས་ལས་བྱུང་བ་ལྗང་ཁུར་བཤད།། དེ་བཞིན་ས་ཡིག་ལས་བྱུང་དང་།། ཨ་ལ་ཡིག་ལས་བྱུང་སེར་པོའོ།། དཀར་པོ་ཝ་ཡིག་ལས་བྱུང་དང་།། ཨོཾ་ཡིག་ཡོན་ཏན་ལས་བྱུང་བའོ།། དམར་པོ་ཥ་ཡིག་ལས་བྱུང་དང་།། ཨ ་ཡིག་ཡོན་ཏན་ལས་བྱུང་བའོ།། ནག་པ་ཤ་ཡིག་ལས་བྱུང་དང་།། ཨེ་ཡིག་ཡོན་ཏན་ལས་བྱུང་བའོ།། ལྗང་ཁུ་རྣ་ཡིག་ལས་བྱུང་དང་།། ཨ་ཡིག་ཡོན་ཏན་ལས་བྱུང་བའོ།། ཨ་ཨི་རྀ་ཨུ་ལྀ་ཞེས་འདི།། དག ་པ་རང་བཞིན་ལས་སྐྱེས་དབྱངས།། ཨ་ཨཻ། ཨར་ཨོ་ཨལ་ཞེས་འདི།། ཡོན་ཏན་རང་བཞིན་གཉིས་ལས་སྐྱེས།། ཧ་ཡ་ར་ཝ་ལ་ཞེས་འདི་།། ཡཎ་དུ་བསྒྱུར་བ་དེ་བཞིན་གཉིས།། ཕལ་པ་གཙོ་བོས་གཉིས་དབུས་སུ།། གཙོ་བོ་དཀྱིལ ་འཁོར་འདྲེན་པའོ།། སླར་ཡང་སྡེ་པ་སོ་སོ་ལའང་།། རང་བཞིན་རྣམ་པ་ལྔ་རུ་བཤད།། ད་ཉ་ཎ་མ་ན་ཞེས་འདི།། སྟོང་པའི་ཁམས་ལས་བྱུང་རྣམསོ།། གྷ་ཛྷ་ཌྷ་བྷ་དྷ་འདི་རྣམས།། རླུང་གི་ཁམས་ལས་ཡང་དག་བྱུང་།། ག་ཛ་ཌ་བ་ད་འདི ་རྣམས།། མེའི་ཁམས་ལས་ཡང་དག་བྱུང་།། ཁ་ཚ་ཐ་ཕ་ཐ་ཞེས་འདི།། ཆུའི་ཁམས་ལས་བྱུང་བ་རྣམས།། ཀ་ཙ་ཊ་པ་ཏ་འདི་རྣམས།། ས་ཡི་ཁམས་ལས་བྱུང་བ་རྣམས།། རིགས་དྲུག་ཡི་གེའི་དབྱེ་བ་ཡིས།། རང་བཞིན་གཙོ་བོས ་དབྱེ་བ་ལས།། ཡི་གེ་སོ་སོའི་དབྱེ་བ་ཡིས།། རིགས་ནི་རྣམ་པ་ལྔ་རུ་འགྱུར།། ཇི་ལྟར་ས་དང་མཇུག་མ་སེར།། དེ་ལྟར་འཇུག་དང་ལུས་དབང་པོ།། ཆུ་དང་ཟླ་བ་ཇི་ལྟར་དཀར།། ཇི་ལྟར་འདུ་ཤེས་ལྕེ་དབང་པོ།། མེ་དང་ཉི་མ་ཇི་ལྟར་དམར།། ་ཚོར་བ་མིག་སྟེ་དེ་དག་ཀྱང་།། རླུང་དང་སྒྲ་གཅན་ཇི་ལྟར་ནག། དེ་ལྟར་འདུ་བྱེད་དང་ནི་སྣའོ།། ཇི་ལྟར་ན་མཁའ་དྷཱུ་བ་ལྗང་།། རྣམ་ཤེས་རྣམ་པ་དེ་ལྟར་རོ།། ཡེ་ཤེས་རི་བྱ་ཇི་ལྟར་སྔོ།། དེ་ལྟར་ཡེ་ཤེས་ཡིད་བཤད་དོ།། དེ་བཞིན་དྲི་དང་ཁ་དོག་དང་།། ་རོ་དང་རེག་བྱ་ཁོ་ན་དང་།། སྒྲ་དང་ཆོས་ཀྱི་དབྱིངས་ཀྱང་ནི།། ཁམས་དྲུག་རིགས་ཏེ་རིམ་པ་ལས།། དེ་བཞིན་བཤང་ལམ་རྐང་པ་དང་།། ལག་པ་དག་གི་དབང་དེ་བཞིན།། བྷ་ག་མཆོག་གི་དབང་པོ་ཡང་།། ས་ལ་སོགས་པའི་རིགས་ལས་བྱུང་།། དེ ་བཞིན་བརྗོད་དང་ལེན་པ་དང་།། འགྲོ་དང་བཤང་བ་འཛག་ཉིད་དང་།། ཁུ་བ་འཕོ་བའི་བྱ་བ་སྟེ།། འདི་རྣམས་ས་སོགས་རིགས་ལས་འབྱུང་།། དེ་ལྟར་ཁམས་དྲུག་རབ་ཏུ་བརྗོད།། ཕུང་པོ་དྲུག་དང་དབང་པོ་དྲུག། ཡུལ་དང་ལས་ཀྱི་དབང་པོ་རྣམས། ་ལས་ཀྱི་དབང་པོའི་བྱ་བ་དྲུག། ཕུང་པོ་དྲུག་དང་ཁམས་དབྱེ་བས།། ཁམས་རྣམས་སུམ་ཅུ་རྩ་དྲུག་རྣམས།། སུམ་ཅུ་བདུན་པ་ཤེས་རབ་སྟེ།། ཆོས་ཀུན་སྟོང་པ་ཉིད་གཅིག་པའོ།། ཁམས་རྣམས་ཕྱི་དང་ལུས་ལ་ཡང་།། ཇི་ལྟར་ལུས་ལ་དེ ་བཞིན་གཞན།། དག་པའི་ས་ཡིས་རེངས་པ་ཡིན།། དག་པའི་ཆུ་ཡིས་ཞི་བའོ།། དག་པའི་མེ་ཡིས་དབང་དུ་བྱེད།། དག་པའི་རླུང་གིས་རྣམ་སྡང་བྱང་།། དག་པའི་སྟོང་པས་འཚེ་བྱེད་པའོ།། དག་པའི་ཡེ་ཤེས་ཀྱིས་གསོད་པའོ།། དག་པའི་ལས་རྣམ ་དྲུག་ཅེས་པའོ།། རྣམ་པར་བསྲེས་པ་གཞན་རྣམས་ཏེ།། ས་དང་ཆུ་ནི་བསྲེས་པ་ཡིས།། ལུས་ཅན་ཀུན་གྱི་རྒྱས་པའོ།། རླུང་དང་མེ་ནི་རྣམ་བསྲེས་པས།། ལུས་ཅན་ཐམས་ཅད་འགུགས་པའོ།། རླུང་དང་ཆུ་ནི་རྣམ་བསྲེས་པས།། མི་རྣམས་ཀྱི་ནི ་བསྐྱོད་པར་འགྱུར།། ས་དང་སྟོང་པ་བསྲེས་པ་ཡིས།། ལུས་ཅན་རྣམས་ཀྱིས་ལྟུང་བར་འགྱུར།། ས་དང་ཡེ་ཤེས་བསྲེས་པ་ཡིས།། ལྷུང་བ་སླར་ཡང་སློང་བར་བྱེད།། ཆུ་དང་མེ་ནི་བསྲེས་པ་ཡིས།། སྐྱེས་པ་བུད་མེད་འཇུ་བར་བྱེད།། ས་དང ་རླུང་དུ་བསྲེས་པ་ཡིས།། རྨོངས་དང་ཕུར་བུས་འདེབས་པར་འགྱུར།། སྟོང་པ་དང་ནི་ཆུ་བསྲེས་པས།། སེམས་ཅན་རྣམས་ནི་བལྟ་བར་འགྱུར།། སྟོང་པ་ཡེ་ཤེས་བསྲེས་པ་ཡིས།། ཕྱིར་ཡང་འཚོ་བ་ཉིད་ཡིན་ནོ།། མེ་དང་ས་ནི་བསྲོས ་པ་ཡིས།། ལུས་ཅན་ཐམས་ཅད་གདུང་བར་བྱེད།། མེ་དང་སྟོང་པ་བསྲེས་པ་ཡིས།། ལུས་ཅན་རྣམས་ལ་རིམསུ་འགྱུར།། མེ་དང་ཡེ་ཤེས་བསྲེས་པ་ཡིས།། ལུས་ཅན་རྣམས་ལ་འཁྲུག་པར་འགྱུར།། རླུང་དང་སྟོང་པ་བསྲེས་པ་ཡིས།། སྣ་ཚོགས ་ངེས་པར་སྐྲོད་པར་བྱེད།། རླུང་དང་ཡེ་ཤེས་བསྲེས་པ་ཡིས།། སྐད་ཅིག་གིས་ནི་ཁམས་གསུམ་འཆིང་།། སྟོང་པ་ཡེ་ཤེས་བསྲེས་པ་ཡིས།། ལུས་ཅན་ཐམས་ཅད་བསྐྱོད་པའོ།། ཡེ་ཤེས་གཅིག་པུས་ལས་རྣམས་ཀུན།། ཡེ་ཤེས་སྨྲ་བ་རྣམས་ཀྱིས་བྱེད།། ་བཟླས་པ་མི་ཡིན་བགྲང་ཕྲེང་མིན།། སྦྱིན་སྲེག་སྔགས་དང་མཆོད་པས་མིན།། ལས་རྣམས་ཐམས་ཅད་རྣལ་འབྱོར་པས།། བསམ་གཏན་ཙམ་གྱིས་འགྲུབ་པར་བྱེད།། འདི་ལྟར་སྔགས་གང་རིགས་གསུམ་དང་།། བཞི་དང་ལྔ་ཡི་རིགས་རྣམས་ཀྱང་།། ཁམས ་རྣམས་ཀྱིས་ནི་རང་བཞིན་ལས།། ཚོགས་མཐའ་ཡས་ལས་རྣམས་བྱེད།། ཅེས་པ་དེ་ལྟར་རིག་དྲུག་སྔགས།། དག་པ་དང་ནི་ཕན་ཚུན་བསྲེས།། དེ་རྣམས་གྲངས་མེད་སེམས་དཔའ་ཆེ།། ལྷ་ཡི་དངོས་གྲུབ་སྒྲུབ་པ་ལ།། ཁམས་ལྔ་ཡི་ནི་རང་བཞིན ་ལས།། སྔགས་རྣམས་མཚན་ཉིད་བརྗོད་པར་བྱ།། དགྲ་དང་བཤེས་དང་བཏང་སྙོམས་ལ།། སེམས་ཅན་དོན་ཕྱིར་བརྗོད་པར་བྱ།། ཨཾ་ཀུ་ཧརྷ་མགྲིན་བྱུང་གང་།། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས།། སྟོང་པ་རླུང་སོགས་སྔགས་རྣམས་ཀྱིས།། ་གྲོགས་པོ་ཉིད་ཀྱིས་རྟག་དུ་གནས།། ཨི་ཙུ་ཡ་ཤ་རྐན་བྱུང་རྣམས།། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས།། རླུང་གི་ཁམས་ལས་ཡང་དག་བྱུང་།། ཆུ་ལས་སྐྱེས་པ་རྣམས་ཀྱི་དགྲ། རྀ་ཊུ་ར་ཥ་སྤྱི་བོ་སྐྱེས།། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས།། མེ ་ཡི་ཁམས་ལས་ཡང་དག་བྱུང་།། ས་ལས་སྐྱེས་པ་རྣམས་ཀྱི་སྒྲ།། ཨུ་པུ་ཝ་ལྦ་མཆུ་སྐྱེས་གང་།། དབྱངས་དང་གསལ་བྱེད་མཚན་ཉིད་རྣམས།། ཆུ་ཡི་ཁམས་ལས་ཡང་དག་བྱུང་།། མེ་ལས་སྐྱེས་པ་རྣམས་ཀྱི་དགྲ། ལྀ་ཏུ་ལ་ས་སོ་སྐྱེས་གང་།། དབྱས ་དང་གསལ་བྱེད་མཚན་ཉིད་རྣམས།། ས་ཡི་ཁམས་ལས་ཡང་དག་བྱུང་།། རླུང་ལས་སྐྱེས་པ་རྣམས་ཀྱི་དགྲ། རྟག་ཏུ་སྟོང་པ་རླུང་གི་གྲོགས།། ཐ་མལ་པ་ཆུ་ནུས་མེད་ཕྱིར།། མེ་ཡི་གྲོགས་པོ་རྟག་ཏུ་རླུང་།། ས་ནི་བཏང་སྙོམས་ནུས་མེད་ཕྱིར།། ་ཆུ་ཡི་གྲོགས་པོ་ས་ཡིན་ཏེ།། ཐ་མལ་པ་ནི་མེ་ཉིད་དོ།། ས་ཡི་གྲོགས་པོ་ཆུ་ཡིན་ཏེ།། མེ་ཉིད་ཀྱང་ནི་བཏང་སྙོམས་པའོ།། ཨོཾ་གྱི་ཡི་གེ་སྤངས་ནས་ནི།། སྔགས་ཀྱི་ཡི་གེ་དང་པོ་རིགས།། དེ་ཉིད་སྔགས་ཀྱི་ཐུགས་ཡིན་ཏེ།། གཟུག་ནི་རྫོགས་པའི ་རྒྱུ་ཡིན་ནོ།། གང་ཚེ་སྔགས་ཀྱི་དང་པོ་ཡི།། ཡི་གེ་གསལ་བྱེད་གཞན་བརྩེགས་ནས།། དེ་དག་ལས་དྭེར་དང་པོ་བཟུང་།། དང་པོར་བརྗོད་པའི་རྒྱུ་ཡི་ཕྱིར།། དབྱིངས་དང་གསལ་བྱེད་དབྱེ་བ་ཡིས།། དེ་ཉིད་རྣམས་ལ་གཉིསུ་འགྱུར།། སྲོག་གི་དགྲ་དང ་གྲོགས་པ་དང་།། ལུས་ཀྱི་ཡང་ནི་བརྗོད་པར་བྱ།། སྲོག་གི་དགྲ་དང་གྲོགས་པོ་འམ།། ཐ་མལ་པ་ནི་དབྱངས་རྣམས་བཤད།། ལུས་ཀྱི་དགྲ་དང་གྲོགས་པོ་དང་།། བཏང་སྙོམས་པ་རྣམས་གསལ་བྱེད་བཤད།། དབྱངས་ཀྱི་དག་ལས་སྒྲུབ་པ་པའོ།། ་སྲོག་འཕྲོག་བྱེད་དེ་ཐེ་ཚོམ་མེད།། ལུས་ཀྱི་དགྲ་བོ་གསལ་བྱེད་ཀྱི།། མཚན་ཉིད་ཅན་གྱིས་ནད་སོགས་བྱེད།། སྡེ་པ་གཅིག་ལང་ཀ་ལ་སོགས།། གསལ་བྱེད་ཆོས་ལྡན་ལྔ་རྣམས་གང་།། དེ་རྣམས་ས་ལ་སོགས་པའི་རིགས།། ་སྔགས་བསྒྲུབ་པ་ལ་ཤེས་པར་བྱ།། ད་ཉ་ཎ་ན་མ་འདི་རྣམས།། གཞན་རྣམས་གྲོགས་པོ་ཉིད་དུ་གནས།། གྷ་ཛྷ་ཌྷ་བྷ་དྷ་འདི་རྣམས།། ཆུ་ལས་སྐྱེས་པ་རྣམས་ཀྱི་སྒྲ།། ག་ཛ་ཌ་བ་ད་འདི་རྣམས།། ས་ལས་སྐྱེས་པ་རྣམས་ཀྱི་སྒྲ།། ཁ་ཚཐ་ཕ་ཐ་ཞེས ་འདི།། མོ་ལས་སྐྱེས་པ་རྣམས་ཀྱི་ངག། ཀ་ཙ་ཊ་པ་ཏ་ཞེས་འདི།། རླུང་ལས་སྐྱེས་པ་རྣམས་ཀྱི་དག། དེ་ལྟར་ཕན་ཚུན་གྲོགས་པོ་དང་།། ཐ་མལ་སྔ་མ་བཞིན་ཤེས་བྱ།། སྔགས་ཀྱི་དབང་པོ་ཡི་གེ་གནས།། རང་གི་སྡེ་པའམ་གཞན་རྣམས་ལའང་།། ་སྒྲུབ་པ་པོ་ཡི་ཡི་གེ་གཉིས།། སྐྱེ་ལས་སྐྱེས་དང་མིང་སྐྱེས་འགྱུར།། དེ་ཡང་རྣམ་གཉིས་ཡོངས་ཤེས་བྱ།། དབྱངས་དང་གསལ་བྱེད་མཚན་ཉིད་དོ།། སྐྱེ་བའི་དུས་སུའང་དུས་སྦྱོར་གང་།། དབྱུ་གུ་ལྔ་ཡི་བདག་ཉིད་གྱུར།། སྐྱེས་པའམ་མེ ་ཡི་ཆུ་སྲིན་སོགས།། དེ་ཡི་གསལ་བྱོ་ད་སྦྱང་བར་བྱ།། ནུ་སྲིན་ལ་ནི་ཀ་སོགས་ལྔ།། དབྱུ་གུའི་དབྱེ་བས་སྦྱང་བར་བྱ།། བུམ་པཽ་ལ་ཡང་ང་སོགས་ལཱྀ།། སྟོང་པ་སོགས་རི་མོ་དབྱེ་བ་ལས།། ཉ་ལའང་ཙ་ལ་སོགས་རྣམས་ལྔ།། ལུག་ལ་འང ་ཉ་སོགས་རིམ་པ་བཞིན།། གླང་ལ་འདོ་ཊ་སོགས་ལྔ་རྣམས་སོ།། འཁྲིག་ལ་ཎ་སོགས་དེ་བཞིན་ནོ།། ཕེཾ་སོགསཽ་ཀར་ཀ་ཊོ་སྦྱོར་ལ།། མ་སོགས་སེང་གེའི་དུས་སྦྱོར་ལའོ།། བུ་མོ་ལ་ནི་ཏ་སོགས་ལྔ།། སྲང་ལ་དེ་བཞིན་ན་སོགས་རྣམས།། སྡིག་པ་ལ ་ནིས་སོགས་ལྔ།། གཞུ་ལ་\ུ0f88\ུ0f90་ལ་སོགས་རྣམས་བཤད།། སྡུད་དང་སྤྲོ་བའི་དབྱེ་བ་ཡིས།། ཡི་གེ་དྲུག་ཅུ་ཉིན་མཚན་ལའོ།། གཡས་དང་གཡོན་པའི་རྒྱུ་བ་ལ།། དཀྱིལ་འཁོར་ལྔ་པོ་འབབ་པ་རྣམས།། དུས་དྲུག་གིས་ནི་རབ་དབྱེ་བས།། ཕྱི་རོལ་དེ ་བཞིན་དེ་ལུས་ལའོ།། དབྱངས་རྣམས་ཟླ་བའི་ཆ་དབུས་སུ།། སུམ་ཅུའི་དབྱེ་བས་རྣམ་སྦྱང་བྱ།། ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ།། གནམ་སྟེང་མཐར་ཐུག་སུམ་ཅུའི་ལྷ།། ཨ་ཨི་རྀ་ཨུ་ལྀ་ཤེས་འདི།། ཚེས་གི་ཅོག་ལ་སོགས་རིམ ་ཇི་བཞིན།། ཨ་ཨེ་ཨར་ཨོ་ཨལ་ཞེས་འདི།། དྲུག་པ་ལ་སོགས་ཡོངས་སུ་གྲགས།། ཧ་ཡ་ར་ཝ་ལ་ཞེས་འདི།། བཅུ་གཅིག་པ་སོགས་རྣམསུ་བཤད།། ལ་སོགས་ལྔ་རྣམས་རིམ་ཟློག་པས།། ནག་པོའི་ཚེས་གཅིག་སོགས་རྣམསོ།། ཨ་ཡིག། ་ལ་སོགས་ལྔ་རྣམས་ནི།། ནག་པོའི་ཕྱོགས་ཀྱིས་དྲུག་པ་སོགས།། ལི་ཡིག་ལོ་སོགས་ལྔ་རྣམས་གང་།། དབྱངས་རྣམས་བཅུ་གཅིག་པ་ལ་སོགས།། གང་བའི་མཐར་ནི་ཐིག་ལེར་བརྗོད།། གནམ་སྟོང་མཐར་ནི་རྣམ་བཅད་དོ།། དེ་རྣམས་ཡུད ་ཙམ་རབ་དབྱེ་བས།། ཟླ་བ་སོ་སོའི་ཆ་རུ་བཤད།། ཆ་གོང་ལ་ནི་འཆར་བའི་དབྱངས།། གང་ཡིན་གཙོ་བོར་འགྲོ་བ་ཡིན།། གསལ་བྱེད་ཆོས་ཅན་ལྔ་རྣམས་གང་།། དེ་རྣམས་ས་ལ་སོགས་པའི་རིགས།། ཡུད་ཙམ་དང་པོ་ལ་དབྱངས་དེ།། དེ་ཡི་སྐྱེས ་པའི་དབྱངས་སུ་འགྱུར།། དེ་ཡི་གཉིས་པ་གཉིས་པ་ཡི།། དེ་ལྟར་ཐམས་ཅད་རིམ་བཞིན་དུ།། ཡུད་ཙམ་སུམ་ཅུའི་དབྱེ་བ་ཡིས།། སྐྱེས་པའི་དབྱངས་སུ་བརྗོད་པར་བྱ།། སྔགས་ཀྱིས་ཐོག་མའི་སྒྲ་ཡིས་ནི།། ངེས་པར་དབྱངས་དང་གསལ་བྱེད ་གྱིས།། སྒྲུབ་པ་པོ་རྣམས་སྲོག་ཟང་དང་།། ནད་ཆེན་བྱེད་པར་ཐེ་ཚོམ་མེད།། སྐྱེ་བའི་དབྱངས་ནི་མི་ཤེས་དང་།། གསལ་བྱེད་རྟོག་པ་མེད་པ་ན།། མིང་གི་དང་པོའི་དབྱངས་བཟུང་བྱ།། གསལ་བྱེད་གཉིས་ཀྱི་དང་པོའོ།། སྔགས་ཀྱི་དང་པོའི ་གསལ་བྱེད་དམ།། དབྱངས་རྣམས་བསྒྲུབ་པའི་ཆེད་དུ་ཡང་།། བསྙེན་པ་བཟླས་པར་བྱེད་པ་ལ།། འདིར་ནི་ལས་རྣམས་དྲུག་ཏུ་གསུངས།། དང་པོ་བརྡེག་པར་བྱ་བ་སྟེ།། དེ་བཞིན་དབབ་དང་བསྲེག་པ་དང་།། དེ་ནས་སྔགས་ལས་ལྟེ་བ་དང་།། དེ ་ནས་རྒྱས་དང་མཉེས་པོའོ།། རྣམ་བཅད་བྱས་པའི་སྟོང་པ་ཡི།། སྔགས་ཀྱི་མངོན་ལ་མནན་པ་འདི།། མཚོན་གྱིས་རྒྱལ་པོས་བསྣུན་པ་སྟེ།། རྒྱལ་བའི་གནས་སྐབས་ཐོབ་པར་འགྱུར།། སྔགས་ཀྱི་བཟླས་པ་འབུམ་གྱིས་ནི།། སྔགས་ཀྱི ་ལྷ་ནི་རྒྱལ་གྱུར་པ།། ང་རྒྱས་ཡོངས་སུ་བཏང་བ་ཡིན།། སྒྲུབ་བློ་ཡི་དབང་དུ་འགྱུར།། དེ་བཞིན་རླུང་གི་མནན་པ་སྟེ།། རྣལ་འབྱོར་པ་ལ་འབབ་པར་འགྱུར།། མེ་ཡི་མནན་པས་སྲེག་པར་བྱེད།། དེ་ནས་ཆུ་ཡིས་ལྟ་བར་བྱེད།། ས་ནི་སྤྱི ་བོར་གནས་པ་ནི།། བཟླས་པས་ལྷ་ནི་རྒྱས་པའོ།། མགོ་བོར་ཐིག་ལེ་ཆས་མནན་པ།། མཉེས་པར་གྱུར་པ་མཆོག་སྟེར་འགྱུར།། དེ་ལྟར་དྲུག་འབུམ་བཟླས་པ་ཡིས།། སྔོན་དུ་བསྙེན་པར་གསུངས་པ་སྟེ།། རྩ་རྒྱུད་ཀུན་ཏུ་བདེ་གཤེ་གས ་ཀྱིས།། འདོད་པའི་དངོས་གྲུབ་ཆེང་དུའོ།། ཕཊ་ཡིག་དེ་བཞིན་ཧཱུཾ་བོ་ཕཊ།། ཎ་མཿསྭཱ་ཧཱ་ཝཥཊ་རྣམས།། ལས་དྲུག་ལས་ནི་གྲངས་བཞིན་དུ།། སྔགས་མཐར་བརྟུལ་ཞུགས་ཅན་གྱི་བྱ།། དང་པོར་རྣམ་སྣང་མཛད་སྦྱིན་ནས།། སླར་ཡང ་བཟླས་པ་བརྩམ་པར་བྱ།། དེ་ནས་དབྱེ་བ་བཟླས་བྱ་སྟེ།། བཅུ་ཡི་ཆ་ཡི་སྦྱིན་སྲེག་བྱ།། རྒྱུད་གསུངས་ཆོ་ག་ཐམས་ཅད་བྱ།། དེ་ནས་ལྷ་ནི་འགྲུབ་འགྱུར་ཏེ།། གྲུབ་པ་དེ་ཡིས་སྔགས་པ་ལ།། མཆོག་སྟེར་གང་ཞིག་དོན་གཉེར་བའོ།། རིགས་གཞན་དང་ནི་བྱ་བ ་གཞན།། དུས་དང་དེ་བཞིན་སྔགས་ཀྱི་རིགས།། གནས་དང་ཕྱོགས་དང་རྟེན་གཞན་གྱི།། ལས་རྣམས་ཀུན་ལ་འབྲས་བུ་མེད།། གླེགས་བམ་ལས་ནི་བཀླགས་པའི་སྔགས།། མན་ངག་རྣམ་པར་སྤངས་རྣམས་ཀྱིས།། སྒྲུབ་པ་རབ་ཏུ་བྱེད་པའི་མི།། དེ ་རྣམས་ས་ལ་ཉོན་མོངསོ།། གལ་ཏེ་གླེགས་བམ་ལས་རྙེད་ནོ།། ཡང་དག་བླངས་པ་དེས་ཅི་བྱ།། ཇི་ལྟར་བྲིས་པ་བཀླགས་པ་ཡིས།། དྲང་པོའི་དོན་གྱིས་རབ་གསལ་བྱས།། སྔགས་ཀྱི་དམ་པའི་དངོས་སྤངས་རྣམས།། གླེགས་བམ་ལས་བཀླགས་སྔགས ་རྣམས་ཀྱིས།། ལྷ་ལ་སོགས་རྣམས་སྒྲུབ་པ་པོ།། ནམ་མཁའ་ཟ་བར་འདོད་པར་བྱེད།། རང་སེམས་བརྟན་པའི་བརྩོན་འགྲུས་སམ།། སྔགས་ཀྱི་བཟླས་པ་སྒྲུབ་པ་པོ།། གཞན་དོན་གཉེར་བ་རྣམས་ཀྱི་ནི།། འདོད་པས་འཇིག་རྟེན་དངོས་གྲུབ་འགྱུར།། ་སྔགས་བཟླས་དེ་བཞིན་སྦྱིན་སྲེག་དང་།། གནས་དང་མཆོད་པའི་ཆོ་ག་རིམ་གྱིས།། བྱ་བ་ཉམས་ན་མི་འགྲུབ་སྟེ།། ཚོགས་འདི་ཡང་དག་དེ་བཞིན་ནོ།། སྟོན་པ་བྱང་ཆུབ་སེམས་དཔའ་དང་།། ལྷ་ཡིས་བསྟན་པའི་ངོ་རུ་ནི།། དེ་ཕྱིར་ཐམས་ཅད ་འབད་པ་ཡས།། དེ་ཉིད་ད་མཁས་པས་བཟུང་བར་བྱ།། ཞེས་པ་ལ་སོགས་པས་རྩ་བོའི་རྒྱུད་དུ་ཐབས་གཞན་གྱིས་སྔགས་བསྒྲུབ་པ་གསུངས་ཏེ།། རེངས་པ་ལ་སོགས་པའི་ལས་སྒྲུབ་པའི་དོན་དུའོ།། ཉུང་ངུའི་རྒྱུད་འདིར་ནི་དགོངས་པའི་སྐད ་གཞན་གྱིས་དོན་རྟོགས་པ་སྟེ།། ང་ཁ་ན་བརྗོད་པར་བྱའོ།། ཨོཾ་ཧཱུཾ་སྭཱ་ཧཱ་རེངས་པར་བྱེད་པའོ་ཞེས་པ་ཧཱུཾ་ཡིག་གིས་རྡོ་རྗེའི་ས་གཞི་བསྒྲུབ་པར་བྱ་ཞིང་ངེས་རེངས་པ་བསྒྲུབ་པར་བྱའོ།། ཨོཾ་ཨཾ་སྭཱཧཱ་དབང་དུ་བྱ་བའོ་ཞེས་པ་ཨཾ་ཡིག་གིས ་མེའི་ཁམས་བསྒྲུབ་པར་བྱ་ཞིང་དེས་དབང་དུ་བྱ་བའོ།། ཨ་ཁཾ་སྭཱ་ཧཱ་སྐྲོད་པོར་བྱེད་པའོ་ཞེས་པ་ཁཾ་ཡིག་གིས་རླུང་གི་ཁམས་བསྒྲུབ་པར་བྱ་ཞིང་དེས་བསྐྱོད་པར་བྱའོ།། ཨོཾ་ཛྲིཾ་སྭཱ་ཧཱ་སྡོང་བར་བྱེད་པའོ་ཞེས་པ་ཛཱཾ་ཡིག་གི་ཡི་གེས་མེ་དང་རླུང་འདྲེས་པའི ་ཁམས་དག་པ་སྒྲུབ་པར་བྱ་ཞིང་དེ་དག་གིས་སྡང་བ་བྱེད་པར་བྱའོ།། ཨོཾ་བུཾ་སྭཱ་ཧཱ་མངོན་སྤྱོད་དོ་ཞེས་པ་བུ་ཡིག་གིས་མེ་དང་ཆུ་དག་བསྒྲུབ་པར་བྱི་ཞིང་དེ་དག་གི་མངོན་སྤྱོད་བྱའོ།། ཨོཾ་ཧཱུ~ཾ་སྭཱ་ཧཱ་འགུག་པར་བྱེད་པའོ་ཞེས་པ་ཧཱུཾ་ཡིག་གིས་རླུང་དང་མེ་དང ་ནམཁའི་ཁམས་རྣམས་བསྒྲུབ་པར་བྱ་ཞིང་དེ་རྣམས་ཀྱིས་དགུག་པར་བྱའོ།། ཨོཾ་གྷུ་སྭཱ་ཧཱ། གསོད་པར་བྱེད་པའོ་ཞེས་པ་དྷུཿཡིག་གིས་རླུང་དང་ཆུ་དག་བསྒྲུབ་པར་བྱ་ཞིང་དེ་དག་གིས་གསོད་པར་བྱའོ།། འདི་ནི་དགོངས་པས་བཤད་པའོ།། དབང་པོ ་རྣམས་ཀྱིས་མངོན་སུམ་གང་།། སེམས་ཀྱིས་བརྟགས་པ་མངོན་སུམ་སྟེ།། བསྐྱེད་པའི་རིམ་པའི་ཡེ་ཤེས་དེ།། སངས་རྒྱས་བྱེད་པའི་སྔོན་སུམ་མིན།། རྣལ་འབྱོར་པ་ཡི་མངོན་སུམ་གང་།། རང་རིག་བྱེད་པ་གང་ཡིན་པ།། རྫོགས་པའི་རིམ་པའི་ཡེ་ཤྲེ ་ནི།། སངས་རྒྱས་བྱ་བ་བྱེད་པའི་མཆོག། དེ་ཉིད་ཐ་དད་རྣམ་པ་ལྔ།། ཐོག་མ་དང་ཐ་མར་ནི།། ཆོས་བསྡུད་པ་ལ་སྐྱོབ་པ་ཡིས།། སྤྱན་ལྔ་རྣམས་ནི་གསུངས་པ་ཡིན།། ཤ་ཡི་མིག་དང་དེ་ནས་ལྷའི།། དེ་ནས་སངས་རྒྱས་སྤྱན་དུ་འགྱུར།། ཤེས་རབ ་སྤྱན་དང་དེ་ནས་སླར།། ཡེ་ཤེས་སྤྱན་ནི་ལྔ་པའོ།། ལས་དང་པོ་ཡི་རྣལ་འབྱོར་པའི།། དང་པོ་ཤ་ཡི་སྤྱན་དུ་འགྱུར།། དེ་ནས་དེ་ཡི་ལྷ་ཡི་སྤྱན།། ལྷ་ཡི་ཇི་ལྟ་དེ་ལྟ་བའོ།། དེ་ལ་སངས་རྒྱས་སྤྱན་དུ་འགྱུར།། ཉན་ཐོས་ཇི་ལྟ་དེ་ལྟ་བའོ།། དེ་ནས་ཤེས ་རོབ་མིག་ཇི་ལྟར།། བྱང་ཆུབ་སེམས་དཔའི་དེ་ལྟ་བའོ།། དེ་ནས་ཡེ་ཤེས་རང་བཞིན་སྤྱན།། བདེ་གཤེགས་རྣམས་ཇི་ལྟ་བའོ།། ཡེ་ཤེས་རྣམ་པ་བཞི་ཡི་སྤྱན།། གང་ལ་ཡོད་པ་དེས་ན་དེའོ།། ཡེ་ཤེས་རྣམ་ཤེས་དབྱེ་བ་ཡིས།། དངོས་པོ་གཉིསུ ་རབ་བསྟན་ཏེ།། སྐྱོབ་པ་རྣམས་ལ་ཡེ་ཤེས་སྤྱན།། དེ་ནས་ཡེ་ཤེས་ཅན་དུ་བརྗོད།། སངས་རྒྱས་ཐོག་མ་ཐ་མ་མེད།། དང་པོའི་སངས་རྒྱས་གཉིས་རྟོགས་མེད།། ཡེ་ཤེས་མིག་ཅིག་དྲི་མ་མེད།། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས།། དེ་ལྟར ་འཇིག་རྟེན་པའི་ཀུན་རྗོད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་འདི་ཐོབ་ནས་འདི་འབྱུང་སྟེ། ཡུང་བ་དང་རྡོ་ཐལ་གྱི་སྦྱོར་བ་ལས་དམར་བ་ཉིད་བཞིན་དུ་ལས་ཐམས་ཅད་བསྒྲུབ་པ་ལ་རིག་པར་བྱའོ།། རྣལ་འབྱོར་པ་རྣམས་ཀྱིས་སངས ་རྒྱསོ་ཞེས་པའི་ང་རྒྱལ་གྱིས་ནི་མ་ཡིན་ནོ།། ཞེས་པ་ལས་བསྒྲུབ་པའི་ངེས་པའོ།། ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་དྲུག་སྟོང་པར་སྔགས་ཀྱི་རིགས་ཀྱི་ལེའུར་ལས་རབ་འབྱམ་སྒྲུབ་པའི་ཡོངསུ་བཅད་པ་སྟེ་དྲུག་པོའོ།། ། ཀྱེའི་རྡོ་རྗེའི ་ཧཱུཾ་ལ་བཏུད་ནས།། སྣ་ཚོགས་སྒྲུབ་པ་བཤད་པར་བྱ།། སེམས་ཅན་རྣམས་ལ་རྗེས་བརྩེ་བས། ས་ལ་ཆར་པ་དབབ་ཆད་དུའོ།། ཨ་ཕུཿའི་ཡི་གེ་གཉིས་ཀྱིས་མཐའ་ཡས་ཀྱི་གཟུགས་བརྙན་བྱས་ལ་ཞེས་པ་འདིར་མཐའ་ཡས་ཀྱི་གཟུགས ་བརྙན། དྲི་ཞིམ་པོའི་ཙན་དན་ལས་བྱུང་བ་བྱས་ཏེ། ལྟེ་བ་ཡན་ཆད་སྐྱེས་བུའི་ཆ་བྱད་ཅན་འོག་སྦྲུལ་གྱི་མཇུག་མའི་རྣམ་པ་ཅན་ལག་པ་བཞི་པ་གཡོན་དུ་བདུད་རྩིའི་ཐོད་པ་དང་། པདྨའི་ལག་པ་ཅན། གཡས་པར་བདུད་རྩིའི ་འབྲས་བུ་དང་རིན་པོ་ཆེའི་ལག་པ་ཅན།། མགོའི་སྟེང་དུ་གདེངས་ཀཽ་བདུན་པ་ཅན་ཁོར་ཡུག་གི་རྣམ་པ་ཅན་བྱ་སྟེ། དེ་དང་འདྲ་བར་དེའི་གཡོན་དུ་ཀླུའི་རྒྱལ་མོ་ཨཾ་ཡིག་གིསོ་ཞེས་པའོ།། དེ་བདུད་རྩི་ལྔ་ཡིས་བཀྲུ་བར་བྱ་སྟེ། འོ་མ་དང་། ཞོ ་དང་། སྦྲང་རྩི་དང་། མར་དང་། ཀ་ར་རྣམས་བདུད་རྩི་ལྔ་སྟེ། དེས་བཀྲུ་བར་བྱའོ།། དེ་ནས་ཨུཏྤ་ལ་སྔོན་པོས་མཆོད་པར་བྱའོ།། ཀླུ་འདུལ་བའི་ཁུ་བས་ལུས་ལ་བྱུག་པར་བྱ་སྟེ། གླང་པོ་ཆེའི་ཆང་གིས་མགོ་བོ་བྱུག་ལ།། ཁམ་ཕོར་གཉིས ་ཁ་སྦྱོར་དུ་བྱས་ནས་པ་ནག་མོའི་འོ་མས་དགང་སྟེ།། སོར་མོ་བཞིས་དཔྲལ་བཾ་དང་། སྣ་དང་ཨོཾ་སྐེའི་མཐར་ཐུག་པ་དང་།། ཕྱེད་དང་བཅས་པའི་སོར་བཅུ་གཉིས་པའི་ཚད་ཙན་གཞག་པར་བྱའོ།། གཞོ་ནུ་མ་ནག་མོས་བཀལ་བ་རམས ་ཀྱིས་བཙོས་པའི་སྐུད་པས་ཕྱོགས་བརྒྱད་རྣམསུ་དཀྲི་བར་བྱའོ།། དེ་ནས་རྫིང་བུའི་འགྲམི་དུ་རླུང་གི་ཕྱོགསུ་དཀྱིལ་འཁོར་བྱ་སྟེ། རྫིང་བུའི་དབུས་སུ་ཀླུའི་རྒྱལ་པོ་མཐའ་ཡས་དེར་བཞག་པར་བྱའོ།། རྡུལ་མེཚོན་གྱི་དཀྱིལ་འཁོར་དུ་ནི་མཐའ ་ཡས་མནན་པའི་ཀྱེའི་རྡོ་རྗེ་རྡུལ་ཚོན་གྱིས་བྲི་བར་བྱའོ།། འདིར་དཀྱིལ་འཁོར་དུ་ཚོན་གདབ་པ་བརྗོད་པར་བྱ་སྟེ། དུ་ཁྲོད་ཀྱི་སོལ་བས་རྡུལ་ཆེན་ནག་པོའོ།། མིའི་རུས་པའི་ཕྱེ་མས་དཀར་པོ་དང་། བཻ་བླས་སེར་པོ་དང་། དུར་ཁྲོད་ཀྱི་སོ་ཕག་གིས ་དམར་པོ་དང་། རྐུན་མོའི་ལོ་མ་མིའི་རུས་པ་ཅུང་ཟད་བསྲེགས་པས་ལྗང་ཁུ་སྟེ། རྡུལ་ཆེན་ལྔ་པོ་འདི་རྣམས་ཀྱིས་དཀྱིལ་འཁོར་བཞེངས་ནས་དང་པོར་དུར་ཁྲོད་ཀྱི་སྲད་བུས་ཞེས་པ་རོའི་རྒྱུས་པ་རྣམས་ཀྱིས་བྱས་པའི་སྲད་བུས་ཐིག་བཏབ་ནས་སོར་གསུམ ་ལྷག་པའི་ཁྲུ་གསུམ་པ་སྨིན་མའི་དབུས་ནས་ལྟེ་བའི་མཐར་ཐུག་པའི་ཚང་རྣམས་ཀྱིས་ཏེ་འགྲོ་བ་དང་འོང་བ་རྣམས་ཀྱི་ཞེས་པའོ།། དཀྱིལ་འཁོར་གྱི་ཕྱེད་ཀྱིས་པདྨ་འདབ་མ་བརྒྱད་པ་བྱས་ནས་ཆ་གསུམ་གྱི་ལྟེ་བ་ཆ་གཅིག་ལ་ཉི་མའི་གདན་ནོ།། དེའི ་སྟེང་དུ་མཐའ་ཡས་དང་། མཐའ་ཡས་ཀྱི་རྒྱལ་མོ་སྟེ། ཀྱེའི་རྡོ་རྗེའི་གཡོན་པ་དང་གཡས་པའི་ཞབས་དག་གི་མཐིལ་ལ་རྒྱལ་བ་དང་རྣམ་པར་རྒྱལ་བ་བྲིའོ།། ཀྱེའི་རྡོ་རྗེ་ཞལ་བརྒྱད་པ་ཞབས་བཞི་པ་ཕྱག་བཅུ་དྲུག་གིས་བརྒྱན་པ་བདག་མེད་མས་ཕྲག ་པ་ལ་འཁྲིལ་བ་འཆད་པར་གྱུར་པ་སྤྱན་ཉི་ཤུ་རྩ་བཞིས་ཕྱུག་པའོ།། དེ་ནས་པདྨའི་འདབ་མ་རྣམས་ལ་ཀླུའི་དབང་པོ་བརྒྱད་རྣམས་ཏེ་གདེངས།། ལྔ་དང་ལྷག་མ་མཐའ་ཡས་ཀྱི་གཟུགས་བརྙན་དང་འདྲ་བར་བྲི་བར་བྱའོ།། འདབ་མ་གཡོན་པ་ལ་མཐའ ་ཡས་སོ།། གཡས་པ་ལ་ནོར་རྒྱས་ཀྱི་བུའོ།། ནུབ་དུ་འཛེཇོག་པོའོ་ཤར་དུ་ཀ་རརི་ཀོ་ཊའོ།། མེ་མཚམ་སུ་པདྨོའོ།། རླུང་ཕྱོགསུ་པདྨ་ཆེན་པོའོ།། བདོན་བྲལ་དུ་དུང་སྐྱོང་ངོ་།། དབང་ལྡན་དུ་རིགས་ལྡན་ནོ།། སོ་བོན་འདི་རྣམས་ཀྱི་ལྟེ་དབུས་སུ་ཨ ་ཕུའོ།། གཡས་དང་གཡོན་པ་ལ་སོགས་པའི་འདབ་མ་རྣམས་ལ་ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿའོ།། ཕུཿཡིག་བརྒྱད་པོ་འདི་རྣམས་ཀྱིས་ཀླུ་བརྒྱད་ཡོངས་སུ་རྫོགས་པར་བྱ་སྟེ། ཤར་དང་མེར་ནག་པོའོ།། ལྷོ་དང་བདེན ་བྲལ་དུ་དམར་པོའོ།། ནུབ་དང་རླུང་ཕྱོགསུ་སེར་པོའོ།། བྱང་དང་དབང་ལྡན་དུ་དཀར་པོ་སྟེ།། ཐུགས་དང་གསུང་དང་ཡེ་ཤེས་དང་།། སྐུའི་ཞལ་གྱི་དབྱེ་བས་སོ།། གན་རྒྱལ་དུ་འགྱེལ་པའི་མཇུག་མ་མནན་པར་ཐམས་ཅད་བྲི་བར་བྱའོ།། ་དེ་བཞིན་དུ་ཤར་གྱི་ས་གཞི་ནག་པའོ།། ལྷོ་དམར་པོའོ།། ནུབ་སེར་པོའོ།། བྱང་དཀར་པོ་སྟེ་ཁཱ་ལྔའི་མཐར་ཐུག་པའོ།། དཀྱིལ་འཁོར་གྱི་བརྒྱད་ཆའི་སྒོ་སྟེ་དེ་བཞིན་དུ་འགྲམ་དང་སྒོ་ཁྱུད་རྣམསོ།། སྒོའི་ཕྱེད་ཀྱི་སྟེགས་བུ་དང་དྲ་བའི་ས་གཞིའོ།། ་སྟེགས་བུའི་ཕྱེད་ཀྱིས་རེ་ཁཱ་ལྔ་དང་རིན་པོ་ཆེའི་སྣམ་བུ་དང་། བ་ཤུ་ལི་དང་། ཀྲ་མ་ཤཱིཪྵ་རྣམས།། སྒོའི་སུམ་འགྱུར་རྟ་བབས་ཏེ། མཚམསུ་སྣ་ཚོགས་རྡོ་རྗེའོ།། ཕྱི་རོལ་ཏུ་རྡོ་རྗེའི་ཕྲེང་བ་འབར་བ་དང་བཅས་པའོ།། དེ་ལྟར་དཀྱིལ་འཁོར ་བཞེངས་ནས་དེ་ནས་སྦྱིན་སྲེག་བྱ་སྟེ། ཟླུམ་པོའི་ཐབ་ཏུ་ཞི་བའི་དོན་དུའོ།། དེ་ནས་དཀྱིལ་འཁོར་རབ་གནས་བྱས་ལ། འཆད་པར་འགྱུར་པའི་གཏོར་མ་བྱིན་ཏེ། ཨི་ནཽ་ད། ཛ་མ། ཛལ། ཛ་ཀཱ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་སོ།། ཕྱི ་ནས་སློབ་དཔོན་གྱིས་ནང་གི་ཁྲོ་བོའི་སེམས་ཀྱིས་སྔགས་བཟླས་པར་བྱའོ།། ནང་གི་ཞེས་པ་ཅུང་ཟད་སྤྲོ་བ་དང་བཅས་པའི་སེམས་ཀྱིས་སོ་ཞེས་པའོ།། དེ་ནས་དཀྱིལ་འཁོར་དུ་སྒོ་བསྲུངས་རྣམས་གཞག་ལ་བུམ་པ་བཅུ་དགོད་ཅིང་སྟེང་དུའོ། ་མས་གང་བའི་ཁ་བོར་རྣམས་བཞག་ནས་ཕྱི་རོལ་དུ། ཕྱོགས་བཅུ་རྣམསུ་བ་དན་སྔོན་པོ་རྣམས་བྱིན་ཏེ་དབེན་པའི་གནསུ་སྔགས་འདི་བཟླ་བར་བྱའོ།། ཨོཾ་གྷ་ཊ་གྷ་ཊ། གྷུ་ཊ་གྷུ་ཊྱ། མ་ཤ་མ་ཤ། གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨ་ནནྟ་ཀཱ ་བྷཀ་རཱ་ཡ་ནཱ་གཱ་དྷི་པ་ཏ་ཡེ་ཧེ་ཧེ་རུ་རཱ་ཀྶཾ་སཔྟ་པཱ་ཏཱ་ལ་ག་ཏཱཾ་ནཱ་གཱ་ནཱ་ཀཪྵ་ཡ་བཪྵ་ཡ་གརྫ་ཡ་ཏརྫ་ཡ་ཕུཿཕུ་ཕུཿཕུ་ཕུཿཕུཿཕུཿཕུཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ།། འདི་ལྟ་ན་ཆར་འབབ་པོ།། གལ་ཏེ་ཆར་མི་འབབ་ན་བཟློག་ནས་སྔགས་འདི ་བབཟླས་ཏེ་སྭཱ་ཧཱ། ཊ་ཕཊ་ཕཊ་ཕ་ཧཱུཾ་ཧཱུཾ་ཕུཿཕུཿཔུཿཕུཿཕུཿཕུཿཕུཿཕུཿཡརྠ་ཏ་ཡརྫ་ག་ཡཪྵ་བ་ཡཱཪྵ་ཀ་ཨཱ་ནཱ་ག་ཏཾ་ག་ལ་ཏཱ་པཱཾཔྟ་ས་ཀཽ་རུ་རུ་ཧོ་ཧེ་ཡེ་ཏཾ་པ་དྷི་གཱ་ནཱ་ཡ་རཱ་ཀ་བྷ་ཀྵོནྟ་ནཱ་ཡ་ཊ་གྷོ་ཡ་ཊ་གྷོ་ཊ་གྷ་ཊ་གྷ་ཊ་ས་མ་ས་མ། ཊུ་གྷུ་ཊུ་གྷུ ་ཊ་གྷ་ཊ་གྷ་ཨོཾ་ཞེས་པ་དེ་ལྟར་བཟླས་པར་གྱུར་པ་ན་གལ་སྟེ་ཀླུ་རྣམས་ཆར་མི་འབེབས་ན་དེའི་ཚེ་མགོ་བོ་ཨརྫ་ཀའི་དག་པ་ལྟར་འགས་སོ།། ཨརྫ་ཀ་ཞེས་པ་དབྱུག་པ་དཀར་པོ་ཅན་མལླི་ཀ་ནག་པོ་འདྲ་བ་སྟེ། དེའི་དོག་པ་ཇི་ལྟར་ཉི་མའི་འོད་ཀྱིས ་འགས་པ་དེ་བཞིན་དུ་ཞེས་པ་ངེས་པའོ།། ཆར་པ་འབེབ་སུ་འཇུག་པའི་ཆོ་གའོ།། སྔགས་འདིའི་སྔོན་དུ་བཟླས་པ་འབུམ་ཕྲག་གཅིག་སྟེ། བྱེ་བ་བཟླས་པས་སྔགས་འགྲུབ་ཅིང་། གང་གི་ཚེ་སྦྱིན་སྲེག་འབུམ་ཕྲག་བཅུ་བྱས་ན་དེའི་ཚེ་སྒྲུབ་པ ་པོས་གཏོར་མ་བྱིན་པ་ཙམ་གྱིས་ཀླུ་རྣམས་ཆར་འབེབས་ཏེ། དེ་ལ་དཀྱིལ་འཁོར་གྱི་ཚི་ག་མེད་དོ།། དཀྱིལ་འཁོར་གྱི་ཆོ་ག་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་དང་། སྦྱིན་སྲེག་ཁྲི་ཕྲག་ཅིག་བྱོས་ཏེ་དེའི་ཚེ་ཀླུ་རྣམས་ཆར་འབེབས་ཀྱི་རྣམ་པ ་གཞན་དུ་ནི་མ་ཡིན་ནོ་ཞེས་པ་རྩ་བའི་རྒྱུད་དུ་ངེས་པའོ།། ད་ནི་སྤྲིན་བྲལ་བ་བརྗོད་པར་བྱ་སྟེ། འདིར་གང་གི་ཚེ་ཆར་ཆེས་པར་གྱུར་ན་དེའི་ཚེ་མཐའ་ཡས་དེ་དུར་ཁྲོད་ཀྱི་ཐལ་བས་ཁོ་ཕོར་བཀང་བར་བཞག་པར་བྱ་སྟེ། སྔགས་པས་དུར་ཁྲོད ་གྱིས་རས་ལ་ཉེ་བོར་འདུག་ནས་སྔགས་འདི་བཟླས་པར་བྱའོ།། ཨོཾ་ཨཱརྱ་ཤ་མ་ཤཱ་ན་པྲྀ་ཡཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་པས་དྲལ་བར་བྱའོ།། འདི་ལ་ཡང་སྔ་མ་བཞིན་དུ་བསྙེན་པ་དང་སྦྱིན་སྲེག་དང་བཟླས་པའོ་ཞེས་པ་སྦྱིན ་དྲལ་བའི་ཆོ་གའོ།། ད་ནི་རྡོ་རྗེ་གྲི་གུག་གི་སྒྲུབ་ཐབས་བརྗོད་པར་བྱ་སྟེ་འདིར་གདུལ་དཀའི་སེམས་ཅན་རྣམས་གདུལ་བའི་དོན་དུ་རྡོ་རྗེ་གྲི་གུག་གི་སྔགས་བྱེ་བ་བཟླས་པས་སྒྲུབ་པར་བྱ་ཞིང་སྦྱིན་སྲེག་འབུམ་ཕྲག་བཅུ་ཡིས་ཀྱང་ངོ་།། དེ་ནས་ཐོད་ལོ ་ཀོར་གྱི་སྒྲུབ་པ་བྱ་སྟེ། ཐོད་ལོ་ཀོར་བདུད་རྩི་ལྔ་དང་ལྷན་ཅིག་བཏོགས་ལ་ཀུ་ཐ་རཱ་ཚིནྡྲ་དང་བཅས་པའི་རིལ་བུ་མིག་འབྲས་ཀྱི་ཚད་ཙམ་བྱའོ།། དེ་ནས་ཧེ་རུ་ཀའི་ཁང་པར་སོང་སྟེ། ཧེ་རུ་ཀའི་ཞལ་དུ་བཅུག་ནས་སྔགས་འདི་ཇི་སྲིད་དུ་སྐུ་གཟུགས ་ཀྱི་ཞལ་གྱིས་རིལ་བུ་དེ་སྒྲུབ་པ་པོ་ལ་གཏོད་པའི་བར་དུ་བཟླས་པར་བྱའོ།། ཨོཾ་བཛྲི་ཀརྞྞ་རི་ཧེ་བཛྲཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། དངོས་གྲུབ་ཀྱི་དོན་དུ་འབུམ་བཟླས་པར་བྱ་སྟེ། སྟན་གཅིག་པའོ།། དེ་ནས་འགྲུབ་པར་འགྱུར་རོ།། དེ་བསྒྲུབ་ནས་རིལ་པོའི་མགྲིན ་པལ་དེའི་རི་མོ་བྱའོ།། རི་མོ་བ་རྒྱལ་པོ་འཁོར་དང་བཅས་པའི་མགྲིན་པ་ལ་མཐོང་ན་གལ་ཏེ་རིལ་པའི་མགྲིན་པོ་དེ་བཅད་པ་དེའི་ཚེ་དགྲ་རྣམས་མགོ་བོ་མེད་པར་འགྱུར་རོ།། རྡོ་རྗེ་གྲི་གུག་རྫོགས་སོ།། ། དི་ནི་རྡོ་རྗེ་དགྲ་སྟའི་སྒྲུབ་ཐབས ་བརྗོད་པར་བྱ་སྟེ། འདིར་མུ་སྟེགས་པའི་ལྷ་རྣམས་འགས་པར་འདོད་པས་རྡོ་རྗེ་དགྲ་སྟའི་ཐིག་ལེ་སྒྲུབ་པར་བྱའོ།། འདིར་ཡང་སྔགས་བསྒྲུབ་པ་སྔ་མ་བཞིན་དུ་བྱ་སྟེ། དེ་ནས་རྒྱུ་སྐར་གྱིས་ཉ་བ་ལ། ཚངས་པའི་ཤིང་གི་ས་བོན་བླངས་ཏེ། ཚངས ་པའི་ཤིང་ནི་བ་ལཱ་ཤར་བརྗོད་པར་བྱའོ།། དེའི་ས་བོན་ཀུ་ཐ་ར་ཚིནྣ་དང་། བསྲེས་ལ་ཆ་མཉམ་པ་མི་བསྐྱོད་པས་བཏག་པར་བྱའོ།། བཏགས་ནས་དགྲ་སྟར་བྱི་ཞིང་སྐམ་པར་བྱའོ།། ཉི་མ་བཟས་བཟུང་བ་ན་རྐང་པས་མནན་ཏེ་བསྔགས་བཟླས་པར་བྱའོ།། ་ཨོཾ་བཛྲ་ཀུཏྟཱ་ར་ཏཱ་ཊ་ཡ་པཱ་ཊ་ཡཽ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། འདི་བྱེ་བ་བཟླས་ནས་སྔ་མ་བཞིན་དུ་ཉི་མ་བཟུང་བ་ན་ཉིན་མཚན་དུ་བསྒྲུབས་ནས་དེ་བདར་བས་དགྲ་སྟིའི་རྣམ་པའི་ཐིག་ལེ་བྱའོ།། བྱས་པ་དེས་ལྷ་གང་ལ་བསྒྲུབ་པ་པོས་ཕྱག་འཚལ་བ་དེས་འགས ་པར་བྱེད་པའི་ཞེས་པ་ལྷ་འགྱེས་པའི་ཚི་གའོ།། ། ད་ནི་ཚ་བའི་རིམས་ཀྱི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། སྔ་མ་བཞིན་དུ་སྔགས་བསྒྲུབས་ལ། དེ་ནས་ཚ་བའི་རིམ་བྱེད་པར་འདོད་པས།། དུག་དང་སྐེ་ཚེ་དང་། ཙི་ཏྲ་ཀའི་ཁུ་བས་ཨརྐའི་འདབ ་མ་ལོ་དགྲ་བོའི་མིང་བྲི་ཞིང་དེ་ནས་ས་གཞི་ལ་སོར་བརྒྱད་དུ་བསྐུར་བར་བྱའོ།། སྟེང་དུ་ཕུབ་མའི་མེ་གཞོག་སྟེ་ཁྲི་བཟླས་པར་བྱའོ།། ཨོཾ་ཧཾ་བཛྲ་ཛྭཱ་ར་ཛཱ་ར་ཤ་ཏྲུན་བྷྲཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། དེ་ནས་བསྒྲུབ་བྱ་རིམས་ཀྱིས་འདེབས་པར་འགྱུརརོ།། འདབ ་མ་ཕྱུང་ནས་པའི་འོ་མས་བཀྲུས་ན་གྲོལ་བའོ་ཞེས་པ་ཆེའི་རེ་རིམས་ཀྱི་ཆོ་གའོ།། ། དན་ཆང་སྒྲོག་པའི་ཆོ་ག་བརྗོད་པར་བྱ་སྟེ། སྔ་མ་བཞིན་དུ་ཆེང་སྐྱུག་པའི་སྔགས་བསྒྲུབ་ནས། དེ་ནས་ཆང་སྐྱུག་པར་འདོད་པས ་བསྒྲུ་བ་བྱའི་ལྟེ་བར་ཡཾ་ཡིག་ཡོངསུ་གྱུར་པའི་རླུང་གི་དཀྱིལ་འཁོར་བསྒོམ་ཞིང་།། དེའི་སྟེང་དུ་མཾ་ཡིག་ཡོངས་སུ་གྱུར་པའི་ཆང་གི་ལྟོ་བ་ཅན་སྐྲ་གྲོལ་བ་ཆང་སྐྱུག་ཕ་བསྒོམ་པར་བྱ་སྟེ། བསྒྲུབ་བྱ་ཆང་སྐྱུག་གོ། ཨོཾ་ཧེ་བཛྲ་མརྱ་མུད ་གི་རཱ་ཡ་མནྟྲ་ནྡྲ་ཧཱུཾ་ཡཊ་སྭཱ་ཧཱ།། ཞེས་པའི་སྔགས་བརྒྱད་ལྷག་པའི་བརྒྱ་བཟླས་པར་བྱའོ།། ཆང་སྤྲུག་པའི་སྒྲུབ་ཐབས་སོ།། ། ད་ནི་དབང་དུ་བྱ་བ་བརྗོད་པར་བྱ་སྟེ། སྔ་མ་འདས་ལྟ་བུའི་ཀུ ་གལླེར་སྔགས་སྔར་བཤད་པའི་བྱ་བ་ལ་སོགས་པ་བཟླས་པའི་ཚོ་གས་བསྒྲིབས་ལ།། དེ་ནས་རབ་ཏུ་མྱོས་མ་དབང་དུ་བྱ་བར་འ་དོད་པས་མྱ་ངན་མེད་པའི་བརྒྱད་པ་ལ་མྱ་ངན་མེད་པའི་འོག་ཏུ་སོང་སྟེ་གོས་དམར་པོ་གྱོན་ནུས་མྱོས་བྱེད་ཀྱི་འབྲས་བུ ་ཞིང་།། ཀཱ་མ་ཙི་ཀཱ་རི་ཁུ་བས་ཐིག་ལེ་བྱས་ལ་སྔགས་བཟླས་པར་བྱའོ།། ཨོཾ་ཀུ་རུ་མུལླེ་དྷཱིཿ་མུ་ཀཾ་མ་བ་ཤཱི་བྷ་ཝ་ཏུ་སྭཱ་ཧཱ། ཁྲི་བཟླས་པས་འོང་ངོ་ཞེས་པོ་དབང་དུ་ཐོད་པའོ།། ད་ནི་ཟླ་བ་དང་ཉི་མ་དང་འཛིན་པོ་བརྗོད་པར་བྱ་སྟེ། སྔོན ་དུ་བྱེ་བ་ཕྲག་བདུན་བཟླས་ཏེ་སྔགས་པས་སྔགས་བསྒྲུབ་པར་བྱའོ།། དེ་ནས་ཟླ་བ་དང་ཉི་མ་འཛིན་པར་འདོད་པས་སཱ་ལུ་བཏགས་པཾ་ལས་བྱུང་བའི་ཟླ་བ་འམ་ཉི་མ་བྱས་ནས་བརླངས་པས་བཙོས་ཏེ། ཁམ་ཕོར་སོར་བཞི་པར་རྡོ་རྗེའི་ཆུ་ལྀ་གཞུག ་ཙོང་སྔགས་བཟླས་སོ།། ཨོཾ་བིཛྲཿ། མཱ་ཙ་ལཱ་མ་ཙལ་ཏིཥྛ་ཏཱིཙྪ་ཧ~ཾ་བཛྲཱ་ཡ་ཧྭཱནྟུ་ཧཱུ~ཾ་ཕཊ་སྭཏྭ། ཉི་མ་རྣམ་པར་འཛིན་པ་ལྔའོ།། དྷཱུ་བ་རྣམ་པར་འཛིན་པ་ལ་ནི།། ཨོཾ་བདྡྷཱནནྡ་ཞེས་པ་ལྔ་སོགས་པ་སྟེ། བྷཱས་ན་ཟླ་བའམ་ཉི་མ་གནས།། གཙོག ་ལས་བཏོན་ན་གྲོལ་བའོ།། དེ་ལྟར་ཟླ་བ་དང་ཉི་མ་རྣམ་པར་འཛིན་པའི་ཆོ་གའོ།། ། ད་ནི་རྡོ་རྗེ་སྐར་རྩིས་ལ་སྤྱི་དབབ་པ་ལ་འཇུག་པ་བརྗོད་པར་བྱ་སྟེ། སྔ་མ་བཞིན་དུ་སྔགས་འབུམ་ཕྲག་བཅུ་བཟླས་པ་དང་པདྨ་དམར་པོ་རྣམས ་ཀྱི་སྦྱིན་སྲེག་འབུམ་གྱིས་སྔགས་བསྒྲུབ་ནས་སོ།། དེ་ལ་སྔགས་ནི་ཨཾ་ན་གྲཱ་ན་གྲཱ་ཀུ་མཱ་རི་ཀེ་དི་བྱ་ལོ་ཙ་ལེ་སྭཱ་ཧཱ།། ཞེས་པའི་སྔགས་འདིས་དུས་མ་ཡིན་པའི་དུས་སུ་གཞོན་ནུ་མའི་མིག་དག་ལ་བརྒྱད་ལྷག་པའི་བརྒྱ་མངོན་པར་བསྔགས་ཏེ། མེ ་ཏོག་དང་བདུག་སྤོས་ལ་སོགས་པ་ཉེ་བར་སྤྱོད་པ་ལྔ་ཡིས་མཆོད་ནས་སྙན་གསན་དབབ་པའོ།། བཅུ་བཞི་པའམ་བརྒྱད་པ་ལ་སྔ་དྲོའི་དུས་སུ་བུམ་པ་བཞག་ནས་དེའི་སྟེང་དུ། འོ་མ་ཅན་གྱི་ཤིང་གི་ཡལ་ག་བཀོད་ཅིང་འབྲུ་མར་ཟངས་མའི ་སྣོད་དུ་བཞག་སྟེ། རྒྱ་སྟེགས་ཀྱི་ཁུ་བ་སྣོད་གཞན་དུའོ།། སྔགས་སྔ་མས་བརྒྱད་ལྷག་པའི་པརྒྱ་མངོན་པར་བསྔགས་ཏེ། ལག་པ་གཡོན་པའི་མཐོ་བོང་རྒན་པོ་རྒྱུ་སྐྱིགས་ཀྱིས་བསྐུས་ལ་ཏིལ་གྱི་ཏིལ་མར་གྱི་བསྐུའོ།། དེ་ན་གཞོན ་ནུ་མ་ལ་བསྟན་ལ་སྔགས་པས་བསྔགས་ཟློས་ཤིང་གཞན་ལ་འདྲི་བར་བྱས་ཏེ་ངའི་རྫས་སུས་ཁྱེར་སྨྲོས་ཤིག། དགོས་པ་གཞན་ཡང་ཅི་འདྲ་མཐོང་ཞེས་སོ།། དེར་དེས་མཐེ་བོང་མཐོང་སྟེ། ཆེ་གེ་མོས་རྫས་ཁྱེར་རོ།། དགོས་པ་ཆེ་གེ་མོར ་འགྱུར་རོ་ཞེས་སྨྲ་བར་བྱེད་དོ།། རྡོ་རྗེ་སྐར་རྩིས་ཀྱི་ཆེད་དུ་པྲ་དབབ་པོ་ལ་འཇུག་པའི་ཆོ་གའོ།། དི་ནི་ཕྱུག་ཟློག་པའི་ཆེད་དུ་ཕྲུག་ཀྱི་སྙིང་པོའི་སྔགས་བརྗོད་པར་བྱའོ།། དང་པོར་ཨོཾ་ཡིག་བྱིན་ཏེ་དབུས་སུ་སྔགས་ཀྱི་ཚིག་རྣམས་དང་ཐ་མར་ཧེ་བཛྲཱ་ཡ ་སྭཱ་ཧཱ།། ཞེས་པ་འབུམ་ཕྲག་བཅུས་བསྒྲུབ་ལ། དེ་ནས་ཕྱུག་རྣམས་ལ་སྦྱར་བར་བྱའོ།། བཻ་ཌཱུཪྻ་བེ་ཊཱ་ཡ་ཞེས་བརྗོད་ན་ལག་ལྡན་འབྲོས་པར་འགྱུར་རོ།། མརྨྨ་མརྨྨ་ཞེས་བརྗོད་ན་སྟག་འབྲོས་པར་འགྱུར་རོ།། ཏིལླི་ཡ་ཏིལླི་ཡ་ཞེས་བརྗོད ་ན་བསེ་འབྲོས་པར་འགྱུར་རོ།། ཨི་ལི་མི་ལི་ཕུཿཕུཿཞེས་བརྗོད་ན་སྦྲུལ་འབྲོས་པར་འགྱུར་རོ།། ནོར་སྐྱོང་འདུལ་བའི་ཕྱག་གི་ཕྱག་རྒྱས་ཁྱི་འབྲོས་པར་འགྱུརརོ།། ཨོཾ་ཤཱ་ཏིཥྛ་ཏིཥྛ་ཧེ་བཛྲ་ཡ་སྭཱ་ཧཱ། ཞེས་པ་དུད་འགྲོ་ཟློག ་པའི་ཆོ་གའོ།། དེ་ལྟར་དོམ་ལ་སོགས་པ་རྣམས་ལ་གང་གི་མིང་གང་ཡིན་པ་དེ་དབུས་སུ་བཅུག་སྟེ། ཨོཾ་ཡིག་དང་པོ་དང་ཐ་མར་ཧེ་བཛྲ་ཡ་སྭཱ་ཧཱ།། ཞེས་པ་དེ་ལྟར་སྔགས་བཟླས་པ་དང་། སྦྱིན་སྲེག་གི་ཆོ་ག་སྒྲུབ་པ་ནི་གྲུབ་པ་རྣམསུ་འགྱུར་གྱི ་གླེགས་བཾ་ཀླག་པ་ཙམ་གྱིས་ནི་མ་ཡིན་ནོ་ཞེས་པ་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱི་ངེས་པའོ།། ད་ནི་རེངས་པ་ལ་སོགས་པའི་ལས་རྣམས་ཀྱི་ལྷའི་རྣལ་འབྱོར་བརྗོད་པར་བྱ་སྟེ། རྡོ་རྗེ་མ་དོང་ཞེས་པ་ལ་སོགས་པས་སོ།། འདིར་རྡོ་རྗེ་མ་ནི ་གཟུགས་ཀྱི་ཕུང་པོ་སྟེ་དེས་རེངས་པའོ།། གཽ་རི་ནི་ཚོར་བ་འོ་ཕུང་པོ་སྟེ་དེས་དབང་དུ་བྱ་བའོ།། ཆུ་ཡི་རྣལ་འབྱོར་མ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ་དེས་ཞི་བར་བྱེད་པའོ།། རྡོ་རྗེ་མཁའ་འགྲོ་མ་ནི་འདུ་བྱེད་ཀྱི་ཕུང་པ་སྟེ་དེས་སྐྲོད་པའོ།། བདག་མེད ་མ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། དེས་སྡང་བར་བྱེད་པའོ།། ས་སྤྱོད་མ་ནི་རེག་བྱ་རྡོ་རྗེ་མ་སྟེ་དེས་འགུགས་པའོ།། མཁའི་སྤྱོད་མ་ནི་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་སྟེ་དེས་གསོད་པར་བྱེད་པའོ།། དེ་བཞིན་དུ་པུཀྐ་སཾ་སེར་མོས་རེངས་པའོ།། རི ་ཁྲོད་མ་ཟླ་བ་ནོར་བུའི་འོད་ཅན་གྱིས་ཞི་བའོ།། གཏུམ་མོས་དབང་དུ་བྱ་བའོ།། གཡུང་མོས་སྐྲོད་པའོ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་སྡང་བར་བྱེད་པའོ།། ཡེ་ཤེས་ཀྱི་ཁམས་ཀྱི་གསོད་པ་གྲུབ་པའོ།། དེ་ལྟར་ཕྱི་དང་ནང་དུ་ཐམས་ཅད ་རྣལ་འབྱོར་པས་ཤེས་པར་བྱའོ།། སེར་པོ་དང་དཀར་པོ་དང་དམར་པོ་དང་ནག་པོ་དང་ལྗང་ཁུ་དང་སྔོན་པོའི་ཁ་དོག་རྣམས་ཀྱིས་འོངས་པ་ལོགས་པ་རྣམས་ཏེ་ལྷའི་རྣལ་འབྱོར་གྱིས་སྔགས་བཟླས་པ་དང་སྦྱིན་སྲེག་དང་གཏོར་མའི་ཚོགས་བསྒྲུབ་པར་བྱ ་ཞེས་པོ་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱི་ངེས་པའོ།། ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་པ་དྲུག་སྟོང་པ་ལས་རབ་འབྱམ་སྒྲུབ་པར་བྱེད་པའི་མདོར་བསྡུས་ཆེན་མོ་སྟེ་ཡོངས་སུ་བཅད་པ་བདུན་པའོ།། སྔགས་ཀྱི་ལེའུ་སྟེ་གཉིས་པ་རྫོགསོ།། ་དྲག་པོ་ཆགས་བཅས་མཆོག་ཏུ་ཞི་བའི་གཟུགས།། གང་འདྲར་རྒྱལ་དབང་གང་གིས་བསྒོམས་གྱུར་པ།། དེ་འདྲར་དེ་ཡིས་རང་གི་སེམས་མཐོང་སྟེ།། གཟུགས་དེ་ཐམས་ཅད་སྨོན་པའི་སེམས་ཡིན་ནོ།། འཇུག་པའི་སེམས་ཀྱང་སེམས་གཅིག ་དེ་ཡིན་ཏེ།། ཐུགས་མིན་ཐུགས་ནི་རྣམ་ཐར་གསུམ་དག་པ།། དུས་གསུམ་སོན་པ་ཀུན་ནས་རིག་པ་པོ།། རྡོ་རྗེ་སེམས་དཔའ་དེ་ལ་མགོས་བཏུད་ནས།། རྩ་བའི་རྒྱུད་ལས་རྟོག་པ་ཡིས།། ལྷའི་ལེའུར་འགྲེལ་པ་ནི།། སེམས་ཅན་རྣམས ་ཀྱིས་ལམ་ཐོབ་ཚད།། རྡོ་རྗེ་སྙིང་པོས་བྲི་བར་བྱ།། བསྐྱེད་པའི་རིམ་པ་གཅིག་ཡིན་ཏེ།། སེམས་ཅན་ཆོས་ལ་དམིགས་པའོ།། གཉིས་པ་དམིགས་པ་མེད་པ་ནི།། རྫོགས་པའི་རིམ་པ་སྒྲུབ་བྱེད་པའོ།། འདིར་ཉུང་ངུར་རྒྱུད་དུ་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དེ་ནས་འདི་ལས་ལྷའི་ལེའུ་བཤད་པར་བྱའོ།། དང་པོ་བྱམས་པ་བསྒོམ་པར་བྱ།། ཞེས་པ་ལ་སོགས་པའི་ཚིག་རྣམས་ཀྱིས་དང་པོའི་ཚིག་རྣམས་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། བར་གྱི་ཚིག་རྣམས་དང་། མཐའི་ཚིག ་རྣམས་ཀྱང་ངོ་ཞེས་པའོ།། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་སྔགས་དང་ཕྱག་རྒྱ་ཡིས།། རྣམ་དབྱེས་རྣལ་འབྱོར་བདག་ཉིད་འགྲུབ།། ལྷ་ཡི་སྒྲུབ་ཐབས་ཆོ་ག་ནི།། རྡོ་རྗེ་སྙིང་པོས་བཤད་པར་བྱ།། ཐོ་རེངས ་དུས་སུ་སྔགས་པ་ཡི།། བཤང་གཅི་དག་ནི་དོར་བ་དང་།། གཙང་སྦྲ་ལ་སོགས་བྱས་རྗེས།། འཇམ་པའི་སྟན་ལ་ཉེར་འདུག་ནས།། རྫས་བཅུའི་རང་བཞིན་རིལ་བུ་ནི།། བྱས་ནས་རང་གི་ཁ་རུ་གཞུག། བདུད་རྩི་ལྔ་བཅས་པ་བྱུང་གིས།། མདུན་དུ་མཎྜལ་བྱས་ནས ་ནིནི།། དྲི་དང་མེ་ཏོག་ལ་སོགས་པ།། གཽ་རཱི་སོགས་ལ་རིམ་བཞིན་དབུལ།། དབང་དཀར་གཤིན་རྗེར་ཆོམ་རྐུན་མ།། ཆུ་བདག་ཕྱོགསུ་རོ་ལངས་མ།། ནོར་སྦྱིན་ལྷ་མོ་མཁའ་འགྲོ་མ།། འོག་ཏུ་ས་སྤྱོད་མ་གནས།། སྟེང་དུ་མཁའ་སྤྱོད་མ་རུ་བཤད།། ་དེ་ལ་རིམ་བཞིན་མཆོད་པར་བྱ།། དབང་ལྡན་ལྷ་མོ་པུཀྐ་སཱི།། མར་ནི་དེ་བཞིན་རི་ཁྲོད་མ།། སྲིན་པོའི་མཚམས་སུ་གཏུམ་མོ་སྟྭ~ཾ།། རླུང་དུ་གཡུང་མ་རིམ་པོ་ལས།། འཁོར་ལོའི་དབུས་སུ་ཀྱེའི་རྡོ་རྗེ།། བདག་མེད་མ་དང་ལྷན་ཅིག་མོ་ཚད།། དེ་སླར ་སེམས་ཅན་ཐམས་ཅད་ལ།། བྱམས་དང་སྙིང་རྗེ་སྲོག་དྲན་བྱ།། དེ་རྣམས་མཆོད་ནས་དེ་ནས་ནི།། དེ་ཡི་ས་བོན་རང་ལུས་དགོད།། མིང་ཐིག་ཡི་གེའི་ས་བོན་ནི།། ཨ་ཡིག་བཅས་ཤིང་ཐིག་ལེར་བཅས།། གོ་རི་གཟུགས་ཀྱི་ཁམས་ལ་སོན།། དག ་ཡི་ཁམས་ལ་ཆོམ་རྐུན་མ།། དྲི་ཡི་ཁམས་ལ་རོ་ལངས་མེ།། རོ་ཡི་ཁམས་ལ་གྷསྨ་རཱི།། རེག་བྱའི་ཁམས་ལ་ས་སྤྱོད་མ།། ཆོས་ཀྱི་ཁམས་ལ་མཁའ་སྤྱོང་མ།། མིག་ལ་ལྷ་མོ་པུཀྐ་སཱི།། རྣ་བ་དག་ལ་རི་ཁྲོད་འདོད།། སྣ་ལ་ལྷ་མོ་གཏུམ་མོའོ།། ་ལྕེ་ལ་གཡུང་མོར་འདོད་པ་ཡིན།། ལུས་ཀྱི་དབང་པོ་ཀྱེའི་རྡོ་རྗེ།། བདག་མེད་མ་ནི་ཡིད་ལ་གནས། ཞེས་པ་རྩ་བའི་རྒྱུད་དུ་དང་པོ་ཡན་ལག་དགོད་པའོ།། གཾ་ཙཾ་བཾ་གྷཾ་བྷཾ་ཁཾ་བཾ་ཤཾ་ཙི་ཌཾ་ཧཾ་ནཾ། ཞེས་པའི་ས་བོན་རྣམས་བཤད་པའི་ཁམས་ལ་དགོད་པར་བྱའོ།། ་དེ་ནས་གནས་བསྲུང་ཐ་བསམ་པར་བྱའོ་ཞེས་པ་འདི་ལྟ་སྟེ། རེ་ཕས་ཉི་མ་མདུན་དུ་རྣམས་བསྒོམས་ནས།། ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ།། རྡོ་རྗེ་དེ་ཉིད་ཀྱི་ནི་ར་བ་དང་།། གྲུར་བཅིང་བ་ཡང་རྣམ་པར་བསྒོམ་པར་བྱ་ཞེས་པའོ།། འདི་ཉིད་ལ་རྩ་བའི་རྒྱུད་དུ། ་དང་པོར་རེ་ཤིག་བསྲུང་བའི་འཁོར་ལོ་གདུག་པ་ཅན་ཟློག་པར་བྱེད་པ་དང་། བགེགས་དང་ལོག་པར་འདྲེན་པ་རྣམས་ཕུར་བུས་འདེབས་པ་སྔགས་པས་ཁྲོ་བོའི་རྒྱལ་པོའི་སྐུ་ཡིས་བྱ་སྟེ། ཕྱིས་ནས་འདོད་པའི་ལྷ་བསྒྲུབ་པར་བྱའོ།། ཤེས་རབ་དང་ཐབས ་ཀྱིས་བདག་ཉིད་ཀྱེའི་རྡོ་རྗེའི་རྒྱུད་འདི་ནི་རྣལ་འབྱོར་གྱི་རྒྱུད་དེ་ཕྱི་ནས་བདག་མེད་པའི་སྒྲུབ་ཐབས་ཀྱི་ངོ་བོར་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པས་རྣལ་འབྱོར་མའི་རྒྱུད་བཤད་པར་བྱའོ།། དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོ་གས་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི ་རྒྱལ་པོའི་དབང་པོ་རྣམས་བསྲུང་བའི་འཁོར་ལོ་ལ་བསྒོམ་པར་བྱའོ།། འཁོར་ལོའི་གཙོ་བོ་ནི་རྡོ་རྗེ་ཧཱུཾ་མཛོད་དེ། དེ་ཡང་ཀྱཻའི་རྡོ་རྗེ་ཕྱག་དྲུག་པའོ།། དེས་ན་དང་པོར་རེ་ཕ་གཉིས་ཡིས་ཉི་མའི་དཀྱིལ་འཁོར་མདུན་དུ་བསམ་ནས་དེའི་དབུས་སུ་ཧཱུཾ་ཡིག ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་གདོང་བཞི་པའོ།། སྣ་ཚོགས་རྡོ་རྗེ་དེ་ཉིད་དང་། ཉི་མ་གཅིག་ཏུ་འདྲིས་པར་གྱུར་པས་ཕྱོགས་ཐམས་ཅད་དང་སྟེང་དང་འོག་ཏུ་རྡོ་རྗེ་ར་བ་དང་། རྡོ་རྗེ་གུར་དང་། རྡོ་རྗེ་ས་གཞི་བདུད་རྣམས་ཐམས་ཅད་ཀྱིས་མི་བྱེད་པ་དང་། ་ར་བའི་ཕྱི་རོལ་དང་འོག་དང་སྟེང་དུ་མཚོན་ཆ་སྣ་ཚོགས་འཇིག་སུ་བྱ་བ་རྣམས་སྔགས་པས་བསྒོམས་པར་བྱའོ་ཞེས་པའོ།། དེ་ལས་གཞན་ནི་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྲོ ་བོའི་རྒྱལ་པོ་རྣམས་ཀྱི་གདན།། རིམ་པ་བཞིན་དུ་རབ་བཤད་བྱ།། ཞལ་དང་སྐུ་མདོག་ཕྱག་དང་མཚོན།། གཡོན་བརྐྱང་སྟབས་ཀྱིས་ཞབས་རྣམས་ཀྱང་།། རྡོ་རྗེ་གུར་གྱི་དབུས་སུ་ནི།། བྷྲཱུཾ་ཡིག་ཡོངསུ་གྱུར་པ་ཡིས།། འཁོར་ལོ་རྩིབས་བརྒྱད་དེ་ལས ་བྱུང་། གུར་གྱི་འོག་དང་སྟེང་དུ་ནི།། རྩིབས་ནི་གཉིས་པོ་ཡང་བྱའོ།། ར་ཕ་བཅུ་གཅིག་པོ་རྣམས་ཀྱིས།། ཉི་མའི་དཀྱིལ་འཁོར་རིམ་ཇི་བཞིན།། ཉི་མའི་རྐང་པ་བཅུ་གཅིག་རྣམས།། ཉི་མ་དེ་རྣམས་ཁོ་ནའོ།། དེར་ནི་ཉི་མའི་དཀྱིལ་འཁོར་རྣམས། ་སོ་སོ་ལ་ནི་ཧཱུཾ་ལྕིག་དགོད།། ཧཱུཾ་ཡིག་ལས་བྱུང་ཉི་མར་གནོས།། ཁྲོ་བོའི་རྒྱལ་པོ་རྣམས་བསྒོམ་བྱ།། དབུས་ཀྱི་ཉི་མའི་གདན་ལ་ནི།། རྡོ་རྗེ་ཧཱུཾ་མཛད་འདྲེན་པ་བསམ།། སྔོན་པོ་ཞལ་གསུམ་ཕྱག་དྲུག་པ།། གཡོན་བརྐྱང་སྟབས་ཀྱིས་ཞབས་ཀྱིས ་བཞུགས།། རྩ་བའི་ཞལ་ནི་སྔོན་པོ་སྟེ།། མ་ཆེ་བ་གཙིགས་ཤིང་དྲག་འཇིགས་ཤིང་།། གཡོན་དང་གཡས་པ་དཀར་དང་དམར།། ཇི་ལྟར་རྩ་གསུམ་གནས་པ་བཞིན།། རྡོ་རྗེ་གྲི་གུག་རྩེ་གསུམ་པ།། གཡས་པའི་ཕྱག་ན་རིམ་པ་བཞིན།། རྡོ་རྗེ ་དྲིལ་བུ་ཐོད་པ་དང་།། ཁ་ཊྭཱཾ་ག་ཡེང་གཡོན་པ་ན།། སྣ་ཚོགས་རྡོ་རྗེ་རལ་པ་མཚན།། མི་བསྐྱོད་པ་དང་ཟླ་ཕྱེད་ཅན།། ཕྲག་པར་མགོ་བོ་ཕྲེང་བ་ནས།། དབུ་ཉིད་ལ་ནི་ཐོང་བཙམ།། རུས་པའི་ཕྱག་རྒྱ་ལྔ་རྣམས་ལྡན།། སྟག་གི་པགས་པས་རྐེད་ལ ་དཀྲིས།། སྤྱན་དགུ་པ་སྟེ་ལྗགས་འགྱུར་ཞིང་།། སྦྲུལ་གྱི་རྒྱན་གྱི་བརྒྱན་བྱས་པ།། རྡོ་རྗེ་ཧཱུཾ་མཛད་འདི་ལྟ་དུ།། འདྲེན་པ་དེ་ཕྱིར་སྒོམ་པར་བྱ།། ཧཱུཾ་ཡི་ག་ནག་པོ་ལས་བྱུང་གཱ། ཤར་གྱི་ཉི་མར་བཞག་པར་བྱ།། གཤིན་རྗེ་མཐར་བྱེད་ནག་ཅིང་དྲག། གཡོན ་བརྐྱང་ཞབས་སྟབས་ཀྱིས་གནས་པ།། ནག་དང་དཀར་དང་དམར་བའི་ཞལ།། གསུས་པ་ཆེན་པོ་སྤྱན་གསུམ་པ།། ཕྱག་རྒྱ་ལྔ་དང་ཐོད་པའི་ཕྲེང་།། རྐེད་པ་སྟག་གི་པགས་པ་ཅན།། ཀླུ་དབང་སྣ་ཚོགས་རྡོ་རྗེས་མཚན།། ཀུན་ལ་ཅོད་པན་ལ་ནི ་རིགས།། དེ་རྣམས་མདོག་མཚོན་ཐ་དད་པ།། དེ་བཞིན་དུ་ནི་ཞབས་རྣམས་བཞི།། དབྱུག་པ་འཁོར་ལོ་རྡོ་རྗེ་ནི།། གཡས་པའི་ཕྱག་ན་རིམ་ཇི་བཞིན།། ཐུགས་ཁར་སྡིག་མཛུབ་ཞགས་པ་དང་།། དྲིལ་བུ་དག་སྟ་གཡོན་པ་ན།། སྤྱི་བོར་སངས་རྒྱས་རྣམ ་སྣང་མཛད།། གཞོན་པ་རྡོ་རྗེ་ཅོད་པན་ཡང་།། ཧཱུཾ་ཡིག་དཀར་པོ་ལས་བྱུང་བ།། དཀྲི་ར་དང་གནག་དང་དམར་བའི་ཞལ།། ཤེས་རབ་མཐར་བྱེད་ལྷོར་ཉི་མར།། དགོད་དེ་རིན་ཆེན་ཅོད་པན་ཅན།། རྡོ་རྗེ་འཁོར་ལོ་དབྱུག་པ་ནི།། ཕྱག་གཡས་རྣམསུ ་བསྒོམ་པར་བྱ།། གཡོན་པར་སྙིང་ཁར་སྡིག་མཛུབ་ཞགས།། དྲིལ་བུ་དང་ནི་དགྲ་སྟའོ།། ཧཱུཾ་ཡིག་དམར་པོ་ལས་རྫོགས་པ།། དམར་དང་སྔོ་དང་དཀར་བའི་ཞལ།། ནུབ་དུ་ཉི་མར་བད་མཐར་བྱེད།། དགོད་དེ་དཔག་མེད་ཅོད་པན་ཅན།། གཏུན་ཤིང་རྡོ་རྗེ ་རལ་གྲི་དག། ཕྱག་གཡས་རྣམ་ས་འཛིན་པར་བྱེད།། ཐུགས་ཁོར་སྡིག་མཛུབ་ཞགས་པ་དང་།། དྲིལ་བུ་དགྲ་སྟའང་གཡོན་པ་ན།། ཧཱུཾ་ཡིག་སྔོན་པོ་ལས་རྫོགས་པ།། དོན་ཡོང་གྲུབ་པའི་ཅོད་པན་ཅན།། ཞལ་ནི་སྔོ་དང་དམར་དང་དཀར།། མཆེབ ་གཙིགས་ཤིང་རྣམ་འཁོར་ཞལ།། སྣ་ཚོགས་རྡོ་རྗེ་འཁོར་ལོ་དང་།། དེ་བཞིན་བཏུན་ཤིང་གཡས་པ་ན།། དྲིལ་བུ་སྡིག་མཛུབ་ཞགས་པ་དང་།། དགྲ་སྟ་ཡང་ནི་གཡོན་པ་ན།། བགེགས་མཐར་བྱེད་པ་ཉི་མར་དགོད།། བྱང་དུ་བདུད་རྩི ་འཁྱིལ་པའོ།། ཧཱུཾ་ཡིག་སྔོན་པོ་ལས་རྫོགས་པ།། མི་གཡོ་མེར་ནི་ཉི་མར་དགོད།། ཞལ་ནི་སྔོ་དང་དམར་དང་དཀར།། དཔལ་ལྡན་རྣམ་སྣང་ཙོད་པན་ཅན།། རལ་གྲི་རྡོ་རྗེ་དེ་བཞིན་དུ།། འཁོར་ལོ་གཡས་པའི་ཕྱག་ན་བསྒོམས།། ཐུག་ཁར་སྡིག་མཛུབ་ཞགས ་པ་དང་།། དྲིལ་བུ་དགྲ་སྟ་གཡོན་ནའོ།། ཧཱུཾ་ཡིག་སྔོན་པོ་ལས་གྲུབ་པ།། སྔོ་དང་དམར་དང་དཀར་ཞལ་ཅན།། ཊཀྐི་རྒྱལ་པོ་བདེན་དྲལ་དུ།། རིན་ཆེན་འབྱུང་ལྡན་ཅོད་པན་ཅན།། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ནི།། ཕྱག་གཉིས་ཀྱིས་ནི་འཛིན་པ་སྟེ། ་གཡས་ན་རྡོ་རྗེ་རལ་གྲི་དང་།། གཡོན་ན་སྡིག་མཛུབ་ལྕགས་ཀྱུའོ།། ཧཱུཾ་ཡི་གེ་སྔོན་པོ་ལས་རྫོགས་པ།། འོད་དཔག་མེད་པའི་དབུ་རྒྱན་ཅན།། རླུང་དུ་ཉི་མའི་དཀྱིལ་འཁོར་ལ།། དབྱུག་པ་སྔོན་པོ་སྔགས་པས་དགོད།། རྩ་བ་གཡས་དང་ཅིག་ཤོས ་ཞལ།། དྲག་ཅིང་སྔོ་དང་དམར་དང་དཀར།། དབྱུག་པ་འཁོར་ལོ་དེ་བཞིན་དུ།། རལ་གྲི་རིམ་བཞིན་ཕྱག་གཡས་ན།། གཡོན་པར་སྡིག་མཛུབ་ཞགས་པ་དང་།། པདྨ་དག་སྟེ་ཉིད་ཀྱང་ངོ་།། ཧཱུཾ་ཡིག་སྟོན་པ་ལས་གྲུབ་པ།། དོན་ཡོད་གྲུབ་པའི ་ཅོད་པན་ཅན།། སྟོབས་པོ་ཆེ་ནི་མདོག་སྔོ་བ།། སྔགས་པས་དབང་ལྡན་ཉི་མར་དགོད།། གནག་དང་དམར་དང་དཀར་བའི་ཞལ།། གསུས་པ་ཆེ་ཞིང་འཇིག་སུ་རུང་།། དབྱུག་པ་རོལ་གྲི་དེ་བཞིན་དུ།། འཁོར་ལོ་རིན་ཆེན་ཕྱག་གཡས་ན།། ཐུགས ་ཀར་སྡིགས་མཛུབ་ཞགས་པ་དང་།། རྩེ་གསུམ་དགྲ་སྟ་གཡོན་པ་ན།། ཧཱུཾ་ཡིག་ལྗང་ཁུ་ལས་གྲུབ་ཅིང་།། མི་བསྐྱོད་པ་ཡིས་ཐོད་དུ་བྱས།། ཞལ་ནི་ལྗང་དང་དམར་དང་དཀར།། གཙོ་བོ་སྤྱན་གསུམ་གསུས་པ་འཕྱང་།། གཡོན་དང་གཡས་པའི་ཕྱག ་དག་གིས།། གཙུག་ཏོར་སྤྱི་བོར་འཛིན་པར་བྱེད།། རྡོ་རྗེ་པདྨ་གཡས་དག་གིས།། སྡིག་མཛུབ་ཞགས་པ་གཡོན་ནའོ།། ན་མཁའ་ཉི་མ་མནན་བྱས་པ།། ཚངས་པའི་གནས་སུ་རྣམ་པར་བསམ།། ཧཱུ~ཾ་ཡིག་ནག་པོ་ལས་རྫོགས་ཤིང་།། མི་བསྐྱོད་པ ་ཡི་ཐོད་བྱས་པ།། འོག་ཏུ་ཉི་མོར་གནོད་མཛེས་བརྒྱལ།། གནོག་དང་དམར་དང་དཀར་བའི་ཞལ།། རྡོ་རྗེ་འཁོར་ལོ་དེ་བཞིན་དུ།། རིན་ཆེན་རིམ་བཞིན་ཕྱག་གཡས་ན།། སྙིང་ཀར་སྡིགས་མཛུབ་ཞགས་པ་དང་།། པདྨ་རལ་གྲི་གཡོན་པ་ན།། དེ་ལྟར ་ཁྲོ་བོའི་ཚོགས་རྣམས་ནི།། འཇིག་སུ་རུང་བ་བསྒོམས་བྱས་ནས།། དེ་ནས་སྔགས་པས་བསྡུས་བྱས་སྟེ།། དེ་ནི་རང་གི་ལུས་ལ་གཞུག། གཤིན་རྗེ་མཐར་བྱེད་དཔུང་གཡོན་ལ།། གཡས་ལ་ཤེས་རབ་མཐར་བྱེད་དགོད་།། ལག་པ་གཡོན་པར་པད ་མཐར་བྱེད།། གཡས་པར་བགེགས་མཐར་བྱེད་པ་དགོད།། གཡོན་པའི་བརླ་ལ་མི་གཡོ་བ།། གཡས་པར་འདོད་པའི་རྒྱལ་པོའོ།། རྐང་པ་གཡོན་པར་དབྱུག་སྔོན་ཅན།། རྐང་པ་གཡས་པར་སྟོབས་པོ་ཆེ།། མགོ་བོའི་གནསུ་གཙུག་ཏོར་ཆེ།། ་གནོད་མཛེས་རྒྱལ་པོ་བཤང་ལམ་དགོད།། སྙིང་ཀར་རྡོ་རྗེ་ཧཱུཾ་མཛད་དེ།། རང་མིང་དང་པོའི་ཡི་གེ་དགོད།། ཡཾ་པྲཾ་པཾ་བཾ་ཨོཾ་ཏྲཾ་ནཾ་མཾ་ཨུཾ་སུཾ་ཧཱུཾ།། ། འདི་ལྟར་བསྲུང་བའི་ཆོ་ག་ནི།། སྔགས་པས་རིམ་པ་བཞིན་བྱས་ནས།། བདག་ཉིད ་རྡོ་རྗེ་དྷཱ་མཛད་ནི།། ཁྲོ་བོར་བཅས་པ་དྨ་ནས་བསྒོམས།། བྱུགགས་ཀུན་རྣམས་དང་སྡིག་པ་རྣམས།། གནོད་མཛེས་བཀའ་བསྒོས་ཕུར་བུས་གདག། ཨོཾ་གྷཱགྷཱ་གྷཱ་ཏ་ལ་གྷཱ་ཏ་ཡ།། སརྦ་དུཥྚཱན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ཡ་ཡ ་བྷ་ནི་སུཾ་བྷཱུ་ཧཱུཾ་ཧཱུཾ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུ~ཾ་ཧཱུཾ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ། ཨོཾ་ཨཱ་ན་ཡ་ཧཾ། བྷ་ག་ཝ་ནེ་བིདྷ་རཱ་ཛ་ཡ་ཧཱུཾ་ཧཱུཾ་ཕཊ། ཁྲོ་བོརའི་གཟུགས་འདི་བློ་ལྡན་པས།། བགེགས་དང་ལོག་འདྲེན་རྣམས་བཀྲུགས་ནས།། ཐམས་ཅད་ཆོ་གེ་བཞིན་དུ་མི། ་རྣལ་འབྱོར་འདི་ཡིས་ཕུར་བུས་གདབ།། ལྟེ་བའི་ཕྱོགས་ལས་འོག་གི་ཆར།། ཚེ་གཅིག་རྣམ་པར་བསྒོམ་པར་བྱ།། ཁྲོ་བོ་ཆེན་པོ་བགེགས་མཐར་བྱེད།། སྟེང་དུ་སྤྱན་གསུམ་ཕྱག་དྲུག་པ།། འོག་ཏུ་བགེགས་ཚེགས་རྣམ་བལྟས་ནས། དེ་ཡ ་སྔགས་ནི་བརྗོད་བྱ་ཞིང་།། བགེགས་ཀྱི་ལུས་ལ་རྡོ་རྗེ་ཡི།། ཕུར་བུས་གཡོ་བ་མེད་པར་བསྣུན།། ཨོཾ་གྷ་གྷ་གྷ་ཏཽ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ་ཕཊ། ཀཱི་ལ་ཡ་ཀཱ་ལ་ཡཾ། སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི། སརྦ ་བིགྷྣཱ་ནཱཾ། ཀཱ་ཡཱ་ཝཱཀྵ་ཙིཏྟཾ། ཀཱི་ལ་ཡ་ཀཱི་ལ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཕྱག་ན་རྡོ་རྗེ་ཐོ་བ་ཅན།། གནོད་མཛེས་རྒྱལ་པོ་རྣམ་བསྒོམ་བྱ།། གསང་སྔགས་རིག་པས་སྔགས་འདི་ཡིས།། རྡོ་རྗེ་ཕུར་བུ་བསྡི་གོས་པར་བྱ།། ཨོཾ་བཛྲ་མུད་ག་ར་ཨཱ་ཀོ་ཊ་ཡ། ་ཨོཾ་ཀི་ཊ་ཡ། ཏིཥྛ་ཏིཥྛ། ཕྱོགས་བཅུར་ཕུར་བུས་བི་ཏ་བ་ནས་ནི།། དེ་ནས་གདུག་པ་རྣམས་བསྐྲང་བྱ།། ཀུན་ནས་རྡོ་རྗེའི་མ་ལྕེ་ནོ།། རྣམ་པར་འཕྲོ་བ་བསམ་བྱ་སྟེ།། གདུག་པ་ཅན་རྣམས་བྲོས་པ་ནི།། དེ་ཡིས་ལུས་ནི་བསྲེགས་བཞིན་པའོ།། ་ཉུང་ངུའི་རྒྱུད་ཉིད་ནི་བསྲུང་བའི་འཁོར་ལོ་འཁྲགས་འཁྲུགས་ཏེ།། དེ་སྟེང་རྣལ་འབྱོར་པས་གནས་ནས།། ཞེས་པ་ལ་སོགས་པས་དང་བས་ཕུར་བུས་གདབ་པའི་མཐར་ཐུག་པ་རྣམ་པར་བསྒོམ་པར་བྱའོ།། བསྲུང་བའི་འཁོར་ལའི་ངེས་པའོ།། ཚིགས་བཅང ་བཞི་རྣམས་ཀྱིས་ཞེས་པའོ།། དེ་ནས་དམ་པའི་དོན་དུ་སྲིད་པ་གསུམ་པོ་རང་བཞིན་མེད་པར་བསྒོམ་པར་བྱ་སྟེ། དངོས་པོ་མེད་ལ་སྒོམ་པ་མེད།། སྒོམ་པ་སྒོམ་པ་ཉིད་མ་ཡིན།། དེ་ལྟར་དངོས་པོ་དངོས་འགྱུར་མིན།། སྒོམ་པ་དམིགསུ་མེད་པའོ།། ་དང་པོ་སྟོང་ཉིད་བྱང་ཆུབ་སྟེ།། གཉིས་པ་ལ་ནི་ས་བོན་པས།། གསུམ་པ་ལ་ནི་གཟུགས་བརྙན་རྫོགས།། བཞི་པ་ཡིག་འབྲུ་དགོད་པའོ།། དེ་ལྟར་བསྲུང་བའི་འཁོར་ལོ་རྣལ་འབྱོར་གྱི་རྒྱུད་ཀྱི་རྫསུ་འབྲང་བར་བྱ་སྟེ། སྔགས་པས་དེ་ནས་རང་གི་སྙིང་ཀའི ་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ན་མཁའི་མཐིལ་ཡོངས་སུ་བཀང་ནས་མོས་པ་ཇི་ལྟ་བ་བཞིན་དུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བཅས་པའི་རྗེ་བཙུན་གཙོ་བོ་མ་མོ་བརྒྱད་ཀྱི་ཡོངས་སུ་བསྐོར་བ་རང་གི་ཤེས་རབ་ཀྱི་འཁྱུད་པ་ན་མ ་མཁར་བསམ་པར་བྱའོ།། དེ་ནས་རྡོ་རྗེ་དེ་རྣམས་སླར་ལོག་སྟེ། རང་གི་སྙིང་ཀར་ཞུགས་ཤིང་ཧཱུ~ཾ་ཡིག་ལས་ལྷ་མོ་བརྒྱད་བཅོམ་ལྡན་འདས་མཆོད་པར་བྱ་བའི་ཆེད་དུ་དབྱུང་བར་བྱའོ།། འདིར་ཡང་ལུགས་ལས་ཟློག་པས་ཚིགས་བཅད་གཅིག་གིས ་ཏེ། རང་གི་ལུས་ལོས་འོད་ཟེར་འཕྲོ།། ནམ་པའི་དཀྱིལ་འཁོར་ཁྱབ་བྱེད་པ།། བསྡུས་ཏེ་སྙིང་ཀརརཾ་དགུག་པར་བྱ།། རྣལ་འབྱོར་ཞེ་སྡང་བདག་ཉིད་འགྱུར།། རྡོ་རྗེ་སྐྱེ་བ་སྙིང་རྗེ་ཚེ།། རྗེ་བཙུན་ན་མཁར་བལྟས་ནས་ནི།། རྒྱན་རྣམས་ཐམས་ཅད་འཛི ་པ་ཡི།། ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད།། དཀར་མོ་རི་དྭགས་མཚན་མ་འཛིན།། ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད།། རོ་ལངས་མ་ནི་ཆུ་ལག་མ།། གྷསྨ་རཱི་ནི་སྨན་འཛིན་ཅིང་།། པུཀྐ་སཱི་ན་རྡོ་རྗེའི་ལག། དེ་བཞིན་རི་ཁྲོད་མ་རོ་འཛིན།། ་གདོལ་པ་མོ་ནི་ཅང་ཏེའུ་བརྡུང་།། གཡུང་མོ་ཆགས་པས་གར་མཛད་དེ།། ཟླ་བ་ཁུ་བ་ཉི་མ་རྡུལ།། ཆུ་ནི་གཅི་བར་བརྗོད་པར་བྱ།། སྨན་ནི་རྐང་དང་ཤ་ཡིན་ནོ།། རྡོ་རྗེ་རྣམ་པར་སྣང་མཛད་བཤད།། ར་ནི་རོ་དྲུག་ཡིན་པར་བརྗོད།། གོ་ཀུ་སོགས་སྟབས་ཅང་ཏེ3 ་གར་ནི་ཆང་གི་བཏུང་བ་སྟེ།། འདི་རྣམས་དམ་ཚིག་བརྒྱད་དུ་བཤད།། རྣལ་འབྱོར་པ་ཡིས་འདི་རྣམས་ཀྱིས།། ཀྱེ་རྡོར་གཙོ་བོ་འཁོར་བཅས་མཆོད།། དེ་ནས་དེ་མདུན་སྔགས་པ་ཡིས།། དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ། སྡིག་པ་རྣམས ་ནི་བཤགས་པར་བྱ།། བསོད་ནམས་ལ་ཡིད་རང་བ་འམ།། རང་གི་ལུས་ཉིད་དོ་བུལ་བ་དང་།། ལམ་ལ་བརྟེན་པ་ཉིད་ཀྱང་ངོ་།། བྱང་ཆུབ་སེམས་ནི་རབ་བསྐྱེད་དེ།། དེ་ནས་སངས་རྒྱས་གཤེགསུ་གསོལ།། སྟོང་པ་ཉིད་ལ་དམིགས་དོན་བྱེད།། སླར ་ཡང་འདི་ལྟར་རྣམ་དཔྱད་བྱ།། རང་བཞིན་མེད་པས་སྟོང་པ་སྟེ།། རྒྱུ་མེད་པ་ལ་མཚན་མ་མེད།། རྟག་ཏུ་མེད་ལས་སྨོན་མེད་ཅིང་།། མངོན་པར་འདུ་བྱེད་སྤོངས་པའོ།། སྐྱེ་དང་འགག་པ་མེད་པའི་ཕྱིར།། སྨོན་པ་དོན་ནི་མེད་པའོ།། སངས་རྒྱས་ཉིད ་མེད་སེམས་ཅན་མེད།། ཆོས་དང་ཆོས་ཅན་དེ་ཉིད་མེད།། ཇི་ལྟར་སྒྱུ་མ་རྨི་ལམ་དང་།། དྲི་ཟའི་གྲོང་ཁྱེར་ཇི་ལྟ་བར།། དེ་ལྟར་སངས་རྒྱས་སེམས་ཅན་རྣམས།། དེ་ཁོ་ན་ཉིད་བསྒོམས་པས་ལྟའོ།། ཇི་ལྟར་སྒྲ་བརྙན་དེ་བཞིན་དུ།། སངས་རྒྱས ་རྣམས་ཀྱིས་ཆོས་སྟོན་པའོ།། དེ་ལྟར་རྣམ་པར་དཔྱད་ནས་ནི། འཁོར་བའི་བར་དུ་སྲིད་པ་རུ། སེམས་ཅན་རྗེ་སུ་གཟུང་བའི་རྒྱུར།། བྱང་ཆུབ་སེམས་དཔའ་གནས་པར་མཛད།། ཉོན་མོངས་བདུད་དང་སྙོམས་འཇུག་དང་། ཤེས་བྱའི་སྒྲིབ་དང་ཉིད ་ཀྱང་ནི།། ཁྲོ་བོ་ཆེན་པོས་ངེས་བསྲེགས་ཀྱང་།། ཆོ་ཤས་ཙམ་ནི་བསྲུང་བར་མཛད།། བྱང་ཆུབ་སེམས་དཔའ་དཔའ་བ་ཆེ།། སེམས་ཅན་ཀུན་ལ་བརྩེ་རྣམས་ཀྱིས།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། ཐམས་ཅད་ཡོངསུ་རྣ་མ་དཔྱད ་ནས།། སྟོང་པ་ཉིད་ལ་དམིགས་བྱ་ཞིང་།། གསང་སྔགས་འདི་ནི་བརྗོད་པར་བྱ།། ཨོཾ་ཤཱུ་ནྱ་ཏེ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ&ཧཾ། ཞེས་བརྗོད་ལ་དེ་ནས་སྨོན་ལམ་དྲན་པར་བྱ་སྟེ། སྨོན་ལམ་གྱི་སེམས་དེས་སྔགས་པ་རང་གི་སེམས་ཀྱིས་ལྷའི་ང ་རྒྱལ་འགྲོ་བ་རྣམས། རོལ་པར་བྱ་བའི་དོན་དུ་བསྒོམ་པར་བྱའོ།། འདིརོ་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་བསམསོ་ཤིང་། དེའི་དབུས་སུ་པདྨ་འདབ་མེ་བརྒྱད་པ་དང་། ཉི་མའི་དཀྱིལ་འཁོར ་དང་དེ་ནས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་གྱིས་རོ་ཉི་མའི་སྟེང་དུ་བསྒོམ་པར་བྱའོ།། སངས་རྒྱས་མཚན་གྱི་རྒྱུ་ལས་ནི།། ཟླ་བར་དབྱངས་རྣམས་སུམ་ཅུ་གཉིས།། གསལ་བྱེད་བརྒྱད་ཅུ་ཉི་མ་ལའོ།། དེ་དག་དབུས་སུ་ཧཱུཾ་ཡིག་སྟེ།། དེ་ཉིད ་སེམས་དཔའ་ཆེ་ཞེས་བརྗོད།། ལྷན་ཅིག་སྐྱེས་དགའི་རང་བཞིན་ཏོ།། མེ་ལོང་མཉམ་ཉིད་ཡེ་ཤེས་དང་།། སོ་སོར་རྟོག་པའི་རིམ་པ་ལས།། དེ་རྣམས་གཅིག་ཉིད་བྱ་བ་བསྒྲུབ།། གཟུགས་ནི་ཡོངསུ་རྫོགས་རྒྱུ་ལས།། འདི་ནི་ཆོས་ཀྱི་དབྱིངས ་བཤད་དེ།། ཡེ་ཤེས་ལྔ་པ་མཆོག་ཡིན་ནོ།། རྣམ་ལྔ་མངོན་པར་བྱང་ཆུབ་པ།། ཀྱེའི་རྡོ་རྗེ་ཕྱག་གཉིས་བསྒོམ།། སྔོ་དང་སྐྱ་རེངས་མཚུངས་པའི་མདོག། བནྡུ་དམར་པོའི་སྤྱན་དང་ལྡན།། ཐོད་པ་མགོ་བོའི་ཕྲེང་བ་དང་། ་མི་བསྐྱོད་པ་ཡིས་ཐོད་དུ་བྱས།། འཁོར་ལོ་ཅན་དང་རྣ་ཆ་ཅན།། མགུལ་རྒྱན་ལག་གདུབ་སྐ་རགས་ཉིད།། སངས་རྒྱས་ལྔ་ནི་རྣམ་དག་པས།། ཕྱག་རྒྱ་ལྔ་རུ་རབ་ཏུ་གྲགས།། འཁོར་ལོ་ཅན་ལ་མི་བསྐྱེད་གནས།། རྣ་ཆའི་བདག་ཉིད་འོད་དཔག་མེད།། ་མགུལ་གྱི་ཕྲེང་བ་རིན་ཚོན་དབང་།། གདུ་བུ་རྒྱལ་བ་རྣམ་སྣང་མཛད།། སྐ་རགས་ལ་ནི་དོན་ཡོད་གནས།། དེ་ལྟར་སངས་རྒྱས་རྣམས་རབ་བཞུགས།། ལྷ་མོ་གཏི་མུག་རྡོ་རྗེ་སོགས།། མིག་སོགས་སྐྱེ་མཆེད་རྣམས་ལའོ།། གཡོན་ན་རྡོ་རྗེ་ཐོད་པ ་དང་།། ཁ་ཊྭཱཾ་ག་ཡང་གཡོན་པ་ན།། གཡས་ན་རྡོ་རྗེ་ནག་པོ་སྟེ།། ཧཱུཾ་ཡིག་འདོན་པའི་བདག་ཉིད་ཅན།། དུར་ཁྲོད་དུ་ནི་མགོན་པོ་རོལ།། རྣལ་འབྱོར་མ་ཡིས་ཡོངས་སུ་བསྐོར།། དབུགས་རྒྱུ་ཞེས་པ་རིགས་པ་འདི།། དུར་ཁྲོད་ཅེས་པར་མངོན་པར ་བརྗོད།། དེ་ལྟར་ཕྱག་གཉིས་པའི་སྒྲུབ་ཐབས་ཀྱི་ངེས་པའོ།། དེ་བཞིན་དུ་ཕྱག་བཞི་པའི་སྒྲུབ་ཐབས་དང་། ཕྱག་དྲུག་པའི་སྒྲུབ་ཐབས་ལྷའི་ལེའུའི་མཐར་ཐུག་པ་གོ་སླ་ཞིང་། དེས་ན་འདིར་མ་བྲིས་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས ་པ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་པ་དྲུག་སྟོང་པར་ལྷའི་སྒྲུབ་ཐབས་བསྟན་པ་སྟེ་ཡོངས་སུ་བཅད་པ་བརྒྱད་པའོ།། ལྷའི་ལེའུ་རྫོགས་སོ།། མེ་ལོང་མཉམ་ཉིད་ཡེ་ཤེས་དང་།། གསུམ་པ་སོ་སོར་རྟོག་པ་སྟེ།། ཁྱབ་སྒྲུབ ་པབཔར་བྱེད་པ་གཞན།། ཆེས་དབྱིངས་རྣམ་པར་དག་པ་སྟེ།། གཟུགས་དང་ཚོར་བ་འདུ་ཤེས་དང་།། འདུ་བྱེད་རྣམ་པར་ཤེས་པ་ཉིད།། ས་དང་ཆུ་དང་མེ་དང་ནི།། རླུང་དང་ལྔ་པོ་སྟོང་པ་སྟེ།། ཡེ་ཤེས་ལྔ་པོ་རྣམ་དག་པ།། མངོན་པར་བྱང་ཆུབ་རྣམ་པ་ལྔ།། ཤེས ་བཙུ་རྣམ་དག་བདག་ཉིད་ཅན།། ཤེས་བཅུ་རྣམ་དག་འཆང་བ་པོ།། རྣམ་དགེ་ཆོས་དབྱིངས་ཞེས་བཤད་པ།། སྐྱེས་བུ་གང་ཟག་ཆེན་པོ་སྟེ།། དེ་ཉིད་ལྷོ་ཡི་གཟུགས་ཅན་པ།། འགྲོ་བའི་གཙོ་བོ་ཕྱག་འཚལ་ནས།། སེམས་ཅན་ཀུན་ལ་ཕན་ཆེད ་དུ།། དབང་བསྐུར་ལེའུའི་འགྲེལ་པ་ནི།། རྩ་བའི་རྒྱུད་ཀྱི་རྗེས་འཇུག་པ།། རྡོ་རྗེ་སྙིང་པོས་བྲི་བར་བྱ།། འདི་ཉུང་ངུའི་རྒྱུད་ལ་དབང་བསྐུར་གྱི་ལེའུའི་དོན་ན་རྩ་བའི་རྒྱུད་ཀྱི་དོན་གྱི་སྒོ་ནས་རིག་པར་བྱ་སྟེ།། དེའི་ཕྱིར་དེ་ཉིད་ལ་འཇུག་པར་བྱའོ།། འདིར་ལྷའི ་གཟུགས་རྫོགས་པ་ན་སྔགས་འདི་བརྗོད་པར་བྱ་སྟེ།། ཨོཾ་སུ་བཱི་ཤུདྡྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཉྫ་ཨཱཏ་མཾ་ཀོ&ཧཱུཾ། ཞེས་པ་ལྷའི་གཟུགས་རྫོགས་པའོ།། ། དེའི་ཕྱིར་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐྱེད་པའི ་རིམ་པ་ཇི་ལྟ་བར།། བཤད་བྱ་རྡོ་རྗེ་སྙིང་པོ་ཉོན།། སྒྲོང་སྐྱེས་དང་ནི་མདོ་ལ་སྐྱེས་ཏེ།། སྲིད་པ་བསྐྱེད་པའི་རིམ་པ་གཉིས།། ཚངས་པའི་སྒོ་ང་སྒོང་སྐྱེས་བརྗོད།། འཇིག་རྟེན་ཁོམས་ནི་ཡང་དག་བྱུང་།། བུད་མེད་མངལ་ནས་སྐྱེས་པ་ཡང་།། གཉིས་པ ་མངལ་ལས་སྐྱེས་པའོ།། དང་པོར་སྟོང་ཉིད་བྱང་ཆུབ་ནི།། འཆི་མཐར་འཕོ་བ་ལ་བདེའོ།། མ་ཡི་མངལ་དུ་ཁུ་བ་རྡུལ།། གཉིས་པ་ས་བོན་བསྡུ་བའོ།། སྲོག་རླུང་རྣམ་པར་ཤེས་པ་ཉིད།། ལྔ་པོ་རྣམས་ཀྱིས་ལུས་རྫོགས་པོ།། གཟུགས་བརྙན་རྫོགས ་པར་བརྗོད་པར་བྱ།། རྣམ་ལྔ་མངོན་པར་རྫོགས་བྱང་ཆུག། ཨ་བ་དྷཱུ་ཏཱིར་བདེ་བས་རྒྱལ།། ཕྱི་ཡི་སྐྱེ་མཆེད་ལོངས་སྤྱོད་ཆེ།། བདེ་བ་ཆེན་པོ་སང་བྱེད་དེ།། པུཀྐ་སཱི་དང་རི་ཁྲོད་མ།། གཏུམ་མོ་དེ་བཞིན་གཡུང་མོ་སྟེ།། ས་དང ་ཆུ་དང་མེ་རླུང་གིས།། རྨི་ལམ་གནས་སྐབས་རང་བཞིན་ལས།། བྱིས་པོ་དེ་རྣམས་ཀྱིས་བསླང་བ།། མ་ཡི་མངལ་ནས་ཕྱིར་བྱུང་སྟེ།། སད་པའི་གནས་སྐབས་ཐོབ་པ་ནི།། མིག་ལ་སོགས་པར་བྱིན་བརླབས་པ།། རྣམ་ཤེས་དྲུག་པ་རང་སད་ལས།། ་ཡུལ་ལྔ་པོ་རྣམས་འཛིན་པར་བྱེད།། རིགས་ཀྱིས་བྱིན་པ་རྒྱས་གདབ་ཅིང་།། བྱིས་པས་རིགས་ལའང་རྒྱས་གདབ་པ།། ཕ་ཡོས་བུ་ནི་རྒྱས་བཏབ་ཅིང་།། བུས་ཀྱང་ཕ་ལ་དེ་བཞིན་ནོ།། འབྲས་བུ་རྒྱལ་རྒྱོས་བཏབ་པ།། རྒྱུ་ཡིས་འབྲས་བུ་རྒྱས་བཏབ་ཅིང་།། ་འབྲས་བུ་བྱེད་རྒྱུའི་འབྲེལ་པ་ནི།། རྣམ་པར་དཔྱོད་ལས་དམིགསུ་མེད།། འབྲས་བུ་བྱེད་རྒྱུ་བརྟག་པ་འདི།། དེ་ཕྱིར་བཤད་པར་བྱ་ཡིས་ཉོན།། ས་བོན་སྡོང་པོའི་རང་བཞིན་གྱིས།། རྒྱུ་ལ་འབྲས་བུའི་མཚན་ཉིད་དུ།། བྱིས་པ་ཐམས་ཅད་ཀུན་ཏུ ་བརྟགས།། བྱེད་རྒྱུ་འབྲས་བུར་འགྱུར་བ་སྟེ།། ས་བོན་རྒྱུ་ལ་བལྟོས་ནས་ནི།། འབྲས་བུའི་ཤིང་ལྗོན་འགྱུར་དེ་བཞིན།། ཤིང་སྡོང་བྱེད་རྒྱུ་ལ་བལྟོས་ནས།། ས་བོན་འབྲས་བུར་དེ་བཞིན་འགྱུར།། དེ་ལྟར་རྒྱུ་ལ་འབྲས་བུར་འགྱུར།། འབྲས ་བུ་ལ་ཡང་བྱེད་རྒྱུར་འགྱུར།། འབྲས་དང་བྱེད་རྒྱུ་གཉིས་དག་འགྱུར།། དེ་ལྟར་དེ་རྣམས་བཞི་ཉིད་དོ།། ས་བོན་མེད་པར་སྡོང་པོ་མིནོ།། སྡོང་པོ་མེད་པར་ས་བོན་མིན།། བྱེད་རྒྱུ་མེད་པར་འབྲས་བུ་གང་།། དེ་མ་བཅའ་བྱ་བ་དོན་མེད་འགྱུར།། སངས ་རྒྱས་ཐམས་ཅད་བསྐྱེད་པ་པོ།། སངས་རྒྱས་སྲས་སུ་སླར་ཡང་འགྱུར།། བདེ་བ་གང་གིས་ཕུང་པོར་འགྱུར།། དེ་ཡིས་སླར་ཡང་བདེ་བར་འགྱུར།། རྡོ་རྗེ་སེམས་དཔའ་ཞེས་བྱར་འགྱུར།། ཕུང་པོ་ཕྱི་ལས་བདེ་བའོ།། ཕུང་པོ་དེ་ཡིས་སྐྱེད་བྱེད་འགྱུར།། ་འཆི་དང་འཕྲོ་བའི་རྒྱུ་ལས་སོ།། བདེ་བ་མེད་པར་ཕུང་པོ་མེད།། ཕུང་པོ་མེད་པར་བདེ་བའང་མེད།། རྒྱུ་མེད་པ་ཡི་འབྲས་བུ་མེད།། འབྲས་བུ་མེད་པས་རྒྱུ་ཡོད་མི་ནོ།། རྒྱུ་དང་འབྲས་བུ་གཉིས་གཉིས་འགྱུར།། དེ་ལྟར་དེ་རྣམ་བཞི་ཉིད་དོ།། ་དེར་ནི་བཞི་ཡིས་རྒྱས་འདེབས་པ།། སུ་ཡི་རབ་ཏུ་བརྟག་པར་ནུས།། སླར་ཡང་བཞི་པོ་བཞི་རྣམས་ཀྱིས།། སྤྲོ་དང་བསྡུ་བའི་ཆོས་ལསོ།། རྣམ་པར་གན་ས་མེད་ཐལ་འགྱུར་བས།། འཁོར་བའི་སྲིད་པའི་བར་གནས་པའོ།། སྐྱེ་དང་འཇིག་པའི ་ཆོས་ཀྱི་ནི།། རྒྱུ་དང་འབྲས་བུ་སྲིད་པར་གནས།། འབྲས་བུ་དང་རྒྱུ་འགོག་པ་ཡིས།། དེ་དག་སྐྱེད་མེད་འཇིག་པ་མེད།། རྒྱུ་དང་འབྲས་བུ་འགོག་པ་ཡིས།། ཇི་ལྟར་སངས་རྒྱ་སུ་མི་འགྱུར།། སྐྱེ་དང་འཇིག་པ་ལས་གྲོལ་བའི།། རྣལ་འབྱོར་པ ་རྣམས་ཐམས་ཅད་གཟིགས།། བུད་ཤིང་དབྱུག་ལེས་སླར་དབྱུག་པ།། དབྱུག་ལས་སླར་ཡང་དབྱུག་པར་འགྱུར།། དེ་བཞིན་བསོད་ནམས་ལས་བསོད་ནམས།། སྡིག་པ་ལས་སླར་སྡིག་པར་འགྱུར།། འབུ་ཞིག་ཟད་ལས་བུང་བ་ལྟར།། དེ ་བཞིན་སྡིག་ལས་བསོད་ནས་འགྱུར།། བསོད་ནམས་ཟད་ལས་སྡིག་པར་འགྱུར།། ཤི་བའི་ལུས་ལ་སྲིན་བུར་བཞིན།། ཇི་ལྟར་དངུལ་ཆུ་སྦྱོང་བྱེད་པ།། དངུལ་ཆུའི་གནས་སྐབས་ལྔར་བརྗོད་པ།། དེ་བཞིན་མཁས་པས་གནས་སྐབས ་ལྔར།། བྱང་ཆུབ་སེམས་སྔར་ཤེས་པར་བྱ།། དུ་བ་ཙི་ཏི་ཙི་ཏིའི་སྒྲ།། སྦལ་བཆོང་པ་ཉིད་དང་ནི།། འདར་དང་འདར་བ་མེད་པ་ཉིད།། དངུལ་ཆུའི་གནས་སྐབས་ལྔ་རུ་བཤད།། འགྱུར་དང་འགྱུར་དང་དེ་ནས་འཛག། འཛག་པ་མང ་དང་དྲི་མེད་གཞན།། བསམ་གཏོན་པ་ཡི་བྱང་ཆུབ་སེམས།། གནས་སྐབས་ལྔ་རུ་འགྱུར་བ་ཡིན།། བ་ལྕིའི་རྟེན་གྱི་སྦྱོར་བ་ཡིས།། ཇི་ལྟར་དངུལ་ཆུ་འཛིན་བྱེད་པ།། ཐབས་ཀྱི་རྟེན་གྱི་སྦྱོར་བ་ཡིས།། བྱང་ཆུབ་སེམས་ནི་དེ་ལྟར་བཟུང་།། དངུལ་ཆུ ་འདར་བ་མེད་མ་བྱས།། སེམས་ནི་དྲི་མེད་མ་བྱས་པ།། ལུས་ཕྱེད་ཐར་པའི་ཆེད་མ་ཡིན།། ནོར་ཕྱེད་བདེ་བའི་ཕྱེད་མ་ཡིན།། ཇི་ལྟར་ཟངས་མ་དངུལ་ཆུས་ཕུག། སླར་ཡང་ཟངས་མ་ཉིད་འགྱུར་མིན།། དེ་ལྟར་ཡེ་ཤེས་ཀྱིས་ཕུག་ལུས།། སླར ་ཡང་ཕྱུག་ཉིད་འགྲོ་བ་མིན།། སྨན་མཆོག་རྣམས་ཀྱི་སྦྱོར་བ་ཡིས།། ཇི་ལྟར་དངུལ་ཆུས་ལྕགས་ཟོས་ཏེ།། འདར་བ་མང་ཉིད་གྱུར་པ་ཕུག། ལྕགས་རྣམས་ཐམས་ཅད་གསེར་དུ་བྱེད།། སྟོང་ཉིད་གཟུགས་བརྙན་སྦྱོར་བ་ཡིས།། ཁམས ་རྣམས་ཇི་ལྟར་བདེར་ཟོས་ནས།། དྲི་མེད་བྱང་ཆུབ་སོན་པ་ནི།། གཞན་གྱི་སེམས་རྣམས་བྱིན་རློབ་བྱེད།། རྒྱལ་བ་ཡིས་ནི་ནད་རྣམས་འཕྲོག། བཞུ་པ་ཡིས་ནི་དབུལ་བ་འཇོམས།། བསྒྱུར་བ་ཡིས་ནི་དངོས་གྲུབ་སྟེར།། རྗེསུ་བསྒྱུར་བས ་འཆི་མེད་ཉིད།། རྒྱུ་མཐུན་པས་ནི་རྒས་པོ་འཕྲོག། རྣམ་པར་སྨིན་པས་དཔལ་སྟེར་བྱེད།། སྐྱེས་བུ་བྱེད་འདིས་དངོས་གྲུབ་བོ།། དྲི་མ་མེད་པས་འཆི་མེང་སྟེར།། འཆིན་མ་རིག་པ་འཇུག་བྱེད་ཅིང་།། དེ་ལས་འདུ་བྱེད་རྣམས་སྐྱེའོ།། དེ ་ཉིད་དང་པོའི་མགོན་པོར་བཤད།། ཞལ་གསུམ་རྣམ་པ་ཕྱག་དྲུག་པ།། མི་བསྐྱོད་དང་པོ་འཇུག་པ་གང་།། དེ་ལས་རྣམ་པར་ཤེས་པ་འབྱུང་།། དེ་ལས་མིང་དང་གཟུགསུ་འགྱུར།། དེ་ནས་ཁམས་དྲུག་བདག་ཉིད་ཅན།། སྐྱེ་མཆེད་དྲུག་གོ། ་འདི་རྣམས་ལས།། གཟུགས་རྡོ་རྗེ་སོགས་ངེས་པར་འབྱུང་།། མིག་སོགས་རྣམས་དང་གཟུགས་སོགས་རྣམས།། ལྷན་ཅིག་སྦྱོར་བ་རེག་པའོ།། དེ་ལས་ཚོར་བ་སྐྱེ་བ་སྟེ།། དེ་ནི་རིན་ཆེན་འབྱུང་ལྡན་ཉིད།། སྲིད་པ་ལོངས་སྤྱོད་བདག་ཉིད ་སྲེང་།། དེ་ཉིད་ལས་ནི་ཉེ་བར་སྐྱེ།། དེ་ལས་ཉེ་བར་ལེན་པར་བརྗོད།། ལག་པ་རྐང་པ་རྐྱོང་བའོ།། དེ་ལས་སྲིད་པ་སྐྱེ་འགྱུར་ཏེ།། བྱིས་པའི་དབུགས་ནི་ཕྱིར་འབྱུང་བའོ།། དེ་ལས་སྐྱེ་འདི་འདུ་ཤེས་དང་།། བྱིས་པ་རྣམས་ཀྱིས་རྟག ་བརྗོད་པའོ།། ལུས་ལ་སོགས་པ་བྱིན་བརླབས་པར།། དེ་འདི་ཡོངསུ་བརྟགས་པ་ནི།། སླར་ཡང་འདུ་བྱེད་ཤེས་པར་བྱ།། སོ་རྣམས་ལྷུང་ནས་སྲིད་པའོ།། བྱིས་པ་སྐྱེས་ལ་མ་རྣམས་ནི།། ཆུ་ཡིས་འཁྲུ་བའི་དབང་བསྐུར་བྱེད།། དེ་ཡི་གཙུག་ཕུད ་རབ་འཛེག་པ།། ཅོད་པན་དུ་ནི་ཡོངསུ་བརྟགས།། དེ་ཡི་རྣ་བ་འབེབས་པ་སོགས།། དར་དབྱངས་དབང་བསྐུར་ཞེས་པར་བཤད།། བྱིས་པའི་སྒྲ་དང་རྒོད་པ་ནི།། དྲིལ་བུ་རྡོ་རྗེའི་དབང་བསྐུར་རོ།། ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་ཡིན།། མིང ་ནི་མིང་གི་དབང་བསྐུར་བའོ།། ཀློག་པ་ལ་སོགས་རྗེས་གནང་ལ།། ཕ་དག་གིས་ནི་རྟག་ཏུ་སྟེར།། དེ་ལྟར་རྣམ་པ་བདུན་གྱིས་ནི།། དབང་བསྐུར་བདུན་དུ་རབ་ཏུ་གྲགས།། དེ་ཡི་བག་མ་ལོན་བྱེད་པ།། དབང་བསྐུར་གོང་མར་བརྗོད་པར་བྱ།། དེ་ཡི ་ཤེས་རབ་གཏོང་ཅན།། ན་མ་ལག་པ་འཛིན་པ་བརྗོད།། ཤེས་རབ་ཐབས་ཀྱི་སྙོམས་འཇུག་པ།། འཆ་བ་ལས་ནི་དབངར་འགྱུར།། ལུས་བསྐྲད་པ་ནི་བསྟན་པར་འགྱུར།། སྲོག་འབྱུང་བ་ནི་སྒྲུབ་པར།། གཉིས་སྨྲས ་སོགས་རྣམས་སླར་སྐྱེ་བ།། ཉེ་བར་སྒྲུབ་པ་བརྗོད་པར་བྱ།། ཤེས་རབ་ཐབས་ནི་སྙོམས་འཇུག་པས།། སྒྲུབ་པ་ཚན་པོ་ཐ་མའོ།། ཞེས་པ་སྐྱེ་བ་སྐྱེད་རམ་འགྱུར།། འཆི་བ་སྡུད་པར་བརྗོད་པར་བྱ།། ཕུང་བ་མཚམ་ས་སྦྱོར་འཕོ་བ་མེད།། མ ་རིག་འཕོ་བའི་ཆོས་ཅན་ནོ།། འདུ་བྱེད་ལ་སོགས་ཐམས་ཅད་ཀྱང་།། སྤྲོ་བ་དང་ནི་སྡུད་པར་འགྱུར།། ཞེས་པ་རྩ་བའི་རྒྱུད་དུའོ།། འདི་ཉིད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དབང་བསྐུར་བའི་ཆོ་གའི་ལེའུ་བཤད་པར་བྱའོ།། རང་གི ་སྙིང་ཀའི་ས་བོན་ལས།། འོད་ཟེར་ངེས་པར་ཕྱུང་སྟེ།། ནག་པོ་དང་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན།། དེ་རྣམས་ཀྱིས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་རྣམས་སྤྱན་དྲང་ཞིང་མོ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་དེ་གསོལ ་བ་གདབ་པར་བྱའོ།། ཨོཾ་ཨ་དྷི་ཥིཉྩནྟུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་པས་སོ།། དེ་ནས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩིའི་བུམ་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བར ་བྱའོ།། དབང་བསྐུར་བཞིན་པ་ན་མཁའ་ལས་མེ་ཏོག་གི་ཆར་འབབ་པར་འགྱུར་རོ།། ལྷ་རྣམས་ཀྱིས་རྔ་བོ་ཆེའི་སྒྲ་རྣམས་བྱེད་དོ།། གུར་ཀུམ་གྱི་ཆར་དབྱུང་ངོ་།། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱེད་དོ།། སྦྱིན་མ་ལ ་སོགས་པ་རྣམས་ཀྱིས་རྡོ་རྗེའི་གླུ་རྣམས་ཀྱི་གླུ་ལེན་ནོ།། དབང་བསྐུར་བའི་ཅོད་པན་དུ་རིགས་ཀྱི་བདག་པོར་འགྱུར་རོ།། འདིས་ནི་ཧེ་རུ་ཀ་རྫོགས་པར་འགྱུར་རོ།། དེ་ནས་སྐུ་ལ་སོགས་པའི་བྱིན་གྱིས་བརླབ་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སརྦ ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱ་ཏ་མ་ཀོ&ཧཾ། ཞེས་པའོ།། དེ་ལྟར་ཐུན་གསུམ་དུ་བྱིན་གྱིས་བརླབས་པའི་སྒོམ་པ་བསྒོམས་ནས་ལངས་ཏེ། དུས་ཐམས་ཅད་དུ་ལྷའི་གཟུགས་ཀྱིས་གནས་པར་བྱའོ།། ཀྱེའི་རྡོ་རྗེའི་འགྲེལ་པ་སྟོང་ཕྲག ་དྲུག་པར། ལྷ་དབང་བསྐུར་བའི་ལེའུ་བསྟན་པ་སྟེ་ཡོངས་སུ་བཅད་པ་དགུ་པའོ།། ལྷ་དབང་བསྐུར་བའི་ལེའུ་རྫོགས་སོ།། ། ཐོག་མ་ཐ་མ་མེད་ཞི་བ།། དངོས་དང་དངོས་མང་ཟང་ཁྱབ་བདག། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང ་ཆུབ་སེམས་ཞེས་བཤད་པ་སྟེ།། ཐེག་མ་བར་དང་མཐར་དགེ་བ།། དེ་ཉིད་རིན་ཆེན་བདེ་ཆེན་ལ།། དངོས་པོ་ཀུན་གྱིས་ཕྱག་འཚལ་ཏེ།། ལེའུ་ལྔ་པའི་འགྲེལ་པ་ནི།། སངས་རྒྱས་དེ་ཉིད་སྟོན་བྱེད་པ།། སེམས་ཅན་ཀུན་ལོ་ཕན་ཆད་དུ།། ཕྱག ་རྒྱ་ཆེན་པོའི་འབྲས་ཐོབ་ཆེད།། རྡོ་རྗེ་སྙིང་པོས་བྲི་བར་བྱ།། འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་འདི་ལས་དེ་ཁོ་ན་ཉིད་ཀྱིས་ལེའུ་བཤད་པར་བྱའོ།། ངོ་བོ་ཞེས་པ་ལ་སོགས་པར་གསལ་བར་བྱ་སྟེ། ངོ་བོ་དང་ནི་རིག་པར་བྱེད་པ། ་དེ་བཞིན་གཤེགས་པའི་ཡེ་ཤེས་ཏེ། ངོ་བོ་དེས་འཛིན་པར་བྱེད་པ་དང་། གཟུང་བ་དང་འཛིན་པ་ཐམས་ཅད་ཁམས་བཅོ་བརྒྱད་ཀྱི་རྣམ་འགྱུར་དང་བྲལ་བ་ཡིས།། རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་གྱི་གཟུགས་མིད་མཐོང་བ་པོ་མེད་མི་གོ་མེད ་མིག་གི་རྣམ་པར་ཤེས་པ་མེད་དོ།། དེ་བཞིན་དུ་ཉན་པ་པོ་མེད་སྒྲ་མེད།། རྣ་བའི་རྣམ་པར་ཤེས་པ་མེད།། དེ་བཞིན་དུ་དྲི་མེད་སྡོམ་པ་པོ་མེད་སའི་རྣམ་པར་ཤེས་པ་མེདོ།། དེ་བཞིན་དུ་རོ་མེད་མྱོང་བ་པོ་མེད་ལྕེའི་རྣམ་པར་ཤེས ་པ་མེད་དོ།། དེ་བཞིན་དུ་རེག་བྱ་མེད་རེག་པ་པོ་མེད།། ལུས་ཀྱི་རྣམ་པར་ཤེས་པ་མེད་དོ།། དེ་བཞིན་དུ་ཆོས་ཀྱི་ཁམས་མེད་འཛིན་པ་པོ་མེད་ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ།། དེ་ལྟར་མིག་ལ་སོགས་པ་རྣམས་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལྟར ་ཁམས་བཅོ་བརྒྱད་དང་བྲལ་བའི་དེ་ཁོ་ན་ཉིད་རིན་པོ་ཆེ་རྣལ་འབྱོར་པས་བསྒོམ་པར་བྱ་སྟེ། མ་རིག་པ་ལ་སོགས་པ་འགོག་པས་སོ།། རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། འགྱུར་བའི་མ་རིག་འགོག་པ་ཡིས།། འདུ་བྱེད་ངེས ་པར་འགོག་པའོ།། འདུ་བྱེད་ངེས་པར་འགོག་པ་ཡིས།། རྣམ་པར་ཤེས་པ་འགོག་པའོ།། རྣམ་པར་ཤེས་པ་འགོག་པ་ཡིས།། མིང་དང་གཟུགས་ནི་འགོག་པར་བྱེད།། མིང་དང་གཟུགས་ནི་འགོག་པ་ཡིས།། སྐྱེ་མཆེད་དྲུག་རྣམས་འགོག་པའོ།། ་སྐྱེ་མཆེད་དྲུག་རྣམས་འགོག་པ་ཡིས།། རེག་པ་ཡང་ནི་འགོག་པར་བྱེད།། རེག་པ་ཡིས་འགོག་པ་ཡིས་ཀྱང་ནི།། ཚོར་བ་ངེས་པར་འགོག་པར་བྱེད།། ཚོར་བ་ངེས་པར་འགོག་པ་ཡིས།། སྤྱད་པ་ཡང་ནི་འགོག་པར་བྱེད།། སྲེད་པ་ངེས་པར ་འགོག་པ་ཡིས།། ཉེ་བར་ལེན་པ་འགོག་པའོ།། ཉེ་བར་ལེན་པ་འགོག་པ་ཡིས།། སྲིད་པ་ཡང་ནི་འགོག་པའོ།། སྲིད་པ་ཡང་ནི་འགོག་པ་ཡིས།། སྐྱེ་བའང་ངེས་པར་འགོག་པའོ།། སྐྱེ་བ་འགག་པ་ཡིས་ཀྱང་ནི།། རྒ་ཤི་ངེས་པར་འགོག ་པའོ།། ཕུང་པོ་ཁམས་རྣམས་ངེས་འགོག་པས།། དེ་ཉིད་ཉེ་བར་ཞི་བར་བཤད།། དེ་ལྟར་ལུས་ནི་འགོག་པ་ཡིས།། སྲོག་རླུང་ཡང་ནི་འགོག་པའོ།། སྲོག་རླུང་ངེས་པར་འགོག་པ་ཡིས།། བྱང་ཆུབ་སེམས་ནི་འགོག་པའོ།། བྱང་ཆུབ་སེམས་ནི ་འགོག་པ་ཡིས།། འཛག་པ་ངེས་པར་འགོག་པའོ།། འཛག་པའི་སྐད་ཅིག་འགོག་པ་ཡིས།། རྣལ་འབྱོར་པ་ཀུན་སངས་རྒྱས་ཉིད།། དེ་བཞིན་ཉོན་མོངས་རྣམས་འགོག་པ།། ལས་རྣམས་ཀྱང་ནི་འགོག་པའོ།། ལས་རྣམས་ཀྱང་ནི་འགོག་པ་ཡིས།། ། ་སྡུག་བསྔལ་རྣམས་ཀྱང་འགོག་པའོ།། སྡུག་བསྔལ་རྣམས་ཀྱང་འགོག་པ་ཡིས།། དེ་ནི་ཉོན་མོངས་སྐྱེ་མི་འགྱུར།། ཉོན་མོངས་སྐྱེ་བ་སྐྱེ་མེད་པར།། ལས་ནི་སྐྱེ་བ་མིན་པ་ཉིད།། དེ་རྣམས་སྐྱེ་བ་མེད་པར་ནི།། སྡུག་བསྔལ་རྣམས་ཀྱང་འབྱུང ་མི་ཡིན།། སྡུག་མེད་བདེ་ལྡན་རྣལ་འབྱོར་པ།། རྟག་ཏུ་སེམས་ཅན་དོན་རྣམས་བྱེད།། སྡུག་པ་དང་ནི་མི་སྡུག་པར།། སེམས་ཅན་རྣམས་ནི་རྣམ་རྟོག་པ།། དེ་ལས་ཉོན་མོངས་པ་རྣམས་འབྱུང་།། དེ་ལས་ཀྱང་ནི་ལས་སྐྱེའོ།། ལས་ལས་སྡུག ་བསྔལ་སྐྱེ་བ་སྟེ།། བདེ་བ་མེད་ན་དེ་ལོས་སླར།། དགེ་བ་བཅུ་ནི་ཡོངས་སྤངས་ལས།། བདེ་བ་གང་ལས་འབྱུང་བར་འགྱུར།། བདེ་མེད་སྡུག་བསྔལ་སེམས་ལས་ནི།། བསོད་ནམས་ཚོགས་ནི་ག་ལས་ཡིན།། ལྷ་དང་སྔགས་དང་ཕྱག་རྒྱ ་སོགས།། བརྟགས་པས་བྱིས་པ་རྣལ་འབྱེར་པ།། བསོད་ནམས་མེད་པར་ཡེ་ཤེས་ཚོགས།། གང་ལས་ཡང་དག་སྐྱེ་བར་འགྱུར།། དེ་དག་མེད་ན་སངས་རྒྱས་ཉིད།། རྡོ་རྗེ་སེམས་དཔའ་མཆོག་མེད་དེ།། དེ་མེད་ན་ཡང་རང་དོན་དང་།། གཞན་དོན ་ཡང་དག་འབྱུང་བ་མེད།། རྣམ་དག་ཆོས་དང་ལོངས་སྤྱོད་རྫོགས།། སྤྲུལ་པ་དེ་རྣམས་སྤྲོ་བར་བྱེད།། སད་པ་རྨི་ལམ་གཉིད་སྟུག་པོ།། བཞི་པའི་གནས་སྐབས་བཞི་པོ་ཡིས།། རྒྱུ་འབྲས་གང་ཚེ་འགགས་དེའི་ཚེ།། སངས་རྒྱས་ཉིད་དུ་ཐེ་ཚོམ ་མེད།། རྡུལ་མེད་རྡུལ་བྲལ་དྲི་མ་མེད།། ཉེས་པ་སྤངས་པ་སྐྱོན་མོད་པ།། ཤིན་ཏུ་སད་པ་རྣམ་སང་བདག། ཀུན་མཁྱེན་ཀུན་རིག་དམ་པ་པོ།། རྒྱུ་དང་འབྲས་བུ་འགོག་པ་ལས།། རྒྱལ་བའི་དབང་པོའི་སྐུ་གཞན་ནོ།། སྐུ་གསུང་ཐུགས་དང་བདེ་བ ་ཡང་།། གཞན་ཏེ་ཕུང་པོའི་ཚོགས་པའང་གཞན།། ས་སོགས་ཁམས་རྣམས་གཞན་པ་སྟེ།། ཡུལ་དང་དབང་པོ་རྣམས་ཀྱང་ངོ་།། ལས་ཀྱི་དབང་པོའི་བྱེ་བའང་གཞན།། དེ་བཞིན་ལས་ཀྱི་དབང་པོ་ཡང་ཐམས་ཅད་ནས་ནི་ཕྱག་ཞབས་སོགས།། ཀུན་ནས ་སྤྱན་དང་དབུ་དང་ཞལ།། ཀུན་ནས་ཐོས་ལྡན་འཇིག་རྟེན་དུ།། ཐམས་ཅད་ཁྱབ་པར་བྱས་ཏེ་བཞུགས།། ཞེས་པ་རྩ་བའི་རྒྱུད་དུ་དེ་ཁོ་ན་ཉིད་ཀྱི་ངེས་པའོ།། ད་ནི་འདི་སྒྲུབ་པའི་ཚད་དུ་ཀུན་རྫོག་ཏུ་ཕྱག་རྒྱ་ཉུང་ངུའི་རྒྱུད་དུ་གསུངས་པ་འདི་ལྟ་སྟེ། སྐྱེད་བྱེད་མ ་དོང་སྲིང་མོ་དང་།། བུ་མོ་སྲིང་མོ་རི་བུ་མེ་ནི།། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས།། རྣལ་འབྱོར་རིག་པས་རྟག་ཏུ་མཆོད།། རྣལ་འབྱོར་ཞེས་པ་གཟུང་བ་དང་།། འཛིན་པོའི་སེམས་དག་གཅིག་པོ་ཉིད་དང་། རྐྱང་མ་དང་རོ་ནི་དག་གཅིག་པ་ཉིད་དང་། གཏུམ ་མོ་དང་ཁུ་བ་དག་གཅིག་པ་ཉིད་དོ།། དེ་ལས་ངེས་པར་སྒྲུབ་པའི་དབང་ཕྱུག་དང་ལྡན་པ་སྟེ།། ཚངས་པར་སྤྱོད་པ་མི་འགྱུར་བའི་བདེ་བ་ཤེས་རབ་དང་ཐབས་སྙོམས་པར་འཇུག་པས་མཆོད་པར་བྱའོ།། ཕྱི་རོལ་ཏུ་ནི་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་མ་ལ ་སོགས་པ་རྣམས་ཞེས་པའོ།། དེ་བཞིན་དུ་གར་མ་ཆོས་མ་གཡུང་མོ་དང་།། གཏུམ་མོ་དེ་བཞིན་བྲམ་ཟེ་མོ།། རྣལ་འབྱོར་རིག་པས་ཞེས་སྔར་བཤད་པའི་ཆོ་ག་ཡིས་དང་། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས།། དེ་ཉིད་རིག་པས་རྟག་ཏུ་མཆོད།། དུས ་ཐམས་ཅད་དུ་མི་འཕོ་བའི་བདེ་བས་ཆོ་ག་བསྙེན་པར་བྱ་སྟེ། ཇི་ལྟར་བྱ་བར་མི་འགྱུར་བར།། བྱེ་བ་ནི་ངེས་པའི་དོན་གྱིས་ཁུ་བ་འཕོ་བའོ།། དྲང་བའི་དོན་གྱིས་ཕྱི་རོལ་དུ་སྐྱེ་བོས་སྨོད་པའོ།། དེའི་ཕྱིར་མ་ལ་སོགས་པ་རྣམས་རྣལ་འབྱོར་པས་འབད ་པས་བསྟན་པར་བྱ་བ་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ། གང་གི་ཆོ་གསལ་པོར་བསྟེན་པར་བྱས་ན་དེའི་ཚེ་རྒྱལ་པོའི་རིགས་ལ་སོགས་པ་རྣམས་ཀྱིས་བྱས་པའི་རྣལ་འབྱོར་པ་རྣམས་ལ་སྡུག་བསྔལ་སྟེར་བར་བྱེད་དོ་ཞེས་པའོ།། རིགས་ལྔའི ་ཕྱག་རྒྱ་རྣམས་ཤེས་པ་ཐར་པའི་རྒྱུར་ནི་བརྗོད་པར་བྱ།། ཞེས་པ་སྟེ། འདིར་ཐར་པའི་རྒྱུ་རོ་ཕྱག་རྒྱ་ཞེས་བྱ་བ། དེ་བཞིན་གཤེགས་པ་ལྔའི་རིགས་ཅན་ཡིན་ལ། རྡོ་རྗེ་ཡིས་ཏེ་བྱང་ཆུབ་སེམས་འདིས་རྒྱས་གདབ་བྱ།། ཞེས་པ་ཕྱག་རྒྱ་སྟེ ་ཨ་བ་དྷཱུ་ཏཱིའོ།། འདིར་རྡོ་རྗེ་ཞེས་པ་ལ་སོགས་པོ་མ་ལ་སོགས་པའི་ཕྱག་རྒྱ་རྣམས་འ་ཁྲ་ག་འཁྲུགསུ་གསུངས་མོད། རིམ་པ་ཇི་ལྟ་བ་བཞིན་དུ་བཟུང་བར་བྱ་སྟེ། འདིར་མ་ནི་དེ་བཞིན་གཤེགས་པའི་རིགས་དང་། བྲམ་ཟེ་མོ་དང་། སྤྱན ་མ་སྟེ་ལྕི་བའི་པདྨ་ལའོ།། སྲིང་མོ་ནི་མཱ་མ་ཀཱི་དང་སྙིང་གར་དང་རྡོ་རྗེའི་རིགས་ཅན་མ་དང་། གཡུང་མོའོ།། བུ་མོ་ནི་མེའི་ཁམས་དང་། པདྨའི་རིགས་ཅན་མ་དང་། གར་མ་སྟེ་མགྲིན་པར་རོ།། སྲིང་མོའི་བུ་མོ་ནི་རླུང་གི་ཁམས་དང་། ལས་ཀྱི ་རིགས་ཅན་མ་དང་ཆོས་མ་སྟེ་དཔྲལ་བར་རོ།། ཆུང་མ་ནི་རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མ་དང་། ན་མཁའི་ཁམས་དང་གཏུམ་མོ་དང་། རིན་པོ་ཆེའི་རིགས་ཅན་མ་སྟེ། གཙུག་ཏོར་དུའོ།། མཐར་སྐྱེས་མིན་ཡེ་ཤེས ་ཀྱི་ཁམས་དང་རྡོ་རྗེ་སེམས་དཔའི་རིགས་ཅན་མ་སྟེ་གསང་བའི་པདྨར་རོ།། དེ་ལྟར་ལྟེ་བ་ལས་སྟེང་དུ་ཕྱག་རྒྱའི་རིགས་ལྔ་པོ་འདི།། མདོར་བསྡུས་པ་ནི་བརྗོད་པར་བྱ།། རིགས་ནི་རྣམ་པ་དྲུག་རྣམས་བརྗོད།། ཅེས་པ་གཙུག་དུན་མཁའི་ཁམས་ཀྱི ་རིགས་དང་། དཔྲལ་བར་རླུང་གི་ཁམས་ཀྱི་རིགས་དང་། མགྲིན་པར་མེའི་ཁམས་ཀྱི་རིགས་དང་། སྙིང་གར་ཆུའི་ཁམས་ཀྱི་རིགས་དང་། ལྟེ་བ་རེ་སའི་ཁམས་ཀྱི་རིགས་དང་། གསང་བར་ཡེ་ཤེས་ཀྱི་ཁམས་ཀྱི་རིགསོ།། དེ་ལྟར་ན་མཁའི་གཙོ་བོའི ་ཡོན་ཏན་ནི་ཆོས་ཀྱི་ཁམས་སོ།། རླུང་གི་ཡོན་ཏན་གཙོ་བོ་ནི་རེག་བྱའོ།། མེའི་ཡོན་ཏན་གཙོ་བོ་ནི་རོའོ།། ཆུའི་ཡོན་ཏན་གཙོ་བོ་ནི་གཟུགས་སོ།། སའི་ཡོན་ཏན་གཙོ་བོ་ནི་དྲིའོ།། ཡེ་ཤེས་ཀྱི་ཁམས་ཀྱི་ཡོན་ཏན་གཙོ་བོ་ནི་སྒྲའི་ཁམསོ།། དེ་བཞིན ་དུ་རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། མིག་གི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། དེ་བཞིན་དུ་བྷ་གའི་དབང་པོ་དང་། ངག་གི་དབང་པོ་དང་། ལག་པའི་དབང་པོ་དང་། རྐང་པའི་དབང་པོ་དང་། ་རྐུབ་ཀྱི་དབང་པོ་དང་། མཆོག་གི་དབང་པོའོ།། དེ་ལྟར་ཕྱག་རྒྱ་རྣམ་པར་དག་པ་སྟེ། བཤད་པ་འཛག་པ་དང་། གཅི་བ་འཛག་པ་དང་། འགྲོ་བ་དང་ལེན་པ་དང་། སྨྲ་བ་དང་ཁུ་བ་འཛག་པ་སྟེ། དེ་ལྟར་རིགས་སུམ་ཅུ་རྩ་དྲུག་རྣམས་ཀྱི་རིགས ་དྲུག་གོ།། དེ་ལྟར་ཁམས་སུམ་ཅུ་རྩ་དྲུག་རྣམསུ་རིག་པར་བྱའོ།། དེ་བཞིན་དུ་རྣམ་པར་ཤེས་པ་དྲུག་དང་། འདུ་བྱེད་དྲུག་དང་། ཚོར་བ་དྲུག་དང་། འདུ་ཤེས་དྲུག་དང་། གཟུགས་དྲུག་དང་། ཡེ་ཤེས་དྲུག་སྟེ། དེ་ལྟར་ཕུང་པོ་དང་ཁམས་རྣམས ་བདུན་ཅུ་རྩ་གཉིས་སོ།། དེ་རྣམས་ཀྱང་ཉིས་འགྱུར་གྱི་མཁའ་འགྲོ་མའི་དྲ་བ་སྡོམ་པ་ལས་ལྷ་རྣམས་ཏེ། དཀྱིལ་འཁོར་སུམ་ཅུ་རྩ་དྲུག་རྣམས་དང་། སུམ་ཅུ་རྩ་བདུན་པ་ཧེ་རུ་ཀ་རྡོ་རྗེ་ཕག་མོ་དང་བཅས་པའོ།། དེའི་རིགས་གསུམ་སྟེ། སྐུ་དང ་གསུང་དོང་ཐུགས་ཀྱི་འཁོར་ལོ་བདེ་མཆོག་སྟེ། ཉིས་འགྱུར་ནི་འཁོར་ལོ་དྲུག་གེ་བདེ་མཆོག་གོ།། ཀྱེའི་རྡོ་རྗེའི་རྒྱུ་དེ་འདིར་ནི་བཅོམ་ལྡན་འདས་ཀྱིས་གསུངས་པོ། འཁོར་ལོ་སྡོམ་པར་ཚིག་གཉིས་ཀྱིས་གསལ་བར་མཛད་དེ། དེ་ནས་སྔགས་པ ་ཉིས་འགྱུར་མཆོད།། མཁའ་འགྲོ་མའི་དྲ་བ་སྡོམ་ཞེས་གསུངས་པ་ལས་སོ།། འདབ་མ་དང་ཞིང་ལ་སོགས་པ་ཉིས་འགྱུར་ཏེ། གནས་བཞི་རྣམས་དང་ཉེ་བའི་གནས་བཞི་རྣམས་དང་། ཞིང་བཞི་རྣམས་དང་ཉེ་བའི་བཞི་རྣམས་དང་ཆེན་དོ ་ཧ་བཞི་དང་། ཉེ་བའི་ཚན་དོ་ཧ་བཞི་རྣམས་དང་། འདུ་བ་བཞི་རྣམས་དང་། ཉེ་བའི་འདུ་བ་བཞི་རྣམས་དང་། འཐུང་གཅོད་བཞི་རྣམས་དང་། ཉེ་བའི་འཐུང་གཅོད་བཞི་རྣམས་དང་། དུར་ཁྲོད་བཞི་རྣམས་དང་། ཉེ་བའི་དུར་ཁྲོད་བཞི་རྣམས ་ཏེ། དེ་ལྟར་ས་བཅུ་གཉིས་རྣམས་སོ།། རེ་རེ་ལ་ཡང་དཔའ་བོའི་དབང་ཕྱུག་མ་བཞི་དཔའ་བོ་དང་བཅས་པ་རྣམསོ།། དེ་ལྟར་འཁོར་ལོ་དྲུག་ལ་རྣལ་འབྱོར་མ་བཞི་བཅུ་རྩ་བརྒྱད་རྣམས་ཏེ། ནམ་མཁའི་འཁོར་ལོ་ལ་རྡོ་རྗེ་མཁའ་འགྲོ་མ་བརྒྱད་རྣམས ་དང་། རླུང་གི་འཁོར་ལོ་ལ་རལ་གྲིའི་མཁའ་འགྲོ་མ་བརྒྱད་དང་། མེའི་འཁོར་ལོ་ལ་རིན་པ་ཆེའི་མཁའ་འགྲོ་མ་བརྒྱད་དང་། ཆུའི་འཁོར་ལོ་ལ་པདྨའི་མཁའ་འགྲོ་མ་བརྒྱད་དང་། སའི་འཁོར་ལོ་ལ་འཁོར་ལོའི་མཁའ་འགྲམ ་བརྒྱད། ཡེ་ཤེས་ཀྱི་འཁོར་ལོ་ལ་གྲི་གུག་གི་མཁའ་འགྲོ་མ་བརྒྱད་དོ།། རྡོ་རྗེ་ནོར་བུ་སྟོང་པའི་མཁའ་འགྲོ་མ་བརྒྱད་དེ་རྡོ་རྗེ་རྩེ་གཅིག་པ་འཛིན་པོ་རྣམས་སོ།། གཞན་རྣམས་ནི་དུར་ཁྲོད་བཅུ་དྲུག་ན་གནས་དགའ་བ་བཅུ་དྲུག་ལས་སྐྱེས་པ་མཁའ ་འགྲོ་མ་བཅུ་དྲུག་རྣམས་ཏེ། རྣ་བ་གཉིས་ལ་གཉིས་དག་དང་། སྣ་ཡི་བུ་ག་ན་གཉིས་དང་། མིག་དག་ན་གཉིས་དང་། ལྕེ་དང་འཕྱང་མ་དག་ན་གཉིས་དང་། སྤྱི་གཙུག་གི་བུ་ག་དག་ན་གཉིས་དང་། བཤད་ལམ་གྱི་སྒོ་ན་གཉིས་དང་། གཅི ་བའི་སྒོ་ན་གཉིས་དང་། ཁུ་བ་འཕོ་བའི་སྒོ་ན་གཉིས་ཏེ་དེ་ལྟར་རྣལ་འབྱོར་མ་བཅུ་དྲུག་རྣམས་སོ།། དེ་རྣམས་ཀྱི་དབུས་ན་གཙོ་བོ་ལྷན་ཅིག་སྐྱེས་པའི་དགའ་བ་སྟོང་པ་ཉིད་འཁྱུད་པ་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ཕྱག་ཉི་ཤུ་རྩ་བཞི་པ་སྟེ་འཁོར་ལོ ་སྡོམ་པ་ཉིས་འགྱུར་ལས་སོ།། དུས་ཀྱི་ཁྱད་པར་གྱིས་བཞུགས་པ་སྟེ། ལོ་རྣམ་པར་དག་པ་སྐུ་སྔོན་པོའོ།། བགྲོད་པ་རྣམ་པར་དག་པས་དཀར་པོ་དང་དམར་པོའི་ཞབས་སོ།། དུས་གསུམ་རྣམ་པར་དག་པས་ནག་པ་དང་། དམར་པོ་དང་དཀར་པོའི ་མགྲིན་པ་སྟེ། མགོ་ཅན་ལ་སོགས་པའི་ཟླ་བ་བཞི་རྣམས་དུས་གཅིག་གོ། ཆུ་སྲིན་ལ་སོགས་པ་ཟླ་བ་གསུམ་གྱི་བདག་ཉིད་ཅན་གྱི་དུས་བཞི་རྣམས་ཏེ། དེ་རྣམ་པར་དག་པས་ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོའི་ཞལ་བཞིན ་དེ་བཞིན་དུ་མགོ་ཅན་ལ་སོགས་པ་རྣམས་ཟླ་བ་གཉིས་ཀྱི་བདག་ཉིད་ཅན་གྱི་དུས་ཚིགས་དྲུག་རྣམས་ཏེ། དེ་རྣམ་པར་དག་པས་ཕྲག་པ་དྲུག་སྟེ། སྔོན་པོ་དང་། དམར་པོ་དང་། དཀར་པོའི་རང་བཞིན་གཡས་དང་ཅིག་ཤོས་དག་གོ། དེ་བཞིན་དུ་ཟླ་བ ་བཞི་བཞིའི་བདག་ཉིད་གཡས་པ་དང་ཅིག་ཤོས་ཀྱི་ནག་པོ་དང་། དམར་པོ་དང་། དཀར་པོའི་དཔུང་པ་བཅུ་གཉིས་ཏེ་ཟླ་བ་བཅུ་གཉིས་རྣམས་ལའོ།། དེ་བཞིན་དུ་ཕྱོགས་ཀྱི་དབྱེ་བས་ཕྱག་ཉི་ཤུ་རྩ་བཞིའོ།། སོ་སོར་ཚེས་གྲངས་སོ་སོའི་དབྱེ་བས ་གཡོན་པ་དང་གཡས་པའི་ཕྱག་གི་ཚིགས་ཀྱི་རྩ་རྣམས་སོ།། སོར་མེའི་ཚིགས་དྲུག་ཅུ་ལྷག་པའི་བརྒྱ་ཕྲག་གསུམ་ན་ལོའི་ཚེས་ཀྱི་དབྱེ་བས་ཞེས་པའོ།། དེ་ལྟར་རིགས་དྲུག་གི་བདོག་ཉིད་ཅན་གྱི་ཧེ་རུ་ཀ་དུས་ཀྱི་འཁོར་ལོ་སྟེ། དེ་ཁོ་ན་དང་པོའི་སངས ་རྒྱས་ཞེས་ཀྱང་བརྗོད་པར་བྱའོ།། འདིའི་ཞལ་བརྒྱ་ཡིས་མགོ་བོའི་ཕྲེང་བ་ནི་རིགས་བྱེད་ཀྱི་ཡན་ལག་བརྒྱ་ཡིན་ལ་ཚངས་པའི་མགོ་བོ་བཅད་པ་རྣམས་ཀྱི་རྡོ་རྗེ་ཐོད་པ་ཅན་ཆེན་པོ་བཅོམ་ལྡན་འདས་སོ་ཞེས་པའོ།། ཉིས་འགྱུར་གྱི་མཁའ་འགྲོ་མའི ་དཱ་བ་སྡོམ་པ་ནི་རིགས་དྲུག་གི་བདག་ཉིད་ཅན་ནོ།། །། རྒྱུད་གཞན་དང་གཞན་དུ་ནི་རིགས་ལྔའི་བདག་ཉིད་ཅན་ནོ།། དེའི་ཕྱིར་རིགས་ནི་རྣམ་པ་དྲུག་བཤད་པ།། མདོར་བསྡུས་པ་ནི་རྣམ་པ་ལྔ།། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། ་ཕྱི་ནས་རྣམ་པ་གསུམ་ཉིད་འགྱུར།། ཞེས་པའོ།། དེ་ལྟར་བཤད་པའི་རིམ་པས། རིགས་དང་འབྱུང་བ་ལྔ་རྣམས་དང་།། ཕུང་པོ་ལྔ་ཡི་བདག་ཉིད་ཅན།། འདི་ཡིས་རིགས་བྱེད་བགྲང་བྱེད་པས།། རིགས་ཞེས་མངོན་པར་བརྗོད་པར་བྱ་ཞེས་པ ་རིགས་དྲུག་དང་། རིགས་ལྔ་དང་རིགས་གསུམ་གྱིས་ངེས་པའོ།། ང་ནི་དེ་བཞིན་གཤེགས་པའི་མཚན་ཉིད་བརྗོད་པར་བྱ་སྟེ། འདི་ལྟ་སྟེ། དཔལ་ལྡན་དེ་བཞིན་དུ་གཤེགས།། དེ་བཞིན་ཉིད་དུའང་བྱོན་པ་ཉིད།། ཤེས ་རབ་ལྡན་པ་འདི་ཡིས་ནི།། དེ་བཞིན་གཤེགས་པ་མངོན་བརྗོད་བྱ། ཞེས་ཏེ། འདིར་ཤེས་རབ་སྟོང་པ་ཉིད་འདི་དང་ལྡན་པ་དེ་སྟོང་པ་ཉིད་ཀྱི་གཟུགས་དང་ལྷན་ཅིག་པའོ།། དེ་བཞིན་ཉིད་དུ་སྟེ། གསང་བའི་པདྨར་རྡོ་རྗེ་ནོར་བུའི་མཐར་ཐུག་པར་མི ་གནས་པའི་མྱ་ངན་ལས་འདས་པའི་ས་ལ་གཙུག་ཏོར་ན་མཁའི་ཁམས་ནས་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་ལྟེ་བ་དང་གསང་བའི་པདྨ་རྣམས་ལ་རླུང་དང་། ས་དང་ཆུ་དང་། མེ་དང་། ཡེ་ཤེས་ཀྱི་རང་བཞིན་གྱི་རྡོ་རྗེ་བཙུན་མོའི ་བྷ་ག་རྣམས་བཞུགས་པར་གྱུར་ཏོ་ཞེས་པ་དཔལ་ལྡན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་གཤེགས་པའོ།། དེ་བཞིན་དུ་ཡང་བྱོན་པ་ཉིད།། ཅེས་པ་ཇི་ལྟར་འོག་གི་ཆར་གཤེགས་པ་དེ་ལྟར་རྡོ་རྗེ་ནོར་བུ་ལས་གསང་བའི་པདྨ་ཡེ་ཤེས་ཀྱི ་ཁམས་ལས་བྱོན་པ་སྟེ། ལྟ་བར་དང་སྙིང་ཀར་དང་མགྲིན་པར་དང་། དཔྲལ་བྱར་དང་། གཙུག་ཏོར་དུ་གྱེན་དུ་ཁུ་བ་ཡིས་སོ།། དེ་ལྟར་ན་ཇི་ལྟར་གཤེགས་པ་དེ་ལྟར་བྱོན་པ་གྲུབ་སྟེ། ཡན་ལག་བཅུ་གཉིས་འགོག་པས་ཞེས་པས་ས ་བཅུ་གཉིས་ཐོབ་པའོ།། ཇི་ལྟར་འཇིག་རྟེན་པའི་ཀུན་རྫབ་ཀྱི་དགའ་བ་དང་མཆོག་དགའ་དང་ཁྱད་དགའི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དབྱེ་བས་དཔྲལ་བ་ནས་འོག་ཏུ་བྱོན་པ་དེ་ལྟར་ཟློག་པས་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་། ་སྐྱེས་བུའི་བྱེད་པ་དང་། དྲི་མ་མེད་པ་རྣམས་ཀྱི་གསང་བ་ནས་དཔྲལ་བར་གཤེགས་པའོ།། དེ་སྐད་དུ་ཡང་གསུངས་པ། ལྟེ་བར་རྒྱུ་མཐུན་རབ་ཏུ་བརྗོད།། ཆོས་ཀྱི་འཁོར་ལོར་རྣམ་སྨིན་ཏེ།། སྐྱེས་བུ་བྱེད་པ་ལོངས་སྤྱོད་དུ།། བདེ་བ་ཆེན་པོ ་དྲི་མ་མེད། ཅེས་པ་ངེས་པ་སྟེ། འཆད་པར་འགྱུར་བ་ལའོ།། དེ་ལྟར་ན་ཇི་ལྟར་ཚེས་གཅིག་ལ་སོགས་པ་ཆུ་བཅོ་ལྔ་པའི་དབྱེ་བས་ཀུན་རྫོབ་ཏུ་གཙུག་ཏོར་ནས་གསང་བའི་པདྨར་ཆ་རྫོགས་པའི་རང་བཞིན་གྱིས་འོག་ཏུ་ཁུ་བས་ཡེ་ཤེས ་ཀྱི་སེམས་སོང་བ་སྟེ། དེ་ལྟར་རྡོ་རྗེ་ནོར་བུ་ལས་བྱུང་བ་རྣལ་འབྱོར་གྱི་སྟོབས་ཀྱི་གསང་བའི་པདྨ་ལས་བཟློག་པས་ཚེས་གཅིག་ལ་སོགས་པའི་ཚེའི་དབྱེ་བས་ཆ་གང་བའི་རང་བཞིན་གྱི་སྟེང་དུ་ཁུ་བས་དཔྲལ་བའི་པདྨར་གཤེགས་པ་སྟེ། གཙུག ་ཏོར་དུ་ཆ་བཅུ་དྲུག་པའི་རང་བཞིན་གྱིས་སོ།། དེ་ལྟར་འཁོར་བ་པ་རྣམས་ཀྱིས་རྡུལ་གྱི་ཁམས་ནག་པོའི་ཚེས་གཅིག་ལ་སོགས་པའི་དབྱེ་བས་གསང་བ་ནས་གཙུག་ཏོར་དུ་སོང་བ་གནམ་སྟོང་གི་མཐར་བཅུ་དྲུག་པ་ཉམས་པའི་དབྱེ་བས ་ཡིན་ནོ།། དེ་ཁོ་ནས་སངས་རྒྱས་རྣམས་ཀྱིས་བཟློག་པས་གཙུག་ཏོར་ནས་ནག་པོའི་ཚེས་གཅིག་ལ་སོགས་པའི་ཆའི་དབྱེ་བས་གནམ་སྟོང་གི་མཐར་ཟླ་བའི་ཆ་བཅུ་དྲུག་པ་ཉམས་པའི་བྱེ་བྲག་གིས་གསང་བའི་པདྨར་སོན་པའོ།། དེ་སྐད་དུ ་ཡང་། ཀུན་རྫོབ་པས་དང་པོའི་སངས་རྒྱས་སུ་གསུངས་པ། ལུས་ཅན་ཐམས་ཅད་འཆི་བ་ན།། ཟླ་བ་བདུད་རྩི་འོག་ཏུ་འགྲེ། སྟེང་དུ་ཉི་མ་རྡུལ་སྒྲ་གཅན།། རྣམ་ཤེས་དངོས་པོའི་མཚན་ཉིད།། དེ་ཕྱིར་ཟླ་བ་བདུད་རྩི་ནི།། སྟེང་དུ་འགྲོ་བྱ་མི་བསྐྱོད་པ།། ། ་འོག་ཏུ་ཉི་མ་རྡུལ་སྒྲ་ཅན།། རྣམ་ཤེས་འགྱུར་མེད་བདེ་བ་ལའོ་ཞེས་སོ།། དོན་དམ་པས་འདི་ཉིད་དུ་འཆད་པར་འགྱུར་བ། བྱང་ཆུབ་སེམས་ནི་ཟླ་བར་འགྱུར།། བཅོ་ལྔའི་ཆ་ཡིས་བདག་ཉིད་ཅན།། བདེ་བ་ཆེན་པོ་ཨཱ་ལིའི ་གཟུགས།། རྣལ་འབྱོར་མ་རྣམས་དེ་ཡི་ཆ།། ཞེས་པ་དགའ་བ་བཅུ་དྲུག་གི་ངེས་པའོ།། དེ་བཞིན་དུ་རིགས་ཀྱི་ལེའུར་བཅོམ་ལྡན་འདས་ཀྱིས་གསུངས་པ། ཇི་ལྟར་རིགས་པར་རྣལ་འབྱོར་མའི།། སྐྱེ་བ་དང་ནི་གནས་པའི་རྒྱུ།། ནུས་པ་ཡེ་ཤེས ་རྣམ་ཤེས་དང་།། ལྷོ་རྣམས་ཇི་ལྟར་འབྱུང་བའོ།། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ།། དང་པོར་རེ་ཞིག་ཨེ་ཝཾ་འགྱུར།། ལྷན་ཅིག་སྐྱེས་དགའ་བདེ་བ་ཆེ།། ཨེ་ཝཾ་ཡི་གེ་འགྱུར་མེད་ཆེ།། ཞེས་པ་ངེས་པའོ།། རྣམ་པར་མི་རྟོག་པའི་ཡིད་ལ་ནི།། སྒོ ་པ་པོ་མེད་བསྒོམ་བྱ་མེད།། སྔགས་མེད་ལྷོ་ནི་ཡོད་མ་ཡིན།། སྤྲོས་པ་མེད་པའི་རང་བཞིན་ལས།། སྔགས་དང་ལྷ་དག་ཡང་དག་གནས།། དེ་ཉིད་ཀྱིས་ན་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་རྣམ་པར་རྟོག་པའི་རྙོག་པ་མཐའ་དག་ནུབ ་པའི་ངོ་བོས་སོ།། ད་ནི་ཕུང་པོ་དྲུག་པོ་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་བརྗོད་པར་བྱ་སྟེ། རྣམ་སྣང་ཞེས་པ་ལ་སོགས་པས་སོ།། འདིར་རྣམ་པར་སྣང་མཛད་ནི་སའི་འཁོར་ལོ་ལ་འདྲེན་པའོ།། མི་བསྐྱོད་པ་ནི་ན་མཁའི་འཁོར་ལོ་ལ་འདྲེན ་པའོ།། འོད་དཔག་མེད་ནི་ཆུའི་འཁོར་ལོ་ལ་འདྲེན་པའོ།། རིན་ཆེན་འབྱུང་ལྡན་ནི་མེའི་འཁོར་ལོ་འདྲེན་པའོ།། དོན་ཡོད་གྲུབ་པ་ནི་རླུང་གི་འཁོར་ལོ་ལི་འདྲེན་པའོ།། སེམས་དཔའ་ཅན་ནི་ཡེ་ཤེས་ཀྱི་འཁོར་ལོ་ལ་འདྲེན་པའོ།། དེ་རྣམས ་ཀྱང་གྲངས་ཇི་ལྟ་བ་བཞིན་དུ།། ཚངས་པ་ཁྱབ་འཇུག་ཞི་བ་དང་།། ཐམས་ཅད་རྣམ་སད་དེ་ཉིད་བརྗོད།། ཅེས་པ་ཀུན་རྫོབ་ཏུ་སེམས་ཅན་རྣམས་འོག་ཏུ་ཁུ་བ་ཅན་རྣམས་ཏེ། དོན་དམ་པས་སངས་རྒྱས་རྣམས་སྟེང་དུ་ཁུ་བ་ཅན་རྣམས་སོ།། ཚངས་པ ་མྱང་འདིས་སངས་རྒྱས་ཏེ།། ཞེས་པ་བཤད་པའི་ཁམས་མི་འཛག་པ་ཉིད་ཀྱི་ཕྱིར་རོ།། འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ།། གཅི་བའི་ཁམས་རང་གི་ལུས་ལ་འཇུག་པ་ཉིད་ཀྱི་ཕྱིར་ཏེ། ཕྱི་རོལ་ཏུ་འབྱུང་བ་མེད་པའི་ཕྱིར་སངས་རྒྱས་ཁྱབ ་འཇུག་ཏུ་བརྗོད་པར་བྱའོ།། རྟག་ཏུ་དགེ་ཕྱིར་ཞི་བའོ།། ཞེས་པ་ལ་དགེ་བའི་ཚུལ་ཁྲིམས་མ་ཉམོས་པོ་སྟེ། ཁུ་བ་མི་འཕོ་བོ་བདེ་བའི་ཕྱིར་སངས་རྒྱས་ཉིད་ནི་ཞི་བར་བརྗོད་པར་བྱའོ།། ཐམས་ཅད་ཀུན་བདག་ལ་གནས་ཕྱིར་ཞེས་པ་ཐམས་ཅད ་ནི་རིན་ཆེན་ཁྲག་གི་ཁམས་ཏེ། དེ་འཕོ་བ་མེད་པ་ལ་སྡུག་བསྔལ་མེད་ལ། དེ་མེད་པའི་ཕྱིར། བདེ་སྡུག་སེལ་བ་མཐར་འབྱུང་བ།། ཆགས་བྲལ་ལུས་ནི་ཟད་པ་པོ་ཞེས་པའོ།། ཀུན་བདག་ལ་གནས་ནི་ལྷའི་མིག་དང་གཞན་གྱི་སེམས་ཤེས་པས ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར། སངས་རྒྱས་ནི་ཐམས་ཅད་ཅེས་པར་བརྗོད་པར་བྱའོ།། རྟོགས་པ་མེད་པས་རྣམ་སད་དོ་ཞེས་པ་མིག་ལ་སོགས་པའི་དབང་པོས་རྟོགས་པ་མེད་པས་དོན་ཡོད་གྲུབ་པ་ནི་ཤའི་ཁམས་ཏེ། དེ་ཟད་པ་ཉིད ་ཀྱི་ཕྱིར་མི་ལ་སོགས་པ་རྣམས་འདུ་བྱེད་པ་མེད་ལ། དེ་མེད་པའི་ཕྱིར་རྣམ་སད་དེ། བདག་རིག་གཞན་རིག་ཐམས་ཅད་པ།། ཀུན་ལ་ཕན་པའི་གང་ཟག་མཆོག། འཇིག་རྟེན་དཔེ་ལས་འདས་པ་སྟེ།། ཤེས་དང་ཤེས་བྱའི་བདག་པོ་མཆོག། ཅེས ་པས། སངས་རྒྱས་ནི་རྟོག་པ་མེད་པས་རྣམ་སངས་རྒྱས། ཞེས་པ་ངེས་པའོ།། དམ་པའི་བདེ་བས་དེ་ཉིད་འགྱུར། ཞེས་པ་ལ་དམ་པའི་བདེ་བ་ནི་ཟག་པ་མེད་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན ་པར་འདུས་མ་བྱས་པ་སྟེ། རྣམ་པར་ཐར་པ་བཞི་པོ་གཅིག་ཏུ་འདྲེས་པར་གྱུར་པ་སྙིང་རྗེ་དང་བྱམས་པ་དང་། དགའ་བ་དང་། བཏང་སྙོམས་དམིགས་པ་མེད་པའི་རང་བཞིན་གྱིས། དམིགས་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་དེ་ཁོ་ན ་ཉིད་ནི་སངས་རྒྱས་ཡིན་ནོ་ཞེས་བརྗོད་པའོ།། དེ་ལྟར་ན། བདེན་དོན་རྣམ་པ་བཅུ་གཉིས་པོ།། དེ་ཉིད་རྣམ་པ་བཅུ་དྲུག་རིག། རྣམ་པ་ཉི་ཤུས་བྱང་ཆུབ་པ།། རྣམ་དག་མཆོག་ཏུ་མི་འགྱུར་རིག། ཅེས་པ་སངས་རྒྱས་བཅོམ་ལྡན་འདསོ།། དེ ་ལྟར་གསུངས་པའི་རིམ་པས། རིགས་གསུམ་དང་ནི་རིགས་ལྔ་ཉིད།། རང་བཞིན་གཅིག་པས་རིགས་བརྒྱའོ་ཞེས་པའོ།། དེ་སྐད་དུ་མཚན་ཡང་དག་པར་བརྗོད་པར། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས།། མིགོ་དྲུག་ལག་དྲུག་སྟོབས་དང ་ལྡན།། ཀཽང་རུས་མཆེ་བ་གཅིག་པ་པོ།། ཧ་ལ་ཧ་ལ་གདོང་བརྒྱ་པ།། ཞེས་པ་དང་ནི་དེ་བཞིན་དུ། རྡོ་རྗེ་འབོར་བ་མིག་མི་བཟང་།། མགོ་སྐྱེས་རྡོ་རྗེ་འབར་བ་སྟེ།། རྡོ་རྗེ་འབེབས་པ་འབེབས་པ་ཆེ།། མིག་བརྒྱ་པ་སྟེ་རྡོ་རྗེའི་མིག། ཅེས་པ་རིགས ་བརྒྱའི་ངེས་པའོ།། དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་ནི་སྒྲིབ་པ་དང་བཅས་པ་དང་། སྒྲིབ་པ་མེད་པ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། རྣམ ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པ་དང་སྒྲོ་བཏགས་པ་དང་། སྒྲོ་བཏགས་པ་མེད་པ་དང་། ང་རྒྱལ་དང་བཅས་པ་དང་ང་རྒྱལ་མེད་པ་སྟེ། སེམས་ཅན་རྣམས་དང་སངས་རྒྱས་རྣམས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས ་འགོག་པས་མི་སྐྱེ་བ་འཇུག་པ་ཡང་མེད་པའོ།། ཞེས་པ་རྒྱུད་གཞན་ཐམས་ཅད་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ་མཁས་པ་རྣམས་ཀྱི་རིག་པར་བྱའོ།། ད་ནི་ཡང་ཀུན་རྫོབ་ཀྱི་ཆོས་ཀྱི་ལྷ་ལ་སོགས་པ་བརྗོད་པར་བྱ་སྟེ། ལུས་ལ་འབྱུང་ངོ་ཞེས ་པ་ལ་སོགས་པ་ས་སོ།། འདིར་གང་གི་ཕྱིར་ལུས་འབྱུང་བ་ལྔའི་བདག་ཉིད་ཀུན་རྫོབ་ཀྱི་བདེ་བ་ཡང་དག་པར་འབྱུང་བ་དེའི་ཕྱིར་ལྷ་ཞེས་བདག་གིས་བརྗོད་པར་བྱའོ།། སངས་རྒྱས་འདི་ལ་བྷ་ག་མངའ།། དེས་ན་བཅོམ་ལྡན་འདས་ཞེས་བརྗོད།། བྷ་ག་རྣམ་པ ་དྲུག་ཏུ་བརྗོད།། དབང་ཕྱུག་ལ་སོགས་ཡོན་ཏན་ཀུན།། དབང་ཕྱུག་དང་ནི་ཕུན་ཚེགས་དང་།། ཡེ་ཤེས་གྲགས་པ་དཔལ་རྣམས་དང་།། སྐལ་པ་བཟང་པོ་ཡོན་ཏན་ཉིད།། བྷ་གའི་སྒྲ་ཡིས་བརྗོད་པར་བྱ།། ཡང་ན་ཉོན་མོངས་ལ་སོགས་བདུད།། འཇོམས ་རབཅོམ་ལྡན་ཞེས་པའོ།། དོན་དམ་པས་སོ་ཞེས་པ་ཐབས་ཀྱི་ངེས་པའོ།། ད་ནི་ཤེས་རབ་བརྗོད་པར་བྱ།། མ་ཞེས་པ་ལ་སོགས་པས་སོ།། འདིར་ཐབས་ནི་ཕ་དེ་ཁུ་བའི་ཁམ་སོ།། ཤེས་རབ་མ་དེ་རྡུལ་གྱི་ཁམ་སོ།། བསྐྱེད་པ་ནི་ལས་ཀྱི་བིན་གྱིས ་བརླབས་པའི་དྲི་ཟའི་སེམས་ཅན་འཆི་བའི་མཐར་གྱུར་པ་སྐྱེ་བའི་ཆར་གཏོགས་པའི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེ་ཁོ་ན་འགྲོ་བའི་སྒྲས་བརྗོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས། ཀྱེ་རྒྱལ་བའི་སྲས་རྣམས་ཁམས་གསུམ་པོ་འདི་ནི་སེམས ་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ།། འགྲོ་བ་ནི་དེ་ཁོ་ནའོ།། འགྲོ་བ་སྐྱེད་པར་བྱེད་དོ་ཞེས་པ་ཤེས་རབ་མ་རུ་བརྗོད་པར་བྱ་སྟེ་རྡུལ་གྱི་ཁམས་སོ།། དེ་བཞིན་དུ་སྐལ་བ་ཅན་ནི་ཐབས་ཏེ་ཁུ་བའི་ཁམས་སོ།། གང་ཕྱིར་རྣམ་དབྱེ་སྟོན་པའི ་ཕྱིར། ཤེས་རབ་དེ་ཁོ་ན་སྲིང་མོར་བརྗོད་པར་བྱ། ཁམས་ཀྱི་རྣམ་འགྱུར་སོ་སོས་པ་སྤུ་དོང་པགསོ་པ་དང་ཤ་དང་ཁྲག་གིའོ།། དེ་བཞིན་དུ་ཐ་བས་ནི་སྤུན་ཟླ་སྟེ། གང་གི་ཕྱིར་རྩ་དང་རུས་པ་དང་རྐང་གི་རྣམ་པར་དབྱེ་བ་སྔོན་པོ་དེའི་ཕྱིར་ཁུ་བོའི་ཁམས་། ་ཡོན་ཏན་འཇོ་ཕྱིར་ཤེས་རབ་དེ་ཁོ་ན་ནི་བུ་མོར་ཡང་དག་བརྗོད་པར་བྱ་སྟེ། ཡོན་ཏན་རྣམས་ནི་སྒྲ་དང་རེག་བྱ་དང་། གཟུགས་དང་རོ་དང་དྲི་དང་ཆོས་ཀྱི་ཡུལ་རྣམས་ཏེ། དེ་རྣམས་འཇོ་བའི་ཕྱིར་ན་དེ་འཛིན་པའི་ཕྱི་རོ་ཞེས་པའོ།། དེ་བཞིན་ཐབས་བུ ་སྟེ་མིག་ལ་སོགས་པ་རྣམས་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་ཐབས་ཀྱི་ཁམས་སོ།། དེ་བཞིན་དུ་ཤེས་རབ་ནི་སྲིང་མོའི་བུ་མོ་སྟེ་ཡུལ་ལ་རྣམ་པར་ཤེས་པ་རྣམས་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་རོ།། ཐབས་ནི་སྤུན་ཟླའི་བུ་སྟེ་མིག་སོགས་པ་རྣམས ་ལ་རབ་ཏུ་འཇུག་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ།། དེ་བཞིན་དུ་འཕོ་བའི་བདེ་བ་ལ་འཇུག་པ་ཉིད་ཀྱི་ཕྱིར་ཤེས་རབ་ནི་ཆུང་མར་བརྗོད་དོ།། ཐབས་ཀྱང་ཁྱོ་བོ་རུ་བརྗོད་དེ་ཕན་ཚུན་བལྟོས་པ་ཉིད་ཀྱི་ཕྱིར་གཉིས་ཀ་ཡང་འཕོ་བའི་བདེ་བའི་ལས་སོ་ཞེས ་པའོ།། ཆགས་པ་དང་བྲལ་པོ་ལས་ཤེས་རབ་ནི་རེག་མིན་མཐར་སྐྱེས་མ་ཞེས་བརྗོད་དོ།། ཐབས་ཀྱང་ངོ་ཞེས་པ་ཕྱག་རྒྱ་དྲུག་གི་ངེས་པའོ།། ཁམས་ཀུན་རྨོངས་པར་བྱེད་པའི་ཕྱིར།། བྲམ་ཟེ་མ་ཞེས་བརྗོད་པར་བྱ།། འཚེད་བྱེད་ཤེས་རབ་ཆོས་མའོ།། ། ་ཁམས་གཡོ་བྱད་ཕྱིར་གར་མཁན་མ།། སྲེག་བྱེད་ཕྱིར་ན་གཏུམ་མོར་བཤད།། རེག་མིན་ཕྱིར་ན་གཡུང་མོར་བཤད།། དེ་བཞིན་དུ་ཐབས་ཀྱང་ཤེས་པར་བྱ་སྟེ། བྱ་བ་ལྔའི་རང་བཞིན་ལས་སོ།། དེ་ལྟར་ཐམས་ཅད་ཕྱི་རོལ་དུ་དེའི་ཕྱིར་མུ་སྟེགས ་པ་རྣམས་ཀྱིས་རིག་བྱེད་ལ་སོགས་པ་རྣམས་ཀྱིས་རབ་ཏུ་བརྟགས་པ་སྟེ། རང་བཞིན་གྱིས་བུད་མེད་ཐམས་ཅད་དང་སྐྱེས་པ་ཐམས་ཅད་མིའི་རིགས་གཅིག་ཏུ་ཡང་དག་པར་བྱུང་བ་སྟེ། དེ་རྣམས་ལ་རིགས་གཞན་ཡོད་པ་མ་ཡིན་ནོ།། ཞེས ་པ་རྒྱུད་གཞན་ཐམས་ཅད་དུ་མངོན་པར་དགོངས་པའོ།། ད་ནི་ཁམས་ཀྱི་རང་བཞིན་གྱིས་སྔགས་བཟླས་པ་ལ་སོ་གས་བརྗོད་པ་ཞེས་པ་ལ་སོགས་པས་བཤད་པར་བྱའོ།། འདིར་སེམས་ཅན་ཐམས་ཅད་ཀྱི་བརྗོད་པ་ནི་ཨཱ་ལི་ཀཱ་ལི་དབྱངས ་དང་གསལ་བྱེད་དག་གི་བརྗོད་པ་གང་ཡིན་པ་སྟེ། དེའི་ཕྱིར་བརྗོད་པ་བཟླས་པ་ཡིན་པར་བཤད། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ།། དེ་བཞིན་དུ་རྐང་པའི་རྗེས་ནི་དཀྱིལ་འཁོར་འགྱུར།། རྐང་པ་དག་གིས་ས་གཞི་ཉེད་པའི་ཕྱིར ་དཀྱིལ་འཁོར་དུ་བརྗོད་པར་བྱའོ།། དེ་བཞིན་དུ་ལག་པ་བསྒྱུར་བ་ཕྱག་རྒྱར་འགྱུར།། སོར་མོ་ཉིད་པ་གང་ཡིན་པ། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་གང་སེམས་པ་དེ་ཁོ་ན་བསམ་བྱ་སྟེ། ཕ་རོལ་གྱི་སེམས་ཤེས་པས་རྣལ་འབྱོར་པ ་རྣམས་ཀྱིས་ཞེས་པའོ།། གང་གི་ཕྱིར་བསམ་བྲལ་བས་མ་བྱ་བ། ཞེས་པ་བསམ་བྲལ་ཞེས་པ།། སེམས་པ་མེད་པ་སྟེ། རྣལ་འབྱོར་པ་རྣམས་ཀྱིས་བསམ་བྱ་གང་ཡིན་པའོ།། ཕའི་ཡུལ་ལ་འཆི་བའི་མཐར་གྱུར་པ་སྐྱེ་བའི་ཚོར་གཏོགས ་པའི་སེམས་ཅན་གྱིས་འཕོ་བའི་གནས་སྐབས་སུ་ཐོབ་པའི་བདེ་བ་གང་ཡིན་པའི་བདེ་བ་དེ་ཉིད་ནི་ལོ་བཅུ་དྲུག་གི་མཚམས་སྐྱེས་པས་རང་གི་བཟའ་བར་བྱ་བའོ།། བུད་མེད་ཀྱིས་ནི་ལོ་བཅུ་གཉིས་ཀྱི་མཚམ་སུ་ལོངས་སྤྱད་པར་བྱའོ།། ་བདེ་བ་གང་གིས་འཆི་བ་འདིར་ཏེ། འཁོར་བ་པ་རྣམས་ཀྱི་འཁོར་བར་སྐྱེ་བ་དང་གནས་པའི་བདེ་བ་དེ་ཁོ་ན་བརྟན་པར་གྱུར་པ་ནི་རྣལ་འབྱོར་པ་རྣམས་ཀྱི་བསམ་གཏན་དུ་བརྗོད་པར་བྱའོ།། ཀྱོའི་རྡོ་རྗེའི་སྙིང་པོ་བདག་གིས་འདི་ཐམས་ཅད་ནི་མདོར་བསྡུས ་པིའི་ཀྱེའི་རྡོ་རྗེའི་རྒྱུད་འབུམ་ཕྲག་ལྔ་པ་ལས། འབུམ་ཕྲག་སོ་སོའི་ནང་ནས་ལེའུ་སོ་སོ་ལས་བསྡུས་པའི་དོན་བསྟན་པ་སྟེ། ལོའུ་ལྔ་པ་རྣམས་སུའོ།། ། འདི་ལས་ཕྱི་མ་སྒྱིད་པའི་ལེའུ་ལ་སོགས་པ་ནི་རྒྱ་ཆེར་རྟོགས་པའི ་བྱའོ།། རིགས་ཀྱི་ལེའུ་རུ་ཚིགསུ་བཅད་པ་སུམ་ཅུ་རྣམས་ཀྱིས་འབུམ་ཕྲག་དང་པོ་ལས་བསྡུས་པའི་དོན་ཏོ།། སྔགས་ཀྱི་ལེའུར་ཚོགསུ་བཅད་པ་བཞི་བཅུ་རྣམས་ཀྱིས་འབུམ་ཕྲག་གཉིས་པ་ལས་སོ།། ལྷའི་ལེའུ་རུ་ཉི་ཤུ་རྩ་བཞི་རྣམས ་ཀྱིས་འབུམ་ཕྲག་གསུམ་པ་ལས་སོ།། ཚིག་སུ་བཅད་པ་དྲུག་རྣམས་ཀྱིས་དབང་བསྐུར་བའི་ལྀའུཪྵ། འབུམ་ཕྱུག་བཞི་པ་ལསོ།། ཚིག་སུ་བཅད་པ་ཉི་ཤུ་རྣམས་ཀྱིས་དེ་ཁོན་ཉིད་ཀྱི་ལེའུ་འབུམ་ཕྱག་ལྔ་པ་ལས།། དེ་ལྟར་ཚིག་སུཾ་བཅད་པ་ཉི་ཤུ ་ལྷག་པའི་བརྒྱ་རྣམས་ཀྱིས་བསྡུས་པའི་དོན་ལེའུ་ལྔ་རྣམས་སུ་རྣལ་འབྱོར་པ་རྣམས་ཀྱིས་རྒྱ་ཆེར་འགྲེལ་པ་འདི་ཡིས་རྟོག་པར་བྱའོ་ཞེས་པའོ།། ཀྱེའི་རྡོ་རྗེའི་འགྲེལ་པ་སྟོང་ཕྲག་དྲུག་པར། དེ་ཁོ་ན་ཉིད་ངེས་པ་མང ་ད་ལ། ས་ནྡྷ་། འ་སྒྱུ་འདས་ས་འཕྲུས་དུ་རྫུསཇི་བདུན་ཅ་བས་སྤྱ་ནསམས་ཚན་བདུ་མང་རྫ ་མཛད་པའོ།། རྒྱ་གར་གྱི་མཁན་པོ་དཱ་ནུ་ཤཱི་ལ་དང་། ལོ་ཆེ་བ་འགྲོ་སང་གྷར་ཤཱཀྱ་འོད་ཀྱིས་བསྒྱུར་བ།། སྒྱིད་ཀྱིས་རྒྱུ་གར་གྱི་མཐུན་བྷྱོ་ས+འུ་དྷེ་ཏཱི་བྷྲཱུཾ་ཤཱནྟི་དང་། ལིནྡྲ་པབ་ཅོག་གྲུ་ཏིང་ངེ་འཛིན་བཟང་པོས་ཞུ ་སོ།། ། ཡང་སྨད་ཀྱིས་རྒྱ་གར་གྱི་མཁན་པོ་རྒྱལ་པོའི་སྲས།། དཔལ་འ་ཚིག་མེད་ལྷའི་ཞལ་སྔོར་ལོ་ཙཱ་བ་སྩོལ་ཅོར་རྡོ་གེ་སློང་མྲྀ་ཛྙཱཾ་ཀཱར་ཏི་ས་ཡུལ་དབུས་འགྱུར་གྱི་དཔེས་གཏན་ལ་ཕབ་པ། ་སླར་ཡང་དཔལ་ལྡན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ལགས་པར་བཤད་པ་ལ་སོགས་པའི་མཐུ་ལས།། བརྡ་སྤྲོད་པའི་ཚུལ་རིག་པའི་དབང་ལོ་ཙཱ་བ་དཔལ་ལྡན་བློ་གྲོས་བརྟན་པས།། བྱང་ཆུབ་སེམས་དཔའི་འགྲེལ་པ་བསྐོར་གསུམ ་གྱི་ཚུལ་ལ་ཤིན་ཏེ་དད་ཅིང་བྷེ་རེ་སྟེང་བ་རྒྱུས་པའི་དགེ་བའི་བཤེས་གཉེན་ར་ལུང་བ་ཆོས་གྲགས་དཔལ་བཟང་པོས། སློབ་དཔོན་ཆེན་པོ་ཞི་བ་འཆིའི་ཞབས་དབེན་སློབ་ཀྱིས་མཛད་པའི། དབུ་མའི་གཞུང་ལུགས་ཆེན་པོ་དེ་ཁོ་ན་ཉིད ་སྡུས་པ་རྩ་འགྲེལ་གྱི་གླེགས་པ་མེ་བྲིས་ཏེ་ཡོན་དུ་གནང་ནས་ཡང་དང་ཡང་དུ་བསྐུལ་བའི་ཚེར་ལེགས་པར་བཅོས་ཏེ་བསྒྱུར་ཅི་ནུས་ནས་གཏན་ནས་ཕབ་པའི་ཡཾ་གི་པ་ནི་འཛད་སྟོན་ཀུན་དགའ་རྒྱལ་མཚན་ཞེས་བྱརའོ།། འདིས ་སེམས་ཅན་མང་པོ་དཔག་ཏུ་མེད་པ་ལ་ཕན་པར་གྱུར་ཅིག། ཡན་ལག་བཅུ་གཉིས་སྲིད་རྩཝ་གཏོན།། དག་པ་རྣམ་པ་བཅུ་གཉིས་འཆང་།། རྒྱུ་ཡི་རྡོ་རྗེ་ཕྱག་འཚལ་ནས།། སྤྱོད་མཆོག་ལེ་རུ་རྒྱས་བཤད་འདི།། འབུམ ་ཕྲག་ལྔ་པའི་རྗེས་འབྲང་ནས།། འགྲོ་ལ་སྙིང་རྗེས་གདུངས་པ་ཡིས།། རྡོ་རྗེ་སྙིང་པོ་ངས་བཤད་བྱ།། དེ་ལ་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་པའི་རྣལ་འབྱོར་པ་སྔོན་གྱི་དམ་བཅས་པ་ལས་མི་འདོར་བ་ལ་བརྩོན་པ་དང་ལྡན་པས། སེམས ་ཅན་ཀུན་གྱི་ཕྱིར་སྤྱོད་པ་ལ་འཇུག་པར་བྱ་བ་ཡིན་པས། དེ་ནས་གཞན་ཡང་རབ་བཤད་བྱ།། སྤྱོད་པས་ཕ་རོལ་ཕྱིན་མཆོག་ཉིད།། ཀྱེ་ཡི་རྡོ་རྗེ་དངོས་གྲུབ་རྒྱུས།། གང་གིས་དངོས་གྲུབ་མཐར་འགྲོ་བ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ ་བ་ནི་དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པའི་རྗེསུ་བསྟན་པ་ཡིན་པས་མཚམས་སྦྱར་བའི་ཚིག་གོ། ཀྱེའི་རྡོ་རྗེའི་དངོས་གྲུབ་ཀྱི་རྒྱུའི་ཚུལ་གྱིས་ཁམས་གསུམ་པོ་ཀྱེའི་རྡོ་རྗེར་འགྲུབ་པར་བྱ་བའི་ཕྱིར། སྤྱོད་པ་བརྩམས་ཞེས་བྱ་བའི་དོན་ཡིན ་ལ། དེ་ལས་གཞན་པའི་སྤྱོད་པ་ནི་མ་བསྟན་ཏེ་དགོས་པ་མེད་པའི་ཕྱིར་རོ།། སྤྱོད་པའི་དགོས་པ་ནི་དངོས་གྲུབ་མཐར་འགྲོ་བ་ཞེས་བྱ་བ་ཡིན་ཏེ། བདག་དང་དེ་ལས་གཞན་པའི་སྐྱེ་བོ་རྣམས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཐར་འགྲོ་བའི་སྤྱོད་པ ་བརྩམས་ཞེས་བྱ་བའི་དོན་ཏོ།། དེའི་དོན་ཡང་རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། ཇི་སྐད་དུ། ཆོ་ག་ཡན་ལག་ཀུན་ལྡན་ཡང་།། སྤྱོད་པ་མ་བརྩམས་དངོས་མི་གྲུབོ།། དེ་བས་ཕྱག་རྒྱའི་དངོས་གྲུབ་རྒྱུ།། ཆགས་མེད་སྤྱོད་པ་འདི ་ཡིན་ནོ།། སྙིང་རྗེ་རྣམ་པར་ཆད་ཙམ་གྱིས།། སེམས་ཅན་དོན་གྱི་སྤྱོད་མི་འགྲུབ།། དེ་བས་སྙིང་རྗེ་དང་ལྡན་ཞིང་།། འབད་པས་སྤྱོད་པ་སྤྱད་པར་བྱ།། ཞེས་པས་འདིའི་དོན་ཡང་ཤེས་པར་བྱའོ།། དེ་ལ་སྤྱོད་པ་བྱེད་པར་འདོད་པའི་རྣལ་འབྱོར་པས།། ། ་ཕྱི་ནང་གི་དབྱེ་བས་ཕྱག་རྒྱ་རྣམས་བཅིང་བར་བྱ་སྟེ། རྒྱུད་འདི་ཉིད་ལོས་ཀྱང་། སྒོམ་པ་པོ་ཡིས་རྣམ་འཛིན་པ།། རྣ་བ་དག་ལ་ས་རྣ་ཚོ་བཟང་།། སྤྱི་བོར་འཁོར་ལོ་རྣམ་པར་གཟུང་།། ལག་པ་གཉིས་ལ་ལག་གདུབ་གཉིས།། རྐེད་པ་སྐ་རགས ་གཉིས་བསྐོར་གཟུང་།། རྐང་པར་དེ་བཞིན་རྐང་གདུག་བོ།། དཔུང་པ་ལ་ནི་དཔུང་རྒྱན་ཉིད།། མགྲིན་པར་རུས་འཕྲེང་མགུལ་ཏོ་སྟེ་ཞེས་བྱ་བ་གསུངས་ཏེ་འདིའི་དོན་ཡང་འབུམ་ཕྲག་ལྔ་པ་ཉིད་ན་གསལ་བས་དེ་ལ་འཇུག་པར་བྱ་སྟེ། གལ་ཏེ ་སྦེད་པ་རྩེམ་འདོད་པས།། སེམས་ཅན་འདུན་པར་བྱ་བའི་ཕྱིར།། མི་བསྐྱོད་འཁོར་ལོའི་གཟུགས་ཉིད་ཀྱིས།། ལུས་མཆོག་ལ་ནི་རྣམ་པོ་རྒྱན་ཏེ།། སྲིད་པ་གསུམ་དུ་འཁོར་ལོས་བསྐོར།། ལུས་མཆོག་ལ་གནས་ཆུ་རྒྱུན་གྱིས།། ཅིག་ཅར ་ཆོས་ཀྱི་འཁོར་ལོ་བསྐོར།། འགྲོ་བའི་དོན་ཆེན་བྱེད་པར་འགྱུར།། དཔག་མེད་རྣ་ཆའི་གཟུགས་ཉིད་ཀྱིས།། རྣ་བ་དག་ལ་རྣམ་བརྒྱན་ཏེ།། སྲིད་པ་གསུམ་ལ་ཆགས་པར་བྱ།། དེ་འདིས་འགྲོ་བའི་དོན་བྱེད་འགྱུར།། རིན་ཆེན་མགུལ་རྒྱན ་གཟུགས་ཉིད་ཀྱིས།། བདག་གི་མགུལ་པ་རྣམ་བརྒྱན་ཏེ།། འགྲོ་འདི་རོ་ཡིས་བཏུལ་བྱས་ནས།། འགྲོ་བ་ཆུ་བཞིན་འཇུ་བར་འགྱུར།། རྣམ་སྣང་ལག་གདུབ་གཟུགས་ཉིད་ཀྱིསོ།། ལག་པ་དག་པ་རྣམ་བརྒྱན་ཏེ།། འགྲོ་བའི་དོན་ལ་འཇུག ་བྱས་ན།། སྐྱེ་བོ་ས་ལྟར་བརྟན་པར་འགྱུར།། ངན་ཡང་སྐ་རགས་གཟུགས་ཀྱིས་ན།། རྐེད་པ་ལ་ནི་རྣམ་བརྒྱན་པ།། འགྲོ་འདི་རླུང་གིས་བཏུལ་བྱས་ན།། ཐུགས་མེད་རླུང་གིས་འགྲོ་བ་འདུལ།། བྱང་ཆུབ་སེམས་ཀྱིས་རང་བཞིན། ་གྱིས།། ཐལ་བས་ལུས་ལ་རྣམ་བརྒྱན་ཏེ།། མཆོག་གི་སྤྱོད་པ་རབ་སྤྱད་ན།། བདེ་བའི་ཡིད་ཀྱིས་འགྲོ་བ་འདུལ།། ཞེས་གསུངས་པས་འདིའི་དོན་རྒྱས་པར་ཁོང་དུ་ཆུད་པར་བྱས་ཏེ། ངེས་པའི་དོན་དུ་ས་དང་ཆུ་དང་མེ་དང་རླུང་དང་ན་མཁའ་དང་ཡེ་ཤེས ་ཞེས་བྱ་བའི་བདག་ཉིད་ཅན་འཁོར་ལོ་དྲུག་ལ་བརྟེན་པའི་ཁུ་བ་དྲུག་དང་རླུང་དྲུག་ཕྱིར་འབྱུང་བ་འགགས་པས། སྤྱོད་པ་སྤྱད་པར་བྱ་བ་ཡིན་ལ། དེས་སྐྱེ་བོ་གདུལ་བར་དཀའ་བ་ཐུལ་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ།། དེ་བས་ན་དེ་འགགས ་པའི་བོརྡར་བསྟན་པ་ནི། འཁོར་ལོ་ལ་སོགས་པ་དྲུག་དུ་བསྟན་ཏེ། སྤྱོད་པ་བྱེད་པ་རྣམས་ཀྱིས་ཕྱིའི་གཟུགས་རྣམས་ཀྱང་བཅང་པོར་ངེས་སོ།། གཞན་ཡིང་དཔའ་བ་དང་། བདེ་བའི་ཟས་དང་། ཐབས་དང་ཤེས་རབ་ལ་གནས་པ་དང་། རིགས ་ལྔའི་ཚུལ་དུ་གནས་པ་དང་། ཁ་དོག་ལྔས་སྟོན་པ་དང་། རིགས་གཅིག་ཏུ་བསྡུ་བ་དང་། ཁ་དོག་དང་རིགས་གཞན་གྱིས་མི་རིགས་པར་བྱས་ལ་སྤྱོད་པ་སྤྱད་ཞེས་སུ་སྦྱར་ཏེ། དེ་ཡང་བསྡུས་པའི་རྒྱུད་འདི་ཉིད་ལས་ཇི་སྐད་དུ། བགྲོ་བ་སྟག ་གི་པགས་པ་ཉིད།། བཟའ་བ་མི་འཆི་བཅུ་ཕྱེད་དེ།། ཧེ་རུ་ཀ་སྦྱོར་སྐྱེས་བུ་ཉིད།། ཁ་དོག་ལྔ་ལ་རྣམ་གནས་ཏེ།། རིགས་ལྔ་དག་དང་མཉམ་ལྔ་ན་པ།། རིགས་ག་ཅག་ཏུ་ནི་རྣམ་པར་བ་རྟག། ག་ད་ཕྱིར་བྱེ་བྲག་མཚོན་མི་བྱེ། ཞེས་བྱ་བ ་སྟེ། ནང་གི་ཕྱག་རྒྱ་དྲུག་འགགས་པ་ལས་སྟོབས་དང་། གཟི་བརྗིད་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟར་གནོད་སྦྱིན་གྱི་བདག་པོ་ཕྱག་ན་རྡོ་རྗེ་ལྟ་བུར་ཚོར་དྲག་ལ་མི་ཟད་པ་རྣམས་ཀྱིས་ཀྱང་འཇིགས་སྐྲག་པར་མོ་འགྱུར་ན། འཇིག་རྟེན་པ་ཕལ་པ་ལྟ ་བུ་རྣམས་ལྟ་ཅི་སྨོས། དེ་བས་ན་ཕྱི་དང་ནང་གི་བདུད་མ་རུངས་པ་རྣམས་ལས་རྒྱལ་བར་བྱེ་བའི་ཕྱིར་ཡང་ཕྱི་རོལ་ཏུ་སྟག་གི་ལྤགས་པ་གོས་སུ་གྱོན་པ་དང་། སྐྱེ་བོ་རྣམས་འདུན་པར་བྱ་བའི་ཕྱིར་ལྷའི་ཡུལ་ནས་བདུད་རྩི་དྲང་བ་ལ་སོགས་པ་བྱས་ཏེ་བཟའ ་བ་དང་། གཞན་ཡང་སྔགས་ཀྱི་ཚུལ་དུ་ཞུགས་པའི་སྐྱེ་བོ་ལ་ཕྱིའི་དངོས་གྲུབ་ཀྱི་ཆེད་དུའོ་ཞེས་བྱ་བ་ལ་སོགས་པ་དང་། གཞན་ཡང་བི་ཞེས་བྱ་བའི་སྒྲ་དང་ལྡན་པའི་མི་འཆི་བཅུའི་ཕྱེད་པོ་རྣམས་སྦྱང་བ་ལ་སོགས་པ་བྱ་སྟེ། རྟོགས་པོ་སྤངས་ལ ་བདག་བཟའ་བ་དང་། གཞན་ལ་སྦྱིན་པར་ཡང་བྱ་སྟེ། ལས་ཀྱི་དང་པོར་གཏོགས་པར་བྱ་བའི་ཆེད་དུའོ།། བདུད་རྩི་ཟ་བ་འདིའི་ངེས་པའི་དོན་ཡང་རྩ་བའི་རྒྱུད་ཆེན་པོ་ཉིད་ན་གསལ་པོས་དེ་ལ་འཇུག་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། བཟའ་བ་མི་འཆི ་བཅུ་ཕྱེད་རྣམས།། སྐྱེ་བོ་རྟོགས་པར་མ་གྱུར་ལོ།། གོ་ལ་སོགས་པའི་རིགས་དངོས་ཉིད།། རྣལ་འབྱོར་དབང་ཕྱུག་སྤྱོད་པ་ཡི།། གཅི་སོགས་ཕྱི་རུ་རྒྱུ་མེད་པས།། བསྟེན་ཅིང་དེ་ཉིད་ཐིམ་པ་སྟེ།། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག། དཀའ ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་ངེས་པའོ།། གཞན་ཡང་རང་ཉིད་སྟོང་པ་དང་། སྙིང་རྗེ་ཐ་མི་དད་པ་ལ་གནས་ཏེ་ཧེ་རུ་ཀར་བྱས་ལ། ཕྱི་རོལ་གྱི་སྐྱེ་བོ་གདུལ་བའི་ཚད་དུ་རྡུལ་ཚོན་ལ་སོགས་པ་གང ་དག་ཁ་དོག་ལྔར་གནས་པ་དེ་དང་དེ་བཞིན་གཤེགས་པ་ལྔ་འམ་དྲུག་གི་ཡོན་ཏན་དང་ལྡན་པར་བསྟན་པས་ཀྱང་གདུལ་བར་དཀའ་བའི་སྐྱེ་བོ་འདུལ་ལ། མོས་པར་འགྱུར་བ་དེ་བས་རིགས་ལྔ་དག་དང་མཉམ་པར་ལྡན་པ ་བསྟན་པར་བྱ་བ་དང་། དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་པས་ཁ་དོག་དཀར་པོ།། རིགས་དང་མཚོན་ཐམས་ཅད་པར་བསྡུས་ཏེ། བསྟན་པར་བྱ་བ་ཡིན་པས། རིགས་གཅིག་ཏུ་ནི་རྣམ་པར་བརྟག། ཞེས་བྱ་བ་དང་། དེ་བཞིན་དུ་དེ ་ལྟར་བསྟན་དེ་དག་ཀྱང་།། སྔགས་ཀྱི་ཚུལ་གྱིས་ལས་ཀྱི་དང་པོར་གཏོགས་པ་ལས་གཞན་པ། ཉན་ཐོས་ཀྱི་ལམ་ལ་གནས་པ་དང་། རང་རྒྱལ་བའི་ལམ་ལ་གནས་པ་དང་། མུ་སྟེགས་བྱེད་པ་ལ་གསང་ཞིང་སྦ་བར་བྱ་བ་ཡིན་ཏེ། དེ་བས་ན ་ཁ་དོག་དུ་མ་ཉིད་ཀྱིས་ནི།། གང་ཕྱིར་བྱེ་བྲག་མཚན་མི་བྱ།། ཞེས་བྱ་བའི་དོན་ཏོ།། གཞན་ཡང་སྤྱོད་པའི་མཆོག་བྱེད་པས། སེམས་ཅན་རྣམས་ཀྱི་དོན་དུ་ནང་གི་མ་རུངས་པའི་སེམས་ཀྱིས་དཔོའ་བོ་ཧེ་རུ་ཀར་བསྒྲུབས་ལ། ཁ་དོག་སྟེ་རིགས་ལྔའི ་བདག་ཉིད་དུ་གནས་པར་བྱ་སྟེ། འདི་ལྟར་རྒྱལ་རིགས་དང་། རྗེ་རིགས་དང་། བྲམ་ཟེའི་རིགས་དང་། དམངས་ཀྱི་རིགས་དང་། གདེལ་པ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནང་དུ་དེ་རྣམས་དང་མཐུན་པའི་ལུས་སུ་བསྒྱུར་ལ། སྤྱོད་པ་བསྟན་པར ་བྱ་བ་དང་། དེ་རྣམས་ཀྱི་ནང་དུ་སོང་སྟེ། རང་རང་གི་རིགས་རྣམས་སུན་ཕྱུང་ལ་རིགས་ཐམས་ཅད་རྡོ་རྗེའི་རིགསུ་རིགས་གཅིག་པར་བསྒྲུབ་པར་བྱ་བ་དང་། དེ་བཞིན་དུ་རྗེའུ་རིགས་ཀྱི་ནང་དུ་རིགས་བཞི་པོ་མཚོན་པར་བྱ་བ་སྦས་ཏེ། དེ་ཉིད་དང ་མཐུན་པར་ཞུགས་ཏེ་གདུལ་བའི་ཆོས་བསྟན་པ་དང་། དེ་བཞིན་དུ་རིགས་ཐམས་ཅད་ཀྱི་ནང་དུ་ཕན་ཚུན་མི་རིག་པར་བྱ་ཞིང་ཆོས་བསྟན་པ་དང་། དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ་བའི་ཆེད་དུ་ཡང་འཇིག་རྟེན་པའི་ཁ་ན་མ་ཐོ་བ་སྤང་བར་བྱ། ་བའི་རྒྱུས་རིགས་གཞན་གྱི་ལུས་སུ་བསྒྱུར་ཏེ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་ངེས་སོ།། དེའི་ཕྱིར་རིགས་ནི་མ་ཉིད་དག་གིས།། གང་ཕྱིར་བྱེ་བྲག་མཚན་མི་བྱ་ཞེས་བྱ་བ་གསུངས།། འདི་རྣམས་ཀྱི་ངེས་པའི་དོན་ནི་རྩ་བའི་རྒྱུད་ཉིད་ན་གསལ་ཏེ་དེ་བས ་ད་ལ་འཇུག་པར་བྱའོ།། དེ་ཡང་ཇི་སྐ་ད་དུ། སྟེང་ཉིད་ཧེ་རུ་ཀ་རཾ་སྦྱར་བས།། ས་ཆུ་མི་རླུང་ན་མཁའ་ཞེས།། ཁུ་བ་རླུང་གཉིས་གནས་པ་ལ།། མི་ཕྱེད་ལམ་དུ་བཅུག་བྱས་པ།། དུས་མཐའི་མེ་ཡིས་ཐལ་བར་བྱེད།། ན་མཁའ་བཞིན་དུ་མཚན ་དུ་མེད། ཞེས་བྱ་བ་གསུངས་ཏེ། གང་དུ་སྟོང་པ་ཞེས་བྱ་བའི་ལམ་ལ་གནས་ན་ཡེ་ཤེས་གཟི་བརྗིད་མཆེད་པར་འགྱུར་ལ། གཟི་བརྗིད་དེས་ཁུ་བའི་རིགས་རྣམ་པ་ལྔ་དང་། རླུང་གི་རིགས་རྣམ་པ་ལྔ་པོ་རོ་མཉམ་ཞིང་གཅིག་ཏུ་འདྲེས་པར་འགྱུར་བ ་ཉིད།། མཚོན་དུ་མེད་ཅིང་ཐ་དད་པའི་རང་བཞིན་སྤངས་པ་ལས་གསུངས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། གཞན་དུ་ན་སེམས་རྩ་གཅིག་པར་མི་གནས་པས་ཁུ་བ་དང་གཅི་བ་དང་བཤད་པ་ལ་སོགས་པ་ནི། རིགས་ཐ་དད་པར་གནས ་ཤིང་བྱེ་བྲག་ཐ་དད་པ་ཞེས་བྱའོ།། ད་ནི་སྒྲུབ་པ་པོའི་གནས་ཀྱི་ཁྱད་པར་བརྗོད་པར་བྱ་བའི་ཕྱིར། བསྡུས་པའི་རྒྱུད་འདི་ཉིད་ལས། ཇི་སྐད་དུ། ཤིང་གཅིག་དང་ནི་དུར་ཁྲོད་དང་།། མ་མོའི་ཁྱིམ་དང་མཚན་དུས་སམ།། ཡང་ན་དབེན་པ་འམ ་བས་མཐའ་རུ།། དེ་རུ་བསྒོམ་པ་བཟང་བར་བརྗོད་ཞེས་བྱ་བའི་དོན་ནི་ཕྱི་དང་ནང་གི་བྱེ་བྲག་གིས་ཕྱེ་ལ་ཤེས་པར་བྱའོ།། དེ་ཡང་རེ་ཞིག་ཕྱིའི་ན་ལས་དང་པོ་པའི་སྒྲུབ་པ་པོ་བདག་ཡིད་ཉམས་དགའ་ཞིང་སྐྱེ་བོའི་འདུ་འཛིས་དབེན ་པའི་ས་ཕྱོགསུ་བསྒྲུབས་ན་དངོས་གྲུབ་ཀྱི་མཚན་མ་འབྱུང་བར་འགྱུར་ལ། གནས་དེ་དག་ཀྱང་མི་མ་ཡིན་པ་གནས་པའི་ཤིང་གཅིག་སྐྱེས་པ་དང་། མ་མོའི་ཁྱིམ་ཞེས་བྱ་བ་གནོད་སྦྱིན་མོ་དང་ཤ་ཟ་མོ་གང་ན་གནས་པོ་དང་། དབེན་པ ་འམ་བས་མཐའ་སྟེ་ཡང་ན་དེ་ལས་གཞན་པའི་མི་མ་ཡིན་པ་གང་དུ་འདུ་བའི་གནས་མི་རྒོད་ལ་སོགས་པས་དབེན་པའི་གནས་དེ་རུ་རྣལ་འབྱོར་པས་འཁོར་ལོ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། དེ་ན་གནས་པའི་མིམ ་ཡིན་པ་རྣམས་ལ་གཏོར་མ་དུས་གསུམ་དུ་བཏང་ཞིང་། མི་མ་ཡིན་པ་དེ་དག་ལ་འདི་སྐད་ཅེས་ཁོ་བོ་འདི་དང་འདི་ལྟ་བུ་ཞིག་བྱེད་ཀྱིས་དེ་དང་དེ་ཁྱོད་ཀྱིས་བསྒྲུབ་པར་རིག་སོ་ཞེས་ཡང་དང་ཡང་དུ་བསྒོ་བ་ན། མི་མ་ཡིན་པ་དེ་དག་གིས་ཀྱང་སྒྲུབ ་པ་པོ་ལ་མངོན་པར་དགའ་བས་ལས་དེ་སྒྲུབ་པར་བྱེད་ལ་དེ་གྲུབ་པས་གདོད་འགྲོ་བའི་དོན་བྱེད་ནུས་པར་འགྱུརརོ།། གནས་འདིའི་ངེས་པའི་དོན་ནི་ཇི་སྐད་དུ། རྩ་བའི་རྒྱུད་ལས། རང་ལུས་རི་བོ་མཆོག་ཡིན་ཏེ།། དེ་ལས་སྐྱེས་པའི་ཀཽང ་ཆེན་གང་།། རྩེ་མོས་ལྷ་རྣམས་སྤྲིན་བྱེང་ཅིང་།། རྩ་བས་ཀླུ་སོགས་སྨིན་པར་བྱེད།། ཡལ་གི་དེ་ཡིས་མི་ལ་སོགས།། ཡོངས་སུ་སྨིན་བྱེད་ཤིང་དེ་ཡིན།། དེ་རུ་གནས་པར་རབ་ཏུ་བརྗོད།། གང་དུ་དབུགས་ནི་མི་རྒྱུ་བ།། ད་ནི་དུར་ཁྲོད ་ཅེསུ་བཤད།། མ་མོའི་ཁྱིམ་ནི་སྟོང་པ་ཉིད།། སེང་གེ་རྣམ་རོལ་ཕྱག་རྒྱའོ།། མཚན་མའི་སྤྲོས་པས་མི་བརྫི་ཞིང་།། རྟོགས་པར་དཀའ་བས་མཚན་མོ་ཡིན།། ས་བོན་ཡི་གེ་ཕྱག་མཚན་དང་།། ཁ་དོག་དབྱིབས་དང་རིགས་མི་མངའོ།། ཕྱག་རྒྱ་སྒྲོན ་སྲེག་གཏོར་མས་དབེན།། དབེན་པ་འམ་པས་མཐའ་དེ་ཡིན་ལ།། བསྒོམ་པ་བཟང་པོའང་དེ་ཉིད་ཡིན།། ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། སྤྱོད་པར་ནུས་པའི་ཚད་བསྟན་པའི་ཕྱིར། ཅུང་ཟད་དྲོད་ནི་ཐོབ་པ་ན།། གལ་ཏེ་སྤྱོད་པ་བྱེད ་འདོད་པ།། འོན་ཏེ་འགྲུབ་འགྱུར་འདོད་ཡོད་ན།། འདིས་ནི་སྤྱོད་པ་སྤྱད་པ་ཉིད།། ཅེས་གསུངས་ཏེ། འདིའི་དོན་ཡང་། རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། དེ་ཡང་ཇི་སྐད་དུ། གལ་ཏེ་སྤྱོད་པ་བྱེད་འདོད་པ།། ཡན་ལག་དྲུག་སྦྱོར་གང་ཡིན ་ཏེ།། དུ་བ་སྨིག་རྒྱུ་ལ་སོགས་པའི།། དྲོད་ནི་དང་པོར་བསྐྱེད་པར་བྱ།། ཞེས་བྱ་བར་གསུངས་ཏེ། འདིའི་དོན་ནི་ཡང་རྣལ་འབྱོར་པས་སེམས་ཅན་གྱི་དོན་དུ་སྤྱོད་པ་བྱེད་པར་འདོད་པ་རྣམས་ཀྱིས། དང་པོར་དུ་བ་དང་སྨིག་རྒྱུ་ལ་སོག་ས་པ་རྣམས ་ཀྱིས་དྲོད་བསྐྱེད་ནས་སྤྱོད་པ་ལ་འཇུག་པར་བྱའོ།། གཞན་དུ་ན་འཇིག་རྟེན་པའི་བཞད་གད་དུ་འགྱུར་རོ།། དེས་སྐྱེས་བུ་འདོད་ཆགས་ཅན་རྣམས་འདུལ་བར་བྱ་བའི་ཆེད་དུ། འཕོ་བ་མེད་པའི་ཡེ་ཤེས་ཉམ་སུ་བླངས་ལ་ག་དོད།། ཤིན་ཏུ་བཞིན ་བཟངས་མི་ག་ཡང་ས་མ།། རང་གི་དེ་བང་བསྐུར་སྙིང་རྗེ་ཅན།། བཙུན་མོ་རྡོ་རྗེའི་རིགས་བཟུང་ལ།། སྤྱོད་པ་བྱ་བར་བརྟག་པར་བྱ།། རྡོ་རྗེ་འི་རིགས་ཀྱི་དངོས་མེད་ན།། རང་འདོད་ལྷ་ཡི་རིགས་ཀྱིས་བྱ།། ཞེས་བྱ་བ་གསུངས་ཏེ། འདིའི ་དོན་ཡང་གདོལ་པའི་རིགས་ལས་བྱུང་བའི་བུ་མོ་སྐྱེས་བུ་གཞན་གྱིས་རེག་པར་བྱ་བ་མ་ཡིན་པ་འམ། ཡང་ན་རིགས་གང་ཡང་རུང་སྟེ་གཟུགས་དང་ལང་ཆོས་བརྒྱན་པ་ལ་བྱང་ཆུབ་ཀྱི་ས་བོན་གྱིས་སྦྱངས་ཏེ་ཞེས་བྱ་བ ་རང་གི་དེ་ལ་མི་དད་པ་མེད་པར་སྙོམས་པར་འཇུག་པའི་ལས་བྱས་ལ། བདེ་བའི་བྱང་ཆུབ་ཀྱི་སེམས་དེས་དེའི་སེམས་སྦྱངས་ལ། དེ་དང་ལྷན་ཅིག་ཀུན་ཏུ་འགྲོ་བར་བྱ་ཞིང་རྡོ་རྗེའི་གླུ་ལ་སོགས་པས་སྐྱེས་བུ་འདོད་ཆགས་ཅན་རྣ་མས་གདུལ་བ ་དང་། དོན་ཡོད་གྲུབ་པའི་རིགས་ལས་བྱུང་བའི་གར་བྱ་བ་སྟེ་དེ་ནི་རྒྱུད་བསྡུས་པ་འདི་ཉིད་ལས་ཇི་སྐད་དུ། གལ་ཏེ་དགའ་བོས་གླུ་བླངས་ཏེ།། དེ་ཚེ་རྡོ་རྗེ་མཆོག་དང་ལྡན།། གལ་ཏེ་དག་རབ་སྐྱེས་པ་ན།། ཐར་པའི་རྒྱུས་ནི་གར་བྱའོ།། དེ་ཚེ་རྡོ་རྗེ་རྐང ་པས་གྱུར།། རྣལ་འབྱོར་མཉམ་པར་བཞག་པས་བྱོ། ཞེས་བྱ་བི་གསུངས་པ་ལ། འདིར་ངེས་པའི་དོན་ཡང་འབུམ་ཕྲག་ལྔ་པ་ལས་ཇི་སྐད་དུ། སྤྱོང་ཉིད་མ་སྨྲས་ཞི་བ་ནི།། བུད་མེད་ཅེ་སུ~ཾ་དེ་བཛྲོད་ཅིང་།། རྩ་ཡི་མདུད་པ་བོཅུ་དྲུག་ནས།། ་བའི་ཐིག་ལེ་བཅུ་དྲུག་འབྱུང་།། བཅུ་དྲུག་ལོ་ཡང་དེ་ཡིན་ལོ།། སེམས་ཀྱི་སྦྱངས་པའང་དེ་ཡིན་ནོ།། དེ་བཞིན་དུ་བདེ་བའི་ང་རོ་ནི་གླུ་དང་བདེ་བས་གཡོ་བའི་གོར་དང་། བདེ་བའི་རིགས་པས་འགྲོ་བའི་རྐང་པ་དང་ལྡན་པས་གནས་པར་བྱ་བ་སྟེ ་རྣལ་འབྱོར་མཉམ་པར་བྱ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ།། གཞན་ཡང་འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ་ཞེས་བྱ་བ་ནས་སྐ་རིགས་ལ་ནི་དོན་ཡོད་གནས་ཞེས་བྱ་བའི་དོན་ནི་སྔར་བསྟན་པ་ཉིད་དོ།། དེ་ལས་གཞན་པའི་དོན་རྣམས་ནི་འདི་ལྟ ་སྟེ། ཁ་ཊྭཱཾ་གཟུགས་ཀྱི་ཤེས་རབ་དང་།། ཐབས་ཀྱི་གཟུགས་ཀྱི་ཅང་ཏེའུ་ཉིད།། ཞེས་བྱ་བ་གསུངས་ཏེ། ཁ་ནི་ན་མཁའི་གཟུགས་ཅན་ནོ།། ནཱཾ་ནི་དཀའ་ཐུབ་ཀྱི་གནས་པ་ཡིན་ལ། བསྡུས་པའི་དོན་གྱིས་ཆོས་ཐམས་ཅད་ན་མཁའི་རང་བཞིན་དུ་གནས་ཞེས ་བྱ་བའི་དོན་ཏོ།། ཌ་མ་རུའི་སྒྲ་ནི་ཁམས་གསུམ་དུ་སེམས་ཅན་ཐམས་ཅད་ལ་ཅིག་ཅར་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་ཏོ།། དེ་བས་ན་ཁ་ཊྭཱཾ་ག་དང་ཅང་ཏེའུ་གཟུང་བ་ཉིད་ལ་ཉོན་མོངས་པ་ལས་ཞེ་སྡང་བསྐྱེད་ཅིང་དབུགས་ཕྱིར་རྒྱུ་བ་དང་ནང་དུ་འཇུག་པ ་དང་གནས་པ་གསུམ་ནི་ཨཱ་ལི་ཀཱ་ལི་ཉིད་དེ། དེ་བས་ན་དེའི་ཕྱིར། གླུ་ནི་རྣམ་དག་སྔགསུ་གསུངས།། གར་ནི་བསྒོམ་པར་བྱ་བ་ཉིད།། དེ་ཡི་ཕྱིར་ན་གླུ་དང་གར།། རྣལ་འབྱོར་པས་ནི་རྟག་ཏུ་བྱ།། ཞེས་གསུངས་པ་དང་། དེ་བཞིན་དུ། སྨན་ནི ་རྣམ་པར་བཟའ་བ་སྟེ། ཆུ་ནི་རྟག་ཏུ་བཏུང་བ་ཉིད།། ཞེས་བྱ་བ་ཡང་རྣམ་པ་གཉི་སུ་རྟོགས་པར་བྱ་སྟེ། ཕྱིར་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་དྲི་ཆེན་དང་། དྲི་ཆུ་རྣམས་སྦྱང་བ་དང་སྤེལ་བ་ལ་སོགས་པ་བྱས་ལ། རྟོག་པ་མེད་པས་བཟའ་བ ་ཡིན་ལ་དེའི་སྟོབས་ཀྱིས། རྒ་ཤིས་ཟིལ་གྱིས་མི་ནོན་ཅིང་ཞེས་གསུངས་སོ།། ངེས་པའི་དོན་རྩ་བའི་རྒྱུད་ལས། ཇི་སྐད་དུ། གཡོན་པའི་སྟོང་འོག་ཤེས་རབ་ཐེབས།། འབྱུང་འཇུག་བྲལ་བ་ཟོས་པ་ཡིན།། གཡས་པའི་སྟེང་འོག་ཤེས་རབ་ཐབ། ་འབྱུང་འཇུག་བྲལ་བ་བཏུང་བ་ཉིད། ཅེས་བྱ་བ་གསུངས་ཏེ། དེས་རྒ་ཤི་ཟིལ་གྱིས་མི་ནོན་ཞིང་། རྟག་ཏུ་བསྲུང་བར་འགྱུར་བ་ཡིན། ཞེས་བྱ་བ་ནི་ངེས་པའི་དོན་ཡིན་ལ། གཞན་དུ་ན་ཕྱིའི་དྲི་ཆེན་དང་དྲི་ཆུ་ཟོས་ཤིང་འཐུངས་པས་ནི་རྒ་ཤིས་ཟིལ ་གྱིས་མི་ནོན་པར་འབྱུང་བར་མི་འགྱུར་ཏེ་འཇིགས་རྟེན་པ་རྣམས་ཀྱིས་ཀྱང་དཔྱ་བར་འགྱུར་རོ་ཞེས་པ་ནི་ངེས་པའོ།། གཞན་ཡང་རྐུན་མའི་སྒྲ་ལ་ཅོད་པན་བྱས་ལ། དེ་ལ་ཧཱུཾ་འབྱུང་སྦྱར་བར་བྱ།། སངས་རྒྱས་ལྔ་ཡི་ཐོད་པ ་རྣམས།། རྣལ་འབྱོར་སྤྱོད་པས་རྣམ་པར་འཛིན།། ཐོད་པ་སོར་ལྔ་པ་ཡི་ཆར།། བྱས་པས་ཅོད་པོན་འཛིན་པར་བྱེད།། ཐབས་དང་ཤེས་རབ་རང་བཞིན་ལས།། སྐུ་ཡི་སྐ་རགས་གཉིས་བསྐོར་ཉིད།། ཐལ་བ་སྐུ་ཡི་མཆོད་ཕྱིར་ཐིགས།། ་རྣལ་འབྱོར་པ་ཡི་སྤྱོད་པོ་འཛིན།། ཞེས་བྱ་བ་གསུངས་པས།། དགེ་བའི་ཆོས་ཐམས་ཅད་དབྲོག་པར་བྱ་བའི་ཕྱིར། རྐུན་མའི་སྐྲ་ཅེས་བྱ་བའི་རྩ་ལས་ཅོད་པན་དུ་བརྡ་བྱ་བ་དང་། དེ་རུ་ཧཱུཾ་ལས་ཡོངསུ་བྱུང་བའི་རྡོ་རྗེ་རྒྱ་གྲམ་ཡོངསུ་གཟུང་བ་སྟེ།། ་སེམས་ཅན་གྱི་དོན་སྣ་ཚོགས་པ་བྱེད་པའི་ཕྱིར་རོ།། མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པ་ལྔ་དང་། རྣམ་པ་ཉི་ཤུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཚུལ་གྱིས། གང་བ་དང་བཟང་པོ་ལ་སོགས་པ་ཟླ་བ་ཡར་ངོའི་ལྔ་ཚན་རྣམས་ཀྱང་ཡིན ་ལ།། དེའི་ཕྱིར་ཨ་ཨི་རྀ་ཨུ་ལི་ཞེས་བྱ་བ་སཽ་དང་ཆུ་དང་མེ་དང་རླུང་དང་། ན་མོཁའི་ཆོས་ཅན་དུ་ཤེས་པར་བྱ་བའི་ཕྱིར། སངས་རྒྱས་ལྔའི་ཐོད་པ་རྣམས་ཞེས་བྱ་བ་ལ་སོགས་པ་དང་། ཐོད་པ་སོར་ལྔ་པའི་ཆ་ཞེས་བྱ་བ་ལ་སོགས་པ་རྒྱས་པར ་གསུང་སོ།། དེ་བཞིན་དུ་འཇིག་རྟེན་པོའི་ལྷ་ང་རྒྱལ་ཅན་རྣམས་གདུལ་བར་བྱ་བའི་དོན་དུ། མེ་རོ་རི་སྐྲའི་སྐ་རིགས་གཉིས་བསྐོར་དང་། དབང་ཕྱུག་ཆེན་པོའི་བརྟུལ་ཞུགས་ཀྱི་ཆེད་དུ་ཐལ་བས་ལུས་ལ་བྱུགས་པ་དང་། ཚངས་པའི ་བརྟུལ་ཞུགས་ཀྱི་ཆེད་དུ་མི་རོའི་སྒྲའི་ཚངས་སྐུད་དང་། ལྷ་རྣམས་ཀྱི་དགའ་བའི་རྩེད་མོའི་ཆེད་དུ་ཅང་ཏེའུ་གཟུང་བ་དང་། དབང་ཕྱུག་ཆེན་པོའི་རྒྱལ་མཚན་གྱི་ཆེད་དུ་ཀེང་རུས་གཟུང་བ་དང་། ཐོད་པའི་དུམ་བུས་བརྟུལ་ཞུགས་ཀྱི་ཚད ་དུ་རྡོ་རྗེའི་ཐོད་པ་བཟུང་བར་བྱ་བ་སྟེ། འདི་དགེ་བཟླས་དང་བསྒོམ་པ་ཡིན་ཞེས་གསུངས་སོ།། འདིའི་ངེས་པའི་དོན་ཡང་རྩ་བའི་རྒྱུད་ལས།། ཇི་སྐད་དུ། སྟོང་ཉིད་སྙིང་རྗེའི་མི་བྱེད་ཕྱིར།། སྐུ་ཡི་སྐ་རགས་བརྗོད་པ་ཡིན།། ཐལ་བ་བྱང་ཆུབ ་སེམསུ་གསུངས།། ཁུ་བོ་མི་འབོད་ཚངས་སྤྱོད་ཕྱིར།། སྐྲ་ཡིས་མཆོད་ཕྱིར་ཐོགས་པས་བརྒྱན།། དེ་བས་ཆེངས་སྤྱོད་བརྟུལ་ཞུགས་མཆོག། ཅང་ཏེའུ་བདེ་བའི་སྒྲ་ཡིས་ནི།། འཇིག་རྟེན་གསུམ་པོ་དབུགས་འབྱིན་ཅིང་།། སྟོང་པའི ་རྣམ་པས་ཁ་ཊྭཱཾ་ག། བདེ་བ་ལུས་སྐྱོང་ཐོད་པར་བརྗོད།། དེའི་ཕྱིར། འདི་དག་བཟླས་དང་བསྒོམ་པ་ཡིན་ཞེས་གསུངས་སོ།། གཞན་ཡང་སྤྱོད་པ་བྱེད་པའི་རྣལ་འབྱོར་པས་ངོ་ཚ་བ་དང་དོགས་པ་ལ་སོགས་པ་རྣམ་པར་མ་སྤངས་པས་སྤྱོད ་པ་བྱེད་པ་ནི་འཇིག་རྟེན་པའི་བཞད་གད་དུ་འགྱུར་ལ།། སེམས་ཅན་དོན་དུ་ཡང་མི་འགྱུར་བ་དེའི་ཕྱིར། བརྐམ་དང་རྨོངས་དང་འཇིགས་དང་ཁྲོ།། ངོ་ཚའི་འབྲས་བུ་རྣམ་པར་སྤངས། ཞེས་གསུངས་སོ།། དེ་བཞིན་དུ་དེ་ཉིད་ཇི་སྐད་དུ། ་ངེས་པར་མངོན་དུ་ལྷ་མིན་གང་།། བརྒྱ་བྱིན་ལྟ་བུ་ཡིན་ན་ཡང་།། དེ་ལ་འཇིགས་པར་མི་བྱ་སྟེ།། སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། ཞེས་གསུངས་ཏེ། དེ་བས་ན་དོགས་པ་དང་བག་ཚ་བ་མི་བྱའོ།། དེ་ལྟར་སྤྱོད་པ་བྱེད་པའི ་རྣལ་འབྱོར་པས་ལེ་ལོ་ལ་གནས་པར་མི་བྱཱ་སྟེ། ལེ་ལོ་དང་ལྡན་པའི་གཉིད་སྦྱངས་ལ། གཏི་མུག་ཆེན་པོ་གཉིད་ལ་གནས་ཏེ་སྤྱོད་པ་སྤྲད་དོ།། དེའི་ཕྱིར། བདག་ཉིད་ཀྱིས་ནི་གཉིད་སྤངས་ནས།། ཐེ་ཚོམ་མེད་པར་སྤྱོད་པ ་བྱ། ཞེས་པ་དང་། དེ་བཞིན་དུ་བདེ་བར་གཤེགས་པས་ཀྱང་དཀའ་བ་མཛད་པའི་དུས་སུ་རྒྱལ་སྲིད་ཀྱི་འབྱོར་པ་དང་བཙུན་མོའི་འཁོར་དང་ཉིད་ཀྱི་སྐུ་ལུས་ཀྱི་མཐར་ཐུག་པོ་སེམས་ཅན་གྱི་དོན་དུ་བཏཱ་།། སྤྱོད་པ་བྱེད་པའི་རྣལ་འབྱོར་པས་ཀྱང ་རང་གི་ལུས་ལ་བལྟོས་པ་མེད་པར་བྱ་བ་ཡིས།། ལུས་ཀྱི་སྦྱིན་པ་བྱིན་ནས་ནི།། ཕྱི་ནས་སྤྱོད་པ་ཡང་དག་བརྩམས།། ཞེས་གསུངས་ཏེ། དེ་ཡང་ན་མཁའ་གོས་སུ་གྱོན་པར་བྱའོ།། བ་མི་སྲུན་པ་དང་ཁྱི་མི་སྲུན་པ་དང་། བྱིས་པའི་སྐྱེ་བོ་མ་རུངས ་པ་ངན་དུ་སྨྲ་བ་རྣམས་ནི་ཆོས་སྟོན་པའི་བླ་མར་བརྟགས་ཅིང་ཉི་མོའི་ཚེ་བས་གདུངས་པ་དང་གྲང་བས་ཉན་པ་དག་བཟོད་པར་བྱ་བའི་གཞི་ཡིན་ནོ།། དེ་ལས་གཞན་པའི་བདོག་པ་སྦྱིན་པ་གཏོང་བ་ནི་སྦྱིན་པར་བྱ་བའི་གཞིའི་ཁྱད་པར་དུ་མི་དབྱེ་བ་སྟེ། ་མདུན་དུ་ཇི་ལྟར་སྣང་བ་དེ་ལ་སྦྱིན་པར་བྱ་བ་ཉིད་པས། སྐལ་དང་སྐལ་མིན་རྣམ་སྤྱད་པས།། དེ་ཕྱིར་སྦྱིན་པ་སྦྱིན་མི་བྱ།། ཞེས་གསུངས་པ་དང་། དེ་བཞིན་དུ། རྟོག་པ་མེད་པའི་ཚུལ་གྱིས་ནི།། བཟའ་བཅའ་དེ་བཞིན་བཏུང་བ་ཉིད།། ཇི་ལྟར ་རྙེད་པ་རབ་ཏུ་བཟའི།། ཡིད་འོང་མི་འོང་མི་རྟོག་ཕྱིར།། ཞེན་པ་ཙམ་དུ་མི་བྱའོ།། བཟའ་དང་བཅའ་མིན་སྤྱོད་པ་དང་།། དེ་བཞིན་བཏུང་དང་བཏུང་མིན་ཉིད།། འགྲོ་དང་འགྲོ་མིན་སྔགས་པ་ཡིས།། རྣམ་རྟོག་ཉིད་དུ་མི་བྱའོ་ཞེས་གསུངས ་ཏེ། འདིའི་དོན་ཡང་རོལ་ཆགས་པ་ཙམ་གྱིས་བཟའ་བ་དང་། བཏུང་བ་དག་ལ་བྱེ་བྲག་མི་དབྱེ་བ་ལ། ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ་བའི་ཕྱིར་རིགས་བཞིར་བུད་མེད་ལ་བགྲོད་པར་བྱ་བ་མ་ཡིན་ཞེས་བྱེ་བྲག་མི་དཔྱ་པ་དན་ཏ།། གཞན་ཡང་རྡོ་རྗེ་སྨྲབ་དཔནན ་རང་གི་འདོད་པའི་ལྷ་དང་ཐ་མི་དད་པར་བཀུར་བར་བྱ་བའི་ཕྱིར། བདག་གིས་རེག་པ་འཛིན་པའི་ས་ལ་གནས་པ་ཡན་ཡང་དོར་བོར་མི་བྱ་སྟེ། དངོས་གྲུབ་རྙེད་པའི་སློབ་མ་གང་།། ཡང་དག་ཡེ་ཤེས་སྣང་པོ་པོ།། མནར་མེད་སྤངས་པ་རྒྱུ་ཡི་ཕྱིར། ་གྲུབ་པས་བླ་མར་མངོན་ཕྱག་བྱ།། ཞེས་བྱ་བ་གསུངས་ཏེ། ཟླ་བ་ཟླ་བའི་ཚིག་འདིས་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་དུསོ་གསུམ་དུ་ཉིད་ཀྱི་འདོད་པའི་བླ་མ་ལ་གུས་པ་དང་བཅས་པས་འདུད་ན། སློབ་མ་ལ་ཞུགས་པའི་ལས་དང་པོ ་པ་རྣམས་ཀྱིས་ཅིའི་ཕྱིར་སྤང་ཞེས་བྱ་བའི་དོན་ཏོ།། འདིའི་ངེས་པའི་དོན་ནི་སྔོན་དུ་རྒྱས་པར་བཀྲོལ་བ་ཉིད་དོ།། གཞན་ཡང་སྤྱོད་པས་བསླབ་པ་དང་དཔུང་བདུན་དང་སྦྱིན་སྲེག་དང་མཆོད་སྦྱིན་དང་དཀའ་ཐུབ་དང་སྡོམ་པ་ལ་སོགས་པ་འཇིག་རྟེན་གྱི ་ཐ་སྙད་རྣམས་ལ་ཚེད་ཆེར་གཟུང་བར་མི་བྱ་བ་ཉིད་དམ། ཡང་ན་ཕྱི་རོལ་པའི་ལྷ་ཞི་བ་ལ་སོགས་པའི་བསླབ་པ་དང་སྦྱིན་སྲེག་ལོ་སོགས་པ་ལ་ཆེད་ཆེར་མི་གཟུང་སྟེ། དེ་བས་ན་དེའི་ཕྱིར། བསླབ་དང་དབང་ལས་རྣམ་པར་གྲོལ། དེ་བཞིན་ངོ་ཚའི ་འབྲས་བུ་ཉིད།། དངོས་པོ་ཀུན་གྱི་རང་བཞིན་འདི།། རྣལ་འབྱོར་སྙིང་རྗེ་ཆེན་པོས་སྤྱད།། སྦྱིན་སྲེག་མཆོད་སྦྱིན་དཀའ་སྤྱོད་འདས།། སྔགས་དང་བསམ་གཏན་རྣམ་པར་སྤངས།། དམ་ཚིག་སྡོམ་ལས་རྣམ་གྲོལ་ཏེ།། རྣལ་འབྱོར་ལྡན་པས ་སྤྱོད་པ་བྱ།། ཞེས་གསུངས་སོ།། དེ་བཞིན་དུ་གཞན་ཡང་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། སྙིང་རྗེ་རྟག་ཏུ་བཏུང་བྱ་སྟེ།། རྣལ་འབྱོར་བཏུང་དགའ་རྣལ་འབྱོར་པས།། བཏུང་བ་གཞན་གྱི་བཟའ་མི་བྱ།། ཞེས་བྱ་བ་སྨོས་ཏེ། དོན ་འདི་ཡང་ཕྱི་དང་ནང་གིཉི་སུ་གོ་བར་བྱས་ལ། དེ་ཡང་འཇིག་རྟེན་པའི་མཐུན་འཇུག་ཏུ་ཚོགས་དང་དཔའ་བོའི་བཟའ་བ་ལ་སོགས་པའི་དུས་སུ་ནི། འབྲུ་ལ་སོགས་པའི་ཆང་རྣམས་མྱོས་པ་མ་ཡིན་པའི་བར་དུ་བཏུང་བ་ཡིན་ལ། པོས་བའི་དོན་ཏུ ་ནི་བཏུང་བ་གཞན་ཞེས་བྱ་བ་འཇིག་རྟེན་པ་རྣམས་མྱོས་པར་བྱེད་ཅིང་བྱ་བ་མ་ཡིན་པ་བྱེད་པའི་རྒུན་འབྲུམ་དང་སཱ་ལི་ལ་སོགས་པ་སྦྱོར་བའི་ཆང་རྣམས་སྐྲའི་རྩེ་མོས་ཀྱང་བཏུང་བར་མི་བྱའི། ཟླ་བ་བྱང་ཆུབ་སེམས་ཀྱི་ཆང་གི་རྒྱུན་གྱི་བཏུང་བ་ལ ་རྒྱུན་མ་ཆད་པར་འཐུངས་པས། བདག་གི་ལུས་ལ་སོགས་པ་བདེ་བའི་རོས་བརླན་པར་བྱ་བ་ནི་ངེས་པའི་དོན་དུ་དེ་བཞིན་གཤེགས་པས་གསུངས་སོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས་སྤྱོད་པའི་ལེའུའི་རྒྱ་ཆེར་བཤད་པ་སྟེ། ་དྲུག་པའོ།། ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།། སྟོན་པ་ལོངས་སྤྱོད་རྫོགས་སྐུ་ལ།། ཕྱག་འཚལ་ནས་ནིཙྪོ་མ་ཡི།། རྒྱས་བཤད་རྡོ་རྗེ་སྙིང་པོས་བྲིས།། དེ་ནས་བརྡའི་ལེའུ་བཤད་པར་བྱའོ་ཞེས་གསུངས་པ ་ལ། བརྡའ་ནི་རྣམ་པ་གཉིསུ་གོ་བར་བྱ་སྟེ། དེ་ཡང་ཇི་སྐད་དུ། རྩ་བའི་རྒྱུད་ཉིད་ལས། ཧེ་རུ་ཀ་ལྡན་རྣལ་འབྱོར་གྱིས།། ལུས་དང་ངག་གི་བརྡ་ལ་བསླབ།། ལུས་ངག་བརྡ་ཡས་མི་སྨྲ་ན།། སངས་རྒྱས་ཀྱང་ནི་ངེས་པར་འཇིག། ཅེས ་གསུངས་ཏེ། དེ་བས་ན་དེའི་ཕྱིར། ཀྱེའི་རྡོ་རྗེའི་རྣལ་འབྱོར་ལ་གནས་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིས་ལུས་ངག་གི་བརྡའི་མན་ངག་འབད་པས་ཡིད་ལ་གཟུང་སྟེ། ཕྱི་རོལ་གྱི་སྐྱེ་བོ་མི་སྲུན་པ་རྣམས་དང་རིགས་གཞན་གྱི་ཕོ་ཉ་དང་པོ ་ཉ་མོ་རྣམས་ཚོགས་པའི་ནང་དུ་ཐ་མ་ལ་ཧྲཱིཿསྙད་ཀྱིས་བརྗོད་པར་མི་བྱའི། བདག་ཅག་རྣམས་ཀྱིས་གསང་ཆེན་གང་ཡིན་པ་དེ་བརྡས་བརྗོད་པ་ན་སྐྱེ་བོ་མ་རུངས་པ་དང་ཕྱི་རོལ་གྱི་ཕོ་ཉ་དང་ཕོ་ཉ་མོ་རྣམས་རྨོངས་པར་འགྱུར་རོ།། དེ་ནས་གསང་ཆེན ་རྣམས་བརྡ་ཡིས་མི་སྨྲ་བ་གང་ཡིན་པ་དེ་ནི། འཇིག་རྟེན་འདི་དང་འཇིག་རྟེན་གཞན་གྱི་དངོས་གྲུབ་གཉི་ག་ཉམས་པར་བྱས་ནས་མནར་མེད་པར་འགྲོ་བར་འགྱུར་རོ།། དེ་ལ་མངོན་དུ་ནི་ལུས་ཀྱི་བརྡ་དང་ཕྱི་ནས་ནི་ངག་གི་བརྡ་སྟེ་ལེའུ་འདིར་ནི་ལུས ་ཀྱི་བརྡ་འབའ་ཞིག་སྟོན་ལ་ངག་གི་བརྡ་ནི་ལེའུ་གཞན་ནས་སྟོན་པར་འགྱུར་རོ།། དེ་ལྟར་ན་བརྡ་དེ་དག་གཉི་ག་ཡོད་ངེས་པ་དང་དྲང་བའི་དོན་དུ་ཤེས་པར་བྱ་སྟེ། དེ་ལས་བསྡུས་པའི་རྒྱུད་འདི་ཉིད་ནས་ཇི་སྐད་དུ་སྟོན་བཞིན་པ་རྣམས་ནི་དྲང་བའི ་དོན་དུ་ཤེས་པར་བྱ་ལ། ངེས་པའི་དོན་ནི་རྩ་བའི་རྒྱུད་ལས་ཤེས་པར་བྱའོ།། དེ་ལ་རེ་ཞིག་གང་གིས་སྤུན་དང་སྲིང་མོ་ཡང་ཞེས་བྱ་ལ། སྤུན་དང་སྲིང་མོ་ནི་ཐབས་དང་ཤེས་རབ་ཀྱི་ཆའི་བྱེ་བྲག་གོ། ཐེ་ཚོམ་མེད་པར་ཤེས་པར་བྱ་ཞེས་པ་ནི། དྲང ་བ་དང་ངེས་པའི་དོན་གྱི་ཐབས་དང་ཤེས་རབ་ཇི་ལྟ་བ་བཞིན་དུ་ཤེས་པའོ།། དེ་ལ་གང་ཞིག་སོར་མོ་གཅིག་སྟོན་པ་ཞེས་བྱ་བ་ནི་སྐྱེས་པའོ་མ་བུད་མེད་གང་ཞིག་གིས་བློ་བུར་དུ་མདུན་དུ་འོངས་པ་ལ་སོར་མོ་གཅིག་སྟོན་པ་དེའི་ཚེ། ལེགས་པར ་འོངས་སམ་ཞེས་དྲི་ངའི་དོན་དུ་རྟོགས་པར་བྱའོ།། དེ་བཞིན་དུ་གཉིས་ཀྱིས་ལེགས་པར་འོངས་པ་ཡིན་ཞེས་པ་ནི་ལན་དུ་སོར་མོ་གཉིས་བརྐྱང་བས་བདེ་བར་འོངས་སོ་ཞེས་བསྟན་པར་བྱའོ།། གཞན་ཡང་། གཡོན ་གྱི་མཐེ་བོངས་བཅངས་པས་ནི།། བསྙུན་གྱི་ཕྱག་རྒྱར་རྣམ་པར་ཤེས། ཞེས་བྱ་སྟེ། གང་ཞིག་ལ་བསྟན་འདྲི་བའི་བརྡར་ཤེས་པར་བྱ་སྟེ། ལུས་ངག་ཡང་གསུམ་བདེ་འམ་ཞེས་བྱ་བའི་དོན་ཏོ།། གང་ཞིག་སྲིན་ལག་སྟེར་བ་ལ་ཞེས ་པ་ནི་ཐབས་ཀྱི་ཆ་ཡིན་ལ། དེ་ཡི་མཐེ་ཆུང་རྣམ་པར་སྦྱིན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆ་སྟེ་སྟེང་འོག་གི་བྱེ་བྲག་གིས་རླུང་དང་མ་རུ་རྟོགས་པར་བྱའོ།། གང་ཞིག་གུང་མོ་སྟོན་པ་ལ།། དེ་ཡི་མཛུབ་མོ་རྣམ་པར་སྦྱིན་ཞེས་པ་ནི་དེ་བཞིན་དུ་སྟེང ་འོག་གི་ཆ་ཆུ་དང་ས་རྟོགས་པར་བྱེད་པ་ཡིན་ལ། དེ་བོས་དེ་དག་རྣམས་ཀྱང་ཕྱི་དང་ནང་གི་སྟོང་པ་དང་སྙིང་རྗེའི་བརྡ་ཉིད་ཡིན་ནོ།། གང་དེ་ནི་དཔལོ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱང་ཇི་སྐད་དུ། ཤར་དང་ནུབ་ཏུ ་ས་དང་རླུང་།། ཕན་ཚུན་ཐབས་དོང་ཤེས་རབ་ཡིན།། ལྷོ་དང་བྱང་དུ་མེ་དང་ཆུ།། ཕན་ཚུན་ཐབས་དང་ཤེས་རབ་ཡན་ཞེས་པ་དང་། དེ་བཞིན་དུ། ཟླ་བའི་ལམ་གྱི་དྲི་ཆེན་རྩཝ། ཉི་མས་དྲི་ཆུ་འབབ་པའོ།། སྟེང་འོག་སེམས་ཀྱི་རྩ་གཉིས ་ནི།། ས་བོན་འབབ་དང་མུན་ཅན་མ།། ཞེས་གསུངསོ།། གང་ཞིག་མིང་མེད་སྟོན་པོ་ལ།། དེ་ཡེ་མགྲིན་པ་རབ་ཏུ་བསྟན།། ཞེས་པ་ནི་ན་མཁའ་ལྟ་བུའི་ཆོས་ཤེས་སམ་ཞེས་འདྲི་བ་ལ། དེའི་ལན་དུ་མགྲིན་པ་བསྟན་པར་བྱ་བ་ནི་རོ་དྲུག་ལ ་ལོངས་སྤྱོད་པའི་ལམ་མགྲིན་པའི་འཁོར་ལོ་ཡིན་ཏེ། དེའི་སྟོབས་ཀྱིས་རྩ་རྣམས་རྒྱས་པར་འགྱུར་ལ། དེས་ན་མཁའ་ལྟ་བུའི་ཆོས་སྟོན་པར་འགྱུར་ཞེས་བྱ་བའི་དོན་བསྟོན་ཏོ།། གང་ཞིག་གོས་ནི་སྟོན་པ་ལ།། དེ་ཡི་རྩེ་གསུམ་རག་ཏུ ་བསྟན་ཞེས་བྱ་བ་ནི། སྐྱོབ་པ་མཚན་ཉིད་ཤེས་སམ་ཞེས་འདྲི་བ་ལ། ལན་དུ་ང་ཡིས་ཤེས་ཏེ་ལུས་དག་ཡིད་གསུམ་གྱི་བདག་ཉིད་རྩ་གསུམ་གྱི་རིང་བཞིན་ཤེས་ནའོ་ཞེས་བྱ་བའི་དོན་ནོ།། གང་ཞིག་ནུ་མ་སྟོན་པ་ལ།། དེ་ཡི ་མཚམས་ནི་རབ་ཏུ་བསྟན།། ཞེས་བྱ་བ་ནི། དེ་ཉིད་གར་གྱི་བསྟན་བཅོས་ཀྱིས་ཐོབ་པ་ཡིན་ན། དེ་ཤེས་སམ་ཞེས་འདྲི་བ་ལ། ལན་དུ་ང་ཡིས་ཤེས་ཏེ་དབང་པོ་གཉིས་སྨད་པའི་བདེ་བ་རྟོགས་ཞེས་བྱ་བའི་དོན་ཏོ།། གང་ཞིག་སོ་ནི་སྟོན་པ ་ལ།། དེ་ཡི་ཁ་ནི་རབ་ཏུ་བསྟན། ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་ཤེས་སམ་ཞེས་འདྲི་བ་ལ། ལན་དུ་ང་ཡིས་ཤེས་ཏེ་ཐབས་དང་ཤེས་རབ་ལྡན་ནའོ་ཞེས་པའི་དོན་ཏོ།། གང་ཞིག་ཁྲོ་གཉེར་སྟོན་པ་ལ།། གཙུག་པུད་དགྲལ་བ ་བསྟན་པར་བྱ། ཞེས་པ་ནི། འོ་ན་ཁྱོད་དང་ང་གཉིས་ཐབས་དང་ཤེས་རབ་ཀྱི་རང་བཞིན་ལ་རྩོད་དོ་ཞེས་ཟེར་བ་ལ། ལན་དུ་འཇིགས་པ་མེད་དེ་བརྩད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གང་ཞིག་དབུལ་བ་སྟོན་པ་ལ།། དེ་ཡི་རྒྱབ་ནི་རབ་ཏུ་བསྟན།། ་ཞེས་བྱ་བ་ནི། གང་མཁའ་འགྲོ་མ་རྣམས་ཀྱི་གནས་ལུགས་ཀྱི་མཆོག་མགོ་ལ་ཡོད་ན་དེ་ཁྱོད་ཀྱིས་ཤེས་སམ་ཞེས་འདྲི་བ་ལ། ལན་དུང་ཡིས་ཤེས་ཏེ་མགོ་བོ་ལས་གཞན་རྒྱབ་ལ་སོགས་པ་ལུས་གཞན་ལ་ཡང་མཁའ་འགྲོ་མིའི་གན ་ཡོད་ཅེས་བྱ་བའི་དོན་ཏོ།། གང་ཞིག་རྐང་མཐིལ་སྟོན་པ་ལ།། ལྷོ་ཡིས་རྣམ་པར་རྩེ་བར་བྱ། ཞེས་པ་ནི། འོན་གནས་དེ་དག་ཏུ་ཇི་ལྟར་བགྲོད་པར་བྱ་ཞེས་འདྲི་བ་ལ། ལན་དུ་གར་གྱི་བསྟུན་བཅོས་སྔོན་དུ་འགྲོ་བས་ཆགས ་པ་དང་ལྡན་པའི་སེམས་ཀྱིས་སྙོམས་པར་ཞུགས་ནས་གནས་དེ་རྣམས་སུ་ཕྱིན་པར་འགྱུར་ཞེས་པའི་དོན་ཏོ།། ཕྱག་རྒྱ་ཕྱག་རྒྱའི་ལན་གྱིས་ནི།། དམ་ཚིག་གིས་ནི་རྣམ་པར་དབྱེ། ཞེས་པ་ནི། ལུས་ཀྱི་ཕྱག་རྒྱའི་བརྡ་ཤེས་པས།། གསང་ཆེན ་ཐམས་ཅད་རྟོགས་པར་བྱ། ཞེས་པའི་དོན་ཏོ།། དེ་ལ་རྣལ་འབྱོར་མས་སྨྲས་པ། ཨོཾ་མ་བུ་ནི་སྙིང་རྗེ་ཆེ། ཞེས་བྱ་བ་ནི། ཨེ་མ་ཐབས་ཆེན་པོའི་རང་བཞིན་ཁྱོད་ཀྱིས་བརྡ་དང་བདེ་བ་མ་ཡིན་པ་ཐམས་ཅད་གོམས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། གལ ་ཏེ་ཕྲེང་བ་ལག་སྟོན་ན།། འདུ་བར་བྱ་ཞེས་སྨྲ་བ་ཡིན།། ཕྲེང་པོ་མངོན་པ་རཾ་བཏང་བྱས་ནས།། དམ་ཚིག་ལ་མནོས་བརྟུལ་ཞུགས་བཟང་།། ཞེས་བྱ་བ་ནི། དེ་ལྟར་བརྡའི་ལན་ལ་རྣལ་འབྱོར་མ་ཐམས་ཅད་རངས་ནས་ལག་ན་ཕྲེང་བ་སྟོན་པར་བྱེད ་ཅིང་། རིགས་ཀྱི་བུ་ཁྱོད་དང་ང་གཉིས་བདེ་བའི་ཕྲེང་བ་རྒྱུན་མི་འཆད་པའི་བརྟུལ་ཞུགས་ལ་གནས་པར་བྱའོ་ཞེས་སྟོན་ལ། གཞན་ཡང་འདི་སྐད་ཅེས། དེ་ལ་ཕྱི་རོལ་ཞེས་འདུ་བ།། བཟང་པོའི་སྤྱོད་ཡུལ་གནས་པ་ནི།། དེ་ལ་འདུ་བའི་རྣལ ་འབྱོར་མས།། གང་སྨྲས་དེ་ལྟར་ཐམས་ཅད་བྱ། ཞེས་བྱ་བ་ནི། ཁྱོད་ནི་སྐལ་བ་དང་ལྡན་ཏེ་ཕྱི་དང་ནང་གི་དགོངས་པའི་སྐད་ཐམས་ཅད་ཀྱང་ཤེས་པ་དེ་བས་དེའི་ཕྱིར། ཁྱོད་དང་བདག་ཅག་ཕྱིར་གནས་སུ་འདུས་ལ་ཕྱི་དང་ནང་གི་བདེ་བའི ་སྟོན་མོ་ལ་ལོངས་སྤྱད་པར་བྱའོ་ཞེས་བསྒོ་བ་ན། རྣལ་འབྱོར་པ་དེས་ཀྱང་ཐམས་ཅང་དང་དུ་བླུང་ངོ་ཞེས་བྱ་བའི་དོན་ཏོ།། ཀྱེ་བཅོམ་ལྡན་འདས་འདུ་བའི་གནས་དུ་ལགས་ཞེས་རྡོ་རྗེ་སྙིང་པོ་ལ་སོགས་པ་ཕྱི་དང་ནང་གི་གནས་ཀྱི་ཁྱད་པར་ཞུས་པའོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་དང་ཉེ་བའི་གནས་དང་ནི།། ཞིང་དང་ཉེ་བའི་ཞིང་ཉིད་དང་།། ཚན་དྷོ་ཉེ་བའི་ཚན་དྷོ་དང་།། འདུ་བ་ཉེ་བའི་འདུ་བ་དང་།། གྲོང་ཁྱེར་ཉེ་བའི་གྲོང་ཁྱེར་དང་།། དུར་ཁྲོད་ཉེ་བའི་དུར་ཁྲོད་དེ།། འདིར ་རྣམས་སི་ནི་བཅུ་གཉིས་ཕྱིར།། ས་བཅུའི་དབང་ཕྱུག་མགོན་པོ་ཉིད།། དེ་ཕྱིར་གཞན་དུ་བཙལ་མི་བྱ་ཞེས་བྱ་བ་གསུངས་ཏེ། འདིས་ནི་འཁོར་ལོ་གསུམ་གྱི་བདག་ཉིད་དང་། འཁོར་ལེ་དྲུག་གི་བདག་ཉིད་དང་།། འཁོར་ལོ་བཞིའི་བདག ་ཉིད་ལ་གནས་པ་རྩའི་རིགས་ཐམས་ཅད་ས་བཅུ་ཉིད་དུ་སྟོན་ཏེ། དེ་ཡང་འཁོར་ལོ་གསུམ་གྱི་བདག་ཉིད་ནི་སྐུ་དང་གསུང་དང་ཐུགས་ཀྱི་བྱེ་བྲག་དང་། ས་འོག་ས་སྟངས་ས་བླའི་དབྱེ་བས་བདེ་མཆོག་འཁོར་ལོའི་རྒྱུད་ཀྱི་དོན་བརྗོད་དོ།། ་འཁོར་ལོ་དྲུག་གི་བདག་ཉིད་ནི།། ས་དང་ཆུ་དང་མོ་དང་རླུ་དང་ན་མཁའ་དང་ཡེ་ཤེས་ཀྱི་དབྱེ་བ་འམ། གཟུགས་དང་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་དང་། ཡེ་ཤེས་ཀྱི་དབྱེ་བ་འམ། ཡི་གེ་དྲུག་གི་དབྱེ་བས ་ཕྱེ་བ་ཡིན་ཏེ་དང་པོ་མཆོག་གི་སངས་རྒྱས་ཀྱི་རྒྱུད་ཀྱི་དོན་ཏོ།། གང་དུ་བཞིར་བསྟན་པ་ནི་སྤྲུལ་པ་དྲུག་ཅུ་རྩ་བཞི་དང་། ཆོས་བརྒྱད་དང་། ལོངས་སྤྱོད་བཅུ་དྲུག་དང་། བདེ་བ་ཆེན་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་སྟེ། དེ་ལྟར་འཁོར ་ལོ་བཞིའི་དབྱེ་བ་དང་། སྐུ་བཞི་དང་དབང་བཞི་དང་། དགའ་བ་བཞི་དང་། སྐད་ཅིག་མ་བཞི་དང་འབྲས་བུ་བཞི་ལ་སོགས་པའི་བྱེ་བྲག་གིས་ཀྱེའི་རྡོ་རྗེའི་རྒྱུད་དུ་བསྟན་ཏེ་དེ་ལྟར་ཐམས་ཅད་བཞི་བཞིའོ་ཞེས་གསུངས ་པའི་ཕྱིར་རོ།། དེ་བས་ན་ཕྱི་རོལ་ཏུ་ནི་ཤ་དང་ཁྲག་ལ་རྒྱུག་པར་བྱེད་པ་གྲོང་ལ་བརྟེན་པའི་ལྷ་མོ་རྣམས་ནི་ཕྱིའི་གནས་དེ་དག་ན་གནས་པ་ཡིན་ལ།། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། ཞེས་གསུངས་པའི་ཕྱིར། ནང་གི་གནས་ནི་ལུས་ལ་རྩའི ་གཟུགས་ཀྱིས་གནས་པར་གསུངས་ཏེ་དེ་ལས་གཞན་དུ་མི་བལྟའོ།། དེ་ཡང་ལུས་ལ་ནི་ཛཱ་ལནྡྷ་ར་ཞེས་པ་ནས་སྐྱེད་ཚུལ་རབ་རྫིང་བུའི་འགྲམ་ཞེས་པ་ཡན་ཆང་འདི་ལྟ་སྟེ། རྩ་བའི་རྒྱུད་ལས་ཇི་སྐད་དུ།། སྤྱི་བོ་དང་ནི་སྤྱི་གཙུག་དང་།། རྣ ་བ་གཡས་པ་རྩིབ་ལོགས་དང་།། དེ་བཞིན་རྣ་གཡོན་སྨིན་དབུས་དང་།། ལག་པ་མཆན་ཁུང་པག་དང་ནི།། ནུ་མོ་གཉིས་དང་ལྟེ་བ་དང་།། སྣ་རྩེ་དང་ནི་ཁ་ཡི་ལམ།། ཕྲག་གོང་གཉིས་དང་ཕོ་མཚན་དང་།། རྟགས་དང་བཤང་ལམ ་བྲང་གི་གནས།། བྱིན་པ་དང་ནི་སོར་མོ་དང་།། རྐང་པའི་བོལ་དང་མཐེ་བོང་དང་།། པུས་མོ་རྣམས་སུ་གོ་རིམས་བཞིན།། གནས་དང་ས་སོགས་བལྟ་བར་བྱ།། ཅེས་གསུངས་སོ།། དེ་བས་ན་དེའི་ཕྱིར་སེམས་ཅན་རྣམས་ལ་སྤྱོད་པ་དང་གྲོལ ་བའི་འབྲས་བུ་སྟེར་བའི་ལྷ་མོ་དང་། གནས་འདི་རྣམས་ནི་ལུས་ཅན་ཐམས་ཅད་ཀྱི་ལུས་ཉིད་ལ་རྩ་དང་ཁུ་བའི་གཟུགས་ཀྱིས་གནས་སོ།། ད་ནི་ཉི་མའི་དུས་ཀྱི་ཁྱད་པར་བརྗོད་པའི་ཕྱིར།། རྣལ་འབྱོར་མ་རྒྱུད་ཀྱི་རྡོ་རྗེར།། རྣལ་འབྱོར་མའི ་ལེགས་འདུ་བའི།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། ཉིན་མོའི་དུས་ཀྱང་རབྱ་བཤད་བྱ།། ཞེས་བྱ་བ་ལ་འདིར་ཉི་མའི་དུས་ནི་རྣམ་པ་གཉིས་ཏེ་ཕྱིད་ནང་གིའོ།། དེ་ལ་ཕྱིའི་ཟླ་བ་མར་གྱི་ངོ་བཅུ་བཞི་ལ་སོགས་པ་ལ་གྲང་གི་ལྷ་མོ་རྣམས ་གོང་དུ་བརྗོད་པའི་ཕྱིའི་གནས་རྣམས་སུ་ལུས་ཅན་ཐམས་ཅད་ཀྱི་མདངས་དབྲོག་པར་བྱ་བའི་ཕྱིར་རྒྱུ་བ་ཡིན།། ནང་དུ་ནི་ཁུ་བ་དང་རླུང་ལ་སོགས་པ་དབུགས་དང་ཆུ་སྲིང་དང་ཆུ་ཚོད་ལ་སོགས་པའི་ཁྱད་པར་གྱི་གནསུ་འཕོ་ཞིང་འདུ་བར ་འགྱུར་རོ།། དེ་བཞིན་དུ་དངོས་གྲུབ་གཉིས་ལ་འདུན་པའི་རྣལ་འབྱོར་པས་ཀྱང་ཕྱི་དོང་ནང་གི་བྱེ་བྲག་ཤེས་པར་བྱས་ལ། ཐུན་མོ་ང་གི་དངོས་གྲུབ་ཀྱི་དོན་དུ་མར་ངོའི་བཅུ་བཞི་ལ་སོགས་པ་ལ། མཚོན་མོ་དུར་ཁྲོད་དུ་སོང་སྟེ། དཔའ ་བོའི་སྟོན་མོ་ལ་སོགས་པ་ལ་འདུ་བར་བྱ་བ་ཡིན་ནོ།། དེ་ནི་འདི་ལྟར་ཀྱེ་བཅོམ་ལྡན་འདས་ཉི་མ་གང་ལགས་ཞེས་བྱ་བ་སྨོས་ཏེ་ཕྱི་དང་ནང་གི་ཉི་མའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མར་གྱི་ངོའི་ཡི་བཅུ་བཞི་དང་།། དེ ་བཞིན་དུ་ཡང་བརྒྱད་པ་ཉིད།། ཅེས་བྱ་བ་གསུངས་ཏེ། མར་ངོའི་བཅུ་བཞི་ནི་ཉི་ཤུ་རྩ་དགུའོ།། དེ་བཞིན་དུ་མར་ངོའི་བརྒྱད་ནི་ཉི་ཤུ་རྩ་གསུམ་མོ།། དེ་ཡང་ངེས་པའི་དོན་ནི་རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། ཇི་སྐད་དུ། བྱང ་ཆུབ་སེམས་ཀྱི་ཟླ་བ་འདི།། ཡང་ངོ་མོར་དེ་རབ་ཏུ་གནས།། ཡང་ངོ་ཡིས་ནི་སྐྱེང་བྱེད་མ།། མེར་ངོ་ཡིས་ནི་འཇོམས་བྱུང་མོ།། མར་དེའི་བཅུ་བཞི་ལ་སོགས་ཀྱིས།། བྱང་ཆུབ་སེམས་ཀྱི་མཁའ་འགྲོ་མ།། བདེ་ཆེན་འཁོར་ལོས་འདུ ་བར་མཛད།། འདི་ནི་ངེས་པའི་དོན་དུ་བཤད། ཅེས་གསུངས་སོ།། གཞན་ཡང་བཟའ་བ་གསུངས་པ་ནི།། རྒྱལ་མཚན་དང་ནི་མཚོན་བསྣན་ཉིད།། ལན་བདུན་པ་ཡང་བཟའ་བར་བྱ།། ཞེས་བྱ་བ་ལ། རྒྱལ་མཚན་ནི་རྒྱལ ་པོས་རྐུན་པོ་ལ་སོགས་པ་སྐྱེས་པ་འམ་བུད་མེད་འགའ་ཞིག་ཆད་པས་བཅད་དེ་ལུས་མཚོན་གྱིས་དྲལ་ནས་རོ་ཤིང་ལ་དཔྱངས་ཏེ་བཞག་པའོ།། ལན་བདུན་པ་ནི་འདི་ན་སྐྱེས་པ་འམ་བུད་མེད་འགའ་ཞིག་སྐྱེ་བ་བདུན་དུ་མིའི་ལུས་སུ་བརྒྱུད ་པ་ཡིན་ལ།། དེའི་མཚན་ཉིད་ཀྱང་གྲིབ་མ་བདུན་དུ་འབྱུང་བ་དང་། མིག་མི་འཛུམས་དང་། དཔྲལ་བ་ལ་གཉེར་མ་གསུམ་ཡོད་པ་དང་། ལུས་ལ་དྲི་ཞིམ་པོ་འབྱུང་བ་ལ་སོགས་པ་ཉིད་ཡིན་ཏེ་དེ་ལྟ་མཐོང་ན་ཕྱག་ཏུ་མེ་ཏོགདག་ཕུལ་ཏེ་བསྐོར་བ ་བྱས་ལ་འདི་སྐད་ཅེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ད་ནི་བདག་ཅག་ལྟ་བུའི་དོན་བགྱི་བའི་དུས་ལ་བབ་པོ་ཞེས་བརྗོད་པ་ན་དེའི་ལུས་འདོར་བར་འགྱུར་རོ།། དེ་དོར་ནས་ཀྱང་དེའི་ཤ་ལ་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རི་ལུ་བྱས་ཏེ། ་བདག་ཅག་ཐམས་ཅད་ཀྱིས་བཟའ་བར་བྱི་ཞིང་སེམས་ཅན་ཐམས་ཅད་ལ་ཁྱེད་ཚད་དུ་བགོ་བར་བྱའོ།། དེས་ནི་ན་མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར་བ་ཡིན་ནོ།། དེ་བཞིན་ཤ་པལ་བ་རྒྱལ་མཚན་མཚོན་དང་བསྣན་པ་ལ་སོགས་པའི ་ཤ་ནི་སྦྱང་བ་དང་སྤེལ་བ་ལ་སོགས་པ་བྱས་ལ་རིལ་བུར་བྱས་ཏེ་ཟོས་པས་ཀྱང་གཉེར་མ་དང་སྐྲ་དཀར་ལ་སོགས་པ་འཇོམས་པར་ངེས་སོ།། འདི་དག་གི་ངེས་པའི་དོན་ཡང་འབུམ་ཕྲག་ལྔ་པ་ལས། ཇི་སྐད་དུ། རྩ་ཡི་ཤིང་གཟུགས ་ལས་སྦྱངས་པའི།། ལུས་ཀྱི་རྒྱལ་མཚན་མཆོག་འདི་ཡིས།། བྱང་ཆུབ་སེམས་ཀྱི་ཤ་ཟོས་ན།། རྣལ་འབྱོར་དངོས་གྲུབ་མཆོག་ཏུ་འགྱུར་ཞེས་གསུངས་ཏེ། ལན་བདུན་པ་ཡི་ངེས་པའི་དོན་ནི་ཇི་སྐད་དུ།། གང་ཡང་ལུས་ཅན་ཐམས ་ཅད་ཀྱི།། ལུས་འདི་སྐྱེ་བ་བདུན་ཡིན་ཏེ། རེ་དྲུག་ལྡན་པའི་བཟའ་བཏུང་དག། ཀུན་ཏུ་ཟོས་ཤིང་འཐུངས་པ་ལས།། ཞུ་ཞིང་བཅུད་ནི་རྒྱས་པ་དེ།། སྐྱེ་བ་དང་པོར་དེ་བརྗོད་དོ།། དེ་ནས་དེ་ལ་ཁྲག་འབྱུང་བ།། སྐྱེ་བ་གཉིས་པ་རབ་ཏུ ་བརྗོད།། དེ་ལས་ཤ་བྱུང་གསུམ་པ་སྟེ།། པགས་པར་གྱུར་པ་བཞི་པ་དང་།། རྩ་རུ་གྱུར་པ་ལྔ་པའོ།། དེ་ལས་རུས་པ་དྲུག་པ་སྟེ།། ཞག་དང་རྐང་མར་བདུན་པའོ།། ཞེས་སྔོན་དུ་བརྗོད་དེ།། གཞན་ཡང་འབད་པས་སྙིང་རྗེ་བསྐྱེད་པ་ཡིས།། ་བསད་པར་བྱ་བ་བརྗོད་པ་ཉིད།། སྙིང་རྗེ་མེད་ན་མི་འགྲུབ་པས།། དེ་ཕྱིར་སྙིང་རྗེ་བསྐྱེད་པར་བྱ།། ཞེས་བྱ་བ་ནི། ཕྱི་དང་ནང་གི་དབྱེ་བས་རེ་ཞིག་གི་ཕྱིར་ནི།། མཚམས་མེད་ལྔ་ནི་བྱེད་པ་དང་།། སངས་རྒྱས་བསྟན་པ་འཁྲུག་བྱེད ་པ།། ཞེ་སློང་རིགས་ནི་ཏིང་འཛིན་གྱིས།། རེ་ཞིག་ཙོམ་ཞིག་བསད་བྱ་ཡིས།། རྣམ་པ་ཀུན་ཏུ་གཞོ་མོ་མི་བྱ།། དེ་སྟེ་ཀུན་ཏུ་གསད་བྱས་ནས།། རྣལ་འབྱོར་དམ་ཚིག་ལས་ཉམས་ཕྱིར།། གྲུབ་པ་ནམ་ཡང་ཡོད་མི་སྲིད། ཞེས ་བྱ་བ་སྟེ་དེས་ནི་གདུག་པ་ཅན་ཐམས་ཅད་ཐུལ་བར་འགྱུར། དེ་བས་ན་གདུག་པ་ཅན་ཐམས་ཅད་གཞུག་པ་སྔོ་ཞེས་བྱ་བ་གསུངསོ།། གཞན་ཡང་ངེས་པའི་དོན་ནི་རྩ་བའི་རྨད་ལས་ཇི་སྐད་དུ། སྟེང་དང་འོག་གི་སྲོག་ཆེན་པོ།། རྣལ་འབྱོར། ་ཆེན་པོས་གསང་ཅིང་གསོ།། དེ་མིན་སྲོག་ཆགས་མི་གསོང་ངོ་།། གདུག་པ་དེ་དག་རྟག་པར་བསད།། ཅེས་གསུངས་སོ།། ད་ནི་ངེས་པའི་དོན་ཏོ།། ཆོ་གའི་གཙོ་བོས་དགག་པར་བྱ།། ཞེས་བྱ་བ་ནི། ཕྱི་ནང་གི་སྲོག ་གཉིས་ཅར་ལ་ཁྱབ་པ་ཡིན་ཏེ། ཕྱིར་ནི་ཞེ་སྡང་རིགས་ཀྱི་ཏིང་ངེ་འཛིན་གྱིས་དགག་པར་བྱས་ལ། ནང་དུ་སྟེང་ཆེན་པོས་དགག་པར་བྱའོ།། གཞན་ཡང་ཉིན་མོ་དང་མཚན་མོའི་དུས་ཐབས་དང་ཤེས་རབ་ཀྱི་ཆ་རོ་བརྟག་པོར་བྱ་སྟེ། འདི་ལྟར། ་ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན།། ཤེས་རབ་མཚན་མོར་བརྟག་པར་བྱ།། ཞེས་བྱ་བ་སྟེ། དེ་ནི། གང་ཞི་བོ་ཤེས་རབ་དངོས་མེད་དེ།། དངོས་པོ་ཐབསུ་བརྟག་པར་བྱ།། ཞེས་བྱ་བའི་དོན་ཏོ།། འདིའི་ངེས་པའི་དོན་ཡང་རྩ་བའི་རྒྱུད་ལས་ཇི ་སྐད་དུ། གཡས་གཡོན་ཉིན་ཟླའི་མཚན་ཉིད་ཅན།། བསིལ་དང་ཚ་བར་བྱེད་པོ་དེ།། གང་དེ་སྐྱོན་ཡོན་གཉིས་ཀྱང་ཡིན།། དེ་ནི་ཐབས་དང་ཤེས་རབ་བོ་ཞེས་གསུངས་སོ།། དེ་བཞིན་དུ། མི་བྱ་ཅུང་ཟད་ཡོད་མ་ཡིན།། རྟག་ཏུ་མི་བཟའ ་ཡང་མ་ཡིན།། འདི་ལ་མི་བསམ་པ་ཡང་མེད།། བཟང་ངམ་ངན་ཞེས་མི་སྨྱོ་མེད། ཞེས་བྱ་བ་ནི། རྒྱུ་བ་དང་མི་རྒྱུ་བ་འདི་དག་ཐམས་ཅད་རང་ལས་ཡོངས་སུ་བྱུང་པོའི་ཕྱིར་རོ།། དེ་བས་ན། ཇི་ལྟར་བདག་ཉིད་དེ་ལྟར་གཞན།། དེ་བཞིན ་བདག་དངོས་མཆོག་ཡིན་ཏེ། ཞེས་བྱ་བ་རང་གི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་པ་ན་ཁམས་གསུམ་གྱི་འཁོར་ལོས་བསྒྱུར་བ་གཅིག་པོ་ཡང་ཡིན་ནོ།། འདི་ཉིད་ཀྱི་ཕྱིར། འདི་ལྟར་སེམས་པའི་རྣལ་འབྱོར་པས།། བཟའ་དང་བཏུང་བ ་ལ་སོགས་སྤྱད།། ཡན་ལག་ཇི་སྙེད་བསྒྱུར་བ་དང་།། ཚིག་རྣམས་རབ་ཏུ་ཉེད་པ་ཉིད།། ཧེ་རུ་ཀྵ་དཔལ་གནས་བཞུགས་པས།། དེ་སྙེད་སྔགས་དང་ཕྱག་རྒྱར་བརྗོད་ཅེས་གསུངས་ཏེ། དེ་ཡང་ཇི་སྐད་དུ། དཀྱིལ་འཁོར་ལྷ་འདིར་ལུས་ཉིད་ཡིན།། ་གཞན་དང་ལྷོ་དང་དཀྱིལ་འཁོར་ནི།། བཙལ་བས་རྣམ་ཡང་མི་རྙེད་ཅེས།། འདྲེན་པ་དཔའ་བས་རབ་ཏུ་གསུངས།། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ།། ཞེས་པ་ནི་བདག་དང་གཞན་གྱི་དཔལ་གཉི་གའི་ཆར་མི་འཛིན་པའོ།། ཧེ་ནི་རྒྱུ་སོགས་སྟོང་པ ་ཉིད། ཅེས་པ་ནི། ལས་དང་ཡེ་ཤེས་དང་ཕྱག་རྒྱ་བཅིང་བ་དང་གཏོར་མ་ལ་སོགས་པའི་རྒྱུ་དང་བྲལ་བའི་ཏིང་ངེ་འཛིན་བདེ་བ་ཆེན་པོའོ།། རུ་ནི་ཚོགས་དང་བྲལ་བ་ཉིད། ཅེས་པ་ནི། ཀུན་ཏུ་བརྟགས་པའི་མཚན་ཉིད་ལས་གྲོལ་བའི་བདེ་བ་ཉིད ་དུ། གང་དེ་ཇི་ལྟར་བསྒྲུབ་སྙམ་པ་ལ། ཀི་ནི་གང་དུའང་མི་གནས་པ། ཞེས་བྱ་བ་གསུངས་ཏེ། ཚེགས་པ་དང་དམིགས་པའི་ཆོས་ལས་བྲལ་བ་ཕན་ཚུན་དུ་བལྟོས་པ་མེད་པས་བསྒྲུབ་པར་གསུངསོ།། དེ་བས་ན་ཧེ་རུ་ཀའོ།། གཞན་ཡང ་རྡོ་རྗེ་ཐོད་པའི་རྣལ་འབྱོར་གྱིས། ཞེས་པ་ནི། ལུས་སྐྱོང་བའི་རྣལ་འབྱོར་གྱིས་སོ།། སྐྱེ་བོ་གང་དང་གང་རྣམས་ཀྱི།། ཤ་ནི་མཁས་པས་བཟའ་བྱས་ན།། སེམས་ཅན་དེ་དེ་དབང་དུ་འགྱུརརོ།། ཞེས་བྱ་བ་ནི། རྣལ་འབྱོར་པ་བདག་གིས་ལུས ་སྦྱོང་བའི་རྣལ་འབྱོར་མངོན་དུ་བྱས་ན། སངས་རྒྱས་པོ་རྣམས་ཀྱང་དབོང་དུ་འགྱུར་ན།། འཇིག་རྟེན་གསུམ་ན་གནས་པའི་སྐྱེ་བོ་ཕལ་པ་རྣམས་ཇི་ལྟར་བསྒོ་བ་བཞིན་བྱེད་པ་སྨོས་ཀྱང་ཅི་དགོས། གཞན་དུ་ན་རྣལ་འབྱོར་པས་བུད་མེད་ཀྱི་སྐྱེ ་རྣམས་ལ་འཇུག་པ་ན་བྱང་ཆུབ་སེམས་ཀྱི་ཤ་ཕྱི་རོལ་ཏུ་མི་བཏང་བར་ཟས་ན་རང་གི་ལུས་ལ་དབང་དུ་འགྱུར་ཏེ། ད་ནི་རྣལ་འབྱོར་པ་མཁས་པ་ཞེས་བརྗོད་དོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱུ་ཆེར་བཤད་པ་ལས། བང ་དང་གནས་གཏན་ལ་ཕབ་པའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་བདུན་པའོ།། །། བྱང་ཆུབ་སེམས་ནི་ཟླ་བར་གྱུར།། ཆ་ཤས་བཅོ་ལྔའི་བདག་ཉིད་ཅན།། དེ་འགྱུར་རྣལ་འབྱོར་བདག་མེད་མ།། མཾ་ཡི་གཟུགས་ཀྱི་ཚུལ་བསྒྱུར ་ནས།། འཇིག་རྟེན་གསུམ་པོ་དབང་དུ་མཛད།། དེ་ལ་གུས་པས་རབ་བཏུད་ནས།། བདག་མེད་དཀྱིལ་འཁོར་རྒྱས་བཤད་ནི།། རྡོ་རྗེ་སྙིང་པོས་བྲི་བར་བྱ།། དེ་ནས་རྣལ་འབྱོར་མའི་འཁོར་ལོ་བཤད་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། རྣལ་འབྱོར་མ་ནི་ཟླ་བ་མར་ངོའི་ཆོས་ཅན་ཆོས་བཅོ་ལྔ་པོ་མུན་པའི་རྡུལ་སྐྱེད་པར་བྱེད་ལ། སྣང་བའི་རྡུལ་ནི་འཇོམས་པར་བྱེད་ཅིང་འཁོར་བའི་བྱང་ཆུབ་ཀྱི་སེམས་ཁ་ཐུར་དུ་བལྟས་པ་གང་ཡིན་པོ་དེ་ལ་བརྗོད་པར་བྱའོ།། དེ་ལ་ཡང ་བའི་རྒྱུད་ལས་ཇི་སྐད་དུ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། དཀྱིལ་འཁོར་རྣམ་པ་གསུམ་དུ་བརྟགས།། དང་པོར་དགྱེས་པའི་རྡོ་རྗེ་ཉིད།། སྐུ་ཡི་དཀྱིལ་འཁོར་ཞེསུ་བརྗོད།། དེ་རྗེས་བདག་མེད་མ་བཤད་པ།། ཐུགས་ཀྱི་དཀྱིལ ་འཁོར་ཡིན་པར་གསུངས།། དེ་རྗེས་ཀུ་རུ་ཀུལླེ་བཤད།། གསུང་གི་དཀྱིལ་འཁོར་ཡིན་པར་འདོད།། ཞེས་གསུངས་པའི་ཕྱིར་ད་ནི་རྣལ་འབྱོར་མེ་འི་འཁོར་ལོ་བཤད་པར་རིགསོ།། ན་མཁའི་ཁམས་སུ་བྷ་ག་བསམ།། དབུས་སུ་རྣམ ་པར་བསྒོམ་པ་ནི།། འཁོར་ལོ་སྔོན་དུ་ཅི་རིགས་པར།། ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། ཅེས་བྱ་བ་གསུངས་ཏེ། འདིའི་དོན་ཡང་སྔོན་དུ་འགྲོ་བའི་བསྲུང་བའི་འཁོར་ལོ་ལ་སོགས་པ་ནི་ཧེརྱ་ཀ་བསྐྱེད་པ་ཉིད་ཀྱི་དུས་སུ་བསྟན་པ་ལས་ཤེས་པ་ཉིད་དུ ་བྱའོ།། འདིར་ནི་གནད་ཀྱི་གནས་ཙམ་ཞིག་བསྟན་པར་བྱ་བའི་ཕྱིར་ནམ་མཁའི་དབྱིངས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རང་གི་བདག་པོ་མཆོད་པ་སྔོན་དུ་འགྲོ་བས། ཨོཾ་ཤཱུ་ནྱཻ་ཏཱ་ཛྙཱ་ན་ཞེས་པ་ལ་སོགས་པའི་ཚུལ་གྱིས་སྣོད་དང ་བཅུད་སྦྱང་བ་བྱས་ལ། ཆོས་ཐམས་ཅད་ན་མཁའི་དཀྱིལ་ལྟར་མོས་པར་བྱ་སྟེ། དེའི་རྗེས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་མཚོན་པར་བྱ་བའི་ཕྱིར་ན་མཁའི་དབྱིངས་དེར་ཡི་གེ་ཨེའི་དབྱིབས་ལྟ་བུ་དཔག ་ཚང་རྒྱ་ཁྱོན་དཔག་ཏུ་མེད་པར་བསྒོམས་ལ། དེའི་ནང་དུ་འཁོར་ལོ་སྔོན་དུ་ཅི་རིགས་པར་ཞེས་བྱ་བའི་དོན་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བའི་དཀྱིལ་འཁོར་རིམ་གྱིས་བསྐྱེད་ལ། དེ་དག་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མའི ་དཀྱིལ་འཁོར་གྱི་འཁོར་ལོ་སྒོ་བཞི་དང་རྟ་བབས་དང་ལྡན་པ་བསམས་ཏེ། འཕར་མ་གཉིས་དགེ་སྐྱོན་མེད་པ་ཞེས་བྱ་བ་ནི། ཡུལ་དང་ཡུལ་ཅན་གྱི་ལྷ་མོའི་ཚུལ་གྱིས་འཕོར་མ་གཉིསུ་བཅད་ཅིང་། ཟེ་འབྲུ་ལས་ནི་གཅིག་འགྱུར་ཏེ། ཞེས ་བྱ་བ་ཟེ་འབྲུ་དང་ནང་གི་འཕར་མ་ལ་ནི་ཕུང་པོ་ལྔ་རྣམ་པར་དག་པའི་ལྷ་མོ་སྟེ། སྔོན་དུ་བརྗོད་པའི་སྟོང་པ་ཆེན་པོ་ཡི་གེ་ལྔའི་ཆོས་ཅན་ནོ།། གང་ཡང་ད་ནི་རང་བཞིན་ཆེན་པོ་ལྔ་ཞེས་ཀྱང་བརྗོད་ལ་འཕར་མ་ཕྱི་མ་རྣམས་ནི་ཕྱི་རོལ་ཏུ་འགྱུར་བ ་ཡིན་ནོ།། དེའི་ཕྱིར་གྲུ་གསུམ་ལ་ནི་ཕྱི་མ་བརྗོད་ཅེས་གསུངས་སོ།། དེ་དབུས་རོ་ནི་བཅོ་ལྔ་ཡིས།། གདན་གྱི་བདག་ཉིད་རྣམ་པར་བསམ། ཞེས་བྱ་བ་ནི། ཁམས་ཐམས་ཅད་སྲོག་གི་རླུང་ལ་ཞོན་ནས་རྒྱུ་བའི་ཕྱིར། ཕྱི ་རོལ་ཏུ་རོ་རུ་བརྟགས་སོ།། དེའི་སྟེང་དུ་ཟླ་བ་ཡིན།། ཟླ་བའི་སྟེང་དུ་ས་བོན་ཉིད།། ཞེས་བྱ་བ་ནི་ཇི་སྐད་དུ་རྩ་བའི་རྒྱུད་ཉིད་ལས། དང་པོ་ཁུ་བ་ཕ་ལས་འབྱུང་།། རྣམ་ཤེས་རླུང་ལྡན་དེར་འཇུག་སྟེ།། དེ་ལ་མ་ཡི་ཁྲག་གིས་སྦྱར།། དོན་འོད ་ཡིས་ནི་བསྐྱེད་རིམ་བསྟན།། ཞེས་གསུངས་པས། རོ་དང་ཟླ་བ་དང་ས་བོན་དང་། ཉི་མའི་དཀྱི་ཁོར་གྱིས་མནན་པར་གསུངས་སོ།། གཉིས་འདུས་པ་ལས་བདེ་ཆེན་པོ་ཞེས་པ་ནི་ཁུ་བ་དང་ཁྲག་གི་རང་བཞིན་དང་སྲོག་འབྱུང་འཇུག་གི་རིམ ་པ་དང་། ལྀ་ལ་ནཱ་དང་ར་ས་ནཱ་འདོམ་པ་དང་སྟེང་འོག་གཉིས་འདོམ་པའི་ཕྱིར་རོ།། ཨཱ་ལི་ཟླ་བའི་གཟུགས་ཀྱིས་གནས།། ཀཱ་ལི་གཟུགས་ཀྱིས་སྣང་བྱེད་དོ།། ཞེས་བྱ་བ་ནི། ཕྱི་རོལ་བསྐྱེད་པའི་རིམ་པ་ལ། ཨཱ་ལི་ཡོངསུ་གྱུར་པའི་ཟླ་བའི་དཀྱིལ ་འཁོར་སྲོག་འོང་བའི་ཚུལ་དང་། ཀཱ་ལིས་ཉི་མའི་དཀྱིལ་འཁོར་སྲོག་འགྲོ་བའི་ཚུལ་དུ་བསམ་པ་ནི་དྲང་པ་དང་ངེས་པའི་དོན་ཏེ།། ཟླ་བ་ཉི་མ་འདུས་པ་ལས། ཞེས་པོ་ནི། ཉི་ཟླའི་རང་བཞིན་དང་རྣམ་པར་ཤེས་པ་གསུམ་འདུས་པ་ལསོ།། དཀར ་མོ་ལ་སོགས་རབ་ཏུ་གྲོགས་ཞེས་པ་ནི། ཕྱི་རོལ་ཏུ་ནི་བཅུད་ཀྱི་སྲིད་པ་བསྐྱེད་པ་དང་། ནང་དུ་དམ་པའི་སྲིད་པ་བཞེད་པ་ཞེས་གྲགས་སོ།། དེ་ནི་དཀར་མོ་ལ་སོགས་པའི་ལྷ་མོ་བཅོ་ལྔའི་བདག་ཉིད་ཐམས་ཅད་ཚུལ་དེ་ལྟར་སྐུ་ཞེས་བྱ་བའི ་དོན་ཏོ།། ཟླ་བ་ཡེ་ཤེས་མེ་ལོང་ལྡན།། རྟ་བདུན་པ་ནི་མཉམ་ཉིད་ལྡན།། རང་ལྷའི་ས་བོན་ཕྱག་མཚན་ནི།། སོ་སོར་རྟོག་པར་བརྗོད་པར་བྱ།། ཐམས་ཅད་གཅིག་གྱུར་ནན་ཏན་ཉིད།། རྫོགས་པ་ཆོས་དབྱིངས་དག་པའོ་ཞེས་བྱ་བ་ནི། རླུང་གིས ་བསྐྱོད་པ་དང་། མེ་ཡིས་སྤར་བ་དང་ཆུ་ཡིས་ཡོངས་སུ་སྨིན་པར་བྱེད་པ་དང་། ས་ཡིས་ཀུན་ཏུ་འཛིན་པ་དང་ན་མཁས་ཀུན་ཏུ་འཕེལ་བར་བྱེད་པ་སྟེ། མགྲིན་པ་དང་རྐན་དང་སྤྱི་བོ་དང་མཆུ་དང་སཽ་ཡི་ཆོས་ཅན་རྣམས་ནི་ཡེ་ཤེས་ལྔའི ་བདག་ཉིད་དེ་བྱང་ཆུབ་པ་རྣམ་པ་ལྔའི་དོན་ཞེས་བྱའོ།། དེ་བས་མཁས་པས་ཆོ་ག་གསུངས་པ་ཡི།། རྣམ་པ་ལྔ་པོ་བསྒོམ་པར་བྱ།། ཞེས་གསུངས་ཏེ་དྲང་བ་དང་ངེས་པའི་དོན་དུ་རྟོགས་པར་བྱའོ།། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས།། ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན།། ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། ཕྱི་རོལ་ཏུ་ཨཱ་ལི་དང་ཀཱ་ལི་ཡོངས་སུ་གྱུར་པའི་ཉི་ཟླའི་གདུན་དུ་གསུངས་ལ། ཡང་དག་པར་ནཾ། ཡི་གེ་ལས་བྱེད་གོང་བུ་ཡཽ།། ཧཱུཾ་ཕཊ། ་ཡི་གེ་མི་འདོད་དེ།། སེམས་དཔའ་གཟུགས་བརྙན་ལས་བྱུང་བ།། དཀྱིལ་འཁོར་བདག་པོ་རྣམ་པར་བསྒོམ།། ཞེས་བྱ་བ་གསུངས་ལ། དེ་ལྟ་བུའི་ཚུལ་གྱིས་བདག་མེད་པའི་འཁོར་ལོ་བསྒོམ་པ་ནི་ངེས་པའི་དོན་ཏོ།། འདིའི་དོན ་ནིནི་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱི་ང་ཇི་སྐད་དུ། ཨཱ་ལི་ཀཱ་ལྀ་སྦྱར་བ་ཡི། ཧཱུཾ་ཡིག་འདོད་མིན་རྒྱལ་པོ་ཀྱེ། ཅེས་གསུངས།། འཇམ་པའི་རྡོ་རྗེས་བཤད་པའི་བསྡུས་པའི་རྒྱུད་ཀྱི་ལེའུ་ལྔ་པ་ལས་ཀྱང་། ་སྐད་དུ། ཨ་དང་ཀཱ་སོགས་གང་གཅིག་རི་བོང་ཉི་མ་གདུན་ད་རྡོ་རྗེ་ཅན་ལ་མང་།། ཡི་གེ་ཧཱུཾ་འགྱུར་མཚན་མ་མེད་ཅིང་ཁ་དོག་དབྱིབས་ལ་སོགས་པ་འདིར་མི་བཞད། གཞན་ཡང་མི་འགྱུར་ལས་སྐྱེ་འགྱུར་བ་ཟད་པར ་གྱུར་པ་དེ་ནི་བཟང་པོའི་དབང་པོར་ལྡན་པ་སྟེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་ཞིང་རྒྱལ་བ་སྒྱུ་མ་སྒྱུ་མ་སྣ་ཚོགས་འཛིན།། ཞེས་གསུངས།། བསྐྱེད་པའི་རིམ་པའི་ཚུལ་ནི་གོང་དུ་བསྟན་པ་ལྟར།། ཕྱག་མཚན་ཞལ་སོགས་གོང་མ ་བཞིན།། ཟླ་བ་ཆུ་ཤེལ་ནོར་བུ་འོད། ཅེས་བྱ་བ་གསུངས་སོ།། སྐབས་འདིར་ནི་ཕྱག་མམངོན་དང་གྲི་གུག་དང་ཐོད་པར་བརྟག་ཅིང་ཞལ་མདོག་ཐམས་ཅད་ནི་ནག་པོ་འབའ་ཞིག་ཏུ་བརྟག་ཅེས་པའི་དོན་ཏོ།། དེ་ནི་འདི་ཉིད་ལས་ཐབས ་དང་ཤེས་རབ་རང་བཞིན་གྱིས།། འདི་ལྟར་ཐམས་ཅད་རྫོགས་པ་ཉིད།། ཟླ་བ་ཉི་མར་རབ་དབྱེ་བ།། ཨཱཾ་ལྀ་ཤེས་རབ་ཀཱ་ལི་ཐབས།། འདི་ལྟར་དཀར་མོ་ལ་སོགས་པ།། ཁ་དོག་དབྱེ་བས་ཐ་དད་ཡིན། ཞེས་བྱ་བས་གསལ་བར་བསྟན་ཏེ། ་ཕྱི་ནང་གི་བྱང་ཆུབ་པ་རྣམ་པ་ལྔ་ལ་སོགས་པས་བསྐྱེད་པའི་ཚུལ་དུ་ནི་གཅིག་ལ་ཁ་དོག་ཙམོ་གྱིས་བྱེ་བྲག་ཏུ་བྱས་ཞེས་བྱ་བའི་དོན་ཏོ།། གནས་ཀྱི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། རེ་ཞིག་ནང་གི་འཕར་མ་ལ།། རྣལ་འབྱོར་མ་ལཱ ་ངེས་བཞུགས་པ།། ཕུང་པོ་ལྔ་ཡི་རང་བཞིན་དུ།། རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ།། ཞེས་གསུངས་ཏེ། ཚེས་བཅུ་དྲུག་ནས་ཉི་ཤུའི་བར་ཏེ་སྐུའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། དབང་པོར་རྡོ་རྗེ་ཞེས་པ་ནི་དབང་པོའི་ཕྱོགས་སུ ་ལྷ་མོ་རྡོ་རྗེ་མ་དང་། གཤིན་རྗེའི་ཕྱོགསུ་དཀར་མོ་དང་། ཆུ་བདག་གི་ཕྱོགསུ་ཆུའི་རྣལ་འབྱོར་མ་དང་། ལུས་ངན་གྱི་ཕྱོགས་སུ་རྡོ་རྗེ་མཁའ་འགྲོ་མ་དང་། དབུས་སུ་བཅོམ་ལྡན་འདས་མ་བདག་མེད་རྣལ་འབྱོར་མ་ཞེས་བྱ་བ་སྟེ། དེ་རྣམས་ནི ་སྐུའི་ཆོས་ཅན་གྱིས་བསྡུས་པས་ཕུང་པོ་ལྔའི་ལྷ་མོ་རྣམསོ།། ད་ནི་ཕྱི་རོལ་གྱི་འཕར་མ་བཤད་པར་བྱ་བའི་ཕྱིར། ཕྱི་རོལ་གྱི་ནི་འཕར་མ་ལེ། ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དཀར་མི་ཚྭམ་རྐུན་རོ་ལངས་མ། ཞེས་བྱ་བ་དང་། གྷསྨ ་རཱི་ཞེས་བྱ་བ་བཞི་ནི་ཕྱིའི་འཕར་མའི་ཕྱོགས་བཞིར་རིམ་པ་བཞིན་དུ་དགོད་དེ། ཚེས་ཉི་ཤུ་རྩ་ལྔའི་བདག་ཉིད་གསུང་གཽ་རང་བཞིན་ནོ།། དེ་བཞིན་དུ་པུཀྐོ་སཱི་དང་རི་ཁྲོད་མ་དང་གདོལ་པ་མོ་དང་ཌོམྦི་ནཱི་རྣམས་ནི་མཚམས་རྣམསུ་དགོད་དེ། ཆོས ་ཉི་ཤུ་དྲུག་ནས་སུམ་ཅུའི་བར་དུ་རྣམ་པར་དག་པའི་ཚུལ་གྱིས་ཐུགས་ཀྱི་རང་བཞིན་དུ་བརྗོད་དོ།། འོག་ལྡན་མ་དང་སྟེང་ལྡན་ཉིད།། མཁའ་སྤྱོད་མ་དང་ས་སྤྱོད་བརྗོད།། ཅེས་བྱ་བ་ནི་འོག་ལྡན་མེ་སྟེ། གསུང་གི་རང་བཞིན་ལྔ་ཚན་པར ་པའོ།། མཁའ་སྤྱོང་མ་སྟེ་ཐུགས་ཀྱི་རང་བཞིན་ལྔ་ཚན་གསུམ་པའོ།། འདི་གཉིས་དག་ནི་ལུས་ཅན་ཐམས་ཅད་ཀྱི་སྲོག་རྣམ་པ་གཉིས་ཡིན་ཏེ། སྟེང་གི་སྲོག་དང་འོག་གི་སྲོག། འདི་གཉིས་ཉིད་ལས་གསང་བ་འདུས་པ་ལ་སོགས་པའི ་ཐབས་ཀྱི་རྒྱུད་དང་། དགྱེས་པའི་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་མའི་རྒྱུད་རྣམས་ཀྱང་ཐུང་སྟེ། དེ་ལ་སྟེང་ནས་ནི་ཐབས་ཀྱི་རྒྱུད་དོ།། འོག་ནས་ནི་ཤེས་རབ་ཀྱི་རྒྱུད་བྱུང་བར་གྱུར་ཏོ།། དེའི་ཕྱིར་སྲིད་དང་ཞི་བའི་རང་བཞིན་གྱིས།། སྙིང་རྗེ ་ཆེན་པོ་འདི་དག་གནས།། ཞེས་བསྟན་ཏོ།། ལྷ་མོ་ཐམས་ཅད་སྐུ་མདོག་གནག། ཅེས་པ་ནི་ཤེས་རབ་སྟོང་པ་ཉིད་ཀྱི་བརྡ་སྟོན་པས་སྐུ་མདོག་ནག་མོའོ།། དྲག་ཅིང་ཕྱག་རྒྱ་ལྔ་ཡིས་བརྒྱན།། ཞེས ་པ་ནི་ལྷ་མོ་ཐམས་ཅད་ཀྱང་ཆོས་ལྔ་ཚན་གྱི་རང་བཞིན་དག་པ་ལས། འཁོར་ལོ་རྣ་ཆ་མགུལ་རྒྱན་དང་།། ཕྱག་གདུབ་སྐ་རགས་རྣམ་པ་ལྔ།། སངས་རྒྱས་ལྔ་ཡང་རྣམ་དག་ཅིང་།། འདི་ལྔས་ཕྱག་རྒྱ་དག་པའོ།། ཞེས་གསུམ ་སོ།། གཞན་ཡང་ཞལ་གཅིག་སྤྱན་ནི་དམར་བ་རྣམས།། ཕྱག་ན་གྲི་གུག་ཐོད་པ་འཕྱར། ཞེས་གསུངས་པོ་ནི། སྲིད་པ་དང་ཞི་བའི་རང་བཞིན་སྟོན་པ་ཡིན་ལ་བདག་མེད་མ་ཇི་ལྟ་བ་དེ་བཞིན་དུ་ལྷ་མོ་བཅུ་བཞི་པོ་རྣམས་ཀྱང ་དེ་ཉིད་དུ་གཅིག་ཅིང་ཐ་མི་དད་དོ།། འདི་ལྟར་ན། ཇི་ལྟར་བདག་མེད་རྣལ་འབྱོར་མ། དེ་ལྟར་ཐམས་ཅང་རྣམ་བཤད་དེ།། ལག་པ་གཅིག་ནི་ཐོད་པས་འབྲེལ།། གཡས་པ་ན་ནི་གྲི་གུག་བསྒོམས།། ཞེས་བྱ་བ་ལ་ཁ་དོག ་དང་ཕྱག་མཚན་དང་ཞལ་ལ་སོགས་པ་བདག་མེད་མ་ཉིད་ལས་ཐ་མི་དད་པར་བསྟན་པའི་དོན་ཏོ།། གཡོན་པས་ཁ་ཊྭཱཾ་ག་ཉིད་དེ།། སྟག་གི་ལྤགས་པས་རྣམ་དཀྲིས་ཅིང་།། རོ་ལ་ཞེན་ཅིང་གཟི་བརྗིད་འབྲ་རཱ། ཞེས་པའི ་ངེས་པོའི་དོན་ནི་གང་དུ་བརྗོད་པར་ཟད་དོ།། ཕྱག་གཉིས་སྒྲ་སེར་གྱེན་དུ་འབར། ཞེས་པ་ནི་ཇི་སྲིད་གཉིསུ་སྣང་བའི་ཆ་བསྟན་པའི་ཕྱིར་རོ།། ཏིང་ངེ་འཛིན་གྱི་སྟབས་ཀྱིས་ཁམས་ཐམས་ཅད་གྱེན་དུ་འབར་བའི་ཕྱིར་དབུ་སྒྲ་གྱེན་དུ ་མཛེས་པའོ།། ང་རྒྱལ་ལ་སོགས་སྐྱོན་དྲུག་རྣམས། ཞེས་པ་ནི་སའི་ཁམས་ནས་ཡེ་ཤེས་ཀྱི་ཁམས་དྲུག་པོ་སྟེང་གི་རྒྱུ་བ་དང་འོག་གི་རྒྱུ་བ་པས་བསྐྱེད་པ་གསུམ་དང་མས་བསྐྱེད་པ་གསུམ་སྟེ་དྲུག་ལུས་ཅན་རྣམས་ལ་ལུགས་སུ་འབྱུང ་བ་རྣམསོ།། གཅོད་ཕྱིར་གྲི་གུག་རྣམ་པར་གནས། ཞེས་པ་ནི་ངེས་པའི་དོན་དུ་སྟེན་པ་ཉིད་ལས་བརྗོད་དེས་སྐྱོ་ནི་དྲུག་པོ་གཅོད་པར་གསུངསོ།། དངོས་དང་དངོས་མིན་རྣམ་རྟོག་གི། བདུད་རྣམས་རྣམ་པ་བཞི་ཡི་ཁྲག། མགོ་བོའི ་པདྨའི་སྣོད་དུ་ནི།། དངོས་གྲུབ་ཕྱིར་ནི་བཏུང་བར་བྱ། ཞེས་བྱ་བ་ལ་འདིའི་ངེས་པའི་དོན་ནི་ཇི་སྐད་དུ་རྩ་བའི་རྒྱུད་ལས། རང་གི་ལུས་མཆོག་པདྨ་ནས།། བསམ་གཏན་བཞི་ཡི་བསད་པ་ཡི།། བདུད་བཞིའི་ཤ་དང་ཁྲག་གནས ་པ།། རྣལ་འབྱོར་རིག་པས་རྟག་པར་བཏུང་།། སྐྱོསྐྱེ་རྒ་ཟིལ་གྱིས་ནོན་པར་འགྱུར།། ཞེས་གསུངས་ཏེ། འིཁོར་བ་པའི་གནས་སྐབས་རྣམས་བཞི་ནི་བདུད་ཡིན་ལ། བདུད་བཞི་པོ་དེ་དག་གི་སྤྲུལ་པར་ཕུང་པོའི་བདུད་དང་སྙིང་ཀར ་འཆི་བདག་དང་མགྲིན་པར་ཉོན་མོངས་པ་དང་སྤྱི་བོར་ལྔའི་བུའི་བདུད་དེ། ཟླ་བ་ཆ་བཅུ་དྲུག་པ་ལས་ནི་ཆ་བཞི་བཞི་གསོད་ལ་སྲོག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ནང་ནས་སྲོག་ལྔ་སྟོང་བཞི་བརྒྱ་བསད་པས་ཁྲག་འཐུངས་པ་ཡིན ་ཞིང་དངོས་དང་དངོས་མི་ནི་ཡན་གྱི་རྣམ་རྟོག་པ་ཙམ་པ་ཡང་ཡིན་ནོ།། སྟོང་པའི་ཁཾ་རྣམ་པ་ཁ་ཊྭཱཾ་ག། ཐབས་ཀྱི་རོ་ནི་རྣམ་པར་བརྟག། ཞེས་པ་ནི་སྔོན་དུ་རྒྱས་པར་བསྟན་ཏོ།། འདིས་ནི་འཁོར་ལོ་རྣམ་བསྒོམ་ན། ཞེས་པ ་བྱེ་ང་ག་ག་ཉཝ་ས་རུང་བ་དང་ལྡན་དུ་སྨྲནས་སྒྱུ་ས་རྒྱུ་འགྱུ་བསུམ་ན་ཛུ་སུ་སྤྱད་དུ། གྷུཏྟཱ་། ་འགྲོ་བ་གསུམ་པོ་རྣམ་གཟིགས་ནས།། ཇི་ལྟ་ཇི་ལྟར་གྲོལ་འགྱུར་བའི།། དེ་དང་དེ་ཡི་ཐབས་བསྟན་ཏོ།། རྣམ་རྟག་བག་ཆགས་ཀྱིས་བཅིངས་ལ།། ཐོག་མར་རྟོག་པའི་ཆོ་ག་བསྟན།། རྣམ་རྟོ་ག་རང་བཞིན་ཤེས་པ་ན།། མི་རྟོག་པ་ལ་རྣམ ་འཇུག་བྱ།། དཀྱིལ་འཁོར་འཁོར་ལོ་བསྒོམ་པ་དང་།། ལྷ་རྣམས་ཇི་ལྟར་བསྐྱེད་པ་དང་།། ཡེ་ཤེས་དགུག་དང་དབང་བསྐུར་དང་།། དེ་བཞིན་འཁོར་ལོ་རྩ་དང་ནི།། ཁུ་བ་རླུང་རྣམས་གང་བསྟན་ཏེ།། བྱིས་པ་རྣམས་ནི་གཞུག་པའི་ཕྱིར།། འཇིག ་ཆེན་མགོན་པོས་བསྟན་པ་ཡིན། མ་ཡིན་ངེས་དོན་གཞན་དུ་སྤྱད།། དཀྱིལ་འཁོར་ཚུལ་དང་ལྷ་དག་དང་།། ཡེ་ཤེས་དགུག་དང་དབང་བསྐུར་དང་། ཁུ་བ་རླུང་དུ་སུ་ལྟ་བ།། ཀྱེ་ཡི་རྡོ་རྗེས་ངེས་མི་ཤེས།། ཞེས་གསུངས་སོ།། དེ་ནི་རྒྱུད ་ཐམས་ཅད་ཀྱི་བསྐྱེད་པ་དང་རྫོགས་པའི་རྣལ་འབྱོར་མའི་དྲག་དེ་དང་། ངེས་པའི་དོན་གྱིས་ཡན་ལག་དྲུག་ཏུ་བསྡུ་བ་བསྟན་ཏེ། དེ་ལ་གང་རྫོགས་པའི་རིམ་པོའི་གནས་སྐངས་སུ་ཡན་ལག་དྲུག་བསྟན་པ་དེ་ནི་ངེས་པའི་དོན་ཡིན་ལ། ་བསྐྱེད་པའི་རིམ་པར་ཡན་ལག་དྲུག་ཏུ་བསྟན་པོ་དེ་ནི་དྲང་བའི་དོན་དུ་ཤེས་པར་བྱའོ།། འདི་ལྟ་སྟེ། དང་པོར་ནག་པོ་རབ་ཏུ་བསྒོམ།། གཉིས་པར་དམར་པོར་རྣམ་པར་བསྒོམ།། གསུམ་པ་ལ་ནི་སེར་པོར་བསྒོམ།། བཞི་པར་ལྗང་ཁུ་དེ་བཞིན ་ནི། ཝུ་ལཔ་བ་དག་ལྡན་པ་དང་།། དག་པར་དག་བ་ལུས་ཅན་ཏ།། ཡན་ལག་དྲུག་བསྒོམས་རྣལ་འབྱོར་པས།། ཁྱད་པར་དགའ་མཐར་ཡང་དབཞིན།། ཞེས་བྱ་བ་གསུངས་ཏེ། འདིར་ནར་ཞིག་བྱིས་པ་རྣམས་ཀྱིས་རྟགས་པར་བྱ ་ཕྱིར། མི་བསྐྱོད་པ་དང་དཔག་མེང་འོད་དང་དོན་གྲུབ་དང་།། རིན་ཆེན་འབྱུང་ལྡན་དང་རྡོ་རྗེ་སེམས་དཔའ་དང་།། རྣམ་སྣང་གཙོ་བོ་སྟེ་ཡན་ལག་དྲུག་གོ།། འདི་ནི་ས་དང་ཆུ་དང་མེ་དང་རླུང་དང་ན་མཁའ་དང་ཡེ་ཤེས་སུ་ཡང་གྲུ་བ་ལ་གཞན ་ཡང་ཁ་དོག་གཅིག་ཏུ་རྟོག་པ་སྤངས་པར་བྱ་བའི་ཕྱིར་ཁ་དོག་རྣམ་པ་དྲུག་ཀྱང་གསུངས་ཏེ་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་དོན་ཏོ།། གཞན་ཡང་སྐྱེ་བོ་གྲངས་ཅན་པོ་རྣམས་གཞུག་པར་བྱ་བའི་ཕྱིར། ཁམས་དྲུག་ཡི་གེའི་ཆོས ་ཀྱིས་བསྟན་ལ་དེ་ཡང་བསྡུ་བའི་ཡི་གེ་ནི་རྣམ་པ་དྲུག་ཡིན་ཏེ་འདི་ལྟར་ཨ་ཨི་རི་ཨུ་ལཾ་ཞེས་བྱ་བ་ལྔ་དང་། དེ་རྣམས་ཀྱི་མཐར་ཐབས་སམ་ཤེས་རབ་ཀྱི་ཡུཾ་གེ་གང་རུང་གཅིག་བཞག་པས་དྲུག་གོ། དེ་ཡང་མཚན་ཡང་དག་པར་བརྗོད ་པ་ལས། ཐིག་ལེ་སྟོང་པ་ཡི་གེ་དྲུག་ཅེས་བསྟན་ལ་དྲུག་པོ་དེ་གསལ་བྱེད་འབའི་ཞིག་སུམ་ཅུར་གནས་པ་ལ་ཉེ་བར་བསྒྱུར་བས་བརྒྱ་བརྒྱད་ཅུར་འགྱུར་ཞིང་ཟླ་བ་དྲུག་གི་ཞག་ཏུ་འགྱུར་རོ།། ཡང་དེ་བཞིན་དུ་ཐབས་སམ་ཤེས་རབ་ཀྱི ་ཡི་གེས་མཐའ་བརྟེན་པ་རྣམས་ཀྱིས་སུམ་ཅུ་པེ་ལ་ཉེ་བར་བསྒྱུར་བས་བརྒྱ་བརྒྱད་ཅུ་སྟེ་དེ་ལྟར་སུམ་བརྒྱ་དྲུག་ཅུར་གྲུབ་བོ།། དེ་ཡང་འདི་ལྟར་གང་དུ་ཚིག་དྲུག་དང་བཅས་པས་བསྒྱུར་བ་ནི་ཤེས་རབ་དང་ཐིག་ལེ་དང་བཅས་པས་བསྒྱུར་བ ་ཐབསུ་རྟོགས་པར་བྱ་སྟེ། ལོ་གཅིག་གི་ཆོས་སུ་གྲུབ་བོ།། འདིའི་རྒྱས་པ་ནི་རྩ་བའི་རྒྱུད་ལས་ཁོང་དུ་ཆུད་པར་བྱའོ།། དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་འདོད་པའི་བྱིས་པ་རྣམས་ཀྱིས་བསད་པ་ལ་སོགས་པའི ་ལས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་ཁ་དོག་བྱེ་བྲགཽ་ཏུ་བསྒོམ། ཞེས་པ་ནི་འདི་ལྟར་གསང་བའི་འཁོར་ལོ་ལྗང་ཁུ་དང་སྤྲུལ་པ་སེར་པོ་དང་། ཆོས་ནག་པོ་དང་། ལོངས་སྤྱོད་དམར་པོ་དང་། དཔྲལ་བར་དཀར་པོ་དང་། གཙུག་ཏོར་སྲིན་པོ ་བསྒོམ་པར་བྱ་སྟེ་འཇིག་རྟེན་པའི་རྡོ་རྗེའི་ཚིག་གི། དེ་ལྟར་བརྗོད་པ་དེ་དག་གིས་ནི་བསྐྱེད་པའི་ཡན་ལག་དྲུག་མདོར་བསྟན་པའོ།། དགའ་བྲལ་མཐའ་ཡང་དེ་བཞིན་ནོ་ཞེས་པས་ནི། རྫོགས་པའི་ཡན་ལག་དྲུག་བསྟན་པ་ཡིན་ཏེ། ད ་ལྟར་བསྐྱེད་པའི་རིམ་པ་ཉིད་དང་ནི།། རྫོགས་པ་ཡི་ཡང་རིམ་པ་ཉིད།། རིམ་པ་གཉིས་ལས་མཉམ་གནས་ནས།། རྡོ་རྗེ་ཅན་གྱི་ཆོས་འཆད་དོ།། ཞེས་གསུངས་ལ། རྫོགས་པའི་རིམ་པའི་ཡན་ལག་དྲུག་པོ་དེ་དག་ཀྱང་དཔལ་གསང ་བ་འདུས་པའི་ལེའུ་བཅོ་བརྒྱད་པ་ལས། ཇི་སྐད་དུ། སོ་སོར་བསྡུད་དང་བསམ་གཏན་དང་།། སྲོག་རྩོལ་དེ་བཞིན་འཛིན་པ་དང་།། རྗེས་སུ་དྲན་དང་ཏིང་འཛིན་ཏེ།། སྦྱོར་བ་ཡན་ལག་དྲུག་ཅེས་བྱ།། ཞེས་གསུངས་ཏེ། དོན་འདི་ནི་དང ་པོའི་མཆོག་གི་སངས་རྒྱས་དང་མཚན་ཡང་དག་པར་བརྗོད་པ་ལས། རྒྱས་པར་ཁོང་དུ་ཆུད་པར་བྱའོ།། གཞན་ཡང་རྒྱུད་འདི་ཉིད་ལས་བྱིས་པ་རྣམས་གཟུད་པའི་རྗེས་ལ་འཇིག་རྟེན་པའི་ཀུན་རྫོབ་ཀྱི་སྐབསུ་བསྟན་པ་ཡན་ལག་དྲུག ་པོ་འདི་ལྟ་སྟེ། བསྐྱེད་པ་ཡི་ནི་ཆ་བཤད་དོ།། ཞེས་པ་ནི་བསྐྱེད་པའི་རིམ་པ་སྟེ་རྟོག་པ་རྣལ་འབྱོར་གྱི་ཡན་ལག་དྲུག་བསྟན་ནས། སྙོམས་པར་འཇུག་པའི་ཡན་ལག་དྲུག་བསྟན་པར་བྱའོ།། ཞེས་པའི་དོན་ཏོ།། ན་མཁའི་ཁམས་ནི་པདྨ་ལ།། ་བྷ་ག་ཞེས་བྱའི་ཡེ་ཤེས་བརྗོད།། བསྒོམ་པ་ཞེས་བྱའི་སྙོམས་འཇུག་ཉིད།། དེ་ཡི་བདེ་བ་འཁོར་ལོར་བརྗོད།། ཅེས་བྱ་བ་གསུངས་ཏེ། ཕྱིར་ན་མཁའི་ཁམས།། ནང་དུ་པདྨ་དང་། ཕྱིར་ཆོས་ཀྱི་འབྱུང་གནས་གྲུ་གསུམ་ནུང་དུ་བདེ ་བའི་ཡེ་ཤེས་ཀྱི་ཁྱད་པར་ཉམསུ་མྱོང་བའོ།། དེ་ཉིད་ཕྱི་རོལ་ཏུ་སྣོང་བཅུད་ཀྱིས་རིམ་པས་བསྒོམ་པ་ཡིན་ལ། ནང་དུ་ནི་གཉིས་གཉིས་སྙོམས་པར་འཇུག་པ་ཡིན་ནོ།། ཕྱི་རོལ་ཏུ་ནི་དཀྱིལ་འཁོར་གྱི་ཁང་བུ་དང་། ནང་དུ་ནི་ཐིག་ལེ ་བཞིའི་བདེ་བ་འཁོར་ལོའོ།། དེ་ཉིད་ནི་འདི་ལྟར་རིམ་པ་ཇི་བཞིན་རིང་ཉིད་རེག་ཅེས་བྱ་བ་སྟེ་ཕྱིའི་དཀྱིལ་འཁོར་གྱི་འཁོར་ལ་ནི་ས་ཆུ་མེ་རླུང་བཞི་ཡོངས་སུ་གྱུར་པ་ཡིན་ལ། ནང་དུ་ས་ཆུ་མ་རླུང་བཞིའི་ཐིག་ལེ་འཕོ་བའི་རིམ་པ་སྐད ་ཅིག་མ་བཞིའི་རིམ་པས་ཕྱེ་བས་རང་གི་རིགས་པས་ཕྱེ་བའོ།། ལྷ་ཞེས་བྱ་བ་བྱང་ཆུབ་སེམས།། ཇི་ལྟར་འབྱུང་བ་ཁུ་བ་ཡིན། ཞེས་བྱ་བ་གསུངས་ཏེ། གཞལ་ཡས་ཁང་དེའི་ནང་དུ་གོ་རིམས་རང་གི་རིག་པའི་ཁུ་བ་བྱུང་བའི་བད ་བརྟོག་པ་ནི་ལྷ་ཡིན་ཏེ། དེ་ལྟར་ན་སྙོམས་པར་འཇུག་པའི་ཡན་ལག་དྲུག་བསྟན་ཏོ།། ད་ནི་དགའ་བ་བཞིའི་རིགས་པ་བསྟན་པའི་ཕྱིར། ལྷན་ཅིག་སྐྱེས་པ་རྣམ་པ་གཉིས།། རེ་ཞིག་མེ་མོ་ཤེས་རབ་ཉིད།། སྐྱེས་བུ་ཐོབ་སུ་བརྗོད ་པར་བྱ།། ཞེས་བྱ་བ་གསུངས་ཏེ། དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པས་སངས་རྒྱས་པར་འདོད་པ་རྣམས་ལ་སྐྱེས་པ་དང་བུད་མེད་དག་ནི་ཐབས་དང་ཤེས་རབ་ཀྱི་སྒྲར་བསྟན་ཏེ་ཡང་དག་པར་ནི་མ་ཡིན་ནོ།། ་ཡང་དག་པར་ནི། ཀུན་རྫོབ་དོན་དམ་དབྱེ་བ་ལས།། ཕྱིས་ནི་དེ་དག་རྣམ་གཉིས་སོ།། ཞེས་གསུངས་པའི་ཕྱིར་དགའ་བ་བཞི་ཡིན་ལ། དེ་རྣམས་ཀྱང་མཚོན་བྱ་མཚན་བྱེད་དབྱེ་བས་ཀུན་རྫོབ་ཀྱི་བདེ་བ་འཛག་པའི་བདག་ཉིད་ནི ་ཐབས་ཡིན་ཞིང་། དོན་དམ་པའི་བདེ་བ་མི་འགྱུར་བ་ནི་ཤེས་རབ་ཏུ་རྟོགས་པར་བྱའོ།། གཞན་དུ་ན་རེ་ཞིག་སྐྱེས་བུ་རྣམ་པ་གཉིས་ཏེ། ཁུ་བ་དང་ནི་དེ་བདེ་ཉིད།། སྐྱེས་བུ་བཞིན་དུ་ཤེས་རབ་སྟེ། ཁུ་བ་དང་ནི་བདེ་བ་ཉིད།། དེ་ཉིད་ཕྱིར ་ནི་དགའ་བ་ནི།། བཞི་ཡི་རབ་ཏུ་དབྱེ་བ་ཡིན། ཞེས་གསུངས་ཏེ། སྐྱེས་པ་དང་བུད་དེ་དག་གི་ཁུ་བ་ནི་ཐབས་ཡིན་ལ་བདེ་བ་ནི་ཤེས་རབ་བོ།། དེ་བཞིན་དུ། རྫོགས་པའི་རིམ་པའི་ཕྱོགས་ལའང་།། འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི།། ཞེས ་བྱ་བ་ནི་མཚོན་པར་བྱེད་པས་ཡོངས་སུ་དོར་ཏེ། མཚོན་བྱ་དོན་དམ་པོའི་ཕྱོགས་ལའང་། རླུང་དང་ཆུ་ཡིས་བསྡུས་པའི་ཏིང་འཛིན་དང་། མེ་དང་ས་ཡིས་བསྡུས་པའི་ཏིང་ངེ་འཛིནི་བཞི་ཡིན་ནོ།། དེ་ནི་འདི་ལྟར་མཚན་ཡང་དག་པར་བརྗོད ་པ་ལས་ཀྱང་། བསམ་གཏན་བཞི་པོའི་རྩེ་མོ་ཅན། ཞེས་གསུངས་སོ།། དགའ་བ་དེ་དག་ཀྱང་། དགའ་བ་དང་པ་དཔའ་བོ་ཉིད།། མཆོག་ཏུ་དགའ་བ་རྣལ་འབྱོར་མ།། ཤིན་ཏུ་བདེ་དགའ་ཐམས་ཅད་ངེས།། དེ་བདེ་ཐབས་ལས་ཐམས ་ཅད་རིག། ཅེས་བྱ་བ་གསུངས་ཏེ། ལུགས་དང་ལུགས་ལས་བཟློག་པའི་བྱེ་བྲག་གིས་སྐྱེས་བུ་རྣམས་ལ་ནི་དང་པོར་རླུང་གི་ཁམས་འཁྲུག་གོ། དེ་ནས་ནི་མེ་དང་ཆུ་དང་ས་རིམ་བཞིན་དུ་འཁྲུག། བུད་མེད་རྣམས་ལ་ནི་གོ་བཟློག་སྟེ་དང ་པོས་ནས་འཁྲུག་གོ།། དགའ་བ་དེ་དག་གི་ཁྱད་པར་གསུངས་པ་ནི། དགོའ་བ་བདེ་བ་ཅུང་ཟད་དེ།། མཆོག་ཏུ་དགའ་བ་དེ་བས་ལྷག། དགའ་བྲལ་དགའ་བས་ཆགས་བྲལ་ཡིན། ལྷག་པས་ལྷན་ཅིག་སྐྱེས་དགའ་ཉིད། ཅེས ་བྱ་བ་གསུངས་ཏེ། དོན་འདི་ཡང་རྡོ་རྗེའི་ཚིག་འོག་མ་འདི་ཉིད་ཀྱིས་རྟོགས་པར་བྱའོ།། འདི་ལྟར། དང་པོ་རེག་པར་འདོད་པ་དང་།། གཉིས་པ་བདེ་བར་འདོད་པ་དང་།། གསུམ་པ་འདོད་ཆགས་འཇིག་པ་ཉིད།། དེས་ན་བཞི་པ་བསྒོམ ་པར་བྱ། ཞེས་བྱ་བས་བསྟན་ཏེ། འོད་ལྟར། བུམ་པ་དང་གསད་པ་དང་ཤེས་རབ་ཨེ་ཤེས་རྣམས་ནི་ཉམས་ཤིང་འཇིག་པར་བྱེད་པའི་བདག་ཉིད་པས་བསམ་གཏན་བཞི་པ་བསྒོམ་པར་ངེས་སོ།། དེ་བཞིན་དུ་མཆོག་གི་དང་པོའི ་སངས་རྒྱས་ཀྱི་རྒྱུད་ལས་ཀྱང་། གསུམ་པོ་འཇིག་རྟེན་ཀུན་རྫོབ་སྟེ།། བཞི་པ་དག་ནི་དོན་དམ་ཉིད།། ཅེས་གསུངས་སོ།། མཚིག་ཏུ་དགའ་བ་སྲིད་པར་བརྗོད།། དགའ་བྲལ་ལས་ནི་མྱ་ངན་འདས།། དབུ་མོ་དགའ་ཙམ་ཉིད་དེ།། ། ་དེ་ཕྱིར་ལྷན་ཅིག་སྐྱེས་པས་སྤངས།། ཞེས་གསུངས་ཏེ། ཚིག་འདི་དག་ནི་གོ་རིམས་བཟློག་པར་གཟུང་བར་བྱ་སྟེ། དབུ་མ་དགའ་བ་ཙམ་ཞེས་པ་ནི་དགའ་བ་དང་པོའོ།། དེ་ནས་མཆོག་ཏུ་དགའ་བའོ།། དེ་ནས་ཁྱད་པར་གྱི ་དགའ་བ་སྟེ། སྟོབས་ཀྱི་སྦྱོར་བས་ཁྱབ་པར་བྱ་བའི་ཕྱིར་གོ་ཟློག་ནུ་གསུངས་ཏེ། བླ་མའི་ཞལ་ལས་ཤེས་པར་བྱའོ།། དེ་ལྟར་བརྗོད་པའི་དགའ་བ་གསུམ་ནི་སྲིད་པ་སྟེ་འཇིག་པའི་རང་བཞིན་ཅན་ཡིན་ཞིང་གཏན ་ཚིགས་འདིས་ན་འཇིག་རྟེན་ལས་འདས་པའི་ལྷན་ཅིག་སྐྱེས་པའི་དབྱེ་བས་སྔོན་མ་རྣམས་ཤེས་རབ་ཀྱི་ཡན་ལག་གིས་དོར་ཏེ། གནོས་ཕྱི་མ་རྣམས་ལ་འབད་པར་བྱའོ།། དེ་ལས་ཀྱང་ཤེས་རབ་ཆེན་པོའི་ལྷན་ཅིག་སྐྱེས་པ་སྔར་གྱི ་ཤེས་རབ་ཀྱི་ཡན་ལག་ཐམས་ཅད་ཀྱིས་མཚོན་པར་བྱས་པ་འདི་ལྟ་སྟེ། བརྗོད་པའི་ཡུལ་ལས་འདས་པ་ཉིད་རྣལ་འབྱོར་པ་རྣམས་ཀྱིས་ཕྲོག་པར་བླང་བར་བྱའོ།། འདི་ལྟར། འདོད་ཆགས་མེད་ཅིང་ཆགས་བྲལ་མེད།། དབུ་མར་དམིགས ་པར་མི་འགྱུར་རོ།། འདི་ལ་ཐབས་དང་ཤེས་རབ་མདོ།། ཡང་དག་དེ་ཉིད་སྣང་བའོ།། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། ཞེས་བྱ་བ་གསུངས་ཏེ། ཡོར་ངོ་མར་ངོ་འདོད་ཆགས་དང་། ཆགས་པ་དང་བྲལ་བ་ཡིན་ཞིང་། དབུ་མཚ ་བཅུ་དྲུག་པ་ཡིན་ཞིང་དངོས་སུ་ན་ཉི་མ་དང་ཟླ་བ་དང་སྒྲ་གཅན་ཞེ་འམ། སྐྱེས་པ་དང་། བུད་མེད་དང་། མ་ནིང་ཞྭ་འམ། ཨོཾ་དང་། ཨོཾཿ། ཧཱུ~ཾ་ཞེ་འམ། ཚྭ་ཤས་དང་། ཐིག་ལྕེ་དང་། སྒྲ་ཞེས་གང་ཡང་མཚོན་པར་མི་འགྱུར་རོ།། ་དེ་བས་ན་དེའི་ཕྱིར་མྱ་ངན་ལས་འདས་པའི་བདེ་བ་ལ་ཞེན་པ་རྣམས་ཀྱི་བླ་མོ་མ་གཏོགས་པ་རྙེད་པར་མི་འགྱུར་ཏེ། བླ་མའི་རྗེས་སུ་འབྲང་བར་བསྟན་ཏོ།། འདི་ལྟར་གང་དུ་ཡང་ནི་མི་རྙེད་དེ།། བླ་མའི་དུས་ཐབས་བསྟེན་པ་ཡིས།། བདག ་གི་བསོད་ནམས་ལས་ཤེས་བྱ། ཞེས་བྱ་བ་སྟེ། མཚོན་པར་བྱེད་པ་དང་མཚོན་པར་བྱ་བ་དག་བླ་མ་རིན་པོ་ཆེའི་མགུར་གྱི་བུམ་པ་ལས་བདག་གིས་བསོད་ནམས་ཀྱི་ཚོགས་ཀྱི་ཡན་ལག་སྔོན་དུ་འགྲོ་བས་རིག་པར་བྱའོ།། མཚོན་བྱ་སྔོན་དུ་རྙེད་ནས ་འདི་ལྟར་བལྟ་བར་བྱ་སྟེ། དམན་པ་འབྲིང་དང་མཆོག་རྣམས་དང་། གཞན་དང་གང་རྣམས་ཀྱང་། རོ་མཉམ་དེ་ཉིད་བསྒོམས་པ་ཡི།། འདི་ཀུན་མཉམ་པ་ཉིད་དུ་བལྟ།། ཞེས་གསུངས་ཏེ། མདོར་བསྟེན་པའོ།། རྡོ་རྗེའི་ཚིག་འདིས་ནི་མཚོན་བྱ ་མངོན་དུ་རྙེད་པ་རྣམས་ཀྱིས་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གསུམ་པོ་ཕྲ་བའི་འདུ་ཤེས་དང་རགས་པའི་འདུ་ཤེས་དང་དབུ་མའི་འདུ་ཤེས་སྤངས་ཏེ། མཚོན་དུ་མེད་པར་མཚོན་པར་བྱ་བར་སྟོན་ཏོ།། ཇི་སྐད་དུ། རྩ་བའི་རྒྱུད་ལས་ཀྱང་། རིག ་པའི་སྐྱེས་བུ་བློ་ལྡན་གྱིས།། སྒྲ་དང་ཐིག་ལེ་རྣམས་སྤངས་ཏེ།། མཚོན་དུ་མེད་པར་མཚོན་བྱས་ནས།། ཀྱེ་ཡི་རྡོ་རྗེའི་སྐུར་འཛིན་འགྱུར། ཞེས་གསུངས་ཏེ། རྒྱས་པར་བསྟན་པར་བྲི་བའི་ཕྱིར་དམན་པ་རྣམས་ནི་ཕྲ་བའི་དེ་ན།། མཆོག་གི ་དངོས་པོར་བརྗོད་པར་བྱ།། དབུ་མ་གཉིས་ཀྱིས་སྤངས་པ་ཉིད།། ཅེས་བྱ་བ་གསུངས་ཏེ། མི་རྒྱུ་བ་བསྟན་པའི་དངོས་པོ་རྣམས་སམ་ཡང་ན་འདོད་པ་དང་གཟུགས་དང་གཟུགས་མེད་པ་རྣམས་སུ་བལྟ་བའི་ཤེས་པ་འམ། ཡང་ན་དངོས་པོ ་གང་ཞིག་མཆོག་དང་འབྲིང་དང་ཐ་མ་སྟེ་ཏིང་ངེ་འཛིན་གསུམ་གྱི་ཚུལ་ཙོན་སྤངས་ཏེ་ལྷན་ཅིང་། སྐྱེས་པར་རོ་མཉམ་པར་བསྒོམ་ཞེས་བྱ་བའི་དོན་ཏོ།། གཞན་རྣམས་ཞེས་བྱ་བ་དབང་པོ་དྲུག། གང་རྣམས་དེ་རྣམས་བརྟན་དང་གཡོ་ཞེས་བྱ་བས ་བརྟན་པ་དང་གཡོ་བ་དག་ལས་གཡོ་བ་རྣམས་ཀྱང་དངོས་པོ་གསུམ་དུ་གནས་པར་མི་བརྟག་སྟེ། འདི་ལྟར་ལྷན་ཅིག་སྐྱེས་པའི་རོར་མཉམ་པའི་ཕྱིར་རོ།། འདི་ཀུན་ཞེས་བྱ་བ་ཉིད་མེད།། ཅེས་པ་ནི་ཕྱི་དང་ནང་གི་ཆོས ་ཅན་གྱི་འཇིག་རྟེན་གསུམ་པོ་འདི་དག་བ་གང་གཞན་གྱིས་སྟོང་ཞེས་བྱ་བའི་དོན་ཏོ།། མཉམ་ཉིད་མཚུངས་པར་འདོད་པ་སྟེ།། རོ་མཉམ་དེ་ཉིད་བསྒོམ་པ་ནི།། མཉམ་ཞེས་བྱ་བ་མཚུངས་པར་བརྗོད།། རོ་ནི་དེ་ཡི་འཁོར་ལོ་ཡིན། ཞེས་བྱ་བ་ལ། ་དེ་ལྟར་བརྗོད་པའི་རིམ་པས་འཇིག་རྟེན་གསུམ་གྱི་སྲིད་པའི་འཁོར་ལོ་ཡན་ལག་བཅུ་གཉིས་ལུགསུ་འབྱུང་བ་འདི་ཉིད་ཁོ་ན་ལས་འོད་གསལ་བའི་བདེ་བའི་འཁོར་ལོ་འབྱུང་བས་གཞན་དུ་མི་བཙལ་ཞེས་པའི་དོན་ཏོ།། གཏ་ནི་ཚོགས ་འདི་ཉིད་ཀྱི་ཕྱིར་ན། བསྒོམ་པ་རོ་གཅིག་མཉམ་པ་ཉིད།། དོན་འདི་ཡིས་ནི་བརྗོད་པ་ཡིན། ཞེས་གསུངས་ཏེ། མཉམ་པ་དང་རོ་གཅིག་པར་བྱ་བའི་གཞི་ནི་སྲིད་པའི་འཁོར་ལོ་ཉིད་དེ། འདི་ལས་མ་གཏོག་པའི་དོན་གཉིས་པ་ནི་འགའ ་ཡང་ཡོད་པར་མ་མཐོང་ངོ་།། དེ་བས་ན་དེའི་ཕྱིར། ང་ལས་འགྲོ་བ་ཐམས་ཅད་འབྱུང་།། ང་ལས་གནས་གསུམ་པོ་ཡང་འབྱུང་།། ང་ཡིས་འདི་ཀུན་ཁྱབ་པ་སྟེ།། འགྲོ་བའི་རང་བཞིན་གཞན་མ་མཐོང་། ཞེས་བྱ་བ་སྨོས་ཏེ། འོད་གསལ ་པ་བདེ་བའི་འཁོར་ལོ་འདི་ཉིད་བྱིས་པ་རྣམས་ལ་གཉིད་མཐུག་པོ་དང་སད་པ་དང་རྨི་ལམ་དང་གཉིད་ཀྱི་བདེ་བས་འཁོར་ཞིང་གནས་སོ།། དེ་ནི་ཆོས་ཀྱི་དབྱིངས་མངོན་པར་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། དམ་པ་རྣམས ་ལ་བདེ་སྨྲ་ཞིང་།། བྱིས་པ་རྣམས་ལ་འཇིགས་པར་སྟོན།། ཁྱད་ནི་མཐོང་ན་གྲོལ་འགྱུར་ཏེ།། མ་མཐོང་ན་ཡང་གྲོལ་བར་འགྱུར།། ཞེས་གསུངས་སོ།། དེ་བས་སྲིད་པ་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞུགས་གནས ་མཆོག་ཏུ་ཤེས་པོར་བྱ་བ་ལ་གནས་པར་བྱའོ།། འདི་ལྟར། དེ་ལྟར་རྣལ་འབྱོར་པས་ཤེས་ནས།། ཤིན་ཏུ་མཉམ་བཞག་གང་བསྒོམས་པས།། བསོད་ནམས་ཆུང་བའི་མི་ཡིས་ཀྱང་།། དེ་ནི་འགྲུབ་པར་ཐེ་ཚོམ་མེད།། ཅེས་སྨོས་ཏེ། དོན་འདི ་རྩ་བའི་རྒྱུད་ལས་གསོལ་བར་གསུངས་ཏེ། ཇི་སྐད་དུ། སྲིད་པའི་འཁོར་ལོ་འདི་སྤངས་ནས།། གནས་མཆོག་འཚལ་འདོད་སྐྱེས་བུ་གང་།། མཚམས་མེད་ལྔ་ནི་བྱེད་པ་པོའི།། སྐྱེས་བུ་ཐ་ཤ་ལ་དེ་དག་བརླག།། ཅེས་གསུངས་སོ།། འདི་ལྟ ་བུའི་ཚུ་ལ་ལ་མི་གནས་པར་མཉམ་པར་འཇོག་པའི་རྣལ་འབྱོར་པས་ཀྱེའི་རྡོ་རྗེའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་ཞེས་པའི་དོན་ཏེ།། བཟའ་དང་བཏུང་དང་བླུགས་པ་དང་།། ཉལ་དང་ལོག་དང་སེམས་པ་ནའང་།། ཕྱག་རྒྱ་ཆེ་ལ་མངོན་ཞན ་མདེ་ཡི་མངོན་དུ་འགྲོ་བར་འགྱུར། ཞེས་གསུངས་ཏེ།། དོན་འདི་ཡང་རྩ་བའི་རྒྱུད་ཉིད་ལས་ཇི་སྐད་དུ། ཕྱག་རྒྱ་ཆེ་ལ་རབ་གནས་ན།། འགྲོ་འམ་འཆག་དང་ཉལ་བ་དང་།། དེ་བཞིན་མཚམས་མེད་ལས་བྱས་ནའང་།། གྲོལ་འགྱུར་འདི་ལ ་ཐེ་ཚོམ་མེད།། འོ་གནས་བཞིན་དུ་རྣལ་འབྱོར་གང་།། བཙུན་མོའི་འཁོར་དང་ལྡན་ན་ཡང་།། ངི་ཡས་འཆི་བར་མ་མཐོང་སྟེ།། འདི་ཉིད་ད་ལྟར་ཀྱེའི་རྡོ་རྗེ་ཞེས་གསུངས་སོ།། ། བསྡུས་པའི་རྒྱུད་འདི་ཉིད་ལས་རྡོ་རྗེའི་ཚིག་འདྲི ་གསལ་བར་རབ་ཏུ་བསྟན་པ་ཡིན་ཏེ། གང་དུ་ཡིད་ཀྱིས་མ་བསྒོམས་ན།། འགྲོ་བ་ཐམས་ཅད་བསྒོམས་འགྱུར་ཏེ།། སྐྱོམ་པ་མེད་པའི་བསྒོམ་ཉིད་ཀྱིས།། ཆོས་རྣམས་ཐམས་ཅད་ཡོངས་ཤེས་བྱ།། ཞེས་བྱ་བས་གས ་བར་བྱེད་དེ། ཚིག་འདིས་རྒྱུད་མཐའ་དག་གི་དོན་གསལ་བར་གསུངས་ལ། དབུགས་འབྱིན་པ་རྣམ་པ་གཉིས་ལས་ཀྱང་རྡོ་རྗེ་འཛིན་ཆེན་པོའི་དབུགས་འབྱིན་པ་ཡིན་ནོ།། ཤེས་རབ་ཆེན་པོའི་ཡན་ལག་དྲུག་གི་དང་པོ་སོ་སོར་སྡོད་པ་ཞེས ་སུ་དཔལ་དང་པོའི་སངས་རྒྱས་དང་། གསང་བ་འདུས་པ་ལ་སོགས་པར་ཐ་སྙད་བཏགས་པ་ཡིན་ལ། འབད་པ་ཐམས་ཅད་ཡོངས་སུ་འདོར་བས་འགྲུབ།། ཅེས་པར་དགོངས་སོ།། འདི་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདི ་ཉིད་བདག་མེད་མའོ།། འདི་ཉིད་ཧེ་རུ་ཀའོ།། འདི་ཉིད་དུས་གསུམ་གྱི་སངས་རྒྱས་སོ།། འདི་ཉིད་སྲིད་པའི་རྒྱ་མཚོ་ལས་ཐར་བར་སྒྲོལ་བའོ།། འདི་ཉིད་ཡི་གེ་མེད་པའི་མདོ་ཡིན་ནོ་ཞེས་པ་སྟེ། ངེས་པའི་དོན་ནོ།། གཞན་ཡང་རྡོ་རྗེ་འཛིན ་པ་ཆེན་པོའི་དབུགས་འབྱིན་པ་འདི་བྱིས་པའི་སྐྱེ་བོ་རྣམས་ལ་སྣ་ཚོགས་པའི་དངོས་པོར་སྣང་སྟེ་འདི་ལྟ་སྟེ། ཐ་སྙད་དུ་མར་འདོགས་ཤིང་གནས་པ་ནི། རྒྱུ་བ་དང་མི་རྒྱུ་བ་དང་། བདག་དང་གཞན་དང་། སྲོག་དང་གསོ་བ་དང་གང་ཟག ་དང་བྱེད་པ་པོ་དང་། ཤིད་བདག་དང་ཤེད་ཙན་དང་། ཕ་མ་དང་བླ་མ་དང་འཇིག་རྟེན་གྱི་མེས་པོ་དང་། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་། རི་བི་དང་རྒྱ་མཚོ་དང་གླིང་དང་། ནགས་མ་དང་། ཤིང་གེལ་པ་དང་། ལྕུག་མ་དང ་འཁྲིལ་ཤིང་ལ་སོགས་པར་གནས་ཏེ། འདི་རྣམས་ཀྱང་རང་གི་ངོ་བོ་ལས་གཞན་པ་ཡོད་པར་དུས་གསུམ་གྱི་མགོན་པོ་རྣམས་ཀྱིས་ཡོང་ཨེ་མ་གསུངས་ལ། འདི་རྣམས་ལ་མཆོག་དང་དམ་པར་ལྟ་བའི་སྐྱེས་བུ་ཁོ་ན་ཀྱེའི་རྡོ་རྗེའི་སྐུ་ཡིན་ནོ།། དེའི ་ཕྱིར་འདི་ལྟ་སྟེ། བརྟན་དང་གཡོ་བའི་དངོས་པོ་གང་།། རྩཝ་ལྕགས་འཁྲིལ་ཤིང་ལ་སོགས་པ། རང་རང་ངོ་བོའི་རང་བཞིན་ལས།། དམ་པའི་དེ་ཉིད་ངེས་བསྒོམ་བྱ།། དེ་རྣམས་ཉིད་ལས་མཆོག་གཞན་མེད།། ཅེས་གསུངས་ཏེ། འདི་དག ་གི་ངོ་བོ་སྤང་བས་ཀྱང་མ་ཡིན་ལ་མི་སྤང་བས་ཀྱང་མ་ཡིན་ཞེས་བྱ་བའི་དོན་ཏོ།། འདི་ལྟར། རང་རིག་བདེ་བ་ཆེན་པོ་ཉིད།། རང་རིག་ལས་ནི་བྱང་ཆུབ་འགྱུར།། ཞེས་བྱ་བ་ལ་དོན་འདི་ཉིད་རྩ་བའི་རྒྱུད་ཉིད་ལས་ཇི་སྐད་དུ། རྡོ་རྗེ་སྙིང་པོ་འདི ་ལྟ་སྟེ། སྡུག་བསྔལ་གྱི་རང་བཞིན་འཁོར་ལོ་ཁོ་ན་ཇི་ལྟ་བ་ཉིད་དུ་བཞག་གིས་དཔེར་ན་ན་མཁའི་དབྱིངས་ཆེན་པོ་འདི་ཚོན་དུ་མས་ཁ་དོག་ཏུ་བྱ་བ་ལ་རྩོལ་བ་མི་བྱེད་པ་ཡིན་ནོ།། དེ་བཞིན་དུ་ཀྱེའི་རྡོ་རྗེ་ལ་གནས་པར་འདོད་པའི་རྣལ་འབྱོར ་པས་ཀྱང་ཆུ་ལྔ་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རང་རིག་ཕྱིར་ན་སྒོམ་པ་ཉིད།། རང་གིས་རིག་པའི་འགྱུར་བ་ལས།། མནན་པ་ལས་ནི་ལས་སྐྱེས་ཏེ། ཞེས་བྱ་བས་ནི་མཚོན་པར་བྱ་བ་དང་། མཚོན་པར་བྱེད་པ་གཉིས་ཀ་གསལ ་བར་སྟོན་པ་ཡིན་ལ། འདི་ལྟར་མཚོན་པར་བྱེད་པའི་དུས་སུ་དགའ་བྲལ་དང་པོ་མཆོག་མཐའ་ཅན།། ཞེས་བྱ་བས་མཚོན་བྱེད་བློས་མངོན་དུ་བྱས་ནས། རང་གིས་རིག་པ་བསྒོམ་པར་བྱ།། ཞེས་བྱ་བའི་དོན་ཏོ།། དེ་བས་ན་མཚོན་བྱེད་དེ་ཉིད ་མནན་ཞིང་དབང་དུ་བྱས་པ་ལས་མངོན་པར་གསལ་བར་འགྱུར་རོ།། དེའི་ཕྱིར་ཇི་སྐད་དུ། རང་གིས་འཕྲོག་ཅིང་རང་གིས་བྱེད།། རང་ཉིད་རྒྱལ་པོ་རང་གཙོ་བོ།། ཞེས་གསུངས་པའི་ཚིག་གིས་བྱེ་བྲག་ཐ་དད་པར་གསུངས ་ཏེ། མཚོན་པར་བྱེད་པའི་དུས་ཀྱི་རྡོ་རྗེའི་ཚིག་གོ།། དེ་ལྟ་བུའི་མཚོན་བྱེད་ཐོག་མ་ཉིད་དུ་ནན་ཏན་གྱིས་བཙལ་ལ། ཕྱིས་བསམ་གཏན་གྱི་ཁྱད་པར་གྱིས་སྤངས་ཏེ། འདི་ལྟར་མཚན་ཡང་དག་པར་བརྗོད་པ་ལསོ།། སྲིད་པའི་འདོད་ཆགས ་སོགས་སྤངས་པས།། སྲིད་གསུམ་དགའ་བ་ཚན་པོ་པ།། སྤྲིན་དཀར་དག་པ་བཞིན་དུ་དཀར།། འོད་བཟང་སྟོན་ཀའི་ཟླ་བའི་འོད།། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས།། ཞེས་གསུངས་པའི་ཕྱིར་རོ།། དེ་བས་གང་མཚོན་བྱེད་དེ་ནི་སྲིད ་པའི་འདོད་ཆགས་ཏེ། ཉོན་མོངས་པ་མཐའ་དག་གི་སྟོབས་ཀྱིས་འབྱུང་ལ། དེ་དང་མི་མཐུན་པ་ནི་དཔེར་བྱ་ཀུན་ལས་འདས་པ་སྟེ་ཞེས་བྱ་བ། མཚོན་བྱ་མངོན་དུ་རྙེད་པ་ཁྱད་པར་དུ་འཕགས་པ་ཡིན་ནོ།། དེ་བས་ན་བསྡུས་པའི་རྒྱུད ་འདི་ཉིད་ལས། འདོད་ཆགས་ཞེ་སྡང་ཕྲག་དོག་དང་།། དེ་བཞིན་གཏི་མུག་ང་རྒྱལ་ཉིད།། དེ་ཀུན་དེ་གནས་ཉམས་དགའ་བར།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཅེས་གསུངས་སོ།། དེ་བཞིན་དུ། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་ནི།། ། ་ཞེས་པ་ནི་སྐྱེ་གནས་ལ་བརྟེན་པའི་བདེ་བའོ།། མཁའ་མཉམ་ལྷན་ཅིག་ཐབས་དང་བཅས།། ཤེས་པ་ནི་ཟག་པ་མེད་པའི་བདེ་བའི་ཐབས་ཀྱིསོ།། གཞན་དུ་ཡང་། ཐབས་དང་ཤེས་རབ་རང་བཞིན་ལས།། འཇིག་རྟེན་གསུམ་པོ་དེ ་ལས་སྐྱེས། ཞེས་བྱ་བ་གསུངས་ཏེ། སྤྱོད་པའི་བདེ་བ་ཁྱོ་ན་ལུས།། འཇིག་རྟེན་གསུམ་པོ་ཡང་སྐྱེས་ཤིང་། མི་འགྱུར་བའི་ཡེ་ཤེས་ཀྱང་དེ་ལས་སྐྱེས་པ་ཡིན་ནོ།། འདི་ཉིད་ཀྱི་ཕྱིར་ཕ་དང་མ་འམ་ཐབས་དང་ཤེས་རབ་ཅེས་བྱ་བར་སྐབས ་ཀྱི་ཁྱད་པར་ལ་ལྟོས་ཏེ་ཐ་སྙད་འདོགས་པར་མཛད་དོ།། གསུང་ཆེན་འདིའི་སྐབས་ནི་རྟོན་དང་བརྟེན་པས་ཐ་དད་པས་བྱས་ཏྭ་ཐ་སྙད་འདོགས་པ་ཡིན་ཏེ། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན།། དེ་ཡི་བདེ་བ་འདོད་མར་བརྗོད།། ཅེས་གསུངས ་པ་ཁྲོ་བ་ནི་ཕ་ཡིན་ལ། བོདེ་བ་ནི་མར་རྟོགས་པར་བྱའོ།། ཅིའི་ཕྱིར་བདེ་བ་ལས་ཤེས་རབ་ཏུ་བཛྲད་ཙ་ན། འདི་ཉིད་ཀྱིས་ན་མེད་པ་ལས།། གང་ཞིག་དངོས་མེད་ཤེས་རབ་དེ།། དངོས་པོ་ཐབས་སུ་བརྗོད་པར་བྱ།། ཞེས་ཀྱང་གསུངས་ལ།། ་དེ་བཞིན་དུ། བདེ་བ་ཀུན་ཏུ་རྟོག་པའི་དྲ་བས་གཅོད་དོ།། གཙོག་དང་དུ་མ་དང་བྲལ་སྟེ།། སྐད་ཅིག་གཅིག་ལས་མཆོག་དགའ་བ། ཞེས་བྱ་བ་རྟོགས་ཏེ་འདི་ལྟར་སྐད་ཅིག་བཞི་དང་དགའ་བོ་བཞིའི་ཆ་ཤས་ཀྱི་ཕྱེ་བས་རིག་པར ་འགྱུར་རོ།། ཇི་ལྟ་བུ་ཞིག་རིག་ཅེ་ནཱ། རང་གི་རིག་པའི་ཡེ་ཤེས་འདི།། ངག་གི་ལམ་འདྲིས་སྤྱོད་ཡུལ་ཏེ།། འདི་ནི་བྱིན་གྱི་རླབས་རཱི་མ་པའི་ཕྱིར།། ཀུནྡ་མཁྱེན་ཡེ་ཤེས་དེ་ལྟ་བུ།། ས་དང་ཆུ་དྲུང་རླུང་དང་ནི།། མེ་དང་ན་མཁའ་ཉིད་དང ་ནི།། རང་བཞིན་རིག་པའི་ཚོར་བ་ཡིས།། ཀུན་གྱི་སྐད་ཅིག་ཀྱང་མི་གནོད།། མཐེ་རིས་མི་ཡུལ་ས་འོག་རྣམས།། སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར།། ཞེས་གསུངས་ལ། འདི་ལྟར་ཕྱིར་དང་ནང་དུ་ཕྱེ་བས། དཔེར ་བྱ་བ་ལས་འདས་པའི་བདེ་བའི་བསམ་གཏན་གང་ལ་གནས་ན། འཇིག་རྟེན་གསུམ་གྱི་ས་འོག་ས་སྟེངས་བླ་གསུམ་དུ་གནས་པ་རྣམས་ཀྱིས་ཀྱང་བདག་ལ་མི་གནོད་དེ། གང་གིས་སྐད་ཅིག་དེ་ལ་མི་འགྱུར་བའི་བདེ ་ངའི་ཡེ་ཤེས་སུ་མ་གྱུར་པ་གང་ཡང་མེད་པའི་ཕྱིར་རོ།། གཞན་ཡང་ཁམས་གསུམ་འདི་དགི་ན། བདག་དང་བདག་གིས་འཛིན་པའི་ལྕགས་སྒྲོག་གིས་བཅིངས་པས་གནོད་པར་འགྱུར་ལ། དབང་ཕྱུག་ཆེན་པོ་འདི་ནི། རང་གཞན ་ཡི་རྣམ་རྟོག་གིས།། གནོད་པ་ཉིད་དུ་འགྱུར་བ་མིན།། ཞེས་པའི་དོན་ཏོ།། འདི་ནི་བྱིས་པ་ཕལ་ཆེར་ནི་འཇིག་རྟེན་པ་རྣམས་ཀྱིས་རིག་བྱེད་སྡེ་བཞི་དང་། གྲུབ་པའི་མཐའ་དུ་མ་དང་། འཇིག་རྟེན་ལྟ་བུའི་གྲུབ་པ་བརྒྱད་ལ་སོགས་པ ་ཤེས་པས་གྲོལ་བར་འདོད་དེ། གང་དེ་ནི་མས་པ་ཆེན་པས་བཀག་སྟེ། འདི་ལྟར། ཐམས་ཅད་རིག་བྱང་གྲུབ་མཐའ་དང་།། དེ་བཞིན་ལས་རྒྱས་ལ་སོགས་པས།། སྲིད་པར་དག་པའི་དངོས་གྲུབ་མིན།། སླར་ཞིང་སྲིད་པར་སྐྱེ་བར ་འགྱུར། ཞེས་གསུངས་པ་སྟེ། ངེས་པའི་དོན་ཏོ།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། དེ་མེད་པས་ན་དངོས་གྲུབ་མེད།། ཅེས་བྱ་བ་ནི་འདི་ལྟར་བརྗོད་པ་དང་བྲལ་བའི་དངོས་གྲུབ་ཀྱིས་དམན་པའི་བྱིས་པ་ནི་འཁྱམ་ཞིང་རྣམ་པར་འཁྱམས་པར ་འགྱུར་ལ། དེའི་དབང་གིས་སྡུག་བསྔལ་རྒྱུན་མི་འཆད་པ་ཡང་ཡིན་ནོ།། དེ་བས་ན་ཐར་པར་བྱ་བའི་ཕྱིར་འཇིག་རྟེན་པའི་དབང་ཕྱུག་ཆེན་པོ་བརྒྱད་ལ་སོགས་པ་ལ་འང་དོ་ཅིང་ཞེན་པས་གནས་པར་མི་བྱའོ།། གང་གིས་མི་ཤེས་ཀྱི ་རྡོ་རྗེ་ཞེས་བྱ་བ་ནི་གོང་དུ་བསྟན་པ་དེ་ལྟ་བུ་ཀྱེའི་རྡོ་རྗེ་མི་ཤེས་པའོ།། དེ་ནི་དལ་བ་དོན་མེད་འགྱུར། ཞེས་བྱ་བ་ནི། གང་གིས་སྤྲོས་པའི་མཚན་མ་མི་མངའ་བའི་ཀྱེའི་རྡོ་རྗེ་དང་བྲལ་བས་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་བསྐུལ་པ་བགྲང་བ་ལས ་འདས་པར་སྤྱད་ཀྱང་འབྲས་བུ་དང་བྲལ་བའོ་ཞེས་བྱའོ་ཛྫ་དྷུ་ལྟུ་བ་མ་ནྡེ་ལི་ཨ་བང་རྒྱལ་བ་ལ་སོགས་པ་ལམ་ལ་གནས་པ་དག་ནི་ཆུ་བོ་ལྟ་བུའོ།། གཞན་དུ་ན་བྱིས་པ་རྣམས་ལ་ཉིན་དང་མཚན་དུ་ཆུ་བོ་ཆུ་བོ་གང་གི་རྒྱུ་ནི་ཁ་འོག ་ཏུ་བལྟས་ཏེ་འབབ་པས། མཚན་མའི་རྟོག་པ་བྱུང་བ་ཡིན་ནོ།། མར་མེའི་རྩེ་མོ་ལྟ་བུར་བཅིང་། ཞེས་པ་ནི་དེ་ལྟར་ལམ་གཉིས་ལ་གནས་པའི་རྣལ་འབྱོར་པ་ཡང་དམིགས་པའི་ལམ་ལ་གནས་པར་འགྱུར་པས་རང་རང་གི་ལམ ་བཅད་པ་ཡིན་ནོ།། དེ་བཞིན་དུ་ཁ་ཐུར་དུ་བལྟས་པའི་ཆུ་བོ་ཡང་མར་མེའི་རྩེ་མོ་ལྟར་དབྱེར་མེད་པའི་ལམ་དུ་བསྒྱུར་བར་བྱ་སྟེ། ཆུ་བྲན་མདོག་དང་རོ་དང་དབྱིབསཽ་ཐ་དད་པ་གཾ་གཱ་སི་ཏ་ལ་སོགས་པ་ཕྱིའི་དུག་ཅན་དུ་ཆུད་པན་ཐ་མི་དད་པ་བཞིན ་ནོ།། རྟག་ཏུ་དེ་ཉིད་རྣལ་འབྱོར་གྱིས།། ཉིན་དང་མཚན་དུ་རྣམ་པར་བཞག། ཅེས་བྱ་བ་ནི་དངོས་པོ་རྣམས་རོ་གཅིག་པའི་དེ་ཁོ་ན་ཉིད་ལ་སྤྱོད་ལམ་ཐམས་ཅད་དུ་བཞག་ཅེས་བྱ་བའི་དོན་ཏོ།། འདིར་མང་སྨྲས་པས་ཅི་ཞིག་བྱ།། བློ་ཡི ་ཡུལ་དུ་གང་གྱུར་པ།། དེ་དག་རོ་མཉམ་བསྒོམ་པར་བྱ།། མཁར་ལྟར་ཁྱབ་པའི་དངོས་གྲུབ་འཐུང་།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་པོ་ཤད་པ་ལས། རྣལ་འབྱོར་མའི་འཁོར་ལོའི་རྒྱ་ཆེར་བཤད་པ་སྟེ་བརྒྱད་པའོ།། ་དངོས་མངང་བ་ལས་བྱུང་བ། རྡོ་རྗེ་ཅན་ལ་ཕྱག་འཚལ་ནས།། རྣམ་དག་ལརུ་རྒྱས་བཤད་ན།། རྔ་རྗེ་སྣང་པས་བྲི་བར་བྱ།། འདི་ལྟར་མ་སྦྱངས་པའི་དུག་ལ་སོགས་པའི་དངོས་པོ་ནི་གསོང་བར་བྱེད་པ་ཁོ་ན་ངས། སྐྱེས ་ཆུ་བློ་དང་ལྡན་པ་རྣམས་ཀྱིས་དེ་སྦྱང་བའི་རིགས་སོ།། དེ་བས་འདི་སྟེར་གས་ཆེན་རྣམ་པ་གསུམ་གྱི་ཚུལ་གྱིས། ལུས་དང་ངག་དང་ཡིད་རྣམ་པ་གསུམ་རྣམ་པར་དག་པར་བྱའོ།། དེ་ལ་རེ་ཞིག། དེ་ནས་མཆོག་ཏུ་རྣམ་པར་དག་པ ་ལེའུ་བཤད་པར་བྱའོ།། ཞེས་བྱ་བ་ནི་རྣལ་འབྱོར་མའི་འཁོར་ལོ་བཤད་པའི་རྗེས་ཐོག་སུ་ཞེས་བྱ་བའི་དོན་ཏོ།། ངེས་པར་དངོས་པོ་ཐམས་ཅད་ཀྱི། ཞེས་པ་ནི་ཁམས་གསུམ་པའི་དངོས་པོ་ཐམས་ཅད་དོ།། དག་པོ་དེ་བཞིན་ཉིད་དུ་བརྗོད།། ་ཅེས་པ་ནི་དངོས་པོའི་དུག་སེལ་བར་བྱེད་པའི་སྨན་མི་འགྱུར་པའི་དེ་བཞིན་ཉིད་ཁོ་ན་ཡིན་ནོ།། དེ་ཡང་རེ་ཞིག་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། ཕྱིས་ནས་རེ་རེར་ཕྱེ་བ་ཡིས།། ལྷ་རྣམས་ཀྱིས་ནི་བྱརྗོད་པར་བྱ། ཞེས་བྱ་བ་ལ ་བསྐྱེད་པའི་རིམ་པའི་ཕྱོགས་ལ། ཨོཾ་ཤཱུ་ནྱ་ཏཱི་ཞེས་པ་ལ་སོགས་པས་ནི། ངེས་པར་དངོས་པོ་ཐམས་ཅད་སྦྱོང་བ་ཡིན་ལ། དེ་བཞིན་དུ་གཞོལ་ཡས་ཁང་དང་ལྷ་ལ་སོགས་པས་བརྟགས་པ་ནི་དྲང་བའི་དོན་ཏོ།། དེ་ནི་འདི་ཉིད་དེ། ་ཕྱི་ནས་རེ་རེར་དབྱེ་བ་ཡས།། ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ།། ཕུང་པོ་ལྔ་དང་དབང་པོ་དྲུག། སྐྱེ་མཆེད་དྲུག་དང་འབྱུང་ཆེན་ལྔ།། རང་བཞིན་གྱིས་ནི་རྣམ་པར་སྦྱང་། ཞེས་བྱ་བ་སྟེ། མི་རྒྱུ་བའི་ཁམས་རྣམས་གཞལ་ཡས ་ཁང་དུ་བརྟག་ཅིང་རྒྱུ་བའི་ཁམས་རྣམས་ལྷ་རུ་བརྟག་པ་ནི་རེ་ཞིག་རྣམ་པར་སྦྱང་བའོ།། དེ་ལས་ཕུང་པོ་ལྔ་དང་ཞེས་བྱ་བ་ནི། གཟུགས་ནས་རྣམ་པར་ཤེས་པའི་བར་དུ་ཕུང་པོ་ལྔ་པོ་རྣམ་སྣང་ལ་སོགས་པ་ལྔ་རུ་སྦྱང་།། དེ་བཞིན་དུ་དབང་བ ་དང་སྐྱེ་མཆེད་དང་། འབྱུང་བ་ཆེན་པོ་ལ་སོགས་པ་རྣམས། བྱང་ཆུབ་སེམས་དཔའ་རྣམས་དང་། རིགས་མ་ལྔ་རྣམས་སུ་སྦྱང་ངོ་།། ཉོན་མོངས་ཤེས་བྱའི་སྒྲིབ་སྦྱང་བྱ།། རང་རིག་བདག་ཉིད་དག་པ་ཉིད།། དག་པ་གཞན་གྱིས་རྣམ་གྲོལ ་མིན།། ཞེས་བྱ་བ་ལ་སྦྱང་བར་བྱ་བའི་དགོས་པ་ནི། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྦྱང་བའི་ཕྱིར་རོ།། དེ་ལ་ཇི་ལྟར་དག་པར་བྱ་ཞེ་ན། རང་རིག་བདག་ཉིད་ཅེས་བྱ་བ་སྨོས་ཏེ། གཟུགས་ལ་སོགས་པ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད ་པར་ཤེས་པ་གང་ཡིན་པ་ནི། དག་པ་ཞེས་དེ་ལ་བརྗོད་དེ། དེ་མ་རྟོགས་པ་གཞན་གྱིས་དག་པར་མི་བྱ་བ་ནི་ངེས་པའི་དོན་ཏོ།། དེ་བས་དེའི་ཕྱིར། ཡུལ་གྱི་དངོས་པོར་དག་པའི་ཕྱིར།། རང་གིས་རིག་པའི་བདེ་བའི་མཆོག། གཟུགས ་ལ་སོགས་པའི་ཡུལ་རྣམས་དང་།། གཞན་ཡང་རྣལ་འབྱོར་པས་མཐོང་བ།། དངོས་པོ་དེ་ཀུན་དག་པ་སྟེ།། འདི་ལྟར་འགྲོ་བ་སྤངས་རྒྱུས་བྱུངག། ཅེས་བྱེ་བ་ལ་འདི་ལྟར་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་གཟུགས་ལ་སོགས ་མ་རྣམས་ངོམ་ཉིད་ཀྱིས་སངས་རྒྱས་གཙོ་བ་ལ་སོགས་པོ་སྟེ་འདི་ལྟར་གཟུགས་རྣམ་པར་སྣང་མཛད་ཞེས་པ་ལ་སོགས་པའི་ཆོ་ག་གིསོ།། དེའི་ཕྱིར་དཔག་པས་མི་གྱོ་ཤིང་དང་བུམ་པ་བཟང་པོ་དང་ཡོད་ཟི་ནོན་གྱི་ནོར་བུ་དང་། རམ་གྲི ་ལ་སོགས་པར་སྣང་ཞིང་དོན་བྱེད་པའི་ཡུལ་རྣམ་པར་སྦྱང་སྟེ་བྱིས་པ་རྣམས་ལ་དྲང་བར་གསུངས་སོ།། ཀྱེ་བཅོམ་ལྡན་འདས་རྣམ་པར་མ་དག་པ་གང་ལགས། ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས ་གསོལ་བ་བཏབ་པ། གོང་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ལ་སོགས་པའི་ཡུལ་དང་། མིག་ལ་སོགས་པའི་དབང་པོ་རྣམས་ནི་གདོད་ནས་སངས་རྒྱས་ལགས་ན། དེ་ལས་གཞན་པའི་དངོས་པོ་གཉིས་པ་བདག་གིས་མ་མཐོང ་ཞེས་པའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནི་རྡོ་རྗེའི་སྙིང་པོའི་ལན་དུའོ།། གཟུགས་ལ་སོགས་པའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་འདི་ཉིད་བྱིས་པ་རྣམས་ལ་རྣམ་པར་མ་དག་པ་ཡིན་ཏེ་འདི་ལྟར་གསོད ་པའི་ཕྱིར་རོ་ཞེས་པའོ།། དོ་ཅིའི་སླད་དུ་ཞེ་ན། ཞེས་པ་ནི་རྡོ་རྗེ་སྙིང་པོས་སླར་གསོལ་པའོ།། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། ཞེས་བྱ་བ་ནི་བྱིས་པའི་སྐྱེ་བོ་རྣམས་བདག་དང་བདག་གིར་འཛིན་ཏེ་འདི་ལྟར་སྐྱེས་བུ་དང་རང ་བཞིན་དུ་འཛིན་ཅིང་། དེ་བཞིན་དུ་འགྱུར་པ་དང་། དེ་བཞིན་དུ་སྒྲ་དང་སྙན་ངགས་དང་བྱེད་པའི་ཚིག་ལ་སོགས་པར་འཛིན་པའི་ཕྱིར་རོ་ཞེས་དགོངས་སོ།། ཀྱེ་བོ་ཙམ་ལྡན་འདས་གཟུངས་པ་དང་འཛིན་པོ་གང་ལགས། ཞེས་བྱ་བ ་ནི་གང་གིས་གང་ལ་ཇི་ལྟར་འཛིན་ཞེས་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ནི་ལན་དུའོ།། མིག་གིས་གཟུགས་ལ་འཛིན་པར་བྱེད།། སྒྲ་ལ་རྣ་བས་ཉན་པར་བྱེད།། སྣ་ཡཱི་དྲི་ལ་སྣོམ་པར་བྱེད།། ལྕི ་ཡིས་རོལ་མྱོང་བར་བྱེད།། དངོས་པོ་ཀུན་གྱིས་རེག་པར་བྱེད།། ཅེས་གསུངས་ཏེ། བྱིས་པ་རྣམས་ནི་ཡུལ་དང་ཡུལ་ཅན་དང་། བདག་དང་བདག་གི་དང་བདེ་བ་དང་སྡུག་བསྔལ་གྱི་ཚུལ་དུ་ཡུལ་རྣམས་ལ་འཇུག་པས། རྣམ་པར་མ་དག་པ ་ཡིན་ལ་རྣལ་འབྱོར་པ་མཁས་པ་ནི། དེ་ཉིད་ཐབས་ཀྱིས་འཇུག་པར་བྱེད་དོ། དེས་རྣམ་པར་དག་གོ།། འདི་ལྟར་བདེ་བ་དང་སྡུག་བསྔལ་ཐམས་ཅད་ནི། བཟོད་མི་ནས་ངོ་བོ་ཉིད་ཀྱིས་སྟེང་ཞིང་དབེན་ཏེ། གང་གིས་དེ་ལྟར་ཤེས་པ་དེ་ནི ་རྣམ་པར་སྦྱངས་པ་སྟེ་ངེས་པའི་དོན་ཏོ།། དེས་ན་ཡིད་ཀྱིས་བདེ་སོགས་ཐོབ་པ་རྣམས།། དག་པས་དུག་མེད་བྱས་ནས་ནི།། བེ་སྟེན་བྱ་འདི་དག་བསྟེན་པར་བྱ།། ཞེས་བྱ་བ་ལ་རྣལ་འབྱོར་པ་མཁས་པ་དང་། བྱིས་པའི་རང་བཞིན་ཅན་དག་གི ་འདི་ལྟར་རིམ་པ་བཞིན་དུ་བདེན་པ་གཉིས་ལ་བརྟེན་ཏེ། རྣལ་འབྱོར་པ་མཁས་པས་ཀྱང་སྒྱུ་མའི་དཔེ་བཅུ་གཉིས་དང་། དམ་ཚིག་གི་འཁོར་ལོས་ཀུན་རྫོབ་ཀྱི་བདེན་པོ་མི་སྤང་སྟེ། རང་རང་ཇི་ལྟར་འདུལ་བ་བཞིན་དུ་དཀྱིལ་འཁོར་གྱི་འཁོར ་ལོ་བསྟན་ཏོ།། དེ་བཞིན་དུ་ལས་དང་པོ་པ་དག་གིས་ནི། བདག་དང་བདག་གིར་འཛིན་པ་ནི་འདི་ལྟ་སྟེ། རུས་དང་རིགས་དང་རྒྱུ་དང་ཆོ་འབྲང་དུ་འཛིན་པ་ལས་བཟློག་སྟེ། རྡོ་རྗེའི་རིགས་ཞེས་བྱ་བ་ཀུན་རྫོབ་ཀྱི་མངོན་པར་དབང་བསྐུར ་བ་བདུན་ལ་གནས་ཏེ། གཙང་བ་དང་མི་གཙང་བའི་རྟོག་པ་ལས་རིམ་གྱིས་བཟློག་པར་བྱ་བའི་ཕྱིར། རིགས་བཞི་པོ་རྣམས་ནང་ཕན་ཚུན་དུ་གོ་དང་། ཀུ་ལ་སོགས་པའི་བཟའ་བ་དག་ཐུན་མོང་དུ་བཟའ་ཞིང་། རིགས་དང་རིགས ་མ་ཡིན་པ་ལ་བགྲོད་པར་བྱ་སྟེ། མ་དང་སྲིང་མོ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་གནས་པར་བྱ་བ་སྟེ། གང་དེས་ཐ་མལ་པའི་རྣམ་པར་རྟོག་པ་ཆེར་རགས་པ་རྣམས་ལས་ལྡོགོ། དེ་བས་ན་རྡོ་རྗེའི་རིགས་ནི་མངོན་པར ་དབང་བསྐུར་བ་བདུན་ཉིད་ཀྱིས་མིང་འཐོབ་བོ།། དེས་ན་བདག་ཅག་རྣམས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་དབང་པོ་དང་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་ཇི་སྙེད་པ་དང་། དེ་བཞིན་དུ་ལས་དང་ལས་ཀྱི་དབང་པོའི་བྱ་བ་རྣམས ་ལྷ་ཉིད་དུ་བརྟག་གི། དེ་ལས་གཞན་གྱི་ཚུལ་དུ་མི་བརྟག་སྟེ། དེ་ལྟར་ན་དང་པོའི་ལས་ཅན་གྱི་རྣལ་འབྱོར་པ་རྣམས་ཀྱིས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ།། ཚེར་བ་ལ་ཡང་དཀར་མོར་བརྗེད།། འདུ་ཤེས་ཆུ་ཡི་རྣལ་འབྱོར་མ།། འདུ ་བྱད་རྡོ་རྗེ་མཁའ་འགྲོ་མ།། རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི།། བདག་མང་རྣལ་འབྱོར་མ་གནས་སོ།། རྟག་ཏུ་འདི་དག་རྣམ་དག་པས།། དེ་ཉིད་རྣལ་འབྱོར་པས་འགྲུབ་འགྱུར།། ཞེས་གསུངས་ཏེ། འདི་ལྟར་ཤེལ་གྱི་ནོར་བུའི་ཉེ ་འཁོར་དུ་ཁ་དོག་གང་དང་གང་གཞག་པ་དེ་དང་དེའི་ཁ་དོག་ཏུ་འགྱུར་བ་བཞིན་ནོ།། རྡོ་རྗེ་འཆང་ཆེན་པོས་ཀྱང་བྱང་ཆུབ་སེམས་དཔའ་རྡོ་རྗེ་དབྱངས་ཞེས་བྱ་བ་ལ། རིགས་ཀྱི་བུ་སེམས་དེ་ནི་ཇི་ལྟར་སྦྱངས་པ་དེ་ལྟར་འགྱུར་རོ་ཞེས་གསུངས ་སོ།། འདིའི་ཕྱིར་ན་ཕུང་པོ་ལྔ་ལྷ་མོ་ལྔ་རུ་བརྟགས་པར་བྱ་སྟེ། ནང་གི་ཚུལ་དུ་བསྟན་པར་ནི།། རྣལ་འབྱོར་མའི་འཁོར་ལོར་རྒྱས་པར་བསྟན་ཏོ།། དེ་ནི་ནང་གི་འཕར་མ་སྟེ་ཕུང་པོ་ལྔ་དག་པའོ།། ཡུལ་རྣམས་ལྷ་རུ་བརྟག་པར ་བྱ་བའི་ཕྱིར། དེ་ནས་ཕྱིའི་འཕར་མ་བཤད།། དབང་ལྡན་དུ་ནི་པུཀྐ་སཱི།། མར་ནི་དེ་བཞིན་རི་ཁྲོད་མ།། བདེན་བྲལ་གདོལ་པ་མོ་གཞག་ཅིང་།། རླུང་དུ་གཡུང་མོ་རྣམ་པར་གཞག། ཅེས་པས་ནི་འབྱུང་བ་བཞིའི་ལྷ་མོ་བསྟན་ཏོ།། དེ་བཞིན་དུ་ཡུལ ་གཟུགས་ལ་སོགས་པོ་འབྱུང་བ་བཞིའི་ལྷ་རུ་བཱརྟག་པ་ནི་འདི་ལྟ་སྟྭ~ཾ། དབང་དཀར་གཤིན་རྗེར་ཆོམ་རྐུན་མ། ཆུ་ཡི་ཕྱོགསུ་རོ་ལངས་མ།། ལཱུ་ས་ངན་དུ་ནི་གྷསྨ་རཱི།། ཞེས་པས་བསྟན་ཏོ།། གཞན་ཡང་། འོག་ཏུ་ས་སྤྱད་མ་ཞེས་བརྗོད། ་སྟེང་དུ་མཁའ་སྤྱོད་མ་ཞེས་བཤད། ཅེས་པ་ནི་ཕྱི་ནང་གི་ཚུལ་གྱིས་གོང་དུ་རྒྱས་པར་བསྟན་ཏེ།། བསྐྱེད་པའི་རིམོ་པི་ཉིད་ཀྱི་ཕྱོགས་ཞེས་བྱ་བ་ནི་དེ་ལྟར་བརྗོད་པའི་རིམ་པས་ལས་དང་པོ་པ་རྣམས་ལ་བསྟན་པའོ།། སྲིད་དང་ཞི་བའི་རང་བཞིན ་གྱིས།། ཞེས་བྱ་བ་ལ། སྲིད་པ་ནི་མཁའ་སྤྱོད་མ་ཡིན་ལ་ཞི་བ་ནི་ས་སྦྱོང་མ་ཡིན་ནོ།། དེ་ཡང་རྒྱུད་གཞན་ལས་ཇི་སྐད་དུ། སྲིད་པ་ནི་དཔྲལ་བ་ཡིན་ཞིང་མྱ་ངན་ལས་འདས་པ་ནི། ནོར་བུའི་མགྲིན་པ་ལས་ཟག་པར་འགྱུར་བའོ་ཞེས ་གསུངསོ།། ལྷ་མོ་འདི་གཉིས་རྣམ་པར་གནས།། ཞེས་བྱ་བ་ནི་སྲིད་པ་དང་ཞི་བའི་རང་བཞིན་དུ་སྙིང་དང་འོག་གི་ལྷ་མོ་གཉིས་ཤེས་པར་བྱའོ།། བསྐྱེད་པའི་རིམ་པ་ལ་རྣམ་པར་དག་པར་བསྟན་པ་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བ་འདི ་ལྟ་སྟེ། གཟུགས་ལ་དཀར་མོར་བརྟག་པར་བཤད།། སྒྲ་ལ་ཆོམ་རྐུན་མ་རུ་གྲགས།། དྲི་ཡི་ཚི་ལ་རོ་ལངས་མ།། རོ་ལ་གྷསྨ་རི་རུ་གྲོགས།། ཞེས་བྱ་བ་གསུངས་ཏེ། བྱིས་པས་བརྟགས་པོའི་དངོས་པོ་བཞི་པོ་རྣམས་དེ་ལྷོར་མོས ་པར་བྱས་ཏེ་གོམ་པ་ལས་ཀུན་རྫོབ་དུ་གསང་བ་ལ་སོགས་པ་གྲུབ་པ་ཡང་ཡིན་ལ། ལས་འདི་བཞིའི་ངེས་པའི་དོན་བསྟན་པ་ནི། རྩ་བའི་རྒྱུད་ལས་འདི་ལྟ་སྟེ།། རྡོ་རྗེ་སྙིང་པོ་ལུས་ཅན་རྣམས་ཀྱི་རང་གི་ལུས་ལས་འབྱུང་བའི ་བྱང་ཆུབ་ཀྱི་སེམས་ཀྱི་ཆུས་ཉོན་མོངས་པའི་གདུང་བ་ཞི་བར་བྱེད་པ་ནི་ཞི་བའོ།། སྔ་ན་མེད་པའི་བདེ་བ་གྱ་ནོམ་པས་ལུས་དང་ངག་དང་སེམས་རྒྱས་པའི་ཕྱིར་རྒྱས་པའོ།། ལུས་དང་ངག་དང་ཡིད་སྡུག་བསྔལ་བ་ལས་བཟློག་སྟེ་བདེ་བས ་དབང་དུ་བྱས་པའི་ཕྱིར་དབང་ངོ་།། དེའི་སྟོབས་ཀྱིས་སྲོག་ཉི་ཁྲི་ཆིག་སྟོང་རྒྱུ་བ་དང་། བྱང་ཆུབ་སེམས་ཀྱི་ཐིག་ལེ་ཁ་ཐུར་དུ་བལྟས་པའི་རྒྱུ་བ་གསོད་པའི་ཕྱིར་མངོན་སྤྱོད་དོ།། དེ་བཞིན་དུ་ཞི་བ་ཆུ་ཡས་བསམ་གཏན་དཔྲལ་བར་བསམ ་པ་དང་། དབང་མེའི་བསམ་གཏཱན་མགྲིན་པར་བསྡམ་པ་དང་། བསད་པ་རླུ་ང་གི་བསམ་གཏན་སྙིང་ཁ་དང་། རྒྱས་པ་སའི་བསམ་གཏན་ལྟེ་བར་གནས། ཞེས་གསུངས་སོ།། རེག་ལ་ས་སྤྱོད་མ་ཞེས་བཤད།། ཆོས་ཀྱི་དབྱིངས་ལ ་མཁའ་སྤྱོད་མ། ཞེས་བྱ་བ་ནི་ཕྱི་དང་ནང་གི་ཚུལ་གྱིས་རྣམ་པར་ཤེས་པ་ན་མཁའི་ཁམས་ཞེས་བྱ་བ་སྲོག་གི་རླུང་སྟེང་ནས་རྒྱུ་བ་རྣལ་འབྱོར་གྱི་རྒྱུད་ཀྱི་དེ་ཁོ་ན་ཉིད་དེ་འདུས་པ་ལ་སོགས་པའི་དེ་ཁ་ན་ཉིད་དེ་འདུས་པ་ལ་སོགས་པའི་དུ ་ཁོ་ན་ཉིད་དུ་བསྟན་ཞིང་ཕའི་སེམས་ཞེས་སུ་བསྟན་ནོ།། དེ་བཞིན་དུ་ས་སྤྱོད་མ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་ཁམས་ཤེས་བྱ་བ། ལུས་ཅན་རྣམས་ཀྱི་ཁུ་བའི་ཐིག་ལེ་འོག་ཏུ་འཛག་པའི་བདེ་བ་རྣལ་འབྱོར་མའི ་རྒྱུད་ཀྱི་དེ་ཁོ་ན་ཉིད་དེ། ཀྱེའི་རྡོ་རྗེ་ལ་སོགས་པའི་དེ་ཁོ་ན་ཉིད་དུ་བསྟན་ཅིང་མའི་སེམས་ཤེས་སུ་བསྟན་ཏོ།། དེ་ནི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱང་ཇི་སྐད་དུ། སྟེང་འོག་སེམས་ཀྱི་རྩ་གཉིས་ནི།། ས་བོན་འབབ་དང་མུན ་པ་ཅན།། ཐབས་ཀྱི་ཐུགས་ནི་མུན་པ་ཅན།། ས་བོན་འབབ་པ་ཤེས་རབ་ཀྱི། ཞེས་གསུངས་ཏེ། རྡོ་རྗེའི་ཚིག་འདིས་དོན་འདི་ཁོང་དུ་ཆུད་པར་བྱའོ།། དེ་བཞིན་དུ་རྟག་ཏུ་འདི་རྣམས་རྣམ་དག་པས།། དེ་ཉིད་རྣལ་འབྱེར་པས་འགྲུབ ་འགྱུར། ཞེས་བྱ་བ་ནི་དྲང་བ་དང་ངེས་པའི་དོན་གྱི་དབང་གིས།། རིམ་པ་བཞིན་དུ་ཡིད་ལ་བྱས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་རིམ་བཞིན་དུ་འཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏེ།། གཞན་ཡང་ཕྱག ་གི་དག་པ་སྟོང་པ་ཉིད།། བདུད་རྣམས་དག་པས་ཞབས་རྣམས་ཏེ།། རྣམ་པར་བརྒྱད་ཀྱི་ཞལ་རྣམས་ཡིན།། སྤྱན་གྱི་དག་པས་རྡོ་རྗེ་གསུམ། ཞེས་བྱ་བ་ནི་རིམ་པ་བཞིན་དུ་ཟླ་བ་མར་ངོའི་ཆོས་ཅན་སྟོང་པ་ཉིད་བཅུ་དྲུག་དང ་འཇིག་རྟེན་པའི་སད་པ་ལ་སོགས་པའི་ཆོས་ཅན་གནས་སྐབས་བཞི་འགེགས་པ་དང་། ཆོས་ཀྱི་འཁོར་ལོ་ཐུན་མཚམས་བརྒྱད་ཀྱི་མཚན་ཉིད་ཅན་དང་། སྐུ་གསུང་ཐུགས་ཀྱི་མཚན་ཉིད་ཅན། ཨོཾ་ཨཱཿཧཱུཾ་ཞེས་པ་དང་། ་གཞན་ཡང་། ས་ནི་པུཀྐ་སཱི་ཞེས་བཤད།། ཆུ་ཁམས་རྔོན་པ་མ་ཞེས་བརྗོད།། མོ་ནི་གཏུམ་མོར་ཤེས་པར་བྱ།། རླུང་ནི་གཡུང་མོ་རབ་ཏུ་གྲགས། ཞེས་པ་ནི་ལས་རྣམ་པ་བཞིའི་ཚུལ་གྱིས་ཕྱི་དང་ནང་དུ་རྟོགས་པར་བྱ་སྟེ། དྲང ་བའི་དོན་ནི་འདི་ལྟར་རྩ་བའི་རྒྱུད་ཉིད་ལས། ཇི་སྐད་དུ། སྲོག་ནི་རྡོ་རྗེའི་རིགས་ཀྱིས་བཅད།། དོན་ཡོད་གྲུབ་པས་བརྫུན་དུ་སྨྲ།། རིན་པོ་ཆེ་ཡིས་བརྐུ་བར་བྱ།། དཔག་མེད་འོད་ཀྱི་མི་ཚངས་སྤྱད། ཅེས་གསུངས ་ཏེ།། དེ་ཇི་ལྟ་བ་བཞིན་དུ་ཤེས་པས་ནི། དངོས་གྲུབ་གཉིས་ཀྱི་རྒྱུར་དགོངས་སོ།། དེ་བཞིན་དུ་གཙོ་བོ་དང་ཕལ་པའི་དབྱེ་བས། ཞེ་སྡང་ཞེས་བཤཾ་དཱ་རྡོ་རྗེ་མ།། འདོད་ཆགས་ཆུ་ཡི་རྣལ་འབྱོར་མ།། ཕྲག་དོག་རྡོ་རྫ་མཁའ་འགྲོ་མ།། ་སེར་སྣ་གསང་བའི་དཀ་རེ་མོ་ཉིད།། དེ་བཞིན་གཏི་མུག་རྡོ་རྗེ་མེ།། ཞེས་བྱ་བ་ནི་རིམ་པ་བཞིན་དུ་མི་བསྐོད་པ་དང་། རོ་ནི་ཆེན་འབྱུང་བ་དང་། དོན་ཡོད་གྲུབ་པ་དང་། དཔག་མེད་འོད་དང་། རྣམ་སྣང་མཛད་ལ་སོགས་པ་རྣམས ་སུ་རྣལ་འབྱོར་སྟེ་གཉིས་ཀྱིས་རྟོགས་པར་བྱ་བར་གསུངས་ཏེ། འོན་ཀྱང་སྟོབས་འདི་ལས་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། ཅི་མངོན་ཞེ་ན། ཞེ་སྡང་ལ་སོགས་རྣམ་སྦྱོང་བ།། བསྐྱེ ་བའི་རིམ་པོའི་ཕྱོགས་ལ་ནི།། འདིས་ནི་ཕུང་པོ་སྦྱང་བར་བྱ། ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་བརྗོད་པའི་རིམ་པས་རྣལ་འབྱོར་པ་མཁོས་རྣམས་ཀྱིས་ཀྱང་། བདེན་པ་གཉིས་དང་རིམ་པ་གཉིས་ཀྱི་ཚུལ་ལ་བརྟེན་ཏེ། བྱིས ་པ་རྣམས་ཀྱིས་སེམས་གྲོལ་བར་འགྱུར་བ་དེ་ལྟར་ཆོས་བསྟན་པར་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ།། དེ་བས་དེའི་ཕྱིར་རྩོད་པ་རབ་ཏུ་རྒྱས་པའི་དུས་འདིར་ཡང་། འདོད་ཆགས་ཀྱིས་འདུལ་བར་འོས་པ་རྣམས་ལ།། ་འདོད་ཆགས་ཀྱི་ཆོས་བསྟན་པར་མཛད་པ་ཡིན་ནོ།། གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ།། དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ།། དེ་ཉིད་མི་ཤེས་འཇིག་རྟེན་མི་གྲོལ་ཞིང་།། དེ་ཉིད་རྣམས་སྤངས་དངོས་གྲུབ་རྙེད་མི་འགྱུར། ་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོ་མངའ་བའི་དཔའ་བོ་རྣམས་ཀྱི་ཐབས་དེ་ཉིད་མཆོག་ཏུ་གཟིགས་ཏེ་བསྟན་པ་ཡིན་པ་དེའི་ཕྱིར། ཚིག་དང་ཡི་གེ་འདིས་རེ་ཞིག་བྱིས་པ་རྣམས་འདྲེན་པར་མཛད་དེ། གཞན་དག་གིས་བརྙས་པར་མི་བྱའོ།། ་རྒྱུད་འོད་ཉིད་ལས་ཀྱང་ཇི་སྐད་དུ། དཔེར་ན་རྣ་བར་ཆུ་ཞུགས་ལ།། ཆུ་གཞན་གྱིས་ཀྱང་གདོན་པར་བྱ།། གཞན་ཡང་མེ་ཡིས་ཚིག་པ་ལ།། སླར་ཞིང་མི་ཡིས་གདུང་བར་བྱ།། དེ་བཞིན་འདོད་ཆགས་མས་ཚིག་ལ།། འདོད ་ཚིགས་ཉིད་ཀྱིས་གདུང་བར་བྱ། ཞེས་གསུངས་སོ།། དེའི་ཕྱིར་དྲི་མེད་སྒྲ་མེད་གཟུགས་ཉིད་མེད།། རོ་དང་སེམས་ཀྱིས་རྣམ་པར་དག་པ་མེད།། རེག་མེད་ཆོས་མེད་ཐམས་ཅད་རྣམ་པར་དག། རང་བཞིན་དག་པའི་འགྲོ་ལ་འགྲོ། ་པར་ཤེས། ཞེས་བྱ་བ་གསུངས་ཏེ། དང་པོར་ཉོན་མོངས་པ་རྣམས་ཀྱི་རང་བཞིན་ཐོག་མར་བསྟན་པར་བྱས་ནས། ཕྱིས་དེ་ཉིད་ཐབས་ཀྱིས་རིམ་བཞིན་སྤང་བར་བྱ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་གདམས་ངག་ཡིན་ལ། ་རྩ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། གང་དང་སྒྲ་དང་ཆ་བྱད་ཀྱིས།། འགྲོ་བ་རྣམས་ནི་འདུལ་འགྱུར་བ།། དེ་དེའི་སྒྲ་དང་ཆོ་བྱད་ཀྱིས།། རྡོ་རྗེ་འཛིན་རྣམས་ཆོས་སྟོན་མཛོད། ཅེས་གསུངས་པ་དང་། གཞན་ཡང་ཇི་སྐད་དུ། ཚངས་དབང ་ཁྱབ་འཇུག་འདོད་ལྷ་དང་།། དྲག་པོ་སྲེད་མེད་བུ་ལ་སོགས།། དེ་རྣམས་གཟུགས་ཀྱང་རེ་ཞིག་བསྔགས།། འདི་རྣམས་འཇིག་རྟེན་དབུགས་འབྱིན་ཡིན། ཞེས་གསུངས་སོ།། གཞན་ཡང་། ཀྱེ་རིགས་ཀྱི་བུ ་དག་གཉིས་གཉིས་སྤྱོད་པ་ལ་སོགས་པའི་ཉོན་མོངས་ནི། ངོ་བོ་ཉིད་ཀྱི་ཉོན་མོངས་པའི་རང་བཞིན་མ་ཡིན་གྱི། སྐྱེས་བུ་རྣམས་ཀྱི་བསམ་པའི་བྱེ་བྲག་ལས་ཉོན་མོངས་པར་བསྟན་པ་ཡིན་ནོ།། ཞེས་གསུངས་པས་དོན་དེ་དག་ཐམས ་ཅད་དེ་ལྟར་རྟོགས་པར་བྱའོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། རྣམ་པར་དག་པའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་དགུ་པའོ།། །། ངོ་བོ་ཉིད་ཆོས་ལོངས་སྤྱོད་རྫོགས།། སྤྲུལ་པའི་སྐུ་ནི་མཚན ་ཉིད་ཅན།། གྲུབ་པ་རྣམ་བཞི་སྟེར་མཛད་པ།། རྡོ་རྗེ་མགོན་པོ་བདག་ཕྱག་འཚལ།། སྒྲུབ་པོ་རྣམས་ལ་ཕྱིན་པའི་ཕྱིར།། གང་གིས་སློབ་མ་དབང་བསྐུར་བའི།། རྒྱས་བཤད་དྲི་མ་མེད་པ་དག། རྡོ་རྗེ་སྙིང་པོས་ལེགས་པར་བསྟན།། དེ ་ནས་ཇི་ལྟར་དཀྱིལ་འཁོར་གྱི།། རིམ་པ་ཡང་དག་རབ་ཏུ་བཤད།། ཅེས་བྱ་བ་སྨོས་ཏེ། དེ་ལ་རྡོ་རྗེ་སློབ་དཔོན་གང་གིས་སློབ་མ་གང་ཞིག་དཀྱིལ་འཁོར་དུ་གཞུག་པར་བྱ་བའི་ཕྱིར། གདོད་མ་ཉིད་དུ་རང་དྲང་སློབ་མ་ཉིད་ཀྱི་རྣམ་པར ་རྟོག་པ་ལས་བྱུང་བའི་བགེགས་བསལ་བར་བྱའོ།། དེ་ཡང་འདི་ལྟར་གཟོའ་བཟིང་བ་དང་། ཆོས་བཟང་པོ་དང་། སྐར་མ་བཟང་པོ་དང་། སྦྱོར་བ་དང་བྱེད་པ་ཤེས་པ་དག་ལོ་ཆོ་ག་བརྩམ་པར་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པ ་སྟེ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གི་བྱེ་བྲག་བློ་ལ་ལེགས་པར་བསྡོགས་ལ། བརྩམ་གྱིས་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། གང་གིས་སློབ་མ་དབང་བསྐུར་བའི།། ཆོ་ག་རབ་ཏུ་བཤད་པར་བྱ།། ཞེས ་བྱ་བ་ནི་མདོར་བསྟན་པའི་ཚིག་གོ།། དེ་ཡང་འདི་ལྟར་སྔོན་དུ་རྡོ་རྗེ་སློབ་དཔོན་འཇུག་པའི་ཕྱིར། དང་པོར་ལྷ་ཡི་དངོས་བྱས་ཏེ།། ཧཱུཾ་ལས་རྡོ་རྗེ་འབད་བྱས་པས།། རྣལ་འབྱོར་ཅན་གྱིས་ས་སྦྱངས་ཏེ།། ཕྱི་ནས་དཀྱིལ་འཁོར་བྲི ་བར་བྱ། ཞེས་བྱ་བ་ལ་དང་པོར་རྡོ་རྗེ་སློབ་དཔོན་ཉིད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཁྲོ་བོའི་བདག་ཉིད་ཀྱེའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པར་ཧཱུཾ་གི་ས་བོན་ལས་བསྐྱེད་དེ། བསྲུང་བའི་འཁོར་ལོ་ལ་སོགས་པ་བྱ ་ཞིང་ས་ལེགས་པར་སྦྱངས་ལ། ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་དུ་རང་ཉིད་འཇུག་པར་བྱ་ཞེས་བྱ་བ་ངེས་པའི་དོན་ཏོ།། གནས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། སྐྱེད་མོས་ཚལ་དང་དབྱེན་གནས་དང་། བྱང་ཆུབ་སེམས ་དཔའི་ཁྱིམ་དག་དང་།། ཁང་སྟོང་དག་ནི་ལྡིང་ཁང་དུ།། དཀྱིལ་འཁོར་མཆོག་ནི་བྲི་བར་།། ཞེས་པས་བསྟན་ཏེ། འདི་ལྟར་གནས་འདི་དག་ནི་བཀྲ་དཱིཤིས་པ་དང་། ཡི་ད་དགའ་བ་དང་། དངོས་གྲུབ་མྱུར་དུ་སྟེར་བར་བྱེད་པ ་ཡིན་པོས་འབད་པས་བཙལ་བར་བྱ་བ་ཡིན་ནོ།། གནས་དར་སའི་དཀྱིལ་འཁོར་གྱི་སྟེགོས་བུ་ཇི་ཙམ་འདོད་པར་བརྩིགས་ལ། རྒྱུད་ནས་འབྱུང་བའི་ཐིག་གིས་འཁྲུལ་པ་མེད་པར་ཐིག་བཏབ་ལཾ། རྡུལ་ཚོན་བཏང་བར་བྱའོ།། ་རྡུལ་མཚོན་མཆོག་གི་བྲི་བ་འམ།། ཡང་ན་བར་པར་གྱུར་པ་སྟེ།། རིན་ཆེན་ལྔའི་ཕྱེ་མ་དང་།། ཡང་ན་འབྲས་ཕྱེ་ལ་སོགསོ།། ཞེས་བྱ་བ་ལ་རྡུལ་ཚོན་ནི་རྣམ་པ་གཉིས་ཏེ། བྷི་རུ་ལ་སོགས་པ་རིན་པོ ་ཆེ་ལྔའི་ཕྱེ་མ་མཆོག་ཏུ་བསྟན་ལ། དེ་མ་འབྱོར་པས་འབྲས་ཕྱེ་ལ་སྩོགས་པ་ཆེན་གྱིས་བསྒྱུར་བས་ཀྱང་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ལ་དིཀྐོལ་འཁོར་ཁྲུ་གསུམ་དང་།། སེར་མོ་གསུམ་གྱི་ལྷག་པར་བྱ། ཞེས་བྱ་བ་ནི། ལུས་དགྲ ་ཡིད་གསུམ་གྱི་དབྱེ་བས་སམ། ཡང་ན་རྡུལ་དང་མུན་པ་སྙིང་སྟོབས་ཀྱི་ཚུལ་གྱིས་ཇི་ཚད་བསྟན་པའོ།། དེར་ནི་རིགས་ལྔ་ལས་བྱུང་བའི།། རིགས་མ་བཟང་མོ་རྣམ་པར་གཞུག། ཅེས་བྱ་བ་ནི་དེ་ལྟར་དཀྱིལོ་འཁོར་ཆོ་ག་བཞིན ་དུ་བྲིས་ལ། སྔགས་འཚང་རང་ཉིད་ཆུ་ཟླ་ལྟ་བུའི་བསམ་གཏན་དང་ལྡན་པས་རྡུལ་ཆེན་གྱི་དཀྱིལ་འཁོར་བྱིན་གྱིས་བརླབ་ཅིང་རང་ཉིད་ལེགས་པར་ཞུགས་ལ། དེའི་རྗེས་སུ་སློབ་མ་དག་ལ་བསྙེན་གནས་ཀྱི་སྡོམ་པ་དང་། ཕྱིའི ་དམ་ཚིག་གི་སྡོམ་པ་བྱང་ཆུབ་མཆོག་ཏུ་སམྲ་བསྐྱེད་པ་ལ་སོགས་པ་སྔོན་དུ་འཛིན་དུ་བཅུག་ལ་དེའི་རྗེས་སུ་འཇིག་རྟེན་པའི་དབང་རྣམས་བྱེ་བྲག་བཞིན་སྦྱིན་པར་བྱ་སྟེ། དེ་ཡང་འདི་ལྟར་བྱིས་པ་རྣམས་དྲང་བར་བྱ་བའི་ཕྱིར་རྡོ་རྗེ་སློབ ་དཔོན་གྱི་དབང་ཞེས་བྱ་བ་ཡོངསུ་རྫོགས་པར་བྱའོ།། དེ་ནས་བྱིས་པ་རྣམས་ལ་འདོད་ཆགས་ཀྱི་ལམ་བསྟན་པར་བྱ་བའི་ཕྱིར་འག་ནས་སྟོན་བཞིན་པའི་བུ་མོ་རིགས་ལྔའི་རྟགས་ཅན་གསང་བའི་ཐེག་པ་ལོ་མཆོག་ཏུ་གཞོལ ་བསྔོན་དུ་ལེགས་པར་སྦྱངས་ལ། དཀྱིལ་འཁོར་དུ་གཞུག་གོ།། དེ་ཡང་ཇི་ལྟར་ཉི་མའི་ལོ་དང་ལྡན་པ་དང་། རྒྱལ་པོའི་ལོ་དང་ལྡན་པ་དང་ལོ་ཉི་ཤུ་དང་ལྡན་པ་རྣམས་སྐུ་གསུང་ཐུགས་ཀྱི་ལོའི་བྱེ་བྲག་གིས་ཕྱེ་ལ། དཀྱིལ་འཁོར་དུ ་གཞུག་གི། ཉི་མའི་ལོ་དང་ལྡན་པ་ཡོད་བཞིན་པར་རྒྱལ་པོའི་ལོ་ལ་སོགས་པ་མི་གཞུག་གོ། འོན་ཏེ་ཉི་མའི་ལོ་དང་ལྡན་པ་མེད་པར་གྱུར་ན། རྒྱལ་པོ་ལ་སོགས་པའི་ལོ་དང་ལྡན་པོ་གཞུགས་པར་བྱ་སྟེ། འདི་ལྟར་ཡང་ན ་ཇི་ལྟར་གང་རྙེད་དེ། དེ་ལྟར་བཅུ་དྲུག་ལོན་པ་ཉིད།། ཅེས་བྱ་བ་གསུངས་ཏེ། འདི་ལྟར་བདེ་བ་དམ་པ་སྟེར་བའི་ཉི་མའི་ལོའི་ཕྱག་རྒྱ་ནི་མཆོག་ཏུ་བསྟན་ལ། རྒྱལ་པོའི་ལོ་ནི་འབྲིང་པོ་ཡིན་ནོ།། ཉི་ཤུའི་ལོ་ནི་ཐ་མ་ཡིན་པར་གསུངས ་པའི་ཕྱིར་རོ།། ཇི་སྲིད་ཁུ་བ་ལྡན་གྱུར་པ།། དེ་སྲིད་ཕྱག་རྒྱ་བསྟན་པར་བྱ།། ཞེས་བྱ་བ་ནི་འདི་ལྟར་དོན་གཉིསུ་གོ་བར་བྱ་སྟེ། བུད་མོད་རྣམས་ཀྱི་བོདེ་བའི་རྒྱུར་འགྱུར་བ་ནི་ཉི་མའི་ལོ་ནས་འབྱུང་བ་ཡིན་གྱི། དེ་ལས་སྡུ་བར་ནི་མ་ཡིན ་ནོ།། དེ་བཞིན་དུ་ཉི་ཤུ་འོངས་ནས་དྲི་ཉིད་འཇིགས་པའི་ཕྱིར་དང་། གཞན་ཡང་ཊཱིག་སྔགས་འཆད་དང་། རྡོ་རྗེ་སློབ་མ་དག་གིས་འགྱུར་བའི་བདེ་བ་ཇི་སྲི་དེ་ཉམ་སུ་མྱོང་བར་འགྱུར་བ་དེ་སྐྱིད་དུ་བསྟན་པར་བྱ་བ་ཡིན་པས། དེ་སྐད ་ཅེས་བྱའོ།། ཕྱག་རྒྱའི་གདོང་ཡང་བཅིང་བ་དང་།། ཐབས་ཀྱི་གདོང་ཡང་དེ་བཞིན་ཏེ། ཞེས་བྱ་བས་ནི་བུ་མོ་དང་སྐྱེས་བུ་དང་དབང་བསྐུར་བ་དག་ཕན་ཚུན་དུ་གདོང་གཡོགས་བྱ་བ་ནི་གོ་ཆའོ།། བསྟེན་པ་དེ་ལས་གང་འབྱུང་བ།། སློབ ་མའི་ཁར་ནི་ལྟུང་བར་བྱ། ཞེས་བྱ་བ་ནི་རིག་སྔགས་འཆང་གི་སློབ་དཔོན་གྱིས། ཡུ་བ་ཏིཏཱི་ལ་ཇི་ལྟ་བ་བཞིན་དུ་བརྟེན་པར་བྱས་ལ། གུ་ཧྱ་བཱ་ར་ཏ་ཀ་ན་གནས་པའི་སེམས་ཀྱིས་མཚལ་དང་མཉམ་པར་བསྲེས་ལ ་སློབ་མའི་ཁའི་ལམ་ནས་ལོངས་སྤྱོད་རྫོགས་པར་སྦྱར་ལ་གསུང་གི་རང་བཞིན་དུ་བསྟན་པར་བྱ་བ་ཉིད་གསང་བ་ཞེས་བསྒྲག་སོ།། རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད།། དེ་ཉིད་ལ་ཡང་བྱ་བར་བྱ།། རང་རིག་ཡེ་ཤེས་ཉིད་དུ་འགྱུར། ་ཞེས་བྱ་བ་ནི་དེ་ལྟར་གསང་བ་ཞེས་བྱ་བ་རྟོགས་པར་བྱས་ལ། འཇིག་རྟེན་པའི་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པར་བྱས་ལ་གང་གིས་གནས་སུ་མཚོན་པར་འགྱུར་བའི་གནསུ་བརྟག་པའི་རྒྱལ་པོ་དེ་ང ་ཐུགས་ཀྱི་བདག་པོ་དག་གི་མཆེམས་ཕྲ་མ་གཞུག་པར་བྱ་པ་སྟེ། རྡོ་རྗེ་འཆང་གི་བཀའ་ལུང་ངོ་།། དེས་སྟེ་ཕྱིས་ནི་ཕྲ་མ་བཏང་ལ། ཚེ་གོས་ཀྱི་མཆོད་པ་ཆེན་པོ་བྱས་ལ། འདོད་ཆགས་ཀྱི་བསྟན་བཅོས་འོག་ནས་འབྱུང་བ་མ་ལུས ་པ་བྱས་ལ་ཡང་བླ་མཆེན་པོ་རིག་སྔགས་འཆང་ལས་དེ་ལྀས་གོང་དུ་གྱུར་པའི་འོ་མ་བསྒྲུབ་པའི་རིམ་པ། སྲོག་དྲང་རྩོལ་བས་བཙལ་བར་བྱའོ།། དེ་ནས་གང་དུ་མཚོན་བྱེད་གསལ་བ་ཁོ་ན་དེ་ལ། རང་རིག་ཡེ་ཤེས་ཉིད་དུ་འགྱུར་ཞེས་གསུང ་ཏེཏེཏོ། གང་དེ་ནི་ཤེས་རབ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དེ་དེ་ལྟ་བུར་སྟོན་ཅིང་གསོལ་བྱ་བྱ་བ་ནི། རིགས་སྔགས་འཆང་གི་ལས་ཡིན་ལ། བརྟེན་པར་གནས་ཤིང་བདུད་ཀྱི་ཡུལ་སྤོང་བ་ནི་སློབ་མ་ལས་སོ།། དེ་ལྟར་རྒན་པོ་ལྟར་ཡུལ ་རིང་བར་གནས་པའི་ཡེ་ཤེས་རང་རིག་པ་སྤངས་ཏེ། ཡེ་ཤེས་ཆེན་པོ་ལ་འཇུག་པར་བྱའོ།། དེ་ནི་ཇི་སྐད་དུ། རྩ་བའི་རྒྱུད་ལས། རང་རིག་ཡེ་ཤེས་རྣམ་སྤངས་ལ།། མཚོན་དུ་མེད་པ་མཚོན་བྱ་སྟེ།། སྒྲ་དང་ཐིག་ལེ་རྣམ་པར་སྤང་།། ཡི ་གེ་ལས་འདས་མཚན་ཉིད་དོ།། ཞེས་གསུངས་ལ། དེ་བཞིན་དུ་གཞན་ཡང་མཚན་ཡང་དག་པར་བརྗོད་པ་ལས་ཀྱང་།། ཇི་སྐད་དུ། བདག་རིག་གཞན་རིག་ཐམས་ཅད་པ།། ཀུན་ལ་ཕན་པའི་གང་ཟག་མཆོག། དཔེར་བྱ་ཀུན་ལས ་འདས་པ་སྟེ།། ཤེས་དང་ཤེས་བྱའི་བདག་པོ་མཆོག། ཅེས་གསུངས་པ་དེ་བས་ན། འཇིག་རྟེན་ལྟ་བུའི་ཡེ་ཤེས་རང་རིག་པ་སྤངས་ལ། མི་འགྱུར་བའི་བདེ་བ་ཆེན་པོ་བསྒོམ་པར་ངེས་སོ།། དེའི་ཕྱིར་རང་གཞན་ཡང་དྲག་རིགས་པ ་སྤངས།། མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད།། དངོས་དང་དངོས་མེད་བདག་ཉིད་མཆོག། ཐབས་དང་ཤེས་རབ་ཤིན་ཏུ་འདྲེས།། ཆགས་དང་ཆགས་བྲལ་རྣམ་པར་འདྲེས། ཞེས་བྱ་བས་བསྟན་ཏོ། འདི་ལྟར་འཇིག་རྟེན་པའི ་འདོད་ཆགས་གང་ཡིན་པ་ནི། འཇིག་པ་དང་འགྱུར་བ་དང་། རང་ཉིད་འབའ་ཞིག་རིག་པ་དང་། ཕྱོགས་གཅིག་པ་དང་། དངོས་པ་དང་དངོས་པོ་མེད་པའི་བདག་ཉིད་ཐ་དད་པ་དང་། ཐབས་དང་ཤེས་རབ་ཅེས་ཡང་དག་པ་མ་ཡིན་པར ་བརྡར་བསྟན་ཅིང་ཆར་མ་འདྲེས་པ་དང་། ཆགས་པ་དང་ཆགས་པ་བྲལ་བའི་ཕྱོགས་ཆེས་ཐ་དད་པའི་ཕྱིར་གང་དེ་སྤངས་ལ་མི་འགྱུར་བའི་བདེ་བ་བཞི་པ་ཞེས་བྱ་བ་བསྒོམ་པར་ངེས་སོ།། དེ་བས་དེའི་ཕྱིར་ལྷན་ཅིག་སྐྱེས་པའི་ཡེ ་ཤེས་ཆེན་པོ་འདི་ཉིད་ལུས་ཅན་རྣམས་ལ་འཁོར་བ་ལས་འདོན་ཅིང་རིག་པ་འཛིན་པའི་གནས་སུ་འཁྲིད་དེ། དབུགས་ཆེར་འབྱིན་པ་ཡིན་ཏེ། འདི་ལྟར། དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག། དེ་ཉིད་མཆོག་ཏུ ་མི་འགྱུར་བ།། དེ་ཉིད་འགྲོ་བའི་བདག་ཉིད་དེ།། དེ་ཉིད་ཀུན་ལ་ཁྱབ་པ་པོ།། ཞེས་གསུངས་ཏེ། འདི་ལྟར་འགྱུར་པ་མེད་པའི་བདེ་བ་ཆེན་པོ་གང་ཡིན་པོའི་དེ་ནི། སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་མཆོག་ཏུ་གསོང ་བ་སྟེ། འཇིག་རྟེན་ཕལ་པའི་བདག་ཏུ་ལྟ་བ་ཐམས་ཅད་སུན་འདོན་ཅིང་མ་རུངས་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་འཁོར་བ་པ་རྣམས་ལ་ལུས་ལ་གནས་པའི་ཁུ་བས་རྟོགས་པར་བྱེད་དེ། ཁུ་བ་མེད་ན་རྟོགས་པར་མི་འགྱུར་ཏེ། ཁུ་བ ་ལ་བརྟེན་དེ་རྟོགས་པར་བྱ་བ་ནི་འདོད་ཆགས་ཀྱི་ཆོས་ཀྱི་ཚུལ་ལོ།། དེས་ན་ཐམས་ཅད་ལུས་ལ་རྣམ་པར་གནས། ཞེས་གསུངས་སོ།། དེ་བཞིན་དུ་དངོས་དང་དངོས་པོ་མེད་པ་རྟོགས་པར་བྱེད་པ་དག་བྱང་ཆུབ་སེམས་ཀྱི་ཁུ་བ་དེ་ཉིད་ལས ་འབྱུང་སྟེ། འདི་ལྟར་ཁྲོ་བ་ཐུར་དུ་བལྟས་པ་ལས། བདག་དང་བདག་གིར་འཛིན་པའི་གཞི་འབྱུང་ལ། ཁུ་བ་དེ་ཉིད་གྱེན་དུ་བལྟས་ཤིང་རྒྱས་པ་ལས་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་རྟོགས་པར་འགྱུར་རོ།། དེ་ལྟ་བས་ན། དངོས ་དང་དངོས་མེད་དེ་ལས་འབྱུང་།། གཞན་དང་གང་རྣམས་དེ་རྣམས་དང་།། རྣམ་པར་ཤེས་པ་ཀུན་གྱི་ཚུལ།། སྐྱེས་བུ་སྔོན་རབས་དབང་ཕྱུག་དང་།། བདག་དང་གསོ་བ་སེམས་ཅན་དང་།། དུས་དང་གང་ཟག་ཉིད་དང་ནི།། དངོས་པོ་ཀུན་གྱི་རང ་བཞིན་འདི།། སྒྱུ་མའི་གཟུགས་ཀྱི་ཡང་དག་གནས། ཞེས་གསུངས་ཏེ། དེ་ལྟར་བྱང་ཆུབ་སེམས་ཀྱི་ཁུ་བ་ཐུར་དུ་ཟུགས་པ་ལས་གྲུབ་པའི་མཐའ་དང་། ལྟ་བ་ཐམས་ཅད་དང་། སྙུན་དང་གུས་དང་ལོ་རྒྱུས་ཀྱི་ཆོས་དང་། ཕྱཝ་དང་དབང་ཕྱུག། ་དང་བྱེད་པ་པོ་ལ་སོགས་པ་དུ་མ་འབྱུང་བར་གྲགས་སོ།། དེ་ལྟ་བས་ན་ལུས་ཀྱི་རྟེན་འབད་པས་བསྲུང་བར་བྱ་ཞིང་འདི་ལྟར་གནས་པ་རྣམས་སྒྱུ་མ་ལྟ་བུར་ཤེས་པར་བྱ་ཞེས་དགོངས་སོ།། གང་སྒྱུ་མ་ལྟ་བུ་དེ་ཉིད་རྟོགས་པར་བྱ་བའི་ཕྱིར ་དང་པོ་དགའ་བ་ཙམ་ཉིད་དེ།། གཉིས་པའི་གྲངས་ལས་མཆོག་དགའ་ཉིད།། གསུམ་པ་ལ་ནི་དགའ་བྲལ་ཉིད།། བཞི་པ་ལྷན་ཅིག་སྐྱེས་པར་བརྗོད།། ཅེས་བྱ་བ་ལས་འདི་ལྟར་ལུས་ལ་གནས་པའི་ཁུ་བ་ཉིད་ནང་དུ་དགའ་བོ་བཞིའོ ་ཚུལ་དུ་བརྟན་པས་སྒྱུ་མའི་གཟུགས་འཐོབ་པར་འགྱུར་བ་ནི། འདོད་ཆགས་ཀྱི་ཆོས་ཀྱི་ཚུལ་ཉིད་དུ་བསྟན་དེ། དེ་བཞིན་གཤེགས་པའི་བཀའ་ལུང་ངོ་།། དེ་ལས་གཞན་ཡང་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས། ཇི་སྐད་དུ། རང ་ལུས་འགྱུར་པ་མེད་པ་དེ།། མཆོག་གཅིག་གིས་ནི་ཤེས་བྱ་སྟེ།། དེ་ནི་དཔེ་ཡིས་ཉེར་མཚོན་ནིས།། བླ་མའི་དྲིན་གྱིས་ཤེས་པར་བྱ།། ཞེས་གསུངས་ལ། དེ་བཞིན་དུ་སྒྱུ་འཕྲལ་དྲ་བ་ལས་ཀྱང་། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅེ་ན།། ་ཡན་ལག་མེད་པའི་རྩིས་ལས་འདས།། བསམ་གཏན་བཞི་པའི་རྩེ་མོ་ཅན།། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ།། རྡོ་རྗེ་སྙིང་པོ་ལ་སིགས་ཀུན།། མཁས་པས་དེ་སྐད་ངེས་ཐོས ་བས། མཆོག་ཏུང་མཚར་གྱུར་ནས་ན།། བརྒྱལ་ཞིངས་ལ་འགྱེལ་བར་འགྱུར།། ནས་བྱ་བན་བཅོམ་ལྡན་འདས་ཀྱང་རྡང་སྣང་བ་ལ་སོགས་པ་རྣམས་ལ་འདང་ཆགས་ཀྱི་ཚུལ་གྱིས་ཆོས་འདི་བསྟན་པའི་ཚེ། ཤིན་ཏུས ་མཚན་དུ་གྱུར་ནས་ས་ལ་འགྱེལ་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱི་གསུང་ཁ་ཅིག་ཏུ་འཆིང་བར་བསྟན་པ་དེ་ཉིད་ཀྱིས་གྲོལ་བར་བསྟན་ཅིང་རང་རང་གི་ལུས་ཉིད་ལས་གཞན་དུ་སངས་རྒྱས་བཙལ་བར་མ་གསུངས་ཏེ། ལུས་འདི་ཉིད་ལས་སངས ་རྒྱས་ཡོད་དོ་ཞེས་གསུངས་ན། ཁོ་བོ་ཅག་གི་དང་དུ་རྟོགས་པར་མ་གྱུར་གྲང་ཞེས་པ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་པའོ།། འོ་ན་འདོད་ཆགས་དེ་ཉིད་ལ་རིམ་པ་ཇི་ལྟ་བུའི་ཚུལ་གྱིས་བསླབ་པར་བགྱི་ཞིང་། ཇི་ལྟར ་འབད་པར་བགྱི་ཞེས་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ལན་དུ་གསུངས་པ། དང་པོར་དགའ་བ་འགྲོ་བའི་གཟུགས།། དེ་བཞིན་མཆོག་དགའ་འགྲོ་བ་ཉིད།། དགའ་བྲལ་དགའ་བའང་འགྲོ་བ་ཉིད།། གསུམ་པ ་ལྷན་ཅིག་སྐྱེས་པ་མེད།། བཅོམ་ལྡན་བཀའ་སྩལ་གྱིའི་རྡོ་རྗེ།། སངས་རྒྱས་ཀུན་གྱི་སྐུ་གཅིག་པ།། རྡོ་རྗེ་སྙིང་པོས་རྟོགས་བྱའི་ཕྱིར།། ཐེ་ཚོམ་མེད་པར་སེལ་བ་ནི།། འདོད་ཆགས་མེད་ཅིང་ཆགས་དྲལ་མེད།། དབུ་མར་དམིགས་པར་མི་འགྱུ་རོ།། ་གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར།། ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད།། ཅེས་གསུངས་ཏེ། འདོད་ཆགས་ཀྱི་ཚུལ་གྱི་ཆོས་དེ་ལ། བྱིས་པ་རྣམས་ལ་སྐད་ཅིག་རྣམ་པ་བཞིས་ཕྱེ་བས་བདེ་བའི་རོ་རྡོ་རྗེ་སློབ་དཔོན་རིགས་སྔགས་འཆང་ལས་ཤེས ་པར་འགྱུར་ལ།། དེ་ཡང་འདི་ལྟར་རིག་སྔགས་འཆང་གི་བཀའ་བཞིན་དུ་དགའ་བ་གསུམ་པོ་ནི།། སྲིད་པ་གསུམ་པོ་བསྐྱེད་པ་ན་ཡོངས་སུ་དོར་ཏེ། བཞི་པ་བསྒོམ་པར་ངེས་སོ།། འདི་ལྟར་དགའ་བ་གསུམ་གྱི་མཚན་ཉིད་ཅན་གྱི་བུམ་པ་དང ་གསུང་བ་དང་ཤེས་རབ་ཡེ་ཤེས་རྣམས་ནི་འཇིག་རྟེན་ལྟ་བུའི་བདེ་བ་སྟེ། ཀུན་རྫོབ་པ་ཉིད་ཡིན་པའི་ཕྱིར། ཡོངས་སུ་དེར་ལ་ཡིད་ནང་དུ་ཆུད་པའི་བདེ་བ། འདོད་ཆགས་དང་ཆགས་པ་དང་བྲལ་བ་དང་། དབུ་མ་སྤངས་པའི་བདེ་བ་ཉིད ་ཀྱི་སྤྱོད་པ་དང་གྲོལ་བ་སྟེར་བ་ཡིན་ནོ།། ཡང་ན་དེ་ཉིད་ཐམས་ཅད་བདག། ཡང་ན་ཀུན་གྱི་རྣམ་པར་སྤོངས། ཞེས་བྱ་བ་ནི་འཇིག་རྟེན་པའི་དགའ་བ་བཞི་ཆར་སྤངས་ལ། འཇིག་རྟེན་ལས་འདས་པའི་དགའ་བ་བཞི་པོ་མ་ལུས་པར་བསྒོམ ་ཞེས་བྱ་བའི་དོན་ཏོ།། འཇིག་རྟེན་པའི་བཞི་པོ་ལས། ལེགས་པར་མཚོན་པར་བྱེད་པ་ནི། དགའ་བ་བཞི་པོའི་འཆོར་བ་ཐམས་ཅད་ཀྱི་ཡོངས་སུ་གང་བ་ཉིད་དང་དུ་བླང་ངོ་ཞེས་བསྟན་པའི་ཕྱིར། དེ་ཡང་དགའ་བྲལ་དང་པོར་མཚོན། ་དགའ་བ་གསུམ་པོ་རྣམ་པར་སྤངས།། ཞེས་གསུངསོ།། འདི་ལྟར་འཇིག་རྟེན་ལྟོ་བུའི་བདེ་པ་དག་སྤངས་ནས། གང་གི་དུས་སུ་ལྷན་ཅིག་སྐྱེས་པ་ཆེན་པོ་ལ་གནས་པ་དེ་ནི། ལུས་དྲང་པོ་པིའྀ་ས་ལས་འདས་ཏེ། དང་པོ་སྤྲིན་དང་འདྲ་བ ་ཡིན།། གྲུབ་པ་སྒྱུ་མ་ལྟ་བུར་འགྱུར། ཞེས་བྱ་བ་སྨོས་ཏེ། དང་པོར་བདེ་བའི་ཏིང་ངེ་འཛིན་གསལ་བ་དང་མི་གསལ་བའི་བྱེ་བྲག་འདྲེན་པོར་འགྱུར་རོ།། དེའི་ཕྱི་ནས་ནི་བདེ་བའི་ཏིང་ངེ་འཛིན་གསལ་བའི་ཕྱོགས་ཤས་ཆེ་བར་འགྱུར ་ལ། མི་གསལ་བ་ཟིལ་གྱི་ནོན་པར་འགྱུར་རོ།། དེ་བཞིན་དུ། ཉལ་དང་ལག་པའི་ཁྱད་པར་ལས།། རྟག་ཏུ་རྨི་ལམ་འདྲ་བར་འགྱུར། ཞེས་བྱ་བ་ནི། དེ་དག་གི་རྗེས་ལ་དུས་རྟག་ཏུ་གཉིད་ལོག་པ་དང་སད་པར ་གནས་སྐབས་ཀུན་ལ་ཆོས་ཐམས་ཅད་སྒྱུ་མ་ལྟར་གནས་ཤིང་རྣམ་པར་རྟོག་པའི་མཚན་མའི་གོ་སྐབས་རྣམ་པ་ཀུན་ཏུ་མི་བྱེད་པ་འདི་ནི་བརྟན་པར་གྱུར་པའི་མཚན་མའོ།། དེ་བཞིན་དུ་རྩ་བའི་རྒྱུད་ཆེན་པོ་ལས་ཀྱང་། ཇི་སྐད་དུ།། དང ་པོའི་ས་ལས་འདས་པ་ཡི།། རྣལ་འབྱོར་ཏིང་འཛིན་གང་ལ་གནས།། ཏིང་འཛིན་དེ་ཡི་མཚན་མ་ནི།། རྣམ་པ་གསུམ་དུ་རིག་པར་བྱ།། ཞེས་གསུངས་སོ།། དེ་ལྟར་ན་མཚན་མ་རྣམ་པ་གསུམ་པ་དེ་དག་ནི་བྱང་ཆུབ་ལ་ཉེ་བར་གཞོལ ་བར་བྱེད་པའི་རྟག་ཡིན་ནོ།། དེ་བས་ན། དངོས་གྲུབ་མཚན་ཉིད་དབྱེར་མེད་པའི།། ཕྱག་རྒྱ་རྣལ་འབྱོར་པ་ཡིས་འགྲུབ།། ཅེས་གསུངསོ།། ད་ནི་སྔོན་དུ་བརྗོད་པའི་ཕྱིར་དཀྱིལ་འཁོར་གྱི་མཚན་ཉིད་དང་། དབྱིབས་ལ་སོགས་པ་དང་། ཐིག ་སྐུད་ཀྱི་མཚན་ཉིད་དང་། རྡུལ་ཚོན་གྱི་མཚན་ཉིད་དང་། བུམ་པ་དང་རྫས་ལ་སོགས་པ་བསྟན་པའི་ཕྱིར། སྟོན་པས་དཀྱིལ་འཁོར་འདི་སྙེད་གསུངས།། གྲུ་བཞི་ཡང་དག་འབར་བ་ཉིད།། སྒོ་བཞི་གཟི་བརྗིད་ཆེན་པོ་སྟེ།། དོ་ཤལ ་དྲི་ཤལ་ཕྱེད་པས་བརྒྱ་ན།། ཕྲེང་བ་སྣ་ཚོགས་རྔ་ཡབ་ལྡན།། ཀ་བ་བརྒྱད་ཀྱིས་རྣམ་པར་མཛེས།། རྡོ་རྗེ་སྲོང་བུས་མཉམ་པར་ལྡན།། ཞེས་བྱ་བ་ནི། སྒྲ་ཇི་བཞིན་པོ་དེ་རྟོགས་པར་སླའོ།། གཞན་ཡང་། མེ་ཏོག་སྣ་ཚོགས་ཉེ་བར་བརྒྱན། ་བདུག་པ་མར་མེ་དེ་བཞིན་དྲི།། བུམ་པ་བརྒྱད་ལ་སོགས་པས་ལྡན།། དེ་ཡང་ཡལ་ག་ལ་སོགས་བཅས།། མགྲིན་པ་གོས་ཀྱིས་བགབ་པར་བྱ།། རིན་ཆེན་ལྔ་ནི་ཡོངས་སུ་གཞུག། ཅེས་བྱ་བ་ལ་སོགས་པ་རྣམས་ནི་དཀྱིལ་འཁོར ་གྱི་ཡོ་བྱད་བསྟན་པ་སྟེ་རྟོགས་སླའོ།། རྣམ་པར་རྒྱུལ་བ་ཤར་དུ་སྦྱིན།། ཞེས་བྱ་བ་ནི་ལས་ཐམས་ཅད་པའི་བུམ་པར་བྱིན་གྱིས་བརླབས་ལ། ཁྲོ་བོ་བགེགས་ཀྱི་དགྲའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་ནི་ཆུ་ནང་དུ་བླུགས་ལ། དཀྱིལ ་འཁོར་གྱི་ཁང་པའི་ཤར་དུ་དགོད་ཅེས་བྱ་བའི་དོན་ཏོ།། རང་འདོད་ལྷོ་ཡ~ཾ་གཟུགས་ཀྱིས་ནི། ཞེས་བྱ་བ་ནི། ཞལ་གཅིག་ཕྱག་གཉིས་པའི་རྣལ་འབྱོར་གྱིས་སོ།། གསེར་པོ་ལེགས་པར་བསྒྲིམས་པ་དང་།། ཤིན་ཏུ་ཚད་མ་མཛེས་པ་ཡི། ་སྲད་བུས་ཤེས་རབ་ཅན་གྱིས་གདབ།། ཙོས་བྱ་བ་ནི། རས་བལ་དཀར་པོ་དྲི་མ་མེད་པ་ལ། བློ་དང་ལྗོན་པའི་སྔགས་པས་ལྔ་བསྒྲིལ་དུ་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པ་ལྔའི་ཁ་དོག་དང་ལྡན་པའི་ཚེན་གྱིས་སོ་སོར་བསྒྱུར་ལ། ་ཆོ་ག་བཞིན་རྒྱལ་བ་རིགས་ལྔར་བྱིན་གྱིས་བརླབས་ལ། ཕྱོགས་ཆ་མ་ནོར་བར་ཐིག་གདབ་ཅེས་པའི་དོན་ཏོ།། དེ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་བསྙེན་པར་བྱ་བ་ནི། འཁོར་ལོའི་བདག་པོའི་བཟླས་པ་འབུམ།། དཀྱིལ་འཁོརཅན ་གྱི་དེ་བཞིན་ཁྲི། ཞེས་བྱ་བ་ནི་རིག་སྔགས་འཆང་གི་སློབ་དཔོན་གྱིས་དཀྱིལ་འཁོར་བ་བསྟེན་པར་བྱ་བའི་དོན་དུ། གཙོ་བོའི་རྩ་བའི་སྔགས་སྔོན་དུ་འབུམ་བཟླས་ཤིང་དེ་བཞིན་དཀྱིལ་འཁོར་པ་རྣམས་ཀྱི་ནི་ཁྲི་ཁྲི་ཡོངས་སུ ་བཟླས་ཏེ་མཉེས་པར་བྱའོ།། ཕྱོགས་སྐྱོང་ལ་དུས་གསུམ་དུ་གཏོར་མ་ཡང་སྦྱིན་ནོ།། དེའི་རྗེ་སུ་ལ་གདོད་སའི་མཚན་ཉིད་ལེགས་པར་བརྟགས་ཏེ། འདི་ལྟར་དཀྱིལ་འཁོར་ཆེན་པོའི་ཆོ་གའི་ཚུལ་དུ་ས་སྦྱང་བར་བྱ་སྟེ། ་འདི་ལྟར། གོང་དུ་གསུངས་པའི་སྔགས་ཉིད་ཀྱིས།། མཁས་པས་ས་ནི་རྣམ་པར་སྦྱང་།། གོང་གི་ཨོཾ་སོགས་སྔགས་ཉིད་ཀྱིས།། དེ་ལ་གཏོར་མ་རྣམ་པར་སྦྱིན། ཞེས་བྱ་བ་ནི། ཇི་ལྟར་གཙོ་བོའི་དཀྱིལ་འཁོར་སྔོན་དུ་བསྟན་པའི་སྐབས ་སུ་གསུངས་པ་ལྟར་སྐབས་འདིར་ཡང་དེ་ལྟར་ཁོང་དུ་ཆུད་པར་བྱའོ།། དེ་བཞིན་དུ་བསྲུང་བའི་འཁོར་ལོ་དང་། རང་གི་ལྷའི་ང་རྒྱལ་གང་དང་གང་ཡིན་པ་དེ་དང་དེའི་རྣམ་པར་སྦྱང་བ་དང་། དེ་བཞིན་དུ་དབང་གི་བྱེ་བྲག་དང་མཆོད་པ་དང་། ་གསོལ་བ་གདབ་པ་ཐམས་ཅད་སྔོན་བཞིན་དུ་བྱའོ།། ཁྱད་པར་དུ་བདག་མེད་མའི་དཀྱིལ་འཁོར་ནི། འཕར་མ་གཉིས་བཟང་རྣམ་བྲིས་ནས། ཅེས་བྱ་བ་ཙམ་གྱི་བྱེ་བྲག་ཏུ་བྱས་པ་ཡིན་གྱིས་ཁྱད་པར་ན་གཞན་ནི་མེད་དོ།། དེ་བཞིན་དུ་ལྷའི ་མཚན་མ་གཞག་པ་ནི། སྔོན་གྱི་གཙོ་བོའི་དཀྱིལ་འཁོར་ལ་གཡས་ཀྱི་ཕྱག་མཚན་ཐམས་ཅད་དགོད་པ་ཡིན་ལ། འདིར་ཡང་གྲི་གུག་འབའོ་ཞིག་ཏུ་དགོད་པར་བྱའོ།། དེ་བས་དེའི་ཕྱིར། མྱུར་དུ་དཀར་མེ་ལ་སོགས་བྲི།། ཤོར་དུ ་གྲི་གུག་རྣམ་བྲིས་ཏེ། ལྷོ་དང་ནུབ་ཏུ་དེ་བཞིན་ནོ།། བྱང་དང་མེ་ཡི་མཚམས་དང་ནི།། བདེན་བྲལ་རླུང་དུ་དེ་བཞིན་ནོ།། ཞེས་བྱ་བ་ནི་ལྷ་མོའི་མཚན་མ་དགོད་པའི་ཚུལ་ཏེ། འཕར་མ་རྣམ་པ་གཉིས་ལ་རི་མཽ་པ་བཞིན་དུ་ཡུལ་དང་ཡུལ་ཅན་གྱི་ལྷ་མོ་རྣམས་ཀྱི་ཕྱག ་མཚན་དགོད་ཅེས་བྱ་བའི་དོན་ཏོ།། དེ་བཞིན་དུ་དབང་ལྡན་དུ་ནི་ཅི་གསུངས་པ།། དེ་ལྟ་དེ་ལྟར་འོག་དང་སྟེང་།། ཞེས་བྱ་བས་ནི་ལྷ་མོའི་དཀྱིལ་འཁོར་གྱི་མཚན་མ་ལ་སོགས་པ་ལེགས་པར་བསྟན་པ་ཡིན་ནོ།། ད་ནི་སློབ་དཔོན་རིག་སྔགས་འཆང་བ ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་སྟོན་ཏེ། འདི་ལྟར། རྡོ་རྗེ་སེམས་དཔའ་བསྙེམས་བྱས་ནས།། རྐང་པ་གཡོས་པ་བརྐྱང་བ་སྟེ།། ཕྱག་གཉིས་ཀྱེའི་རྡོ་རྗེར་སྦྱོར་བས།། སློབ་དཔོན་དཀྱིལ་འཁོར་འཇུག་པར་བྱ།། ཞེས་བྱ་བས་སྟོན་ཏེ་འདི ་ལྟར་སྔགས་འཆང་ཐབས་དང་ཤེས་རང་གཉིསུ་མེད་པའི་སྦྱོར་བས་སེམས་ཅན་ཐམས་ཅོད་ལ་མཉམ་པའི་སྙིང་རྗེ་བསྐྱེད་དོ། སྙིང་རྗེའི་གར་སྟབས་དང་ལྡན་པས་དཀྱིལ་འཁོར་དུ་འཇུག་ཅེས་པའི་དོན་ཏོ།། གཞན་ཡང་། ཁྲུས་དང་གཙང་སྒྲ་དྲི ་ཞི་མ་ལུས།། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། ཞེས་བྱ་བ་ཡང་ཚུལ་བཞིན་དུ་བྱས་ལ། རྣམ་པར་རྟོག་པའི་བེ་གེགས་གཞིལ་བར་བྱ་བའི་ཕྱིར། ཧཱུཾ་ཧཱུཾ་བསྙེམས་པར་བྱས་ནས་ནི། ཧཱུཾ་ཧྲཱིས་རྣམ་པར་འཇིགས་པར་བྱེད། ཅེས་པ་བཾ ་ཞལ་ནས་བརྗོད་ཅིང་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པོའི་ལས་བྱ་བ་ནི། དེ་བཞིན་གཤེགས་པའི་ངེས་པའོ།། དེ་ནས་སློབ་མ་འཇུག་པའི་མན་ངག་བཤད་པར་བྱ་སྟེ། ཕྱི་ནས་དེ་ཉིད་ཡང་དག་བཤད།། རྣམ་དག་ཡེ་ཤེས་གཟུགས ་ཅན་དང་།། འཁོར་བ་རྣམ་པར་རྟོག་པའི་བདག། ཁྱད་པར་ཅུང་ཟད་ཡོད་མ་ཡིན། ཞེས་བྱ་བས་བསྟན་ཏེ། རྡོ་རྗེ་སློབ་དཔོན་རིག་སྔགས་འཆང་གིས། གདོང་མ་ཉིད་ནས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དང་། ཆུ་ཟླ་ལྔ་བུ་ལ་ཉེ་བར་གནས ་ཏེ། སློབ་མ་དཀྱིལ་འཁོར་དུ་གཞུག་པ་དང་། ལས་བརྒྱས་པ་ཐམས་ཅད་བྱ་བའི་སྐད་ཅིག་དེ་ལ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན་ཆོས་ཐམས་ཅད་གཟོད་མ་ཉིད་ནས་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་རོ།། དེ་སྟེ་གང་ལ་འདུ་ཤེས ་འདི་དག་གིས་དབེན་པའི་སྐྱེ་བོ་ལས་འདི་དག་ལ་འཇུག་ཅིང་སློབ་མ་སྡུད་པ་དག་ནི། གླང་པོ་ཆུ་སྨྱོན་པ་དང་མཚུངས་ཏེ། རང་གི་སྡེ་བརླག་པར་བྱས་ནས་ཕ་རོལ་གྱི་སྡེ་ཕུང་བར་བྱེད་པ་ཡིན་ནོ།། དེ་ལྟར་བརྗོད་པའི་ཚིག་གིས་དོན་གྱི་ཁྱད་པར་གྱིས ་རྣལ་འབྱོར་གྱི་རྒྱུད་དང་བྱ་བའི་རྒྱུད་ལ་འཇུག་པའི་སྔགས་འཆང་རྣམས་ཀྱིས་ཁྱད་པར་གྱི་ཆོས་ཀྱང་འདིར་བསྟན་ལ། འདིར་རྣལ་འབྱོར་ཆེན་པོ་ལ་ཁྱད་པར་དུ་ལྷན་ཅིག་སྐྱེས་པའི་ཏིང་ངེ་འཛིན་གྱིས་ཁྱད་པར་འཕགས་པར་བསྟན་ཏེ། ་འདི་ལྟར་གང་དུ་ལྷ་ནི་ཅོག་སྐྱེས་པ་ཅེས་པ་དེ་ལྟར་སྒྲ་གཉིས་སུ་གོ་བར་བྱས་ཏེ། གང་ཞེ་ན་དང་པོར་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་དབང་པོ་གཉིས་ཀྱི་བདེ་བའི་སྐད་ཅིག་ལ་བསྟན་པ་དང་། གོང་དུ་དབང་པོ་གཉིས་ཀྱིས་བདེ་བའི ་སྐད་ཅིག་སྤངས་ཏེ་ལྷན་ཅིག་སྐྱེས་པ་ཆེན་པོར་གང་གནས་པ་འདི་ནི་རིག་སྔགས་འཆང་གི་སློབ་དཔོན་ཆེན་པོ་ཡིན་ནོ།། དེ་ལ་དགོངས་ནས་མཆོག་དགར་བསྒོམ་པ་མེད་ཅིང་བསྒོམ་པ་པོ་ཡང་མེད།། ལུས་ཀྱང་མེད་ཅིང་གཟུང་བ་མེད་དང ་འཛིན་པ་པོ་ཡང་མེད།། ཤ་དང་ཁྲག་ཀྱང་མེད་ཅིང་བཤད་པ་དང་ནི་གཅིང་མེད།། སྐྱུག་བློ་རྨོངས་མེད་གཙང་སྒྱུ་མཆོད་ཕྱིར་ཐོགས་མེད་དང་།། ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད།། སེར་སྣ་མེད་ཅིང་ང་རྒྱལ་མངའི ་བྷྱ་། སྒྱུ་སྨྲ་ཇུ།། སྒྱུས་ན་ས་ས་ཉཝ། ས་རྒྱ་གསས་སུ།། ཨུ་མྦྷ་ནཱ་བ་དྷཱན་ཁྱུད་བར་སྤྱན་པ་འཆག་འསན་རང་སྐད་སྨྲ ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཏིང་ངེ་འཛིན་རྡོ་རྗེ་ནོར་བུར་ས་སོན་པའི་ཁུ་བའི་བང་བ་འབའི་ཞིག་ལྷན་ཅིག་སྐྱེས་པ་མ་ཡིན་ཏེ། གང་ཡང་དེ་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་གསུངས་པ་ཡིན་ལ། རིགས་སྔགས ་འཆང་གི་གནས་ནི་གང་གི་ཚེ་རྣལ་འབྱོར་པ་ལ་ལུས་ལ་སོགས་པའི་འདུ་ཤེས་གཟུང་བར་བྱ་བ་དང་འཛིན་པར་བྱེད་པ་ལས་ལོག་པ་དང་། དེ་བཞིན་དུ་གང་དུ་རྫས་ཀྱི་རྡོ་རྗེ་ལ་སོགས་པོས་ཕུག་ཅིང་དྲལ་ན་ཡང་ཤ་དང་ཁྲག་གིས་གནོད ་པས་མི་བརྫི་བ་དང་། གང་ལ་བཤང་པོ་དང་གཅི་བ་འབྱུང་བ་མེད་པ་དང་། གང་ལ་སྟུག་པོ་དང་ཞག་དང་ཆུ་སར་དོང་། བར་སྣབས་དང་། བད་ཀན་མེད་དེ་མི་འབྱུང་བ་དང་། གང་ལའང་མི་ཐོགས་པར་འགྲོ་ཞིང་བརྗོད་པ་དང་། ཆགས ་པ་ལ་སོགས་པའི་རིགས་ཅན་གྱི་རྒྱལ་བ་དྲུག་ཏུ་རྟག་པ་གང་ལ་ཡང་མི་འཇུག་པ་དེ་ཉིད་རིག་སྔགས་འཆང་གི་ཁྱད་པར་ཡིན་པར་ངེས་པའི་དོན་དུ་བསྟན་ཏོ།། གང་དེ་ཉིད་རློམ་སེམས་ཐམས་ཅད་དང་བྲལ་བའི་ལྷན་ཅིག་སྐྱེས་པར ་ཡང་བསྟན་ཏོ།། གཞན་ཡང་སྔགས་འཚོཐོག་སློབ་མ་མཆོག་རྣམས་ཀྱི་རྣོ་བའི་ཐུག་པར་ཡང་འདི་ཉིད་བླུགས།། དེ་ཅིའི་ཕྱི་བ་ཞིན་ངོ་བོ་ཉིད་ཀྱི་གནས་པོའི་རང་བཞིན་ཡིན་པའི་ཕྱིར་རོ།། གང་ང་བོ་ཉིད་ཀྱི་གནས་པའི་ཆོས་ནི་ང་བཞི ་གཤེགས་པ་རྣམས་ཀྱིས་ཀྱང་། བཅོས་ཤིང་བསྒྱུར་བར་ཡང་མི་སྤྱོད་པ་དེའི་ཕྱིར་རོ།། རྡོ་རྗེ་སྙིང་པོས་འདི་སྐད་གསོལ།། བཟོད་ནས་རང་བཞིན་མེད་པ་ཡི།། ལུས་ཀྱི་རང་བཞིན་དག་པ་ལ།། ཅི་སླད་འབྱུང་བའི་བདག་ཉིད ་ལགས། ཞེས་བྱ་བ་ནི། འདི་ལྟར་ཕུང་པོ་དང་ཁམས་ལ་སོགས་པ་གཟོད་མ་ནས་རང་བཞི་དོན་གྱིས་དག་པ་ལགས་ན་ཅིའི་སླད་དུ་འབྱུང་བ་དང་། འབྱུང་བ་ལས་གྱུར་པའི་ལྷ་དང་། ལས་དང་ལས་ཀྱི་དབང་པོའི་བྱ་བར་བརྟག་སྟེ། འདི་ནི་ཆོས་ཉིད ་ཀྱི་ཚུལ་དང་། མི་མཐུན་ཞེས་པའི་དོན་ཏོ།། དེ་བཞིན་དུ་རྣམ་པར་འཕྲུལ་པ་བྱིན་གྱིས་བརླབས་པའི་རྒྱུད་ཅེས་བྱ་བ་ལས་ཀྱང་ཇི་སྐད་དུ། སངས་རྒྱས་མཚན་མ་མི་མངའ་ཞིང་།། ཆོས་ཀྱི་སྐུ་ལ་རྣམ་པར་བཞུགསོ།། མཚན་མེད་འདུས་མ་བྱས་པ ་ཡི།། མཚུངས་པ་མི་མངའ་ཆོས་གསུངས་ན།། དཔའ་བོ་ཆེན་པོ་ཅི་སླད་དུ།། མཚན་མར་བཅས་པའི་ཆོ་གཽ་འདི།། གསང་སྔགས་སྤྱོད་པ་སྟོན་པར་མཛད།། འདི་ནི་ཆོས་ཉིད་ཚུལ་མ་ལེགས།། དེ་སྐད་གསོལ་ནས་བཅོམ་ལྡན་འདས།། རྣམ ་པར་སྣང་མཛད་ཆེན་པོ་ཡིས།། དེ་ཚེ་ལག་ན་རྡོ་རྗེ་ལ།། ཆོས་ཀྱི་མཚན་ཉིད་འདི་ཉོན་གསུངས།། ཆོས་འདི་རྟོག་དང་བྲལ་བ་སྟེ།། ཀུ་ན་རྟོག་ཐམས་ཅད་སྤངས་པ་ཡན།། དེ་ལ་སེམས་དང་སེམས་འབྱུང་གི། རྟོག་པ་རབ་ཏུ་སྤོང་བར་འགྱུར།། ། ་ང་ཡིས་ཆོས་སྔོན་སངས་རྒྱས་པ།། དེ་ནི་མཁས་ལས་བྱུང་བ་སྟེ།། ལོག་པར་རྟོག་པའི་སྤྱོད་ཡུལ་བ།། བྱིས་པ་རྣམས་ཀྱིས་མི་ཤེས་སོ།། ཡུལ་དུ་མཚན་མ་ལ་སོགས་པ།། མུན་གྱིས་བསྒྲུབ་པ་རྣམས་འདོད་དོ།། དེ་དག་གཟུང ་བར་བྱ་བའི་ཕྱིར།། ཆོ་ག་འདི་ཡང་བརྗོད་པ་ཡིན།། ཡུལ་མང་དུས་ཀྱང་མེད་པ་སྟེ།། བྱ་བ་མེད་ཅིང་བྱུང་པ་ཡང་།། ཆོས་རྣམས་ཀུན་ལ་ཡོང་མེད་ང།། ཆོས་རྣམས་ཉི་ཚེ་འབའ་ཞིག་གོ། ཞེས་གསུངས་ཏེ། འདི་ལྟར་ཚུལ་མ་ལགས་ཅེས་པ་ཡན་ཆུད ་ཞུ་བའི་ལུང་ཡིན་ལ། དེ་སྐད་གསོལ་ནས་ཅེས་པ་ལ་སོགས་པ་ནི་ལན་གྱི་ལུང་དུ་རྟོགས་པར་བྱའོ།། དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།། མཁའ་འགྲོ་བདེ་བ་སྟེར་བས་གསུངས། ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་ལོ་ལན་གསུངས་པའོ།། རློམ་སེམས་མེད་པའི ་རང་བཞིན་དག། ཐམས་ཅད་ལུས་ལ་རྣམ་པར་གནས།། ཞེས་བྱ་བ་ལ་འདི་ལྟར་ཀྱེ་རྡོ་རྗེ་སྙིང་པོ་གང་བྱིས་པ་རྣམས་ལ་ངས་ཁུ་བའི་གཟུགས་དང་དེའི་ལམ་དང་རླུད་དང་དེའི་ལོམ་དག་སྤྲོས་ཏེ་བསྟན་པ་དེ་ཉིད་ཁོ་ན་རིག་སྔགས་འཆང་གི་སློབ ་དཔོན་མཁས་པ་རྣམས་ལ་གཟོད་མ་ནས་རྣམ་པར་དག་པ་ཁོ་ནས་གནས་ལ། འོན་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཚན་མའི་འདུ་ཤེས་ཁོ་ནས་བཅིངས་ཏེ་གནས་ཅེས་པའི་དོན་ཏོ།། ཀྱི་བཅོམ་ལྡན་འདས་ཅིའི་སླད་དུ་འབྱུང་བ་ཆེན་པོའི་ཕུང་པོ ་ལགས། ཞེས་བྱ་བ་ནི་གོང་དུ་བརྗོད་པ་ཉིད་དེ། ཀྱེ་བཅོམ་ལྡན་འདས་ཆོས་ཐམས་ཅད་གཟོད་མ་ནས་ངག་བཞིན་པ་ལས་གསང་སྔགས་སྤྱོད་པ་རྣམས་ལས་འབྱུང་བ་ཆེན་པོར་བསྟན་པའི་དགོས་པ་ཅི་ལགས། ཅེས་པའི་དོན་ཏོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། བོ་ལ་ཀཀྐོ་ལ་སྦྱོར་ལས།། རེག་པའི་སྲ་བ་ཆོས་ཀྱི་ནི།། ས་ནི་དེ་ལས་འབྱུང་བར་འགྱུར།། བྱང་ཆུབ་སེམས་ནི་ཁུ་བའི་ཕྱིར།། ཆུ་ཡི་ཁམས་ནི་འབྱུང་བར་འགྱུར།། བསྐྱོད་པ་ལས་ནི་དྲོད་སྐྱེ་སྟེ།། གཡོ ་ཕྱིར་རླུང་དུ་རབ་ཏུ་གྲགས།། བདེ་བའི་ཕྱིར་ན་ནམ་མཁའི་ཁམས།། ཅེས་བྱ་བ་ལ། ཀྱེ་རྡོ་རྗེ་སྙིང་པོ་ཆོས་ཐམས་ཅད་དེ་ལྟར་གཟོད་ནུས་དག་པ་ཡིན་གྱིས་ཀྱང་འོན་ཀྱང་། ཀུན་རྫོབ་ཀྱི་དངོས་པོར་རྒྱུ་དང་འབྲས་བུར ་མི་བསླུ་བའི་ཆོས་སུ་གནས་ཏེ། བྱིས་པའི་སྐྱེ་བོ་རྣམས་གང་དུ་གཟུད་པར་བསྟན་པ་སྟེ་གཉིས་སྤྱད་པ་ན། འདི་ལྟ་སྟེ། ལུས་དང་ལུས་སུ་ཕྲད་པ་ལ་སོགས་པ་ན་མ་ཁྲང་བར་གནས་པ་ས་དང་། ས་ལས་ཆུ་སྐྱེ་སྟེ། འདི་ལྟར ་བྱང་ཆུབ་སེམས་དེ་ཉིད་ཆུ་ཡིན་པའི་ཕྱིར་རོ།། སྤྱོད་ཅིང་གཡོས་པ་ལས་དྲོ་བ་འབྱུང་བའི་ཕྱིར་མའོ།། མེ་དང་ཁུ་བ་གཡོ་བའི་ཕྱིར་རླུང་ངོ་།། གོང་དུ་རྟོག་པས་དབེན་དབེན་པའི་བདེ་བ་སྐྱེ་བ་དེའི་ཕྱིར་ན་མཁའོ་ཞེས་པའི་ཐ་ཚིག་གོ། ལྔ ་པོ་རྣམས་སུ་རབ་ཏུ་གནས།། ཤེས་པོ་ནི་སྤྱོད་པ་ལ་སོགས་པའི་དུས་སུ་དེ་ལྟར་འབྱུང་བ་ལྔའི་རང་བཞིན་དུ་ཕྱིར་འབྱུང་བ་ཆེན་པོ་ཡིན་ཞེས་པའི་དོན་ཏོ།། གང་ཕྱིར་འབྱུང་བ་ཆེ་བདེ་བ།། དེ་ཕྱིར་བདེ་བ་དེ་ཉིད་མིན།། ཞེས་བྱ་བ་ནི་འདི ་ལྟར་རྩོལ་བའི་ཤུགས་ཀྱིས་འབྱུང་བ་ཆེན་པོ་ལྔ་རིམ་པར་འབྱུང་བ་དེའི་དབང་གིས་བདེ་བ་དེའི་ཕྱིར་འདི་ནི་འཇིག་རྟེན་པའི་ཀུན་རྫོབ་པ་སྟེ་ཡང་དག་པའི་ལྷན་ཅིག་སྐྱེས་པ་མ་ཡིན་ཞེས་པའི་དོན་ཏོ།། འོ་ན་ཅི་ཞེ་ན། ལྷན་ཅིག་སྐྱེས ་པས་གང་སྐྱེས་པ།། ལྷན་ཅིག་སྐྱེས་པར་དེ་བརྗོད་བྱ།། རང་བཞིན་ལྷན་ཅིག་སྐྱེས་ཞེས་བརྗོད།། ཅེས་བྱ་བ་སྨོས་ཏེ། འདི་ལྟར་བྱ་བ་དང་སྤྱོད་པ་ཀུན་ལས་འདས་པ་དང་། རང་བཞིན་དུ་གནས་པ་ན་མཁའི་མཚན་ཉིད་ཅན་ཁོ་ན ་ལྷན་ཅིག་སྐྱེས་པ་སྟེ། དཀའ་ཐུབ་དཀའ་སྤྱོད་ཀུན་ལས་འདས་ཤིང་རང་བཞིན་དུ་གནས་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ།། རྩ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། ངོ་བོ་ཉིད་དུ་གང་གནས་པ།། དེ་ཉིད་ལྷན་ཅིག་སྐྱེས་པ་སྟེ།། ཡི་གེ་ལས་འདས ་མཚན་ཉིད་ཅན།། ངག་གི་བརྗོད་པའི་ལོ་མ་ལས་འདས།། ཅེས་བྱ་བ་གསུངས་སོ།། རྣམ་པ་ཐམས་ཅད་སྡོམ་གཅིག་པ།། ཕྱག་རྒྱུ་བྱེད་པ་སྤྱང་བའི་ཕྱིར།། རྣལ་འབྱོར་སྙིང་རྗེ་ཐབ་སུ་འགྱུར།། སྟོང་ཉིད་སྙིང་རྟ་མི་ཕྱེད་པ།། དྲུང ་ཆུབ་སེམས་ཞེས་བརྗོད་པར་བྱ།། ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཀྱི་སྡོམ་པའི་བདག་ཉིད་གཅིག་པ་དང་། ལས་དང་ཡེ་ཤེས་ཀྱི་རྒྱུའི་བྱེད་པ་དང་བྲལ་བ་དང་། རྣལ་འབྱོར་པ་ལ་སྙིང་རྗེ་སྟེ་ཐབས་ཀྱི་བདག་ཉིད་ཀྱི་བྱང་ཆུབ་སེམས ་ཀྱི་བདེ་བ་རྒྱུན་མ་ཆད་པར་རྒྱུ་བ་དང་། ནོར་བུའི་སྟོང་པ་དང་བྲལ་བའི་སྙིང་རྗེ་ཐ་མི་དད་པ་དང་། དབྱེར་མེད་པའི་ཚུལ་ཟབ་མོ་གང་ལ། དོནི་ད་མོ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོར་ཡང་བརྗོད་པར་བྱའོ།། ་ཞེས་བྱ་བ་འི་དོན་ཏོ།། ཅི་མངོན་ཞེ་ན། སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་ལ་སྲེག་བླུགས་མེད།། དཀྱིལ་འཁོར་བ་ཡང་ཡོད་མིན་དཀྱིལ་འཁོར་ཡང་ནི་མེད།། དེ་ནི་སྔགས་བཟླས་དཀའ་ཐུབ་དང་ནི་སྦྱིན་སྲེག་དེ།། དེ་ཉིད་དཀྱིལ ་འཁོར་བ་ཡིན་དེ་ཉིད་དཀྱིལ་འཁོར་ཉིད།། མདོ་རུ་བསྡུས་ན་སེམས་ནི་འདུས་པའི་ཚུལ་ཅན་ནོ།། ཞེས་གསུངས་ཏེ། གང་ལ་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་སྐད་ཅིག་ཐམས་ཅད་ཟད་པར་བགྲང་བའི་ཕྱིར་བཟླས་པའོ།། ་འཇིག་རྟེན་པའི་ཆོས་བརྒྱད་ལ་སོགས་པ་ལ་མངོན་པར་ཞེན་པ་མེད་པར་སྤོང་བ་མེད་པའི་ཚུལ་དུ་སྤོང་བའི་ཕྱིར་དཀའ་ཐུབ་བོ།། ཚིག་དང་ཡི་གེ་དང་སེམས་ཀྱི་རྒྱུ་བ་ལ་སོགས་པ་བསྲེག་པའི་ཕྱིར་སྦྱིན་སྲེག་གོ།། རྒྱུ ་བ་དང་ནི་མི་རྒྱུ་བ་མཐའ་དག་གི་སྙིང་པོ་ལ་གནས་པའི་ཕྱིར་དཀྱིལ་འཁོར་བ་དང་དཀྱིལ་འཁོར་རོ།། དེ་ལྟར་ན་སེམས་ཉིད་གཅིག་ཏུ་བསྡུས་ཏེ་སྤྱོད་པ་འདི་ནི་ལྷན་ཅིག་སྐྱེས་པ་ཞེས་བསྟན་ཏོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད ་པ་ལས། དབང་གི་ལེའུ་རྒྱ་ཆེར་བཤད་པ་སྟེ་བཅུ་པའོ།། ། ཁམས་གསུམ་རྣམ་རྒྱལ་རང་བཞིན་པ།། ཞལ་གཅིག་ཕྱག་གཉིས་ལ་བཏུད་དེ།། ལྟ་སྟངས་ལེའུ་ཡི་རྒྱས་བཤད་ནི།། རྡོ་རྗེ་སྙིང་པོས་བཤད་པར་བྱ།། ་རྩོད་པ་རབ་ཏུ་རྒྱས་པའི་དུས་འདི་ན།། འགྲོ་བ་དམ་པ་མ་ཡིན་པ་མང་པོ་རྣམས་འབྱུང་བར་འགྱུར་བས། དེ་རྣམས་ལ་ཁྲོ་བོའི་ཚེ་ལུགས་དང་སྡང་བ་ལྟ་བུས་འདུལ་གྱི་གཞན་དུ་འཇུག་པ་མ་གཟིགས་པས་ཞལ་གཅིག་ཕྱག་གཉིས་པ ་ལྟ་བུ་དང་། ཁམས་གསུམ་རྣམ་པར་རྒྱལ་བ་ལྟ་བུ་དང་། ཧཱ་ལཱ་ཧཱ་ལཱ་ལྟ་བུ་དང་། རྟ་མགྲིན་ལྟ་བུ་དང་། གཤིན་རྗེ་གཤེད་པོ་ལྟ་བུར་སྤྲུལ་པ་མཛད་པ་ཡིན་ནོ།། དེའི་ཕྱིར་ལྷ་སྟངས་ལ་སོགས་པའི་ཁྱད་པར་དང་། དབུགས་ཀྱི་ཁྱད ་པར་དང་། འདུག་སྟངས་དང་ཕྲེང་བ་དང་མ་ཐབ་དང་། སྲེག་རྫས་དང་། ནམ་ཕྱེད་ལ་སོགས་པའི་དུས་ཀྱི་ཁྱད་པར་གསུངས་ལ། དེ་ལས་ཀྱང་འདིར་ནི་ལྟ་སྟངས་དང་། རླུང་གི་ཁྱད་པར་བསྟན་ཏེ། དུས་དང་མེ་ཐབས་ལ་སོགས་པའི ་ཁྱད་པར་རྣམས་ནི་སྦྱིན་སྲེག་གི་སྐབས་དང་། རྒྱུད་རྒྱས་པ་གཞན་དུ་ཤེས་པར་བྱའོ།། མཉམ་པར་མ་རུངས་དཔྲལ་བ་ཅན།། རྟག་ཏུ་བཏུང་བར་བྱེད་པར་བརྗོད།། ཅེས་བྱ་བ་ལ་སོགས་པ་འདིར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་ཆོས་རྣམས་ཀྱི ་ཀྱི་མཚན་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྒྱུད་དེ་དང་དེར་གསུངས་སོ།། དེ་བས་ན་གདུག་པ་གང་ཞིག་འདུལ་བའི་སྦྱོར་བ་ལ་བརྩོན་པའི་རྣལ་འབྱོར་པས་མི་བསྐྱོད་པ་ལྟ་བུའི་སྐུ་མདོག་ཏུ་རང་ཉིད་ལྷག་པའི་ལྷར་བསྒྱུར་ལ། མིག ་གཉིས་དུས་གཅིག་གཅིག་ཏུ་དཔྲལ་བའི་ཕྱོགསུ་བལྟ་བཞིན་དུ་བསྒོམ་པ་དང་། བཟླས་པ་དང་སྦྱིན་སྲེག་བྱས་པས་ལྟུང་བར་འགྱུར་ཏེ། སྟེང་ན་ཞེ་སྡང་གི་རིགས་ཅན་གྱི་སྐུ་བཞུགས་པའི་ཕྱིར་རོ།། དབང་གི་ལྷ་སྟང་གཡོན་ན་གན་ས།། གཡོ ་པ་ན་ནི་གཟུགས་བརྙན་གཉིས།། ཅེས་བྱ་བ་ལ་སྦྱོར་བ་གང་ཞིག་གིས་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པ་ལ་བརྩོན་པའི་རྣལ་འབྱོར་པས། རང་ཉིད་པདྨ་རཱ་ག་ལྟ་བུར་བསྒྱུར་ལ་མིག་གཉིས་དུས་མཉམ་དུ་གཡོན་གྱི་ཕྱོགསུ་བལྟ ་བཞིན་དུ་བསྒོམ་པ་ལ་སོགས་པ་བྱས་པས་འགྲོ་བ་དབང་དུ་འགྱུར་ཏེ། གཡོན་གྱི་ཕྱོགས་ན་པདྨ་རཱ་གེ་ལྟ་བུའི་སྐུ་བཞུགས་པའི་ཕྱིར་རོ།། གཡས་པའི་ཚིལ་དགུག་པ་ཉེ་མེ།། སྟེང་ནས་ཀྱང་ནི་གཟུགས་བརྙན་གཉིས།། ཞེས་བྱ་བ ་ལ་དེ་བཞིན་དུ་འགྲོ་བ་གསུམ་པོ་འོགུགས་པ་ལ་བརྩོན་པའི་རྣལ་འབྱོར་པས། རང་ཉིད་ཉི་མ་འཆར་ཀ་ལྟ་བུའི་སྐུར་བསྒྱུར་ལ་མིག་གཉིས་དུས་མཉམ་དུ་གཡས་ཀྱི་སྟེང་ཕྱོགསུ་ཅུང་ཟད་བལྟ་བཞིན་དུ་བསྒོམ་པ་ལ་སོགས་པ་བྱས་པས ་འགྲོ་བ་གསུམ་པོ་འགུག་པར་འགྱུར་ཏེ། གཡས་ཕྱོགས་ན་ཉི་མ་འཆར་ཀ་ལྟ་བུའི་སྐུ་བཞུགས་པའི་ཕྱིར་རོ།། དབུས་མ་རེངས་པའི་ལྟ་སྟངས་ཉིད།། སྣ་ཡི་རྩེ་མོའི་དབུས་སུ་གཉིས།། ཞེས་བྱ་བ་ལ་དེ ་བཞིན་དུ་འཇིག་རྟེན་གསུམ་པོ་རེངས་པ་ལ་བརྩོན་པའི་རྣལ་འབྱོར་པོས།། རང་ཉིད་གློསེར་བཅོམ་ལྟ་བུའི་སྐུར་བསྒྱུར་ལོ་མིག་གཉིས་དུས་མཉམ་དུ་སྣའི་རྩེ་མོའི་དབུས་སུ་ལྟ་བཞིན་དུ་བསྒོམ་པ་ལ་སོགས་པ་བྱས་པས་འཇིག་རྟེན་གསུམ ་པོ་རེངས་པར་འགྱུར་ཏེ། དབང་ཆེན་སྐུ་གསེར་གྱི་མདོག་ལྟ་བུ་ད་བུ་མ་ནཱ་བཞུགས་པའི་ཕྱིར་རོ།། ད་ནི་ལྟ་སྟངས་པ་ཞིའི་དུས་སུ་བསྒྲུབ་པར་བྱ་བའི་རླུ་དེ་བསྟན་པར་བྱ་བའི་ཕྱིར། འབྱུང་བ་ཉིད་ཀྱི་ལྟུང་བར་བྱེད། ཅེས་བྱ་བ་ལ་ལྟ་སྟངས་དེ ་ཉིད་ཀྱི་དུས་སུ་རིང་གི་སྲོག་འབྱུང་བ་སྟེ་རླུང་ཕྱིར་འབྱུང་བ་བཞིན་དུ་སྦྱོར་བ་ལ་བརྩོན་པར་བྱ་སྟེ། རླུང་ཕྱིར་ཕྱུང་ནས་ལུས་ཅན་ཐམས་ཅད་ཆེའི་དུས་བྱེད་པའི་ཕྱིར་རོ།། བརྔུབས་པ་ཡས་ནི་དབང་དུ་བྱེད། ཅེས་བྱ་བོ་ནི་ལྷ་སྟངས་དེ་ཉིད་ཀྱིས ་དུས་སུ་རང་གི་སྲོག་རླུང་ནང་དུ་བརྔུབ་བཞིན་རིདུ་སྦྱོར་བ་ལ་བརྩོན་པར་བྱ་སྟེ། སྲོག་གི་རླུང་ནང་དུ་གནས་པོས་ཐམས་ཅད་དབང་དུ་འདུས་པའི་ཕྱིར་རོ།། དྲྀ་གང་བ་ཡིས་ནི་འགུགས་པར་བྱེད།། ཅེས་བྱ་བ་ལ། ལྟ་སྟངསཽ་དེ་ཉིད་ཀྱི་དུས་སུ་རང་གི ་སྲོག་རླུང་ཕྱིར་མི་བཏང་བར་བུམ་པ་ཅན་གྱི་སྦྱོར་བས་ནང་དུ་ལེགས་པོར་བཀང་ཞིང་བཟུང་བས་སྦྱོར་བ་ལ་བརྩོན་པར་བྱ་སྟེ། རླུང་ནང་དུ་གནོས་ཤིང་ཕྱིར་འབྱུང་བ་མེད་པ་ཅན་ཀུན་གྱི་བདུད་རྩིའི་རྒྱུན་ཟླ་བ་ལྟ་བུ་འགུགས་པའི་ཕྱིར།། ཞི་བ ་ཡིས་ནི་རེངས་པར་བྱེད། ཅེས་བྱ་བཱ་ལྟ་སྟངས་དེ་ཉིད་ཀྱི་དུས་སུ་རང་གི་སྲོག་གི་རླུང་ཕྱི་ནང་དུ་སྐྱེ་བ་དང་། བརྔུབ་པ་མ་ཡིན་པས་ཇི་ལྟ་བ་བཞིན་དུ་གཞག་ལ་སྦྱོར་བ་ལ་བརྩོན་པར་བྱས་ཏེ། འགྲོ་བ་ཀུན་གྱི་སྲོག་རླུང་གཡོ་བ་དང་བྲལ་བས ་རྙེངས་པར་འགྱུརརོ་བའི་ཕྱིར་རོ།། དེ་ནི་རྣལ་འབྱོར་གྱི་ཚད་བསྟན་པར་བྱ་བའི་ཕྱིར། རློན་པའི་ཤིང་ལ་ལྟུང་བྱེད་ཉིད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟ་སྟངས་བཞི་པོ་རྣམས་བསྒྲུབ་པར་བྱ་བའི་ཕྱིར་བསྒོམ་པ་དང་བཟླས་པ་དང ་སྦྱིན་སྲེགས་ལ་སོགས་པ་ཆོ་ག་བཞིན་བསྒྲུབསོ་ནས། རེ་ཞིག་བེམས་པོའི་རྫས་ཀྱི་དངོས་པོ་རྣམས་ལ་ཉི་མོས་སད་པ་དང་། ཏིང་ངེ་འཛིན་བརྟན་པར་གསུངས་སོ།། དེ་བས་དེའི་ཕྱིར། རློན་པའི་ཤིང་ལ་ལྟུང་བྱེད་ཅིང་། ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ། དེ་ལས་ཁྱད་པར་དུ་གསོད་པའི་སྦྱོར་བ་གོམས་པས་ཐོགས་མར་རེ་ཤིག། ཤིང་ལྗོན་པ་ཡལ་གེ་དང་ལོ་མར་ལྡན་པ་རློན་པར་འདུག་པ་གང་ཞིག་ལ་རྣལ་འབྱོར་པས་རླུང་འབྱུང་བཞི་ན་དུ་བསད་པའི་ལྟ་བས ་བལྟས་པའི་ཚེ་སྙིམ་པར་འགྱུར་བའི་དུས་དེ་ཙམ་ན་མ་རུ་རྨོངས་པ་ལ་ཡང་སྦྱར་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། དབང་ནི་མེ་ཏོག་རབ་ཏུ་གླེགས། ཞེས་བྱ་བ་ནི་དེ་བཞིན་དུ་ལྟ་སྟངས་དང་རླུང་གང་དག་དང་ལྡན་པས་མེ་ཏོག་གང་བ་ལ་བལྟས ་པས་སྐམ་པ་དེ་ནིས་སྦྱར་བར་བྱ་ཞེས་བྱ་བའི་དོན་དོ།། རྡོ་རྗེའི་ཤིང་ལ་འགུགས་པ་ཉིད། ཅེས་བྱ་བ་ནི་དེ་བཞིན་དུ་ལྟ་སྟངས་དང་། རླུང་གོང་དང་ལྡན་པས། བཛྲ་ཏེ་ལ་ཏ་ཞེས་པའི་ཤིང་ཤིན་ཏུ་མཁྲང་ཅིང་རྩུབ་ལ་རྣལ་འབྱོར་པས་བལྟས ་བ་ན། འབྲས་ཀྱི་སྙེམ་ལེགས་པར་སྨིན་པ་ལྟར་དགུག་པར་གྱུར་པ་ན་སྦྱར་བར་བྱ་ཅེས་པའི་དོན་ཏོ།། གཡོ་བཅས་རྩལ་རེངས་བྱེད་ཉིད། ཅེས་པ་ནི་འདི་ལྟར་ལྟ་སྟངས་དང་རླུང་གང་དག་དང་ལྡན་པས་སྦྲང་བུ་མཐོན ་པོ་དང་། རི་བོ་ལ་སོགས་པའི་རྩེ་མོ་གང་དག་དང་ལྡན་པས་སྒང་བུ་མཐོན་པོ་དང་ན་སྐྱེས་པའི་རྩ་ཕྲ་མོ་ཤིན་ཏུ་མཉེན་པ། རྟའི་རྔ་མའི་ཉག་མ་ཙམ་ལ་རླུང་གིས་བསྐྱོད་ན་ཆེར་གཡོ་བའི་བདག་ཉིད་ཅན་ལ་རྣལ་འབྱོར་པས་བལྟས་པ་ན ་རླུང་ལ་སོགས་པས་མི་སྒུལ་བ་ན་སྦྱར་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། འདིའོ་ངེས་པ་ནི་རྩ་བའི་རྒྱུད་ལས་ཇི་སྐད་དུ། སྲོག་རླུང་བྱང་ཆུད་ཀྱི་སེམས་དང་ལྡན་པ་རྣལ་འབྱོར་རང་གི་ལུས་ལ་གསོད་པར་ནུས་པ་དང་། དེ་བཞིན་དུ ་སྲོག་གཉིས་པོ་རང་ལ་དབང་དུ་གྱུར་པ་དང་། རང་གི་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་འགུགས་ནུས་པ་དང་། དེ་བཞིན་དུ་སྲོག་གཉིས་པོ་རེངས་པར་བྱས་ཏེ་མི་གཡོ་བ་ནི་ཕྱི་ནང་གི་བདག་ཉིད་ཅན་ལ་འཁོར་ལོ་ལྟར་བསྐོར ་གྱི། གཞན་དུ་འཇིག་རྟེན་པའི་བཞེད་གད་དུ་འགྱུར་བས་མི་བྱ་བ་ནི་ངེས་པའོ།། ད་ནི་སྦྱོར་བ་གྲུབ་པའི་དུས་བསྟན་པའི་ཕྱིར་གསུངས་པ། ཟླ་དྲུག་གོམས་པོའི་སྦྱོར་བ་ཡིས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། འདི་ལ་འཁྲུལ ་པར་མི་བྱ་སྟེ།། སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། ཅེས་བྱ་བ་གསུངས་ཏེ། ཟླ་བ་དྲུག་ཏུ་རྒྱུན་མ་ཆད་པར་གནས་པས་མཐར་འཁོད་དེ་ཡན་ལག་དྲུག་གིས་བླ་མོའི་བཀའ་ལྟར་བྱས་ནས་འགྲུབ་པར་འགྱུར་བའོ།། ཟླ་བ་དྲུག ་ཅེས་པའི་སྒྲ་འདི་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོངས་གི་ཆོསུ་གསུངས་སོ།། དེ་ལྟ་བས་ན་གང་གིས་དང་པོར་རང་གི་ལུས་ལ་རྣམ་པ་བཞི་པོ་བསྒྲུབས་ནས་སེམས་ཅན་གདུལ་བར་བྱ་བ་དག་ནི་དེ་བཞིན་གཤེགས་པའི་ངེས་པ་ཡིན་པས་འདི་ལ ་འཁྲུལ་པ་དང་དོགས་པ་སྤང་ངོ་ཞེས་བྱ་བའི་དོན་ཏོ།། ལྷ་སྟངས་བཞི་རྣམས་བསྒྲུབས་ནས་ནི།། མཁས་པས་སེམས་ཅན་གཟུང་བར་བྱ།། འདི་དག་བསད་པར་མི་བྱ་སྟེ།། དམ་ཚིག་ངེས་པར་ཉམས་པར་འགྱུར།། ཞེས་བྱ་བ་ནི་འདི་ལྟར ་བསད་པ་ལ་སོགས་པའི་ལས་གང་དག་གསུངས་པ་དེ་དག་སེམས་ཅན་གདུལ་བའི་ཕྱིར་རེ་ཞིག་སྐྲག་པར་བྱ་བ་ཡིན་ལ་དེས་འཇུག་པར་ཡང་འགྱུར་ཏེ། གཞན་དུ་ནི་ངེས་པར་གཏན་དུ་གསད་ན་ཕྱག་རྒྱ་ཆེན་པོའི་དམ་ཚིག་ཉམས་ཏེ། ་མནར་མེད་པར་འགྲོ་བར་འགྱུར་རོ།། དེ་བས་ན་ངེས་པའི་དོན་དུ་ལས་རྣམ་པ་བཞི་པོ་རང་གི་ལུས་ལ་བསྒྲུབ་པར་གསུངས་སོ།། དེ་ཡང་འདི་ལྟར་སེམས་ཅན་བསླུ་བ་སྤངས་ནས་ནི།། བྱ་བ་མ་ཡིན་ཐམས་ཅད་བྱ།། སེམས་ཅན་གནོད་པ ་ཙམ་གྱིས་ནོ།། ཕྱག་རྒྱའི་དངོས་གྲུབ་རྙེད་མི་འགྱུར།། ཞེས་གསུངས་ཏེ་འདི་ལྟར་བསད་པ་ལ་སོགས་པའི་ལས་ལྟ་ཅི་སྨོས་ཀྱི་གང་ལ་བསླུ་བར་བྱ་བའི་ཐབས་ཉེ་བར་གཟུང་སྟེ་གནས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བསླུས་པ་གང ་ཡིན་ལ། དེས་དམ་ཚིག་ཉམས་ཏེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཕྱག་རྒྱའི་གྲུབ་པ་ལས་ཉམས་པར་འགྱུར་རོ།། ཞེས་པའི་དོན་ཏེ།། དེ་ནི་སྒྲུབ་པ་པོ་རྣམས་ལ་བཟའ་བ་དང་བསྲུང་བ་ལ་སོགས་པའི་དམ་ཚིག་བསྟན་པར་བྱ་བའི་ཕྱིར། ་དེ་རུ་དམ་ཚིག་བཟའ་བྱ་བ།། ན་དང་གཱ་ཧ་དང་པོ་དང་།། མཐའ་མའི་ཤྭ་དང་དང་པོའི་ཤྭ། ཀྱེའི་རྡོ་རྗེའི་དངོས་གྲུབ་ཕྱིར།། བདུད་རྩི་ལྔ་ཡང་དེ་བཞིན་བཟའ།། ཞེས་བྱ་བ་ལ་ཀྵེའི་རྡོ་རྗེའི་དམ་ཚིག་ལ་གནས་པ ་རྣམས་ཀྱིས་ཕྱི་ནང་གི་བྱེ་བྲག་གིས་ཕྱེ་ལ་བཟའ་བ་དང་བསྲུང་བ་བྱའོ།། དེ་ལ་སྐྱེས་བུའིརི་མིང་གི་དང་པོའི་ཡི་གེ་ནའོ།། གང་གི་བ་ལང་གི་མིང་གི་དང་པོའི་ཡི་གེ་གེའོ།། ཧ་ནི་གླང་པོ་ཆེའི་མིང་གོ་དང་པོའི་ཡི་གེའོ།། ཤཱ་ནི་རྟའི་མཐའ་མའི ་མིང་གི་ཡི་གེའོ།། དེ་བཞིན་དུ་ཤ་ནི་ཁྱིའི་མིང་གི་དང་པོའི་ཡི་གེའི།། རྫ་སཽ་འདི་རྣམས་མཉམ་པར་བྱས་ལ་མཐེ་བོའི་ཚིག་བདུན་ཙམ་གྱི་རིལ་བུ་བྱས་ཏེ་སྦྱང་བ་དང་། སྤེལ་བ་དང་སྦར་བ་དང་བདུད་རྩིར་བྱས་ཏེ་ཟོས་པས་ཕྱིའི་དངོས ་གྲུབ་ཏུ་འགྱུར་ལ། དེ་བཞིན་དུ་གང་གི་གོ་ལ་སོགས་པའི་མིང་ཅན་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་ལས་བཟློག་སྟེ་གནས་པར་གསུངས་པས་མཆོག་གི་གྲུབ་པར་འགྱུར་རོ།། དེ་བཞིན་དུ་བདུད་རྩི་ལྔ་སྟེ། བི་དང་མུ་དང་མོ་དང ་ར་དང་ཤུ་རྣམས་ཀྱང་ཕྱི་ནང་གིས་ཕྱེ་ལ་སྤྱད་པར་བྱ་བ་དེ་བཞིན་གཤེགས་པའི་བཀའ་ལུང་ངོ་།། ཀྱེ་རྡོར་ལས་གསུངས་མཚན་ཉིད་ལྡན།། སྐྱེ་བ་བདུན་པ་དེ་ནས་མཚོན།། ཁྱད་པར་དགའ་བ་ལ་སྨོད་པ།། ལ་ནི་བདུན་པ་ནི་འགྲུབ་པར ་འགྱུར། ཞེས་བྱ་བའི་དྲང་བ་དང་ངེས་པ་རྣམས་མངོན་དུ་བསྟན་པ་ཡིན་ལ། འོན་ཀྱང་ཇི་ལྟ་བའི་སྐྱེ་བ་བདུན་པའི་མཚན་ཉིད་མ་བསྟན་པ་གསལ་བར་བསྟན་པར་བྱ་བའི་ཕྱིར། སྐད་སྙན་མིག་ནི་སྡུག་པ་དང་།། ལུས་ལ་དྲི་ལྡན་གཟི། ་བརྗིད་ཆེ།། དེ་ཡི་གྲིབ་མ་བདུན་དུ་འགྱུར།། མཐོང་ནས་རྣལ་འབྱོར་བ་ཡིས་མཚོན།། ཞེས་བྱ་བ་གསུངས་ཏེ། གང་ཞིག་མི་མོ་ལ་ལ་དག། སྐད་ཀྱི་ང་རོ་མཛེས་པ་དང་།། མིག་དཀྱུས་རིང་ལ་པ། ར་ནག་འབྱེས་པ་དང་། ལུས་ལ་གླུ་ཎྜཱི་ལྟ་བུ ་དང་། ག་པུར་ལྟ་བུའི་དྲི་དང་ལྡན་པ་དང་། དེ་བཞིན་དུ་གཟི་བརྗིད་ཆེ་བ་དང་། གྲིབ་མ་བདུན་འགྱུར་གང་ལ་ཡོད་པ་དེ་ནི་སྐྱེ་བ་བདུན་པར་མཚན་ཅིང་རྟོག་པར་བྱས་ལ། དེ་ལྟ་བུ་རྙེད་ནས་རྣལ་འབྱོར་པས་རྒྱོ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ ་བྱས་ཏེ་ཟོས་པས་མཁའ་ལ་སྤྱོད་པར་འགྱུར་ཞིང་བསྐལ་པ་དཔག་ཏུ་མེད་པར་འཚོལ་དེ་ལྟ་བུའི་རྣམ་པར་སྨིན་པའི་ལུས་ཀྱིས་ནི།། གང་དག་མཚམས་མེད་པོ་བྱས་པ་དང་། གང་གིས་ཆོས་དབྱིངས་ཀྱི་བདེ་བ་ཁྱད་པར་དུ་གྱུར་པ་ལས་བཤུད ་བ་ཡང་ལུས་དེ་ཉིད་ཀྱིས་འདག་པར་གསུངས་སོ།། དེ་བས་ན། དོན་ཟོས་པ་ཙམ་གྱིས་ཀྱང་།། སྐད་ཅིག་ལ་ནི་མཁའ་སྤྱོད་འགྱུར། ཞེས་གསུངས་པ་ཡིན་ནོ།། ད་ནི་རིགསུ་མཛད་པའི་ལྷ་མོའི་སྒྲུབ་པ་བརྗོད་པར་བྱ་བའི་ཕྱིར། ཀུ་རུ་ཀུལླེའི་སྒྲུབ ་ཐབས་བཤད་པར་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་འདི་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ། སྲིད་པ་གསུམ་པོ་ཆགས་པས་རྨོངས།། དེ་དག་གཟུད་པར་བྱ་བའི་ཕྱིར།། བཅོམ་ལྡན་ཀྱེ་ཡི་རྡོ་རྗེ་ཡིས།། མོ་གཟུགས་འཇིག་རྟེན་དབང་དུ་མཛོད།། ཙོས ་གསུངས་ལ། བཅོམ་ལྡན་འདས་ཉིད་སྐུ་མདོག་ཆགས་པ་དམར་པོའི་ཚུལ་དུ་བསྟན་ནས་འགྲོ་བ་བཅུག་པ་ཡིན་ནོ།། གོང་དུ་བརྟག་པ་བཅུ་གཉིས་ལས།། རྒྱས་པར་གསུངས་པ་མདོ་རུ་བསྡུ།། ཞེས་བྱ་བ་ལ། བསྲུང་བའི་འཁོར་ལོ་དང ་གཞལ་ཡས་ཁང་དང་། བདུན་པོ་འཕྱང་བ་དང་། ཡེ་ཤེས་ལྔས་བསྐྱེད་པ་ལ་སོགས་པ་རྣམས། སྔོན་དུ་ཀྱེའི་རྡོ་རྗེ་ཉིད་སྒྲུབ་པའི་དུས་སུ་ཇི་སྐད་བསྟན་པ་བཞིན་བསྒྲུབས་ལ་གནས་པ་ཡིན་ལ། འདིར་ནི་ལྷ་མོའི་ས་བོན་དང་། ་མདོག་དང་། ཕྱག་མཚན་དང་། གདན་གྱི་གནས་ཙམ་ཞིག་བསྟན་པར་ཤེས་པར་བྱའོ།། ལྷ་མོ་ཧྲཱིཿཡིག་ལས་བྱུང་བ། ཁ་དོག་དམར་ཞིང་ཕྱག་བཞི་མ།། ཕྱག་ན་བསྣམས་པ་མདའ་དང་གཞུ།། དེ་བཞིན་ཨུཏྤལ་ལྕགས་ཀྱུ་འཛིན།། འདི་ནི ་བསྒོམ་པ་ཙམ་གྱིས་ནི།། འཇིག་རྟེན་གསུམ་པོ་དབང་དུ་བྱེད་ཅེས་བྱ་བ་ལ་ཁྱད་པར་དུ་སོའི་རྡོ་རྗེ་བསྐྱེད་པའི་ས་བོན་ནི་ཧཱུཾ་ཡིན་ལ། དེ་བཞིན་དུ་བདག་མེད་མ་ལ་སོགས་པ་བསྐྱེད་པ་ཨཾ་གྱི་ཡི་གེ་ཡིན་ཏེ་འདིའི་ནི་ཧྲཱིཿལས་བསྐྱེད་ཅིང་ཞལ་ནས ་ཧཱུཾཥྚྲྀའི་སྒྲ་སྒྲོགས་པའི་བདག་ཉིད་དེ། དང་པོ་ཧྲཱི། ཡིག་ཡོངས་སུ་གྱུར་པ་ལས། ཨུཏྤ་ལ་དང་། དེར་དེ་བཞིན་གཤེགས་པ་རྣམས་བསྟིམ་པི་ལས། ལྷ་མོ་དམར་མོ་ཕྱེད་དཀྲུང་ཅན་ཕྱག་བཞིའི་དང་པོ་གཉིས་ནི་ཨུཏྤ་ལའི་གཽནུ་དང་མངའ་བསྣམ ་ཤིང་། ཨུཏྤ་ལ་དང་ལྕགས་ཀྱུ་འཛིན་པ། སྐྱེ་ལ་མི་མགོ་བརྒྱ་ཕྱེད་ཀྱི་དོ་ཤལ་དང་། དབུ་རྒྱན་ལ་དུམ་བུ་ལྔ་དང་ཐར་ཚུགས་ཟླ་བ་ཕྱེད་པ་དང་། དབུས་སྐྲ་དམར་པོ་གྱེན་དུ་འགྲེང་པོ་དང་ལྡན་པ་སྟེ། འདི་ལྟ་བུར་མོས་པས། ཨོཾ་ཀུ་རུ་ཀུལླེ ་ཧྲཱིཿསྭཱ་ཧཱ། ཞེས་བཟླས་པ་དང་ལྡན་པའི་ཡིད་ལ་བྱེད་པས་ཟླ་བ་དྲུག་གིས་འགྲུབ་པར་འགྱུར་རོ།། དེ་ལ་ཡི་གེའི་གྲངས་ཀྱི་འབུམོ་གྱིས་ཆོ་ག་བཞིན་དུ་བཟླས་ན་ཐར་པ་ངེས་པར་བསྐྱེད་པར་བྱེད་དེ་སྦྱིན་སྲེག་བཅུ་ཆར་བྱའོ།། དེ་ལ་ཕལ ་པའི་དབང་དུ་བྱས་པ་ནི་འདི་ལྟ་སྟེ། འབུམ་ཕྲག་གཅིག་གིས་རྒྱལ་པོ་རྣམས། ཁྲི་ཡི་འཇིག་རྟེན་ཕལ་པ་ཉིད།། བྱེ་བས་ཕྱུག་དང་གནོད་སྦྱིན་སོགས།། བདུན་འབུམ་གྱིས་ནི་ལྷ་མིན་རྣམས།། འབུམ་ཕྲག་གཉིས་ཀྱིས་ལྷ་མན་རྣམས་ཉིད། ་བརྒྱ་ཕྲག་གཅིག་གིས་སྔགས་འཆང་རྣམས། ཞེས་པ་ནི་དབང་དུ་བྱེད། ཅེས་ཚིག་ཏུ་སྦྱར་ཏེ་ཐམས་ཅད་དུ་སྦྱིན་སྲེག་བཟླས་པའི་གྲངས་ཀྱི་བཅུ་ཆར་བྱ་ཞིང་། ལྟ་སྟངས་དང་སྲོག་གི་ཀུན་དུ་སྤྱོད་པ་དང་ལྡན་པར་བསྒྲུབས་ན་འགྲུབ་ལ ་གཞན་དུ་ན་འཇིག་རྟེན་པའི་བཞད་གད་དུ་འགྱུར་རོ།། དེ་ལ་ཀུ་ནི་བདེ་བ་ཆེན་པོའོ།། རུ་ནི་ལོངས་སྤྱོད་རྫོགས་པའོ།། ཀུས་ནི་ཆོས་སོ།། ལླེས་ནི་སྤྲུལ་པ་ཡིན་པར་ཤེས་པར་བྱད་དེ་ལྟར་བསྟན་པའི་རིམ་པ་ཡིས་འགྲོ་བ་འདུལ་བར་འགྱུརརོ།། ་དེ་ནི་ཇི་སྐད་དུ་པདྨ་རིགས་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱང་། འདོད་ཆགས་མངོན་ཤེས་བསྐྱེད་ནས་ཀྱི་ང་།། རང་མཉམ་བཞག་པས་བསྒོམས་ནས་སུ།། མངོན་ཤེས་ལྕེར་ནི་བདག་འགྱུར་ནས།། ་དེདག་པའི་དངོས་གྲུབ་ཐོབ་འགྱུར་ཞེས།། བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས།། ཞེས་གསུངས་ལ། དེ་བཞིན་དུ་པདྨ་རིགས་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་ཅེས་བྱ་བ་ལས་ཀྱང་ཇི་སྐད་དུ། འཇིག་རྟེན་དབང་ཕྱུག ་ཏིང་འཛིན་གནས།། དེ་བཞིན་ཆོས་ཀྱི་ཕྱག་རྒྱ་ལས།། བྱང་ཆུབ་ཆེན་པོའི་ཡེ་ཤེས་འདི།། བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར་ཞེས། བཅོམ་ལྡན་སྤྱན་རས་གཟིགས་ཀྱིས་གསུངས། ཞེས་གསུངས་པའི་ཕྱིར། འགྲོ་བ་འདུལ ་བ་ལ་བརྩོན་པ་རྣམས་ཀྱིས་ལྷ་མོ་འདི་ལ་བསྒྲུབ་པར་བྱའོ།། ཀྱེརི་རྡོ་རྗེའི་མཁའ་འགྲོ་མ་དྲ་བའི་སྡོམ་པ་ཞེས་བྱ་བ་ལ་ཀྱེ་དང་རྡོ་རྗེ་ཞེས་བྱ་བ་ནི་གོང་དུ་རྒྱས་པར་བསྟན་ལ། མཁའ་འགྲོ་མ་ཞེས་བྱ་བ་ནི་ནམ་མཁའ་ལྟ ་བུ་རི་ཏིང་ངེ་འཛིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དྲ་བ་ནི་ཚོགས་ཏེ་དེ་རྣམས་མང་བ་ལ་བྱའོ།། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་བརྟག་པ་ཞེས་བྱ་བ་ཀྱེའི་རྡོ་རྗེ་རྩེ་བའི་རྒྱུད་འབུམ་ཕྲག་ལྔ་ཡང་བརྟག་པ་གཉི་སུ་གནས་ཏེ ་དང་པོར་རྡོ་རྗེ་སྙིང་པོས་ཞུས་པའི་རྟག་པ་དང་། ཕྱི་ནས་བདག་མེད་མས་ཞུས་པའི་བརྟག་པ་ཡིན་ལ། བསྡུས་པའི་རྒྱུད་འདིར་ཡང་དེ་ལྟར་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡན་ཆད་ཕ་ལ་ཚར་རྡོ་རྗེ་སྙིང་པོས་ཞུས་པ་ལ་དགོངས་པ་ཡིན་གྱི ་དངོས་སུ་ནི་རྡོ་རྗེ་སྙིང་པོ་ལ་བརྟེན་པ་མ་ཡིན་ཏེ། འདི་ལྟར་རྡོ་རྗེ་སྙིང་པོ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་སྡུད་པར་སྣང་ཞིང་ཞུ་བ་པོ་དང་། གསང་བའི་བདག་པོ་ཞེས་ཀྱང་བསྟན་ཅིང་ལུང་བསྟན་ཏེ། ་དེ་བས་འདིའི་ཚིག་ནི་ཕལ་ཚེ་བ་ལ་དགོངས་པའོ།། བརྟག་པ་གཉིས་པ་ལ་ཡང་མ་ཞུས་པ་ནི་མེད་དོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། ལྟ་སྟངས་དང་། ཀུ་རུ་ཀུལླེའི་བསྒྲུབ་པའི་བཤད་པ་སྟེ་ལེའུ་བཅུ་གཅིག ་པའི་བཤད་པ་དང་། རྒྱས་པར་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་རྟག་པ་དང་པོའི་རྒྱ་ཆེར་བཤད་པ་མ་ལུས་པ་རྫོགས་པར་བསྟན་པའོ།། ། ཁང་སྟོང་སྐུ་ནི་མི་མངའ་ལ།། རྡོ་རྗེ་ལྟ་བུའི་སྐུ་ལུས ་ཅན།། ཀྱེ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ།། མ་རིག་ཐིབས་པོས་ནོན་པ་ཡི།། འཇིག་རྟེན་གསུམ་པོ་འདི་མཐོང་ནས།། བདག་གི་སྙིང་ནི་འཛག་པར་འགྱུར།། དེ་ཕྱིར་རབ་གནས་ལེའུ་ཡི།། རྒྱས་བཤད་རྡོ་རྗེ་སྙིང་པོས་བྲི།། ད་ནི་བརྟག་པ་གཉིས ་པའི་རྒྱ་ཆེར་བཤད་པ་བསྟན་པར་བྱ་བ་ཡིན་ལ། དེ་ལས་ཀྱང་དང་པོར་རབ་གནས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ལེགས་པར་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས ་ཤེས་པ་ནི་བཅོམ་ལྡན་འདས་ལ་བོད་པའོ།། རྡོ་རྗེ་སྙིང་པོ་བདག། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅོད་ཀྱི་གསུང་གཅིག་ཏུ་བསྡུས་པའི་བདག་ཉིད་ཀྱི་རྡོ་རྗེ་སྙིང་པོ་བདག་སྟེ། དངོས་སུ་ན ་དུས་གསུམ་གྱི་དེ་བཞིན་གཤེགས་པས་གནང་ཞིང་བསྟོད་པ་གསང་བའི་བདག་པོ་ཡིན་ཞེས་པའི་དོན་ཏོ།། རབ་གནས་མཚན་ཉིད་བཟང་པོ་ཉིད།། རིམ་པ་ཇི་བཞིན་པ་ཤད་དུ་གསོལ།། ཞེས་བྱ་བ་ནི་སྔོན་དུ་བཾཅོམ་ལྡན་འདས ་ཀྱིས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་དོན་དུ་དཀྱིལ་འཁོར་གསུངས་པའི་རབ་ཏུ་གནས་པ་ཇི་ལྟར་བགྱི་ཞེས་པའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་གསུངས་སྦྱིན་སྲེག་བྱས་ནས་ནི།། དཀྱིལ་འཁོར་དམ ་པ་བཞེངས་པ་དང་། ཞེས་བྱ་བ་ལ་རེག་སྔགས་འཆང་གི་སློབ་དཔོན་གྱིས་སློབ་མིའི་དོན་དང་། དེ་ལས་གཞན་པའི་གླེགས་བམ་དང་། སྐུ་གདུང་དང་། རས་ཀྱི་གཟུགས་ལ་རབ་ཏུ་གནས་པར་བྱེད་འདོད་པས།། སྔོན་དུ་རྒྱས་པ ་པ་ལ་སོགས་པའི་སྦྱིན་སྡུག་བྱས་ལ།། དེ་ནས་རིགས་དང་མཐུན་པའི་རྡུལ་ཆེན་ཐའོ།། དེ་ནས་སྟ་གོན་ལ་གནས་པར་བྱའོ།། ནམ་མཁའི་ཁམས་ལ་བཞུགས་པའི་སངས་རྒྱས་རྣམས་རབ་གནས་ཀྱི་གན ་ལ་བསྟིམ་པར་བྱས་ལ། རབ་ཏུ་གནས་པའི་གཞི་དེ་སྦྱངས་ཏེ། དེ་ནས་སྨྲ་བར་སྐུ་གཟུགས་སྦྱང་བར་བྱའོ།། སྟ་གྲོན་ལ་གནས་བྱས་ནས་ནི།། ན་མཁར་བཞུགས་པའི་སངས་རྒྱས་ཀུན།། སྐུ་གཟུགས་སྙིང་ཁར་རབ་ཏུ་བཞུག། ཅེས ་གསུངས་ཏེ། འདིའི་ངེས་པའི་དོན་ནི་རྩ་བའི་རྒྱུད་ལས་ཇི་སྐད་དུ། བླ་མེས་ག་ནང་པོའི་སྟ་གོན་ལོ།། ལུས་ཀྱི་དཀྱིལ་འཁོར་དབུས་གནས་ཏེ།། བདག་གི་ལྔ་ཕུང་སྦྱིན་སྲེག་ནས།། ཁུ་བའི་གཟུགས་ཀྱི་སངས་རྒྱས་བསྟིམ།། བདག་གི ་ལྔ་ཕུང་ལྷ་གཟུགས་སྦྱང་།། རབ་ཏུ་གནས་ལ་བྱིན་རླབས་མཆོག། ཡུལ་དུ་གནས་ཤིང་བྱིན་རླབས་ཆེ།། མཆོག་གི་རབ་ཏུ་གནས་པའོ།། ཞེས་གསུངས་ཏེ་ངེས་པའི་དོན་ཏོ།། རང་འདོད་ལྷ་མཉམ་རྣལ་འབྱོར་པ།། རབ་མཐོང་སྔགས ་ཀྱིས་ཕ་རོལ་སོན།། ཞེས་བྱ་བ་ནི་ཚུལ་ཇི་ལྟར་རབ་ཏུ་གནས་པ་བྱས་ནས་རང་གི་འདོད་པའི་ལྷ་ཀྱེའི་རྡོ་རྗེ་དང་མཉམ་ལ། སྔགས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པའི་རྣལ་འབྱོར་པ་ཡིན་ཞེས་བྱ་བའི་དོན་ཏོ།། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། ་ཞེས་པ་ནི་མེ་ཏོག་གིའོ།། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། སྭཱ་ཧཱ། སྤོས་ཀྱིའོ།། ཨོཾ་བཛྲ་དཱི་པ་ཨཱཿཧཱུཾ་སྭཱ་ཧཱ། མར་མེའིའོ།། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། དྲིབའོ།། ཨོཾ་བཛྲ་ནཻ་བི་དྱེ་ཨཱ~ཾཿཧཱུཾ་སྭཱ་ཧཱ། ཞལ་ཟས་ཀྱིའོ།། སྣ ་ཚོགས་ཧཱུཾ་ལས་རྫོགས་པ་དང་།། མེ་ཏོག་ལ་སོགས་དབུལ་བ་ཉིད།། གོང་མ་རྒྱུད་ཀྱི་ཆོ་གའི་རིམ།། མཆོད་ཡོན་ཞལ་བསིལ་གོང་བཞིན་དབུལ། ཞེས་བྱ་བ་ལ་རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབས་ཤིང་དབུལ་བར་བྱ་བ་དེ་བཞིན་གཤེགས ་པ་དེ་ཡིན་ལ། ངེས་པའི་དོན་ནི་ཇི་སྐད་དུ་རྩ་བའི་རྒྱུད་ལས། ཡིད་འོང་ཉི་ཟླ་འི་མེ་ཏོག་དང་།། རལ་པ་མེད་པའི་ཚུལ་ཁྲིམས་སྤོས།། བདེ་བ་གསལ་བས་མར་མེ་ཡིན།། བདེ་བས་ཚིམ་པས་དྲི་ཡི་མཆོག། ལུས་ངགྲ་ཡིད་གསུམ ་བདེ་རྒྱས་པ།། ཏིང་འཛིན་ཟས་ཏེ་ཞལ་ཟས་མཆོ་ག། འཇམ་ཞིང་སྙན་པར་སྨྲ་བ་དང་།། རང་སྲོག་སྒྲ་ནི་སིལ་སྙན་སྒོ།། ཞེས་གསུངས་པ་ནི་ངེས་པའི་དོན་ཏོ།། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་མ་ཤོར་བར་བསྟེན་པའི་བདེ་བའི་ཁྲུས ་དང་། དེ་ཉིད་ཀྱིས་བདེ་བའི་གནས་སུ་ཁྲིད་པའི་ཕྱིར་ཞབས་བསིལ་བ་ཡིན་ནོ།། ད་ནི་སྦྱིན་སྲེག་བསྟན་པའི་ཕྱིར།། ཞི་བར་ཐབ་ཁུང་ཟླུམ་པོ་ཉིད།། དཔྲལ་བར་ཆུ་ཡི་དཀྱིལ་འཁོར་རོ།། རྒྱས་པ་ཉིད་ཀྱི་གྲུ་བཞི་ནི།། ལྟ་བར་ས་ཡཾ ་དཀྱིལ་འཁོར་རོ།། བསད་པ་ལ་ནི་གྲུ་གསུམ་ཉིད།། གཙུག་གི་འཁོར་ལོ་ན་མཁའི་རང་བཞིན་ནོ།། འདི་ཉིད་ལ་ནི་ལྷག་མ་བསྒྲུབས་ཤེས་པ་ནི་དབང་ལ་མགྲིན་པ་མེའི་རིགས་ལའོ།། ཁྲུ་གང་དང་ནི་ཁྲུ་ཕྱེད་ཉིད།། ཞི་བའི་སྟེང་དང ་འོག་ཏུ་ཡིན། ཞེས་པ་ནས། བསད་པོའི་སྣོང་དང་འོག་ཏུའོ།། ཞེས་པ་ནི་སྒྲ་ཇི་བཞིན་དུ་བསྟན་པ་སྟེ་ངེས་པའི་དོན་ཡོད་པར་མ་གསུངསོ།། ད་ནི་ཁ་དོག་གི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། ཞི་བར་ཁ་དོག་དཀར་པོར་འགྱུར།། རྒྱས ་ལ་སེར་པོ་དེ་བཞིན་ནོ།། བསད་པ་ལ་ནི་ཁ་དོག་གནག། དབང་ལ་དམར་པོ་རབ་ཏུ་གྲགས། ཞེས་བྱ་བ་ལ་ཕྱིར་ནི་ལས་ཀྱི་བྱེ་བྲག་ལས་ཁ་དོག་བྱེ་བྲག་ཏུ་བྱ་ཞེས་ཀྱང་གསུངས་ལ་དེ་བས་ན་སྐབས་འདིར་མེ་ཐབ ་ཐམས་ཅད་ཁ་དོག་དེ་ལྟར་བསྒྱུར་བར་བྱའོ།། དེ་བས་ན་འཁོར་ལེ་བཞིའི་བྱེ་བྲག་ལས་ཁ་དོག་ཐ་དད་པར་བྱའོ།། དེ་བས་ན་ཞི་བ་དཀར་པོ་ཆུའི་བསམ་གཽ་ཏ་ན་དཔྲལ་བའོ།། རྒྱས་པ་སེར་པོ་སའི་བསམ་གཏན་ལྟེ་བར་རོ།། བསད་པ་ནག་པོ ་ནམ་མཁའི་བསམ་གཏན་ནི་གཙུག་ཏོར་དུའོ།། དབང་དམར་པོ་མེའི་བསམ་གཏན་ནི་མགྲིན་པར་རོ།། དེ་ལྟར་ན་དབང་བཞིན་དུ་དགུག་པ་དང་གསད་པ་བཞིན་དུ་སྣང་བ་ལ་སོགས་པ་ལ་ཐབ་ཀྱི་ཁ་དོག་དང་དབྱིབས་ཐ་མི་དད་པར་བྱའོ་ཞེས ་པའི་དོན་ཏོ།། ད་ནི་སྲེག་རྫས་ཀྱི་བྱེ་བྲག་བསྟན་པར་བྱ་བའི་ཕྱིར། ཞི་ལ་ཏིལ་དང་རྒྱས་ལ་ཞོ།། བསད་ལ་ཚར་མ་དེ་བཞིན་ནོ།། སྡང་ལ་སོགས་པའང་ཆེར་མ་ཡིན།། དབང་དང་དགུག་པ་ཨུཏྤ་ལ། ཞེས་བྱ་བ་ལ་དེ་ཡང་རིམ་པ་བཞིན།། ། ་ཞི་བ་ལ་དང་པོ་ཏིལ་བསྲེག་གོ། རྒྱས་པ་ལཾ་དང་པོའི་ཞི།། བསད་པ་ལ་དང་པོར་ཚེ་རོ་མ་ཅན་གྱི་ཤིང་བསྲེག་གོ། དེ་བཞིན་དུ་སྡང་བ་ལ་སོགས་པ་ལ་དང་པོར་ཚེར་མ་ཅན་ནེ།། དབང་དང་དགུག་པ་དང་པོ་རཽ་ཨུཏྤ་ལ་བསྲེག། ལྷག་མ ་ནི་གཞན་དང་མཐུན་ནོ།། ཨཾ་ཨགྣ་ཡེ། མ་ཧཱ་ཏེ་ཛ། སརྦྦ་ཀཱ་མ་པྲ་སཱ་དྷ་ཀཿཀ་རུ་ཎེ་ཀྲྀ་ཏ་སརྦཱཪྵ། ཨསྨིན་སིནྣི་ཧི་ཏོ་བྷ་བེ། ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མེ་ལྷ་སྤྱན་དྲང་བའི་སྔགས་སོ།། ནང་དུ ་ནི་ལྟེ་བ་ནས་སྤྱན་དྲང་བའོ།། མ་མ་རིན་ཆེན་སྣ་ཚོགས་འཛིན།། ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པའི།། ལྷ་མོ་ཁྱོད་ནི་དབང་དུ་འགྱུར།། ཆེ་གེ་མོ་བདག་དཀྱིལ་འཁོར་འབྲི།། ཞེས་བྱ་བ་ནི་ཐོག་མར་སྦྱིན་སྲེག་གིས་བཙལ་བའི་དུས་སུ་ས་ནང ་མེད་པ་དང་ས་འོ་ལྷ་མོ་ལ་གཟུ་དབང་གསོལ་བའི་ཚིག་གོ། སཱནྨཉྩེ་པ། པཱ་རཱུ་རྱཱཉྩ། ས་དྷི་ཏཾ་གཙྪ་ཏོ་བྱཱ་བྷཱུ།། ཨཱ་ག་མི་ཥྱ་སི། ཡ་ཐཱ་ཀཱ་ལེ། སརྦ་སིདྷི་ཀུ་རུ་ཤྱཱ་མཽ། ཞེས་པ་ནི་བདག་དང་གཞན་གཉིས་ཀའི་དོན་སྒྲུབ་པའི ་སྒོ་ནས་མེས་དགྱེས་པར་བྱ་བའི་བསྟོད་པའོ།། ཛཿཧཱུཾ་བཾ་ཧོཿ་ཁ་རཾ། ཨཾ་ནི་རཽ་ཧཱུཾ་ཁཾ། ཨོཾ་དྷ་དྷ་ཞེས་པ་ལ་སོགས་པའི་སྔགས་རྣམས་ནི་རིམ་པ་བཞིན། མཆོད་ཡོན་དང་ཞབས་བསིལ་དང་ཞལ་ཟས་རྣམས་ཀྱི་ཡིན་ཏེ ་ཕྱི་དང་ནང་གིས་དབྱེ་བར་བྱའོ།། ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བ་སྡོམ་པའི་ངེས་པའི་དོན་ནི་སྔོན་དུ་བཤད་ཟིན་ཏོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས་བརྟག་པ་གཉིས་པའི་རབ་གནས་ཀྱི་ལེའུའི་རྒྱ་ཆེར་བཤད་པ ་སྟེ་དང་པོའོ།། །། འདོད་ཆགས་ཞེ་སྡང་གཏི་མུག་དང་། སྲེད་དང་ཕྲ་དོག་འཇོམས་མཛད་པའི།། ཐུབ་པ་སྐྱེས་མཆོག་ལ་བཏུད་ནས།། དངོས་གྲུབ་གཏན་ལ་འབེབས་པ་ཡི།། ལེའུ་གང་གིས་རྒྱས་པར་བཤད།། སེམས ་ཅན་སྡུག་བསྔལ་མུན་འཐོམས་ལ།། དེ་ཡི་རྒྱ་ཆེར་བཤད་པ་ནི།། རྡོ་རྗེ་སྙིང་པོས་བྲི་བར་བྱ།། ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ལེའུ་གང་གིས་ལེགས་པར་སྟོན་པ་དེ་བཤད་པར་བྱའོ།། རྡོ་རྗེ་སྙིང ་བོས་གསོལ་པ། ན་མཁའ་ལྟ་བུའི་ཆོས་རྣམས་ལས།། རྒྱ་མཚོའི་ཀུ་བ་ཇི་བཞིན་དུ།། རང་འདོད་ལྷ་ཡི་གཟུགས་ལས་ནི།། སེམས་ཅན་ཇི་ལྟར་འགྲུབ་པར་འགྱུར།། ཞེས་བྱ་བ་ལ། ཀྱེ་བཅོམ་ལྡན་འདས་ཀྱིས ་ཐོག་མ་དང་ཐ་མ་དང་བར་ཐམས་ཅད་དུ་ཆོས་རྣམས་ནམ་མཁའ་ལྟ་བུའོ།། ཞེས་ཡང་དང་ཡང་དུ་གསུངས་ལ།། བདག་གིས་ཀྱང་ཁོང་དུ་ཆུད་ལགས་ན། འགྲོ་བ་འདི་དག་ནི་རང་གི་རྣམ་པར་རྟོགས་པས་བསྐྱེད་དེ། དཔེར་ན་རྒྱ ་མཚོ་ཆེན་པོ་ལ་ཀུ་བ་སྟེང་པ་དག་སྐྱེས་བུ་འགའ་ཞིག་གིས་དོར་ནས་ས་ཕྱོགས་ཤིག་ཏུ་མི་གནས་པར་འཕྱོ་བ་ལྟར། རང་རང་གི་རྣམ་པར་རྟོག་པས་བསྐྱེད་དེ་གནས་པ་འདི་དག་གིས་ཇི་ལྟར་བསྒྲུབས་ན་འགྲུབ་པར་འགྱུར་ཞེས་ཞུས ་པས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་མེད་རྣལ་འབྱོར་ལྡན་པ་འམ།། ཡང་ན་ཧེ་ར་ཀྵ་དཔལ་བརྩེན།། གཞན་གྱི་སེམས་ཀྱིས་སྐད་ཅིག་ཀྱང་།། དངོས་གྲུབ་འདོད་པས་མི་གནས་སོ།། ཞེས་བྱ་བ་གསུངས་ཏེ། ་ཀྱེ་རྡོ་རྗེ་སྙིང་པོ་དེ་ལྟར་ཡིན་གྱིས་ཀྱང་། ལས་ཀྱི་དང་པོ་ལ་གནས་པའི་རྣོལ་འབྱེར་པས་གོང་དུ་བསྟན་པའི་དཀྱིལ་འཁོར་དུ་ཞུགས་ལ། བསྐྱེད་པ་ལྷའི་ང་རྒྱལ་གྱི་དུས་དང་། དེ་ཡོངས་སུ་རྫོགས་ནས་བདག་མྱེད་མའི་རྣལ་འབྱོར་ལ ་གནས་པར་བྱས་ན་ངེས་པར་ཀྱེའི་རྡོ་རྗེར་འགྱུར་རོ།། དེའི་ཕྱིར་དངོས་གྲུབ་འདོད་པས་རིམ་པ་གཉིས་ལ་བརྟེན་པ་མ་གཏོགས་པ་གཞན་གྱི་སེམས་ཀྱིས་སྐད་ཅིག་ཀྱང་མི་གནས་སོ།། ཞེས་བྱ་བ་གསུངས་སོ།། དེ་ཡང་ལས་ཀྱི ་དང་པོ་བས་ཐོག་མར་རེ་ཞིག་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་མངོན་པར་ཞེན་པས་གནས་ལ། དེ་མཐར་གྱུར་པ་ན་བདག་མེད་མའི་རྣལ་འབྱོར་ལ་བསླབ་པར་བྱའོ།། བདག་མེད་མ་དེ་ཡང་ཇི་ལྟ་བུ་ཞིག་སྙམ་པ་ལ། ཇི་ལྟར་ན་མཁའི ་ཕྱོགས་རྣམས་ཀྱི།། ཀུན་ལའང་རྟག་པར་མི་གནས་པ།། དེ་བཞིན་ཆོས་རྣམས་ཐམས་ཅད་ལ།། གསང་སྔགས་མགོན་པོ་མི་གནས་སོ།། ཇི་ལྟར་དངོས་རྣམས་ནི་མཁའ་ལ།། གནས་ཤིང་རྟག་ཏུ་རྣམ་སྣང་ཡང་།། དེ་ནི་གནསུ་མི་འགྱུར ་གསང་སྔགས་མགོན་པོའང་དེ་བཞིན་ནེ།། ནམཁའ་དུས་གསུམ་ལ་སོགས་དང་། ཇི་ལྟར་འབྲལ་བར་འདོད་པ་བཞིན།། དེ་ལྟར་གསང་སྔགས་མགོན་པོ་ཡང་།། དུས་གསུམ་མེད་ཀྱང་རྣམ་པར་སྣང་།། མིང་ཙམ་དུ་ནི་གདག ་པའི་གནས།། བྱེད་པ་པོ་ལ་སོགས་དང་འབྲལ།། ནམ་མཁའ་ལ་ནི་ཐ་སྙད་དུ།། མཁས་པ་རྣམས་ནི་འདོགས་པར་བྱེད།། མིང་མ་གཏོགས་པར་ཅུང་ཟད་ཀྱང་།། ཡོད་པ་མ་ག་ཏ་ཡིན་ན་མཁའ་བཞིན།། དེ་བཞིན་གསང་སྔགས་དབང ་ཕྱུག་ཀྱང་།། ཐ་སྙད་ཙམ་དུ་སྣང་བར་ཟད།། མེ་དང་ཆུ་དང་རླུང་མ་ཡིན།། ས་དང་ཉི་ནའང་མ་ཡིན་ཞིང་།། ཟླ་བ་ལ་སོགས་གཟའ་ཀུན་མིན།། ཉིན་པར་དང་ནི་མཚན་མོའང་མིན།། སྐྱེ་བ་དང་ནི་དགའ་བའང་མིན།། འཆི་བ་དང་ནི་རྒུད་པ་ལ། ་མི་ནི།། སྐད་ཅིག་མ་ཡིན་ཡུད་ཙམ་མིན།། ལོ་ལ་སོགས་པ་ཡང་མ་ཡིན།། འཇིག་པ་དང་ནི་འཆགས་པ་དང་།། བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན།། དགེ་དང་མི་དགེ་ལས་བྱུང་བའི།། འབྲས་བུའང་ཡོད་པ་མ་ཡིན་ནོ།། ཀུན ་མཁྱེན་གོ་འཕང་འདོད་པ་ཡིས།། རྟོག་པ་རྣམ་པ་སྣ་ཚོགས་ལ།། དེ་ཀུན་གང་ལ་མེད་འགྱུར་བ།། དེ་ལ་རྟག་ཏུ་བརྩོན་པར་བྱ།། ཞེས་གསུངས་སོ།། དེ་བས་ན་བདག་མེད་མའི་རྣལ་འབྱོར་འདི་ལྟ་བུ་ལ་དུས ་རྟག་ཏུ་གནས་པར་ནུས་པ་རྣམས་ཀྱིས་དུས་རྟག་པར་ཀྱེའི་རྡོ་རྗེ་མཐོང་བ་ཡིན་ནོ།། དང་པོར་གོམས་པར་བྱེད་དུས་ཀྱིས།། གནས་ནི་གང་དུ་བསྔགས་པའི་སེམས།། གཅིག་ཏུ་མཉམ་གཞག་འགྲུབ་འགྱུརརོ་བའི།། གནས་ནི ་བཟང་པོར་ངེས་པར་བསྟན།། ཞེས་བྱ་བ་ནི། ལས་ཀྱི་དང་པོ་བས། དང་པོར་རྒྱལ་པོ་དང་རྐུན་པོ་དང་དག་ལ་སོགས་པས་བར་དུ་གཅོད་པར་འགྱུར་པ་དེའི་ཕྱིར། གནས་དབེན་པ་བཙལ་བར་བྱས་ལ་དེར་རྩི་གཅིག་པ་ནི།། དེ ་བཞིན་གཤེགས་པའི་ངེས་པའོ།། རང་གི་ཁྱིམ་དུ་མཚན་དུས་སུ།། བདག་ཉིད་གྲུབ་པའི་སེམས་ཀྱིས་ནི།། རྣལ་འབྱོར་མ་བསྒོམ་ཤེས་རབ་ཅན།། ཡང་ན་ཧེ་རུ་ཀཱ་དཔལ་གཟུགས།། ཞེས་བྱ་བ་ལ་མཚན་མོ་ལྟར་རྣམ་པར ་རྟོག་པས་ཟབ་པ་སྐྱེད་པར་བྱེད་པའི་རང་གི་སྡུག་མའང་རུང་སྒོམ་པའི་གནསུ་ཁྲིད་ལ་གནས་པར་བྱ་བ་འམ། ཡང་ན་ཧེ་རུ་ཀ་དཔའ་བོའི་ཚུལ་དུ་རང་ཝས་བྱུང་བའི་བདག་མེད་མ་དང་གནས་པར་བྱ་ཞེས་པའི་དོན་ཏོ།། དེ་ལྟར ་ན་མདོར་བསྡུ་བའི་ཚུལ་དུ་གསུངས་པ་འདི་ལྟ་སྟེ། རྐང་པ་འཁྲུད་དང་ཟ་བ་དང་། ཞེས་པ་ནས། ཤེས་རབ་བརྟུལ་ཞུགས་ཅན་ཉིད་ཀྱིས། ཞེས་བྱ་བི་རེ་བར་གྱིས་གསུངས་སོ།། མདོར་ན། གང་གང་ཉེ་བར་དམིགས ་པབ་ནི།། དེདེ་ཀྱེ་ཡི་རྡོ་རྗེར་བྱ།། དེ་ལས་གཞན་པའི་ཚུལ་གྱིས་ནི།། ཡུད་ཙམ་ཡང་ནི་གནས་མི་བྱ། ཞེས་བྱའོ།། རྣལ་འབྱོར་མ་ནི་རྣམ་པར་བསྒོམ།། ཞེས་བྱ་བ་ནི། གོང་དུ་བསྟན་པའི་ཤེས་རབ་འབྱོར་མའོ།། ཅིའི་ཕྱིར་སྟོང་པའི་བདག ་ཉིད་ལ་ཤེས་རབ་ཅེས་གདགས་ཞེ་ན། ཇི་སྐད་དུ། ཤེས་རབ་ངེས་འབྱིན་ཞེས་བྱ་བ།། ཏིང་ངེ་འཛིན་ཞེས་གྲགས་པ་སྟེ། དེས་ནི་ཕྱག་རྒྱ་མྱུར་འགྲུབ་པར།། བསྒྲིམས་ན་མྱུར་དུ་འགྲུབ་པོར་འགྱུར། ཞོས་གསུངས་སོ།། ་དེ་བས་ན་ཚུལ་གཞན་གྱིས་ནི་སྐད་ཅིག་ཀྱང་། གདུག་པའི་སེམས་ནི་མི་རིག་པས།། དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར།། མཁས་པས་འབད་དེ་མི་གནས་སོ་ཞེས་གསུངས་པས་གོ་བར་བྱ་སྟེ་འདིས་ནི་སངས་རྒྱས་ཀྱི ་ཆོས་ཐམས་ཅད་བརྩོན་འགྲུས་ལ་རག་ལས་པར་བསྟན་ཏོ།། དེ་ལ་སྐལ་པ་དང་ལྡན་པ་གང་ལགས།། བསྐྱེད་པའི་རྣལ་འབྱོར་རྫོགས་ཏེ། ཡང་དག་པའི་ཤེས་རབ་ཀྱི་མེ་ཡན་ལག་དྲུག་གི་དང་པོ་སོ་སོར་སྡུད་པས་བསྡུས ་ཏེ། གོམས་པར་བྱེད་པ་ན་མཚན་མ་འདི་དག་འབྱུང་བར་འགྱུར་ལ། གལ་ཏེ་ཡང་དག་པའི་ལམ་མི་འདོད་། འོན་ཀྱང་ལྷོད་མོའི་ཕྱིར་ཡང་ཟླ་བ་ཕྱེད་དམ། ཡང་ན་ཉོན་མཚན་གཅིག་ཏུ་དམིགས་པ་རྩེ་གཅིག་ཏུ་ཞོག་ལ ་བལྟོས་ཞེས་གསུངས་ཏེ། འདི་ལྟར། བསམ་གཏན་ཉིན་མོངས་འཇིག་བྱེད་པ།། རྡོ་རྗེ་སྙིང་པོ་ང་ཡིས་བཤད།། བརྩེ་བས་དངོས་གྲུབ་དོན་དུ་ཡང་།། ཟླ་བ་ཕྱེད་དུ་ཡོངས་སུ་རྟོགས།། ཞེས་པ་ལ། བག་ལ་ཉལ ་བའི་མདའི་དུག་མཐའ་དག་འཇིག་པའི་བདག་མེད་པའི་བསམ་གཏན་འདི་ངས་བསྟན་ཏེ། ཀྵེ་བརྩེ་བའི་བདག་ཉིད་ཅན་གྱི་རྡོ་རྗེ་སྙིང་པོ་ལྟད་མའི་ཕྱིར་ཡང་ཟླ་བ་ཕྱེད་དུ་རྟོགས་ཞེས་པའི་དོན་ཏོ།། དེ་སྟེ་ཟླ་བ་ཕྱུང ་དུ་འབད་པ་མི་བྱེད་པ་དེ་ལྟ་ན་ཡང་། བསམ་པ་ཐམས་ཅད་ཡོངས་སྤངས་ཏེ།། ལྷ་ཡི་གཟུགས་སུ་སེམས་པ་ཡིས།། རྒྱུན་མི་འཆད་པར་ཉིན་མཚན་གཅིག། བསྒོམ་པས་ཡོངས་སུ་བརྟག་པར་གྱིས།། ཞེས་གསུངས་ཏེ། ་བདག་མེད་པའི་རྣལ་འབྱོར་འདི་ལ་ཟླ་བ་ཕྱེད་དུ་འབད་པའི་སྐལ་བ་མེད་པ་རྣམས་ཀྱིས་ཉིན་མཚན་གཅིག་ཙམ་དུ་ཡང་དམིགས་པ་གཞན་ལ་རྩོལ་བ་ཡོངས་སུ་བཏང་སྟེ། སྟོང་པ་ཉིད་གང་ལ་སེམས་རྩེ་གཅིག་པར་བཞག་ན་ཡིད་ཆེས ་པའི་ལམ་གྱི་རྟགས་འབྱུང་བར་འགྱུར་ཏོ། སོ་སོར་སྡུད་པས་བསྡུས་པ་རྣམས་ལ་ཡིན་གྱི་གཞན་དུ་ན་དེ་བཞིན་གཤེགས་པའི་བཀའ་ལ་བྱིས་པ་ཤེས་རབ་འཆལ་པ་དག་བརྙས་པར་འགྱུར་རོ།། དེ་བས་ན་སོ་སོར་སྡུད་པའི་ཏིང་ངེ་འཛིན་ལས ་གཞན་པས་བསམ་པ་ཐམས་ཅད་སྤངས་པས་ཉིན་མཚོན་གཅིག་བསྒོམས་པས་ཡིད་ཆེས་པ་འབྱུང་ཆེད་དོ།། རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། འཁོར་བར་ཐབས་གཞན་ཡོད་མ་ཡིན། ཞེས་བྱ་བ་ནི། ངེས་པའི་དོན་དུ་ཏིང་ངེ་འཛིན ་འདི་ལས་གཞན་གྱི་དོན་མི་འགྲུབ་ཅེས་པའི་དོན་ཏོ།། རིག་མ་ལ་ནི་ཅིག་གོམས་བྱས་པས།། འཕྲལ་དུ་ཡིད་ཆེས་བྱེད་པ་ཉིད། ས་བྱ་བས་ནི་དེ་ལྟ་བུའི་ཏིང་ངེ་འཛིན་ཉོན་མོངས་པ་ཐམས་ཅད་འཇིགས་པར་བྱེད་པ་ཡང་། བླ་མའི ་བཀའ་དྲིན་གྱིས་མི་མོ་རེ་ཤིག་ཤེས་རབ་ཀྱི་མིང་དུ་བཏགས་པ་ལས་མཚོན་པར་འགྱུར་གྱི། གཞན་དུ་རྙེད་པའི་སྐལ་བ་མེད་ཅེས་པའི་དོན་ཏོ།། དེ་ལྟར་མངོན་དུ་རྙེད་དེ་ཕྱིས་ཡོངས་སུ་དོར་ནས་ལྷའི་གཟུགསུ་དམིགས་པའི་མི ་དག་ལ་འདི་ལྟ་སྟེ། འཇིགས་སྤྲོ་དེ་བཞིན་སྡུག་བསྔལ་དང་།། མྱ་ངན་གདུངས་པས་གཙེས་པ་དང་།། འདོད་ཆགས་ཞེ་སྡང་གཏི་མུག་ཆེས།། སྒྲུབ་པ་པོ་ལ་ཉོན་མོངས་མིན།། ཞེས་གསུངས་ཏེ་འཇིག་རྟེན་པའི་ཆོས་ཀྱིས་ཀུན་ནས ་མནར་བར་མི་འགྱུར་བའོ།། ག་ཞན་ཡང་དེ་བཞིན་དུ། ཕན་དང་གནོད་པའི་འདས་འབྱུང་བར།། དེ་ལྟར་ངེས་པར་ཤེས་པའི་ཕྱིར།། རྣལ་འབྱོར་པ་རྣམས་ངུ་འབོད་དུ།། སྐད་ཅིག་གཅིག་ཀྱང་ཅི་ཕྱིར་གནས།། ཞེས་གསུངས་ཏེ།། ་རང་བཞིན་གྱི་དག་པའི་ཆོས་སུ་རྟོགས་པ་ལ་ངུ་འབོད་དང་མནར་མེད་པར་ཇི་ལྟར་འགྲོ་བར་འགྱུར་ཏེ། དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ་ཞེས་པའི་དོན་ཏོ།། དེ་བཞིན་གཞན་ཡང་ཆོས་གང་ལ་གནས་ན། མཚམས་མེད་ལྔ་ནི ་བྱེད་པ་དང་།། སྲོག་ཆགས་གསོད་ལ་གང་དགའ་དང་། གཞན་ཡང་སྐྱེ་བ་དམན་པ་དང་།། རྨོངས་དང་མ་རུངས་ལས་བྱེད་དང་།། གཟུགས་ངན་ཡན་ལག་མ་ཚང་བ།། བསམས་ན་དེ་དགའ་འགྲུབ་པར་འགྱུར། ཞེས་གསུངས་ཏེ། ་མི་དེ་དག་རྣམས་ཀྱིས་ཀྱང་བདག་མེད་མ་བསྒོམས་ན་ངེས་པ་ཁོ་ནར་ཀྱེའི་རྡོ་རྗེའི་དངོས་གྲུབ་འཐོབ་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། གཞན་དག་ལས་ཀྱང་འདི་ལྟ་སྟེ། གདོལ་པ་སྨྱིག་མ་མཁན་ལ་སོགས།། ་མཚམས་མེད་ལྔ་ནི་བྱེད་པ་པོ།། སྔགས་ཀྱི་སྤྱོད་པས་རྗེས་སྤྱད་ནས།། སྐྱེ་བ་འདི་ཉིད་སངས་རྒྱས་འགྱུར། ཞེས་གསུངས་པ་ཡིན་ནོ།། དེ་ཡང་ལས་ཀྱི་དང་པོར་གཏོགས་པ་རྣམས་ཀྱིས་དང་པོར་བླ་མའི་རྗེསུ ་འཇུག་པའི་དུས་སུ།། དགེ་བ་བཅུ་ལ་གོམས་པ་དང་།། བླ་མ་ལ་གུས་དབང་པོ་དུལ།། ང་རྒྱལ་ཁྲོས་ལས་རྣམ་པ་གྲོལ།། དེ་ནི་རེ་ཞིག་ངེས་འགྲུབ་འགྱུར།། ཞེས་བྱ་བས་བསྟན་ཏེ་འདི་ལྟར་དང་པོར་གསོ་སྦྱོང་བསྟན་པར་བྱ་ཞེས་པོ ་ལ་སོགས་པས་འཇུག་པའི་དུས་གོ་བར་བྱ་ཞིང་། བླ་མའི་རྗེས་སུ་འཇུག་པ་དག་རྒྱུད་ལས་གསུངས་པ་ལྟར་སྒྲུབ་པ་དང་། རྩ་བའི་ལྟུང་བ་མི་འབྱུང་བ་ལ་ངེས་པར་འགྱུར་ཞིང་སྣོད་དང་ལྡན་པ་ཡིན་ནོ་ཞེས་གསུངས་པས། ཐོག་མར ་དེ་དག་རེ་ཞིག་བསླབ་པར་བྱའོ།། དེའི་རྗེས་ལ་འཇིག་རྟེན་པའི་བྲིས་པ་རྣམས་གཟུང་པ་ཞེས་བྱ་བ་ལ་བསླབ་སྟེ། གནས་ལ། ཡང་ཕྱི་ནས་རྡོ་རྗེ་སློབ་དཔོན་གྱིས་ཡོངས་སུ་བརྟགས་པ་འམ་ཡང་ན་ལྷ་ཡིས་ལུང་བསྟན་པའི་ལས ་ཀྱིས་ཕྱག་རྒྱ་གཟུང་བར་བྱ་སྟེ། བྱིས་པ་གཟུང་བའི་དུས་སུ། རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས།། མཉམ་པར་བཞག་པས་དངོས་གྲུབ་འཐོབ།། ཟླ་བ་གཅིག་ཏུ་སྤངས་ལ་སྤྱད།། ཇི་སྲིད་ཕྱག་རྒྱ་མ་རྙེད་པར།། ཞེས་བྱ་བ་གསུངས ་ཏེཕྱག་རྒྱའི་གནང་བ་མ་རྙེད་པ་དེ་སྲིད་དུ་གོང་དུ་བསྟན་པ་རྣམས་མཉམ་པར་བཞག་པས་གསོང་ལ་བསྒྲུབ་བོ་ཞེས་གསུངས་ལ། དེ་ཡང་ཟླ་བ་འམ་ལོ་ལ་སོགས་པའི་བར་དུ་སྟེ་ཐ་མ་ཡང་ཟླ་བ་གཅིག་གི་བར་དུ་བསླབ་པོར་བྱ་བ་ནི་ངེས ་པའོ།། གནང་བ་རྙེད་འགྱུར་སྔགས་པ་ལ།། རྣལ་འབྱོར་མ་ཡིས་བསྟན་པར་བྱ།། ཕྱག་རྒྱ་ཆེག་མ་ཁྱེར་ལ།། སེམས་ཅན་དོན་གྱི་རྡོ་རྗེ་འཛྲིམ།། ཞེས་བྱ་བ་ལ་སོགས་པ་གལ་ཏེ་རྨི་ལམ་དུ་བསྟན་པ་འམ། ཡང་ན་སློབ་དཔོན་གྱིས་ལེགས ་བར་བརྟག་པ་གཟུང་ལ་འཇུག་པར་བྱའོ།། དེས་སེམས་ཅན་གྱི་དོན་དུ་འགྱུར་པོ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། རྙེད་པ་དེ་ཡང་མིག་ཡངས་མོ།། གཟུགས་དང་ལང་ཆོས་རྣམ་པར་བརྒྱན།། སིཧླ་ག་པུར་ཡང་དག་ལྡན།། བྱང་ཆུབ ་སེམས་ཀྱིས་རྣམ་པར་སྦྱང་། ཞེས་གསུངས་ཏེ་ཕྱག་རྒྱའི་མཚན་ཉིད་བསྟེན་པ་ཡིན་ཏེ། འདི་ལྟར་མིག་དཀར་དམར་འབྱེས་པ་ལ་ཅུང་ཟད་ཡངས་པ།། རྐེད་པ་རྡོ་རྗེ་ལྟར་འདུག་ལ་ལོ་བཅུ་གཉིས་སམ་ཡང་ན་བཅུ་དྲུག་ལོན་པ་ཁྲག་འབྱུང ་བའི་དུས་ལ་བབ་པ་བྱང་ཆུབ་སེམས་ཀྱི་བདེ་བ་ལ་དགའ་བ། དེ་བཞིན་དུ་ཕྱག་རྒྱ་དེ་ཡང་སྦྱང་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་བཅུག་པས་སྤྱད་པ་ནི་ཕྱི་ནས་ཡིན་ལ། སྔོན་དུ་ནི། དགེ་བ་བཅུ་ལས་བརྩམས་ནས་ནི།། དེ་ལ་ཆོས་ནི་རབ་ཏུ་བསྟན།། ལྷ ་ཡི་གཟུགས་སུ་བསམ་པ་དང་།། དམ་ཚིག་སེམས་ཀྱང་གཅིག་པ་ཉིད།། ཅེས་བྱ་བ་གསུངས་ཏེ། འདི་ལྟ་སྟེ། མི་མོ་གང་ཞིག་མ་སྦྱངས་པར།། ཀྱེ་ཡི་རྡོ་རྗེ་ལ་སྦྱོར་བ།། དམ་ཚིག་ཉམས་ཏེ་བརླག་འགྱུར་བས།། དེ་དག་སྦྱང་ཕྱིར་ཆོས ་བསྟན་བྱ། ཞེས་གསུངས་སོ།། དེ་བས་མི་མོ་ལེགས་པར་བསླབས་ཏེ། བདག་མིད་མར་བསམས་ལ། དབེན་པའི་གནས་སུ་ཁྲིད་ངོ་། འཛག་པའི་བདེ་བ་ལ་བསློབ་པ་ནི་ཟླ་བ་གཅིག་གི་མཐར་རོ།། དེ་བས་རྟོག་པ་ཐམས་ཅད་སྤངས་པ་ཡི།། ་གང་ཞིག་མི་མོ་མཆོག་རྙེད་ན།། ཟླ་བ་གཅིག་གི་སྐལ་ལྡན་པར།། འགྱུར་བར་འདྲིར་ནི་ཐེ་ཚོམ་མེད།། ཅེས་བྱ་བ་ལ། འདི་འདྲའི་མི་མོ་ལེགས་རྙེད་ནས།། བས་མཐའ་དག་ཏུ་གནས་བྱས་ལ།། བཟའ་བཏུང་རྣམ་མང ་སྟ་གོན་བྱ།། གླུ་དང་སིལ་སྙན་གར་དང་ནི།། ལུས་ལ་རྒྱན་ལེགས་གདགས་པ་དང་།། མེ་ཏོག་དག་དང་དྲི་དང་ནི།། བཟང་པོའི་གནས་པས་ལེགས་བཀོད་ལ།། ཡང་དག་ཡེ་ཤེས་སྣང་བར་བྱ། ཞེས་བྱའོ།། ཡང་ན་བདག་གི་ནུས ་པ་ཡིས།། ལྷ་དང་ལྷ་མིན་མི་རྣམས་དང་།། གནོད་སྦྱིན་མི་འམ་ཅི་ལས་ཀྱང་།། ཕྱག་རྒྱ་བཀུག་ལ་བརྟག་པར་བྱ།། ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་གྲུབ་པ་བསྒྲུབ་པའི་ཕྱིར།། ལྷ་མོ་ལྷ་མཽན་བུ་མོ་འམ།། མི་ཡི་བུ་མོ་རྣམ་པ་བཞི།། ་སྔགས་ཀྱིས་ཀུན་ནས་བཀུག་ནས་ནི།། ས་ཡི་དཀྱིལ་འཁོར་ཀུན་ཏུ་སྤྱད།། དེ་ཡི་སྐོལ་ལྡན་རྣལ་འབྱོར་པ།། ཕྱག་རྒྱ་གྲུབ་པར་གདོན་མི་ཟ།། མི་གཙང་རུལ་པ་དྲི་ང་བའི།། མི་མོའི་ལུས་ནི་ཡོད་མ་ཡིན།། ཞེས་བྱ་བའི་ཐ་ཚིགོ ་དེ་ཡང་ཁྱེར་ལ་སྤྱོད་པར་བྱ།། བདག་གི་དལ་བ་མངོན་དུ་བྱས།། གང་བཤད་འཇིགས་པའི་གཟུགས་ཅན་གྱི།། སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས།། ཡིད་ནི་བརྟན་ནམ་གཡོ་འམ་ཅི།། རང་གི་སེམས་ལྔ་སོ་སོར་བཽརྟག། ཅེས་བྱ། ་བ་ལ། འདི་ནི་བྱིས་པ་བརྐམ་ཆགས་ཅན།། ཆང་ལ་བག་མེད་དུ་སྤྱོད་པ།། བདུད་རྩིའི་བཏུང་བ་རྣམ་པར་སྤོང་།། འགྱུར་བའི་བད་ལ་རབ་ཏུ་ཞེན།། སྔགས་དང་ཕྱག་རྒྱས་འཚོ་བ་སྒྲུང་།། དེ་དག་ཕྱིར་མིན་སྤྱོད་པ་འདི།། དབང་དང ་ཀུན་ཏུ་སྤྱོད་པ་དག། རང་སེམས་བརྟན་པའི་རྒྱུ་རུ་གསུངས།། གང་དག་ཐ་སྙད་ཙམ་གཅིག་ལ།། བརྟེན་ཏེ་མི་དགེའི་ལས་བཅུ་སྤྱོད།། དེ་དག་འགྲོ་བ་ཅི་འདྲ་བ།། འདྲེན་པ་ཡིས་ཀྱང་ག་ལ་རྟོགས།། ཞེས་པའི་དོན་ཏོ།། ད་ནི་མ་འོངས ་པའི་བྱིས་པ་རྣམས་ལ་དབང་པོ་གཉིས་ཀྱིས་འགྱུར་པས་སངས་རྒྱས་པར་བསྟན་པ་ལ། བུད་མེད་རྣམས་ཀྱིས་དབང་དང་སྤྱོད་པོ་སྤྱད་པར་བྱ་བ་སྟེ། ཇི་ལྟར་ན་ཕྱག་རྒྱ་ནང་གི་ཕྱག་རྒྱའི་དངོས་གྲུབ་དང་སྤྱོད་པ་བསྟན་པར་བྱ་བའི ་ཕྱིར་སྨོས་པ། རྡོ་རྗེ་སྙིང་པོས་གསོལ་པ། བདག་མེད་རྣལ་འབྱོར་ལྡན་པ་ཡིས།། ཕྱག་རྒྱ་ཉིད་ཅེས་ཅི་ལྟར་བརྗོད།། ཕྱག་རྒྱ་ཕྱག་རྒྱ་གཉིས་དག་གིས།། ཕྱག་རྒྱའི་དངོས་གྲུབ་ཇི་ལྟར་འགྱུར། ཞེས་བྱ་བ་ནི་མི་མོ་གང ་ཞོཞིག་བདག་མེད་མིའི་རྣལ་འབྱོར་དང་ལྡན་པ་དེས་ཕྱག་རྒྱའི་བདེ་བོ་ཇི་ལྟ་བའི་ཚུལ་གྱིས་བསྒྲུབ་པར་བགྱི། འོན་ཏེ་མི་མོ་ཁོ་ནི་ལས་འབྱུང་བ་ལྟ་ན་ནི་ཐབས་ཀྱི་དངོས་གྲུབ་མ་མཆིས་པར་ཡང་འགྱུརརོ་ཞེས་ཞུས་པ་དང་། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། བུད་མེད་གཟུགས་ནི་སྤངས་ནས་གཞན།། བཅོམ་ལྡན་འདས་ཀྱིས་གཟུགས་སུ་བྱ།། ཞེས་བྱ་བ་གསུངས་ཏེ། ལས་དང་པོ་པའི་མི་མོ་རྣམས་ཀྱིས་མི་མོའི་རྟོག་པ་ཡོངས་སུ་བཏང་སྟེ། ཀྱེའི་རྡོ་རྗེ ་དངོས་སུ་མོས་པར་བྱ་ཞེས་པ་དང་། དེ་བཞིན་དུ་ཡང་། ནུ་མ་སྤངས་ཏེ་བོ་ལར་འགྱུར།། ཀཀྐོ་ལ་དབུས་ཡང་དག་དགོད།། འགྲམ་གཉིས་དྲིལ་བུ་དག་ཏུ་འགྱུར། ཞེས་བྱ་བ་གསུངས་ཏེ། བུད་མེད་གང་བདེ་བའི་དབང་ལ་འཇུག་པ་དེས།། ་བདག་སྐྱེས་བུ་ཀྱའི་རྡོ་རྗེ་ལྟ་བུར་བསྒྱུར་ལ་དཀར་འཛིན་དོར་ལ་བོ་ལར་བསྒྱུར་ཏེ་ཡིད་ཀྱིས་མོས་པའོ།། དེ་ལྟར་ན་བདེ་བའི་དུས་སུ་སྐྱེས་བུའི་གཟུགས་ཅན་གང་དེ་ནི་ཀཀྐོ་ལ་དང་ལྡན་པ་དང་། དེ་བཞིན་དུ་གཞོན་ནུ་མ་བདག་གི ་སྐྱེ་གནས་ཀྱི་འགྲམ་གཉིས་དྲིལ་བུའི་མོས་པ་བསྒྱུར་བ་དང་། དེ་བཞིན་དུ་ཟེ་འབྲུ་བོ་ལ་ཅན་དུ་བསྒྱུར་ཞེས་གསུངས་ཏེ་པདྨ་གང་གི་དབུས་ན་གནས་པོའི་དངོས་པོ་དེ་ཉིད་གསང་བའི་ཆར་བསྐྱེད་ལ་བརྟག་པར་བྱ་བའི་ངེས་པའོ།། དེ་བས་ན།། ་ལྐོག་མ་བདག་ཉིད་ཆེན་པོ་ཉིད།། དགའ་ཆེན་ཧེ་རུ་ཀ་ཡི་གཟུགས།། ཧི་རཀ་སྦྱོར་སྐྱེས་བུ་ཉིད། ཅེས་བྱ་བ་ལ། ཁམས་དང་སྐྱེ་མཆེད་ལྷག་མ་སོགས།། ཕན་ཚུན་རོ་མཉམ་མཚུངས་པའི་ཕྱིར།། བསྒྱུར་མི་དགོས་པར་སྐྱེས་བུ་ཉིད།། ་ཧེ་རུ་ཀ་སྟེ་ཐ་དད་མེད།། དེ་ལྟར་མོས་པས་བསྒྱུར་བ་ལས།། ཕྱག་རྒྱའི་དངོས་གྲུ་བོ་མཆོག་དག་ཏུ།། མི་མོ་རྣམས་ལ་འགྱུར་རོ་ཞེས།། བདག་ཉིད་ཆེན་པོ་ཉིད་ཀྱིས་གསུངས།། འབད་མི་དགོས་པར་སྐྱེས་བུར་འགྱུར།། གསལ ་བར་ནུས་པའི་རྣལ་འབྱོར་པས།། དེ་ནས་ཕྱཝ་གཱ་རྒྱུའི་དངོས་གྲུབ་འགྱུར།། ཞེས་བྱ་བ་ཡང་གསུངས་ཏེ། རྣལ་འབྱོར་མ་གང་དེ་ལྟར་སྦྱོར།། བུད་མེད་ལུས་ནི་ཡོངས་རྗེས་ནས།། སྐྱེས་བུ་གཟུགས་བཟོང་ཕུན་སུམ་ཚོགས།། ཚེ་འདི། ་ཁོ་ནས་ཐོབ་ཀྱང་སྲིད།། གཞན་ཡང་དགེ་སློང་རྡོ་རྗེ་འཛིན་པ་དག་གིས་འཇིག་རྟེན་པོའི་ཁ་ན་མ་ཐོ་བ་སྤང་བར་བྱ་བའི་ཕྱིར་གཞོན་ནུ་མ་འགའོ་སྐྱེས་བུར་བསྒྱུར་ལ་སྤྱོད་པའི་གྲོགས་བྱ་བ་ནི་དེ་བཞིན་གཤེགས་པའི་ངེས་པ་སྟེ། དེ་ལྟར ་ཕྱག་རྒྱའི་དངོས་གྲུབ་མཆོག་ཏུ་འགྱུར་བའོ།། ཆགས་དང་འཇིག་པ་དག་གིས་ཀྱང་།། ཐབས་དང་ཤེས་རབ་ལ་མི་གནོད།། གང་ལས་ཐབས་ནི་འབྱུང་བ་ཉིད།། འཇིག་པ་ཤེས་རབ་སྲིད་མཐར་བྱེད།། དེས་ན་རང་འཇིགས་ཡོད་མ་ཡིན།། ་ཞེས་བྱ་བ་ལ། དེ་ལྟ་བུའི་རིམ་པས། ཤེས་རབ་ཐབས་བདག་གཉིས་མིན་པར།། གསལ་བར་འཇོག་པའི་རྣལ་འབྱོར་གང་།། མེ་དང་ཆུ་སོགས་འཇིག་པའི་ཚེ།། དེ་ལ་གནོད་པ་ཡོང་མི་ནུས།། འཇིག་དང་འཆགས་པའི་བག ་ཆགས་འདི།། རང་གིས་ཀུན་ཏུ་བརྟགས་པ་སྟེ།། རང་གཞན་ཆ་ཡི་རྟོག་པ་ཡིས།། འཇིག་རྟེན་གསུམ་པོ་དཀྲུགས་པ་ཡིན།། འདི་གསལ་འཁྲུག་པར་འགྱུར་མ་ཡིན།། བྱང་ཆུབ་སེམས་ཀྱི་འཇིག་རྟེན་ཁམས།། འཆགས ་པ་དང་འཇིག་རབ་བསྲུངས་ན།། ཅེས་ཀྱང་མི་འཇིག་རྣལ་འབྱོར་ཆེ།། འཁོར་ལོ་སྒྱུར་ལྟར་ཀུན་ཏུ་རྒྱུ།། དེ་ཉིད་ལ་ནི་ཆགས་པ་མེད།། ལ་ལ་འཇིག་པས་འཇིག་པར་འགྱུར།། འཇིག་པའི་དངོས་མེད་ཟད་པ་མེད། ཅེས་བྱ་བ་ནི་བྱང ་ཆུབ་སེམས་ཀྱི་རྒྱུན་འཇིག་པ་ན་འཇིག་པ་ཐམས་ཅད་འབྱུང་ཞེས་པའི་དོན་ཏོ།། བསྐྱེད་པའི་རིམ་པའི་རྣལ་འབྱོར་ལས།། བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ།། སྤྲོས་པ་རྨི་ལམ་ལྟར་བྱས་ནས།། སྤྲོས་པ་ཉིད་ནི་སྤྲོས་མོད་བྱ། ཞེས ་བྱེ་བ་ལ་གང་དུ་ཟླ་གཅིག་ནས་བཟུང་ནས་འབུམ་གྱི་བར་དུ་རྒྱུད་གང་དང་གང་ལས་ཇི་སྐད་གསུངས་པའི་ཚུལ་དེ་དང་དེ་ལྟར་བསླབ་ཅིང་འབད་ལ་ཡིད་ཆེས་པར་བྱའོ།། དེ་ཡང་ཇི་སྐད་དུ། གང་གིས་ཁ་དོག་གང་གསུངས་པ།། དེ་ཉིད་དེ ་ཡི་དཀྱིལ་འཁོར་ཏེ།། ལྷ་ཡི་གཟུགས་ནི་དེ་ལྟ་བུར།། སྔོན་གྱི་སངས་རྒྱས་རྣམས་ཀྱིས་བསྟན།། ཞེས་གསུངས་པའི་ཕྱིར་ཐོག་མ་ཉིད་དུ་སྨྲས་པའི་རྣལ་འབྱོར་ལ་འབད་པར་བྱའོ།། དེ་ཡང་ཇི་སྐད་དུ། སེམས་ཅན་རྣམས ་ནི་བློ་དམན་ཞིང་།། བྱ་བ་ཙམ་གྱིས་རྨོངས་པ་རྣམས།། དངོས་པོའི་དོན་ལ་ཆགས་དགའ་བ།། མ་འོངས་དུས་ན་འབྱུང་བར་འགྱུར།། འདི་ལྟའི་ཚུལ་ནི་མི་ཤེས་པས།། ཡུལ་དང་དུས་དང་བྱ་བ་ལས།། དགེ་དང་མི་དགེའི་མཚན་མ ་ཡིས།། རྨོངས་པ་འབྲས་བུ་འདོད་བྱེད་དེ།། སེམས་དཔའ་ཆེན་པོས་དེ་དག་ཕྱིར།། ཆོ་ག་འདི་ནི་བརྗོད་པ་ཡིན།། ཞེས་སོ།། དཔེར་ན་ཆར་གྱི་རྒྱུན་འབབ་ན།། ཆུ་ཡི་ཆུ་བུར་རྣམས་འབྱུང་བ།། དེ་བཞིན་གསང་སྔགས་འགྲུབ ་པ་ཡི།། སྤྲུལ་པ་རྣམ་པ་སྣ་ཚོགས་པ།། སེམས་ཅན་མེད་ཅིང་སྲོག་དང་ནི།། བྱེད་པ་པོ་ཡང་མེད་པ་སྟེ།། དངོས་པོ་ཐམས་ཅད་སྟོང་པ་ལ།། འཁྲུལ་པ་ཁོ་ན་སྣང་བར་ཟད།། ཅེས་པས་རྫོགས་པའི་རིམ་པ་རྟོགས་པར་བྱའོ།། ཇི ་ལྟར་སྒྱུ་མ་རྨི་ལམ་དང་།། བར་དོའི་སྲིད་པ་གང་ཡིན་ལྟར།། རྟག་ཏུ་གོམས་པར་སྦྱོར་བ་ལས།། དཀྱིལ་འཁོར་ཉིད་ནི་དེ་བཞིན་འདོད། ཅེས་བྱ་བ་ལ་རྫོགས་པ་འདི་ནི་རང་གི་ལྷའི་དཀྱིལ་འཁོར་འདི་ཉིད། སྒྱུ་མ་དང་རྨི་ལམ་དང་སྲིད་པ ་བར་མ་དོར་སྐྱེ་བོ་ལྟར། ཆགས་པ་དང་ཐོག་པ་དང་བྲལ་བར་བསྒོམ་པ་ཉིད་རྫོགས་པ་ཞེས་འདོད་དེ། འདོད་པ་སོ་སོར་སྤོང་བའི་ཕྱིར།། སོ་སོར་སྤང་བ་ཞེས་བཤད་དོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ།། ཕྱག ་རྒྱ་ཆེན་པོའི་དབང་བསྐུར་བས།། ཇི་ལྟར་ཤེས་པའི་བདེ་ཆེན་པོ།། དེ་ཡི་འདི་ནི་བྱིན་རླབས་ཡིན།། གཞན་ལས་དཀྱིལ་འཁོར་འབྱུང་བ་མེད།། ཅེས་པ་སྟེ་ཇི་ལྟར་སྒྱུ་མ་རྨི་ལམ་ལ་སོགས་པར་ཤེས་པ་ཁོ་ན་ཕྱག་རྒྱ་ཆེན་པོ་དང་། ་འཇིག་རྟེན་པའི་སྤྱོད་པ་ལས་འགྲོལ་བའི་དབང་དང་། ཡུམ་སྒྱུ་འཕྲུལ་ཆེན་མོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན་ནོ།། དེའི་ཕྱིར་འདི་ཉིད་ཤེས་པ་ར་བྱ་བའི་ཕྱིར།། བདེ་བ་གནག་ཅིང་བདེ་བ་སེར།། བདེ་བ་དམར ་པོ་བདེ་བ་དཀར།། བདེ་བ་ལྗང་ཁུ་བདེ་བ་སྔོ།། བདེ་བ་རྒྱུ་དང་མི་རྒྱུ་ཀུན།། བདེ་བ་ཤེས་རབ་བདེ་བ་ཐབས།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲང་དང་ངེས་པའི་བྱེ་བྲག་ལས།། བསྐྱེད་དེ་སྤོས་ལ་ཞེན་སྤྱང་ཕྱིར།། དཀྱིལ་འཁོར ་ཁ་དོག་ཡང་ཡང་བསྒྱུར།། ལསྣ་ལ་སོགས་པ་འདྲ་འགྲིབ་འགྱུར་ལ།། རྡོ་རྗེ་འཆང་ཆེན་དྲུག་ཀྱང་ཡིན།། གཞན་དུ། ཤེས་རབ་ཡེ་ཤིས་མེ་བོ་ཆེ།། ཞེས་བྱ་བ་ལ་སོགས་པས་དུ་བ་ལ་སོགས་པའི་ལོམ་གྱི་མཚན་མར་གསུངས ་སོ་སོར་སྤྱད་ཨོཾ་པའི་བདེ་བ་ཉིད་དེ་ལྟརརྱ་སྣང་བའི་ཕྱི་རོ།། དེ་བཞིན་དུ་ས་དོན་གྱི་བདེ་བ་དེ་ཉིད་ཀྱི་དུས་སྨྲ་གང་ཅུང་ཟད་དམིགས་པའི་གཟུགས་དང་ཁ་དོག་དང་རྒྱུ་བ་དང་མི་རྒྱུ་བ་རྣམས་བདེ་བ་ལས་གཞན་པར་མ་མཐོང་བའི་ཕྱིར། ་དེ་ན་རྗེ་བྱས་།། འདི་བ་དེས་འོང་བ་མ་མི་འི་རྗེམམས་སེ་ས་གསུ་ཏེ། དས་ལ་རྫོགས་རྒྱམ་ཚིག་པརྣམསས་དུ་མེད་པ་ཉིད་མངས་ཏུ་ནས་ཅཝོ ་མིན་གྱི་རང་བཞིན་གྱིས་རྡོ་རྗེ་སེམས་དཔའི་བདེ་བ་ཐོབ་པར་བྱེད་པའི་ཕྱིར་ལ་མི་འགྱུར་བ་རྣམས་ལ་ཇི་བཞིན་པའི་རྡོ་རྗེ་སེམས་དཔའི་བདེ་བའོ།། ད་ནི་སྤྲོས་པ་རྨི་ལམ་ལྟ་བུ་དང་། ཞེས་པས་རྫོགས་པའི་རིམ་པ ་ཤེས་པར་བྱ།། ཞེས་པའི་གསུང་གི་དགོངས་པ་དགྲོལ་བའི་ཕྱིར། རྡོ་རྗེ་སྙིང་པོས་གསོལ་པ། རྫོགས་པའི་རིམ་པའི་རྣལ་འབྱོར་འདི།། དེ་ཡི་བདེ་བ་བདེ་ཆེན་བརྗོད།། རྫོགས་པ་བསྒོམ་པ་མེད་པ་སྟེ།། བསྐྱེད་པ་ཡིས་ནི་ཅི་ཞིག ་འཚལ། ཞེས་བྱ་བ་ལ། ཀྱེ་བཅོམ་ལྡན་འདས་དབང་པོ་གཉིས་ཀྱི་བདེ་བ་ཉིད་ཀྱིས་སངས་རྒྱས་པ་ལགས་ན། རྫོགས་པའི་སྒོམ་པ་གཞན་མ་མཆིས་ཏེ། དེ་ལས་གཞན་པའི་དཀྱིལ་འཁོར་དང་ཕྱག་རྒྱ་བཅིངས་པས་ཅི་ཞིག་འཚལ ་ཞེས་པའི་དོན་ཏོ།། བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ཆེན་པོས་ཚིག་དེ་དག་གསན་ནས། ཨེ་མ་བྱང་ཆུབ་སེམས་དཔའ་ཆེ།། དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། ཞེས་གསུངས་ཏེ། ཀུན་རྫོབ་ཀྱི་ལུས་ཀྱི་དངོས་པོ་ཉིད་མེད་ན། བདེ་བ ་ཆེན་པོ་ཞེས་བྱ་བ་བསྟན་པའི་ནུས་པ་མེད་པའི་ཕྱིར་ལུས་ཀྱི་དངོས་མེད་གང་ལས་བདེ་ཞེས་པ་ལ་སོགས་པ་སྨོས་ཏེ། རྨོངས་པ་གང་གིས་ང་མི་ཤེས། ཞེས་བྱ་བ་ལ་སོགས་པའི་ཚིག་གི་དོན་རྣམས་ནི་ཐབས་དང་ཤེས་རབ་ངེས ་པར་གཏན་ལ་ཕབ་པའི་ལེའུ་ར་རྒྱས་པར་བསྟོན་ཏོ།། དེ་ལྟར་ན་ལུས་ཉིད་མེད་པར་འགྱུར་ན་དེ་ལ་བརྟེན་པོའི་བདེ་བ་ཡང་མེད་དོ།། དེ་ལྟ་བས་ན། རྡོ་རྗེ་བཙུན་མོའི་བྷ་ག་ནི།། ཨེ་ཡི་རྣམ་པའི་ཆ་བྱད་གཟུགས།། སངས་རྒྱས ་རིན་ཚོན་ཟ་མ་ཏོག། བདེ་བ་ཅན་ལ་རྟག་པར་བཞུགས། ཞེས་པ་སྟེ། བཙུན་མོ་མི་རིགས་བཞི་སོགས་ལས།། སྐྱེས་པའི་བུ་མོ་མཚར་མོ་སྟེ།། བྷ་ག་སྐྱེ་གནས་ཨ་གཟུགས་ལ།། སྐྱེས་བུའི་ལིང་ག་བཾ་གི་དབྱིབས།། ཁ་སྦྱོར་གབ ་ཚེ་ཞེས་སུ་དྲན།། དེ་ཡི་དབུས་གནས་ཁུ་བ་ལ།། སངས་རྒྱས་ཞེས་འདྲེན་པས་གསུངས། ཞེས་པ་སྟེ། དེ་ལྟར་སྐྱེས་པ་དང་བུད་མེད་ཀྱི་ལུས་ཡོད་ནི་བདེ་བ་ཆེན་པོ་ཡོད་དོ།། འཆད་པ་པོ་ང་ཆོས་ཀྱང་ང་།། རང་གི་ཚོ་གོས་ནང ་ཉན་པ་ང་།། འཇིག་རྟེན་སྟོན་པ་བསྒྲུབ་བྱ་།། འཇིག་རྟེན་འཇིག་རྟེན་འདས་པ་།། ཞེས་བྱ་བས་ནི་བྱིས་པའི་སྐྱེ་བོ་གང་དག་སངས་རྒྱས་ལ་བཙུན་མོ་དང་། དབང་པོའི་བདེ་བ་དང་། འཁོར་འདུས་པ་དང་། ཆོས་བསྟན་པ་དང ་སྟོན་པ་དང་། ཉན་པ་ལ་སོགས་པ་དང་། འདོད་ཆགས་ཀྱིས་བསྟན་པ་ངེས་པར་ཡོད་ཅེས་སེམས་པ་དག་བཀོག་པ་ཡིན་ཏེ། འདི་ལྟར་མ་འོངས་པའི་སྐྱེ་བོ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་རོལ་པ་བསྟན་པ ་ཡིན་ལ། ཡང་དག་པར་ན་སངས་རྒྱས་ནི་རྡོ་རྗེ་ལྟ་བུའི་སྐུ་དང་། གླང་པོ་ལྟར་མི་གཡོ་བ་ཡིན་པར་ཤེས་པར་བྱའོ།། དེ་ལྟར་ན་ཡང་རང་གི་ལུས་པོ་ལས་སངས་རྒྱས་འབྱུང་བར་བསྟན་ཏོ། མཚོན་དང་དཔེ་བྱད་དང་ལྡན་པའི་རྡོ་རྗེ ་ལྟ་བུའི་སྐུ་ཡང་ཁུ་བ་ལ་བརྟེན་ཏེ་འཁྲུངས་པའི་ཕྱིར། ལྷན་ཅིག་སྐྱེས་དགའི་རང་བཞིན་ང་།། དགའ་བྲལ་དང་པོའི་མཆོག་མཐའ་ཅན།། མུན་རུམ་ལ་ནི་མར་མེ་ལྟར།། དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། ཞེས་གསུངས་ཏེ། ་ཐབས་དམ་པ་འདི་ཡང་བཙུན་མོ་མཆོག་དང་སྦྱོར་བ་ན་བླ་མའི་བཀའ་ལ་བརྟེན་ཏེ། ཆགས་པ་བྲལ་བའི་དང་པོ་མཆོག་གི་དགའ་བའི་ཐ་མར་མུན་པ་དམག་ཏུ་གྱུར་པ་ལ་མར་མེ་གསལ་བ་ལྟར་མཚོན་པར་བྱས་ན། འདི ་ལྟར་བཙུན་མོའི་བྷ་ག་བདེ་ཅན་ན།། སྟོན་པ་སུམ་ཅུ་རྩ་གཉིས་མཚན།། མོ་ངར་བདག་དཔེ་བྱད་བརྒྱད་ཅུར་ལྡན།། ཁུ་བ་ཞེས་བྱའི་རྣམ་པས་གནས། ཞེས་གསུངས་ཏེ། ངེས་པའི་དོན་ཡང་རྩ་བའི་རྒྱུད་ལས་འདི་ལྟ་སྟེ། དཔེ་བྱད་བརྒྱད་ཅུ ་སོགས་སྤྲས་པའི།། མངའ་བདག་ཁུ་བ་ཡིན་ཞེས་པ།། བདེ་བ་འཛག་མང་བརྟན་པ་ཡིས།། ཚུལ་ཁྲིམས་རལ་པ་མེད་པ་རུ།། བསམ་གཏན་བཞི་ཡི་མཐའ་བཟུང་སྟེ།། ཡིད་ཀྱི་མེ་ཏོག་རངས་ཅན་འདི།། རླུང་གིས་ཡོངས་སུ་མི་འདིར ་བར།། བཅིངས་པས་དཔེ་བྱད་ལྡན་པར་འགྱུར། ཞེས་ངེས་པའི་དོན་དུ་གསུངས་སོ།། དེ་ལྟར་ལུས་མེད་ན་ཁུ་བ་མེད་ལ། ཁུ་བ་མེད་ན་བདེ་བ་དམིགས་པར་ག་ལ་འགྱུར།། དེ་བས་ན་སངས་རྒྱས་ཞེས་བྱ་བ་ཡང་མེད་པར་འགྱུར་རོ།། དེ་ལྟར ་ན། དེ་མེད་པས་ན་བདེ་མདོ་འགྱུར།། བདེ་བ་མེད་ན་དེ་མེད་འགྱུར།། བྱེང་བ་ནུས་པ་མེད་ཕྱིར་བལྟོས་དང་བཅས།། ཞེས་གསུངས་ཏེ་ངེས་པར་དེ་བཞིན་གཤེགས་པས་བསྟན་པའོ།། དེ་བས་ན་ཡང་དག་པར་སངས་རྒྱས་ཞེས་བྱ་བ་དངོས ་པོ་དང་དངོས་པོ་མ་ཡིན་པའི་ཐ་སྙད་ཐམས་ཅད་ལས་གྲོལ་བ། བཞིན་དང་མདོག་ལ་སོགས་པ་མ་ཡིན་པ། བདེ་བའི་རྣམ་པ་མ་ཡིན་པ་སྟེ། དགའ་བ་བཞི་དང་འཁོར་ལོ་བཞི་དང་། སྐད་ཅིག་མ་བཞི་དང་། འབྲས་བུ་བཞི་དང་། དབང ་བཞི་དང་། གནས་སྐབས་བཞི་ལ་སོགས་པ་དང་། སྐྱེས་པ་དང་། མི་མོའི་བདེ་བ་དང་། རྩ་དང་རླུང་དང་། ཐིག་ལེ་དང་། ཟླ་བའི་དུམ་བུ་དང་། སྒྲ་དང་། ཚིག་ལ་སོགས་པ་རྣམས་སངས་རྒྱས་མ་ཡིན་ཏེ། གང་དེ་ལྟར་བསྟན་པ་རྣམས ་གདུལ་བར་དཀའ་བའི་སྐྱེ་བོ་ལ་བསྟན་པ་སྟེ། དེའི་ཕྱིར་དབང་པོ་གཉིས་ཀྱི་བདེ་བ་ཡང་བསྟན་ལ། སངས་རྒྱས་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པ་ཡང་ཁུ་བའི་ལྷན་ཅིག་སྐྱེས་པ་མ་ཡིན་ཏེ། རང་བཞིན་དུ་གནས་པའི་ལྷན ་ཅིག་སྐྱེས་པ་ལ་སངས་རྒྱས་ཞེས་གསུངས་སོ།། ལྷོ་ཡི་རྣལ་འབྱོར་ལས་བདེ་བ།། དེ་ཕྱིར་སངས་རྒྱས་དངོས་པོ་མིན།། དེ་ཉིད་དངོས་མེད་ཚུལ་ཡང་མིན།། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད།། མཆོག་ཏུ་བདེ་བ་གཟུགས་མོང ་པ།། དེ་བཞིན་འགྲོ་ཀུན་ལྷན་ཅིག་སྐྱེས། ཞེས་བྱ་བ་གསུངས་ཏེ། བདེ་བས་ཀུན་ལ་ཁྱབ་པའི་ཕྱིར་དང་། རང་བཞིན་ལྷན་ཅིག་སྐྱེས་པས་ཀུན་ལ་ཁྱབ་པའི་ཕྱིར་དེ་སྐད་ཅེས་གསུངས་ཏེ། རྣམ་པ་འདི་དག་རྟོགས་པར་བྱ་བའི ་ཕྱིར་ཐབས་གཞན་ཡོད་པར་མ་གཟིགས་པས། ཀུན་རྫོབ་ཀྱི་གཟུགས་འདི་ཉིད་མཆོག་ཏུ་བསྡོགས་པ་མཛད་དོ།། དེ་བས་ན་རྩོལ་བ་ལས་བྱུང་བའི་བདེ་བ་ལྷོན་ཅིག་པ་མ་ཡིན་ཏེ། གློ་བུར་བ་ཡིན་པའི་ཕྱིར། སྟོན་ཀའི་མཽ་ཏོག་ལ ་སོགས་པ་དང་འདྲའོ།། དེའི་ཕྱིར་ཡང་རང་བཞིན་ལྷན་ཅིག་སྐྱེས་པར་བརྗོད་ཅེས་གསུངས་སོ།། དེ་ལས་གཞན་པ་ནི་འདྲ་བའི་དཔེ་སྟེ་བྱིས་པ་རྣམས་གཞུག་པའི་དོན་ཏོ།། རྣམ་དག་རྣམ་པའི་སེམས་ཀྱིས་ནི།། རང་བཞིན་མྱ་ངན་འདས་པ ་ཉིད། ཅེས་བྱ་བ་ནི། བསྐྱེད་པའི་རིམ་པ་ཉིད་གཟོད་མ་ནས་རང་བཞིན་གྱིས་དག་པའི་ཕྱིར་རོ།། འོ་ན་བསྐྱེད་པའི་ཏིང་ངེ་འཛིན་གྱིས་རྣམ་པ་ཅི་ཞིག་བྱ་ཞེ་ན། ལྷ་ཡི་རྣམ་པའི་གཟུགས་དག་ཏུ།། བཞིན་ལག་ཁྭ ་དོག་གནས་པ་ནི།། བསྐྱེད་པ་ཙམ་གྱིས་རྣམ་པར་གནོས།། འོན་ཀྱང་བག་ཆགས་ཕལ་པས་སོ།། ཞེས་བྱ་བ་སྨོས་ཏེ། དེ་ལྟར་གཟོད་མ་ནས་ངོ་བོ་ཉིད་ཀྱིས་འབྲལ་བ་ཡིན་གྱིས་ཀྱང་བྱིས་པ་རྣམས་ཀྱིས་རྟོགས་པོའི་སྐལ་བ་མེད་པའི་ཕྱིར། ་བག་ཆགས་ཕལ་པས་བཞིན་ལག་དང་ཁ་དོག་གི་ལྷ་རུ་བསྟན་པས། བྱིས་པ་རྣམས་གྲོལ་བར་འགྱུར་གྱིས། གཞན་དུ་ནི་མ་ཡིན་ནོ།། དེ་བཞིན་དུ་འཇིག་རྟེན་ན་ཡང་དཔེ་མངོན་དུ་སྣང་སྟེ། འདི་ལྟར་དུག་གི་དུམ་བུ་གང་ཉིད་ཀྱིས།། ་སྐྱེ་བོ་ཐམས་ཅད་འཆི་བར་འགྱུར། ཞེས་བྱ་བ་ནི་འཇིག་རྟེན་པ་ལ་མངོན་སུམ་དུ་གྲུབ་བོ།། དེ་བཞིན་དུ་དུག་གི་དེ་ཉིད་ཤེས་པ་དེས།། དུག་གིས་དུག་ནི་འཇོམས་པར་བྱེད། ཅེས་བྱ་བ་ཡང་འཇིག་རྟེན་པ་ལ་མངོན་དུ་གྲུབ་སྟེ། འདྲི ་ལྟར་སྐྱེས་བུ་དག་གི་སྔགས་དང་སྨན་ཤེས་པ་འགའ་ཞིག་གིས་དུག་གི་དུམ་བུ་འགའ་ལ་བྱིན་གྱིས་བརླབས་ཏེ་ཟོས་ན་གནོད་པར་མི་འགྱུར་ལ། སླར་བཞིན་ནད་ཀྱི་གཞི་འགའ་ལ་ཡང་ཕན་འདོགས་པའི་གཞིར་འགྱུར་རོ།། དེ་བཞིན ་གཞ་ན་དུ་ཡང་ནུས་པ་མངོན་དུ་སྙིང་སྟེ། འདི་ལྟར། དཔེར་ན་རླུང་ནད་ལྡང་བ་ལ།། མོ་ནཽ་སྲན་སྡེའུ་ཡི་བཟའ་བ་བཞིན།། བཟློག་པའི་སྨན་ནི་བརྟགས་པ་ལས།། རླུང་གིས་རླུང་ལ་བསྣུན་པར་བྱེད། ཅེས་བྱ་བ་གསུངས་ཏེ། འདི་ལྟར ་སྐྱེས་བུ་རླུང་ནད་ཀྱིས་བཏབ་པ་འགའ་ལ། མོན་སྲན་སྡེའུ་ཡི་ཚོད་མ་བཟའ་བཏུང་དུ་བྱིན་ན། རེ་ཞིག་ནད་ང་རྒྱས་པར་འགྱུར་ལ། ཕྱིས་ང་ཉིད་འཇོམས་པར་བྱེད་པའི་སྨན་པས་མར་ལ་སོགས་པ་ལན་བདུན་དུ་བསྡུས་ལ་འབྲས་བུ་གསུམ་གྱི་ཕྱི་མྲྀ ་དོད་སྦྱར་བའི་བཟའ་བ་བྱིན་པས་རླུང་ནད་དེ་བརྩད་ནས་འཇོམས་པར་བྱེད་དོ།། དཔེ་དེ་བཞིན་དུ། རྣམ་རྟོག་གིས་ནི་རྣམ་རྟོག་དང་།། སྲིད་པ་ཉིད་ཀྱིས་སྲིད་པོ་དག། ཅེས་བྱ་བ་གསུངས་ཏེ། འདི་ལྟར་བསྐྱེད་པའི་ཏིང་འཛིན་རྣམ་པར་རྟོག་པའི ་བདག་ཉིད་ཅན།། ལག་པའི་ཕྱག་རྒྱ་བཅིང་བ་དང་། འདུག་སྟངས་དང་། ལྟ་སྟངས་དང་། ཕྲེང་བའི་ཁྱད་པར་ལ་སོགས་པས་ཐོག་མ་ཉིད་དུ་འཇིག་རྟེན་པའི་ཐ་སྙད་ཁྱད་པར་ཅན་དུ་བྱས་ལ་ཕྱིས་ཕྱི་མའི་ཡོན་ཏན་གྱིས། སྔོན་མ་རྣམས ་སྤང་བར་བྱ་བ་ནི་རྒྱུད་དེ་དང་དེའི་ངེས་པའོ།། དེ་བཞིན་དུ་བསྡུས་པའི་རྒྱུད་འདི་ཉིད་ལས་ཀྱང་ཇི་སྐད་དུ། དགའ་བྲལ་དགའ་བ་སྲིད་པ་སྟེ།། དེ་བས་ལྷན་ཅིག་སྐྱེས་པ་བསྒོམ། ཅེས་གསུངས་སོ།། དེ་ལྟར་ཡང་དཔེར་ན་རྣ་བར་ཆུ་ཞུགས ་པ། ཆུ་གཞན་གྱིས་ནི་གདོན་པར་བྱ། ཞེས་བྱ་བ་གསུངས་ཏེ། རྣ་བའི་བུ་གའི་གཏིང་ན་ཆུའི་ཐིགས་པ་འགའ་ཡོད་ན། ཆུ་གཞན་སླར་བཞིན་བླུགས་པས་ཕྱིར་འབྱུང་བ་ནི་འཇིག་རྟེན་པོ་ལ་མངོན་དུ་གྲུབ་བོ།། དཔེ་དེ་བཞིན་དུ། དེ ་བཞིན་དངོས་པོའི་རྣམ་རྟོག་ཀྱང་།། རྣམ་རྟོག་ཉིད་ཀྱིས་སྦྱང་བར་བྱ། ཞེས་བྱ་བ་སྟེ། སྤྲོས་པའི་ཏིང་ངེ་འཛིན་དང་བརྟགས་པའི་ཆོས་ལུས་དང་ལུས་ཀྱི་ཆ་ཤས་ལྷའི་རྣམ་པར་བརྟགས་པ་སྲིད་པའི་མཚན་ཉིད་ཅན་མ་གཏོགས་པར ་གྲོལ་བར་འགྱུར་བའི་ཐངས་མེད་པར་འགྱུར་རོ།། དེ་བཞིན་དུ་ཡང་འཇིག་རྟེན་ན་མངོན་སུམ་དུ་སྣང་བའི་དཔེ་ནི་འདི་ལྟ་སྟེ། དཔེར་ན་མ་ཡིས་ཚིག་པ་ལ།། སླར་བཞིན་མེ་ཡིས་གདུང་བར་བྱ།། ཞེས་བྱ་བ ་འགའ་ཞིག་གི་ཡན་ལག་མེ་ཡིས་ཚིག་པའི་སྐད་ཅིག་ལ་བྱིས་པ་མི་མཁས་པ་ཁ་ཅིག་ནི། མི་མཐུན་པའི་དངོས་པོ་ཆུའི་ནང་དུ་རིག་པར་བྱེད་དེ། སླར་ཞིང་གནོད་པར་བྱེད་དོ།། དེ་བཞིན་དུ། དེ་ལྟར་འདོད་ཆགས་མེས་ཚིག་པ།། འདོད ་ཆགས་མ་ཡིས་སླར་ལ་གདུང་།། སྐྱེ་བོ་མི་བཟད་པ་ཡི་ལས།། གང་དང་གང་གིས་འཆང་འགྱུར་བ།། ཐབས་དང་བཅས་ནས་དེ་ཉིད་ཀྱིས།། སྲིད་པའི་འཆིང་བ་ལས་གྲེལ་འགྱུར། ཞེས་བྱ་བ་གསུངས་ཏེ། འདིའི་དོན་ཡང་རྩ་བའི ་རྒྱུད་ལས་ཇི་སྐད་དུ། འདོད་ཆགས་ལ་སོགས་ཉོན་མོངས་རྣམས།། མི་རྣམས་ཀུན་ཏུ་འཆིང་འགྱུར་ཞེས།། འདྲེན་པ་དཔའ་བོས་གསུངས་པ་ནི།། ཐབས་དང་མི་ལྡན་མི་ལ་གསུངས།། གང་ཞིག་ཐབས་ལྡན་སྐྱེས་བུ་ལ།། དེ ་ཉིད་ཀྱིས་ནི་གྲོལ་འགྱུར་ཞེས།། སླར་ཡང་མངའ་བདག་ཆེན་པོས་གསུངས།། དེ་ཡི་ཐོབས་ནི་འདི་དག་གོ། འདི་ལྟ་སྟེ་འཇིག་རྟེན་གསུམ་གྱི་སྐྱེས་བུ་ཆགས་པ་ཅན་རྣམས་འདི་ལྟར་བདག་གིས་བདོག་པ་ཕུན་སུམ་ཚོགས་པ་ཡང་འདོད་ཆགས། ་ཉིད་ཀྱིས་མ་རུངས་པར་བྱེད་ལ། འཁོར་བར་གནས་པར་བྱེད་པ་ཡང་འདི་ཉིད་དེ། འདི་ལྟར་དེ་ཁོ་ན་ཉིད་མེད་པའི་ཕྱིར།། གླང་པོ་ཆེ་སྨོན་པ་གང་ཞིག་གི་སྟེང་དུ། ལྕགས་ཀྱུ་འཛིན་པའི་ཁ་ལོ་བ་མེད་པར་ཞོན་པ་དང་མཚུངས་སོ།། དེ་ལྟ་བས་ན་ཆཌ ་xxx། xxx ་སྱཱ་གླུནས་གད་དུ་སྤྱད་པ་གས་ས་དྨོན་འཇུག་ཕྲུལ་དྷྲྀག་པ་སྟན་ལ། ཀླུང་ཧཱུཾ་རྨཱགས་མ་ང་ཡྀ། མི་འགྱུར་བ་བདཱི་ཧྨ་ཧྲཱི་ཛྫ་ད་པ་གངས་པསྦྱིནན།། དེ་མྱུར་ན་ཆགས་པ་ཎྜི་མ་གྱུ་ཛི། ས་པའི ་xxx། xxx ་སྐད་དུ། འཐུང་བ་ལྔའི་རང་བཞིན་ཕྱིར། ཞེས་བྱ་བ་གསུངས་ཏེ། འདོད་ཆགས་གང་གི་སྐད་ཅིག་འཐུང་བ་ལྔའི་རང་བཞིན་དུ་འགྱུར་བ་དེ་རོ་ཕྱིར་རོ།། གང་ཡིན་ན་ནེ། ཀུན་ཏུ་རུལ་ལྔ་རུ་འགྱུར། ཞེས་པ་སྟེ་སྙོམས་པར་འཇུག་པའི ་དུས་སོ།། དགའ་བ་ཆེན་པོ་གཅིག་ཉིད་ལས།། དབྱེ་བ་ལྔ་རུ་འགྲོ་བར་འགྱུར། ཞེས་བྱ་བ་སྨོས་ཏེ། ན་མཁའ་ལྟ་བུའི་འོད་གསལ་བའི་དགཱ་བཚོ་ནྡོ་གནྠི་པོ་ཉིད་ཀྱིས་དུས་སུ་འཇིག་རྟེན་ཀུན་རྫོབ་ཏུ་གནས་སྐབས་ཐ་དད་པ་ལྔ་འཐུང་སྟེ། འདི ་ལྟར་པོ་ལ་ཀཀྐོ་ལ་སྦྱོར་བས། ཞེས་བྱ་བ་རྡོ་རྗེ་དང་ཐོད་པ་སྦྱོར་བའི་དུས་སུའོ།། ། གང་དུ་རེག་པས་སྲ་བའི་བག་ཆགས་ཉིད།། སྲ་བ་གཏི་མུག་ཆོས་ཀྱི་ཕྱིར།། གཏི་མུག་རྣམ་པར་སྣང་མཛད་བརྗོད་ཅེས་བྱ་བ་གསུངས་ཏེ། ་གང་གིས་སྐད་ཅིག་ལ་མཁྲང་བ་དང་། སྲ་བ་སའི་ཁམས་ཡིན་ལ། དེར་ཕྱིར་སྐད་ཅིག་དུ་ནི་རྣམ་པར་སྣང་མཛད་དུ་བརྗོད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་ནི་གཤེར་བ་ཡི།། ཆུ་ཡི་ཁམསུ་རབ་བརྗོད་དེ།། ་ཞེ་སྡང་འདྲེན་པ་མི་བསྐྱོད་པ་བྱ་བ་ཡན་ལ་མི་བསྐྱོད་པ་གཤེར་བའི་མཚན་ཉིད་དེ་ནི་ཆུའི་ཁམས་ཡིན་ནོ།། དེ་བཞིན་དུ་གཉིས་སྤྱད་པའི་དུས་སུ་དོད་སྐྱེས་པ་དཔག་མེད་འདི་ཡིན་ཏེ། འདོད་ཆགས་དྲོད་ལས་འབྱུང་བའི་ཕྱིར། འདོད ་ཆགས་ཀྱི་དྲོད་དེ་མེའི་ཁམས་ཡིན་ནོ།། དེ་བཞོན་དུ་ཀཀྐོ་ལར་ནི་གང་ཞིག་སེམས།། དེ་ནི་རླུང་གི་རང་བཞིན་ཅན།། ཕྲག་དོག་དོན་ཡོད་གྲུབ་པ་ཡིན།། དོན་ཡོད་རླུང་ལས་འབྱུང་བ་ཉིད། ཅེས་བྱ་བ་གསུངས་ཏེ། དུས་དེར་ཐིག ་ལེ་གཡོ་ཞིང་ལྟུང་བ་རླུང་གི་བྱེད་པ་ཡན་ལ། དོན་ཐམས་ཅད་རླུང་གིས་སྒྲུབ་པའི་ཕྱིར་དེ་སྐད་ཅེས་བྱའོ།། བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར།། དགའ་བ་ན་མཁའི་མཚན་ཉིད།། ན་མཁའ་སེར་སྒོ་རྡོ་རྗེར་འགྱུར།། སེར་སྣ་ནམ ་མཁའ་ལས་བྱུང་ཉིད།། ཅེས་བྱ་བ་ལ་སྐད་ཅིག་གང་ལ་ཁྲག་ལ་བ་རྟེན་ཏེ་འོ་བྱུང་བའི་བདེ་པོ་དེ་ནི། རིན་ཆེན་འབྱུང་ལྡན་གྱི་མཚན་ཉིད་དོ།། རིན་པོ་ཆེན་མཁའི་ཡོན་ཏན་ཏོ།། དེ་ལྟར་ནི་བདེ་བའི་སེམས་ཆེན་པོ་གང ་ན་གཅིག་ཡོད་པ་དེ་ན་ལྔའི་གཟུགས་ཀྱིས་ངེས་པར་གནས་ཏེ། རིགས་ལྔའི་རང་བཞིན་ཅན་འབྱུང་བར་འགྱུར་བ་དེ་ཉིད་ཀྱི་ཕྱིར་སངས་རྒྱས་པ་དང་། མུ་སྟེགས་རྣམས་ཀྱིས་རིག་པར་མི་འགྱུར་ཏེ། སླར་བཞིན་སྐྲག ་པར་འགྱུར་རོ།། དེ་ལྟར་ན། རིགས་ནི་ལྔ་པ་དེ་ཉིད་ལས།། སྟོང་ཕྲག་དུ་མ་སྐྱེས་པ་ཉིད། ཅེས་བྱ་བ་གས་སྱ་ཏེ། རིགས་ཀྱོ་གཙུབ་རྣམ་པ་ལྟ་བ་ད་ལས་རག་སྨད་ལ་པ་བགྲང་བ་ལས་འདས་པ་འཐུང་བར་འགྱུར་རོ།། ངའི་ཕྱིར་ན་འཛང་། ་པའི་འདོད་ཆགས་ཀྱང་དཔག་ཏུ་མེད་པར་རིག་པར་བྱའོ།། རིགས་ལྔ་པོ་དྨོ་དག་ཀྱང་མགྲིན་པ་དང་རྐན་དང་སྤྱི་བོ་དང་མཆུ་དང་སའི་ཆོས་ཅན་དུ་བསྟན་པར་བྱའོ། \ུ0f7fཊྚ་ཨ་ཎི་ཨེ་ལཾ་ཞེས་བྱ་བ་རྣམས་གནས་ལྷ་ནས་འབྱུང་པོ་རིགས ་ལྔར་འདོད་ཅིང་དེ་དག་རྣམས་ལ་ཡོན་ཏན་དང་འཕེལ་བ་དང་ཡ་ཎའི་རྐྱེནི་གྱིས་བསྒྱུར་བས་རིང་ཐུང་ངུ་ཕྱེ་སྟེ་བསྒྱུར་ན། དཔག་ཏུ་མེད་པར་འགྱུར་དུ་རུང་དེ།། མདོ་ཙམ་ཞག་བསྟན་པ་འདི་ལྟ་སྟེ། དངོས་པོ་འདི་དག་ཐབས་དང ་ཤེས་རབ་ཀྱི་ཆར་གནས་ལ། དཾ་ཡང་ཨཱ་ལི་དང་ཀཱ་ལི་ཁོ་ནར་འདུས་སོ།། ཨཱ་ལི་ནི་ལྔ་ཡིན་ཏེ་གནས་ལྗི་ན་རྣཾས་འབྱུང་བའི་ཡི་གེ་ལྟར་བསྟན་ཏོ།། གོང་དུ་བརྗོད་པ་ཉིད་དོ།། ལྔ་པོ་དེ་རྣམས་ལ་ཐིག་ལེས་མནན་པས་ཐབས ་ཀྱི་ཆ་སྟོན་པར་བྱེད་པ་སྟེ། དྲུག་དང་དེ་བཞིན་དུ་ལྔ་པོ་དེ་ལས་རྣམ་པར་བཅད་པར་བྱ་བས་མནན་པས་ཡང་དྲུག་སྟེ་ཤེས་རབ་ཀྱི་ཆར་སྟོན་པར་བྱེད་པ་ཡིན་ནོ།། དེ་བཞིན་དུ་གསལ་བྱེད་འབའ་ཞིག་ནི་སུམ་ཅུའོ།། དེ་ལྟར་ན་གསལ ་བྱེབྱད་སུམ་ཅུ་པོ་ལ་ཐབས་ཀྱི་ཡི་གེ་དྲུག་གིས་ཉེ་བར་བསྒྱུར་ན་བརྒྱ་བརྒྱད་ཅུར་འགྱུར་ཏེ་བགྲོད་པ་གཅིག་གིས་སོ།། ཡང་དེ་བཞིན་དུ་སུམ་ཅུ་པོ་ཤེས་རབ་ཀྱི་ཡི་གེ་དྲུག་གིས་ཉེ་བར་བསྒྱུར་བས་བརྒྱ་བརྒྱད་ཅུ་སྟེ་སྔོན་དང་མཚུངས ་ཏེ་དེ་ལྟར་བགྲོད་པ་གཉི་སུ་འགྲུབ་པོ།། བརྒྱ་བརྒྱད་ཅུ་གཉིས་ཐབས་དང་ཤེས་རབ་གཉིསུ་མེད་པའི་ཚུལ་དུ་བསྲེས་པས་སུམ་བརྒྱ་དྲུག་ཅུའོ།། དེ་ནི་ནང་དུ་འབྱུང་བ་གཅིག་གི་རླུང་ཡིན་ལ། ཕྱིར་ནི་ལོ་གཅིག་གི་ཞག ་ཡིན་ནོ།། སུམ་བརྒྱ་དྲུག་ཅུ་ལ་ལ་འབྱུང་བ་ལྔར་བསྒྱུར་བས་སྟོང་བརྒྱ་བརྒྱ་ཡིན་ལ། ཡང་དེ་ལ་འཕོ་བ་བཅུ་གཉིས་ཏེ་ཟླ་བ་བཅུ་གཉིས་ཀྱི་ཁྱིམ་བཅུ་གཉིས་ཀྱིས་ཉེ་བར་བསྒྱུར་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞེས་བྱ་བར་གནས་ཏེ། དེ་ལྟར ་ན་རིགས་ཐམས་ཅད་རིགས་ལྔ་ལས་འབྱུང་བར་འགྱུར་རོ།། དེ་ལྟར་ན་ལོ་བཅུ་གཉིས་དང་ལོ་བཅུ་དྲུག་དག་ནི་ཟླ་བ་དང་ཞག་དང་། ཆུ་ཚོད་དང་ཆུ་སྲོང་དང་། དབུགས་རྣམས་ལ་འབྱུང་བ་རྣམ་པ་ལྔས་བསྒྱུར་ན། བཽགྲང་བ་ལས་འདས་པའི ་རིགསུ་ཤེས་པར་བྱའོ།། དེ་ལྟར་ན། དེའི་ཕྱིར་འདི་དག་རང་བཞིན་གཅིག། བདེ་ཆེན་མཆོག་ཏུ་ཕན་པ་ཉིད་འདོད་ཆགས་ལ་སོགས་སེམས་ལྔ་ཡིས།། དབྱེ་བས་ལྔ་རུ་འགྲོ་བར་འགྱུར།། ག་གཱི་ཀླུངབཅུའི་བྱེ་སྙིང་ཉིད།། རིགས་གཅིག། ་ལ་ནི་དེ་བཞིན་གཤེགས་པའི་ཚོགས།། རིགས་ཀྱི་ཚོགས་ལ་རིགས་ནི་དུ་མ་རྣམས།། དེ་རྣམས་རིག་པ་རིགས་ནི་རྣམ་པ་བརྒྱ།། དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་རྣམས།། བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར།། དེ ་ལ་རིགས་ལ་གྲངས་མེད་རིགས་རྣམས་ཉིད།། མཆོག་ཏུ་དགའ་བའི་རིགས་ལས་བྱུང་བ་རྣམས་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་ན་མཁའི་རིགས་ལུས་ཅནི་ཐམས་ཅད་ལ་མཆོག་ཏུ་ཕན་པ་བསྐྲད་པོ། མ་བཅོས་པའི་ལྷན་ཅིག་སྐྱེས ་པ་འདི་ནི། དབང་པོ་གཉིས་སྙོམས་པར་འཇུག་པའི་བདེ་བ་མ་གཏོགས་པ་གཞན་དུ་ཤེས་པའི་ཐབས་མེད་པའི་ཕྱིར། ཉན་ཐོས་དང་རང་རྒྱལ་བ་དང་མུ་སྟེགས་བྱེད་རྣམས་ལ་གསང་བར་ངེས་སོ།། ཀྱེའི་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར ་བཤད་པ་ལས། དངོས་གྲུབ་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུའི་རྒྱ་ཆེར་བཤད་པ་སྟེ་གཉིས་པའོ།། །། གང་ཞིག་དགའ་བ་བ་ནི་རྒྱུ་ཅན།། ཨེ་བཾ་ཡི་གེར་ཕྱག་འཚལ་ཏེ།། རྒྱུད་ཀྱི་གླེང་གཞི་གསང་བའི ་སྐད།། རྒྱས་བཤད་རྡོ་རྗེ་སྙིང་པོས་བྲི།། དེ་ནས་རྡོ་རྗེ་ཅན་གྱི་རྣལ་འབྱོར་མ་རྣམས་ལ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཐབས་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རྒྱུད་ནི་རྣམ་པ་བཞི་སྟེ། སློབ་དཔོན་དང ་གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པ་སྟེ། རྣམ་པ་བཞིའི་རྒྱུད་དོ།། གླེང་གཞི་ནི་ལོ་རྒྱུས་དང་གནས་དང་སྤྱོད་པ་དང་མི་འབྲལ་བ་ལ་བྱའོ།། ཐབས་དེ་དག་བཅོམི་ལྡན་འདས་ཀྱི་ས་བཀའ་སྩལ་ཞེས་སྦྱར་རོ།། དེ་བཞིན ་དུ་གཞན་ཡང་། སྡོམ་པ་དང་ནི་དབང་དང་ཡང་།། དེ་བཞིན་བརྡ་ཡི་ས་སྐད་ཉིད་དང་།། དགའ་རང་སྐད་ཅིག་དབྱེ་བ་དང་།། གཞན་ཡང་བཟའ་བོ་ལ་སོགས་པ།། དེ་ལ་སྡོམ་པ་གསུངས་པ་ནི་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཀྱེའི་རྡོ་རྗེ ་ནི་མཚོན་པ་ཡིན་ལ། དེ་བཞིན་དུ་གཙུག་ལག་གི་རྒྱུད་ཐམས་ཅད་ཀྱི་སྡོམ་པ་ནི་གང་། དབང་ནི་གང་དགའ་བ་ནི་དུ། སྐད་ཅིག་གི་དབྱེ་བ་ནི་གང་། རྣལ་འབྱོར་གྱི་བཟའ་བ་ནི་ཇི་ལྟ་བུ་ཡིན་པ་མ་འོང་པའི་སྐྱེ་བོ་རྣམས་ལ་ཕན་པའི་ཕྱིར། བཅོམ ་ལྡན་འདས་ཀྱིས་གསུངས་ཞེས་སྦྱར་རོ།། དེ་ལ་སངས་རྒྱས་ཀུན་གྱི་སྡོམ་པ་ནི།། ཨེ་བཾ་རྣམ་པར་རབ་ཏུ་གནས།། ཨེ་བཾ་རྣམ་པའི་བདེ་ཆེན་པོ།། དབང་ལས་ཡང་དག་ཤེས་པར་འགྱུར།། ཞེས་བྱ་བ་ལ་དོན་འདི་ཡང ་རྩ་བའི་རྒྱུད་ཉིད་ལས།། ད་ནི་མྱ་ངན་འདས་རྗེསུ། ཉན་ཐོས་བྱས་པས་རྟོགས་བྱིའི་ཕྱིར། ལག་ན་རྡོ་རྗེ་ལ་སོགས་པ།། ཆོས་ཀྱི་ཐོག་མར་ཨེ་བཾ་སྐད།། ཁོང་ཅིག་ཅེས་པ་དྲང་བའི་དོན།། ང་ནི་མྱ་ངན་འདའ་བ་མེད།། ང་ནི་རྡོ་རྗེ་ལྟ་བུའི་སྐུ།། དུས ་རྣམས་ཀུན་ཏུ་ང་འདུག་སྟེ།། བྱིས་པ་རྣམས་ལ་འཕོ་བར་བསྟན།། དེ་ལྟ་བུར་ནི་དྲིང་བའི་དོན་གྱི་གླེང་གཞིའོ།། ངེས་པའི་དོན་དུ་ནི་ཨེ་བཾ་ཞེས་པ་ཕ་དང་མ།། ཨེ་བཾ་ཉི་ཟླར་རབ་ཏུ་བསྟན།། ཨེ་བཾ་ཁྲག་དང་ཁུ་བ་དངོས།། ཨེ་བཾ་གཡས ་དང་གཡོན་པ་ཡིན།། ཨོཾ་བཾ་ལོང་ག་སྐྱེ་གནས་བརྗོད།། ཨེ་བཾ་ཐབས་དང་ཤེས་རབ་སྟེ།། ཨེ་བཾ་བདེ་སྡུག་ཀུན་གྱི་གཞི།། ཨ་ན་ལྟེ་བ་སྤྱི་བོ་བཾ་ཞེས་བྱ་བ་གསུངས་ཏེ། ངེས་པའི་དོན་ཏོ།། དེ་ནས་རྣལ་འབྱོར་མ་རྣམས་ཀྱིས།། བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ།། ཞེས་བྱ་བ་ནི་སྒྲ་ཇི་བཞིན་པར་བསྟན་པའོ།། བཅོམ་ལྡན་སྟོན་པ་འགྲོ་བའི་བླ།། མཁའ་འགྲོ་མ་ཡི་སྡོམ་པ་ཉིད།། ཨེ་བཾ་རྣམ་པ་ཅི་ཞིག་ལགས།། རིམ་པ་ཇི་ལྟར ་བཤད་དུ་གསོལ། ཞེས་བྱ་བ་ནི་མཁའ་འགྲོ་མ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ། རྡོ་རྗེ་སེམས་དཔའི་རང་བཞིན་ལ།། མངོན་དུ་བོས་ནས་མཁའ་འགྲོ་མེའི་བདེ་བའི་སྡོམ་པ་དང་། ཡི་གེ་ཨེ་བཾ་གི་དོན་ཇི་ལྟར་ལགས་པ་ཁོ་མ ་ཅག་གིས་མི་འཚལ་གྱི། དེ་བཤད་དུ་གསོལ་ཞེས་པའི་དོན་ཏོ།། དེའི་ལན་དུ་གསུང་བར་བཞེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་ཡི་ཆུ་བྱད་བཟང་པོ་གང་།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བདག་མེད ་མ་དང་རི་ཁྲོད་ལོ་མ་ཅན་ལ་སོགས་པའི་རྣལ་འབྱོར་མ་ཁྱེད་རྣམས་ཉོན་ཅིག། འདི་ལྟར། ཨེ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ལ་ཀྱི་གསང་ཆེན་ཡིན་ལ། དེ་ཉིད་རྣལ་འབྱོར་མ་ཁྱེད་རྣམས་ཉིད་ཀྱི་ལུས་ཀྱི་དབུས་ན། གྲུ་གསུམ་འབར ་ངའི་ཆ་བྱུང་དུ་གནས་ཤིང་། དེ་ཉིད་ཀྱི་དབུས་ནི་སྲིད་པ་གསུམ་གྱི་བདེ་བ་ཐམས་ཅད་འདྲེན་པར་བྱེད་པོ་བུམ་པ་བཟང་པོ་ལ་དཔག་བསམ་གྱི་ཤིང་གི་ཁ་རྒྱན་གྱིས་བརྒྱན་པ། དྲི་མ་མེད་པའི་ཆུ་ཡིས་བཀང་བ་ལྟ་བུ་གནས་པ་ཡིན་ཏེ། རིགས་ཀྱི ་པྲ་མོཾ་དོག་འདོན། ཨོཾ་ཡཻ་ཆ་བྱེད་བཟང་པོ་ག་།། དབུས་སུ་བཾ་གི་རྣམ་པས་བརྒྱན།། བདེ་བ་ཐམས་ཅད་ཀྱི་ནི་གནས།། སྭཱ་སྭཱ་རྒྱུས་རིན་ཆེན་ཙམ་ཏོག། ཅེས་བ་ཡིན་ཏེ། འདྀ་དི་ཉིད་ནི་འཇིག་རྟེན་གསུམ་གྱི་བདེ་བ་རྣམས་ཅད ་གཞི་རྟེན་དང་། རྣལ་འབྱོར་མ་རྣམས་ཀྱི་བདེ་བའི་སྡོམ་པའི་གནས་དང་། དཀའ་ཐུབ་ཅན་རྣམས་ཀྱི་ཚུལ་ཁྲིམས་བསྲུང་བར་བྱ་བའི་གཽནོ་ཡིན་ལ། སངས་རྒྱས་རྣམས་ཀྱི་བདེ་བ་རིན་པོ་ཆེའི་གཞལ་ཡས་ཁའ་ཞེས་ཀྱང་བཏག་སོ།། དེ་བས་ན ་ལས་ཀྱི་དང་པོར་གཏོགས་པ་གཉིས་སྤྱོད་པའི་བདེ་བས་སངས་རྒྱ་བར་འདོད་པ་རྣམས་ཀྱིས་ཀྱང་། གཞི་འདི་ལ་བརྟེན་ཏ་སྐད་ཅིག་མ་བཞིས་ཕྱེ་སྟེ་བླ་མའི་ལུང་བཞིན་དུ་འཇུག་པར་བྱས་ན་ཆ་འདི་ཉིད་ཀྱིས་རྡོ་རྗེ་འཆང་ཆེན་པོའི་གོ་འཕངས་འཐོ ་ཅེས་གསུངས་སོ།། དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་།། སྐད་ཅིག་དབྱེ་བས་ཕྱེ་བ་ལ།། དགའ་བ་དེ་ལས་སྐྱེ་བར་འགྱུར།། སྐད་ཅིག་ཤེས་ནས་བདེ་ཤེས་པ།། ཨ་བཾ་རྣམ་པར་རབ་ཏུ་གནས་ཞེས་གསུང ་ཏེ། གླེང་གཞི་དང་སྡོམ་པ་བསྟན་པའོ།། ད་ནི་སྐད་ཅིག་བཞི་དང་དགའ་བ་བཞི་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། སྣ་ཚོགས་དང་ནི་རྣམ་སྨིན་དང་།། རྣམ་ཉིད་དེ་བཞིན་མཚན་ཉིད་བྲལ།། ཞེས་བྱ་བ་སྟེ། དེ་ཡང་ཇི་སྐད་དུ་རྩ་བའི་རྒྱུད་ལས ་ལུགས་དང་ལུགས་བཟློག་ཁྱད་པར་ལས།། སྣ་ཚོགས་སུམ་ཅུ་རྩ་གཉིས་གནས།། རྣམ་པར་སྨིན་པ་བཅུ་དྲུག་ནོ།། བརྒྱད་ཀྱི་གནས་ནས་རྣམ་ཉིད་ཉིད།། བཅུ་དྲུག་བཞི་གནས་མཚན་ཉིད་བྲལ།། ས་དང་ཆུ་དང་མེ་དང་རླུང་།། རིམ་པ་བཞིན ་དུ་ཤེས་པར་བྱ།། ལུགས་འབྱུང་རིམ་པ་འདི་ལྟ་སྟེ། གཡོན་ན་རྒྱུ་བར་ཤེས་པར་བྱ།། ལུགས་བཟློག་དེ་ལས་བཟློག་ཡིན་ཏེ།། སུམ་ཅུ་གཉིས་གནས་མཚོན་ཉིད་བྲལ།། གཡས་ན་རྒྱུ་བར་ཤེས་པར་བྱ།། རྟེན་འབྲེ་ལ་ལུགས་འབྱུང ་ལུགས་ལས་བཟློག། དགེ་སློང་དགྲ་བཅོམ་ཟག་པ་ཟད།། འདོད་ཚོགས་བྲལ་བས་དབང་པོ་ཐུལ།། ཞེས་གསུངས།། དེ་ལྟར་ཡང་། སྐད་ཅིག་བཞི་ནི་རབ་ཤེས་ན།། དེ་ཉིད་རྣལ་འབྱོར་པས་ཤེས་འགྱུརརོ་ཞེས་པ་སྟེ། སྐད་ཅིག་བཞིའི་བྱ། ་བྲག་མ་ཤེས་པར་དེ་ཁོ་ན་ཉིད་དུ་མི་འགྱུར་ཏེ།། ཇི་ལྟར་ཕྱི་ཡིན་དེ་བཞིན་ནང་།། ཞེས་གསུངས་པའི་ཕྱིར་རོ།། འཁྱུད་དང་འོ་བྱེད་ལ་སོགས་པ།། སྣ་ཚོགས་རྣམ་པ་སྣ་ཚོགས་བཤོད།། ཅེས་བྱ་བ་ནི་འཁྱུད་པའི་སྐད་ཅིག་མ་ནི་སྣ་ཚོགས ་དེ་བཞིན་དུའོ་བྱུད་པ་དང་། འཛུམ་པ་ལ་སོགས་པ་དང་། མ་ཁ་མན་ནུ་ལ་སྩོགས་པ་ཐམས་ཅད་སྣ་ཚོགས་ཀྱི་མཚན་ཉིད་ཡིན་ལ། རྣམ་པར་སྨིན་པ་ནི་ཐ་ལྟག་ཏུ་འཐུང་སྟེ། དེར་གང་དུ་ནི། རྣམ་པར་ཉད་པ་བང་བའི་ཡེ་ཤེས་ཟུང་ཉིད། ་འབྱུང་སྟེ། བདེ་བ་ཟོས་པས་ནི་རྣམ་པར་སྨིན་པ་ཞེས་བྱ་ཞིང་། རྣམ་པར་ཉེད་པའི་སྐད་ཅིག་གྲོས་ཞེས་ཀྱང་བརྗོད་དོ།། མཚན་ཉིད་དང་བྲལ་བ་ནི་གསུམ་ལས་ཐ་དད་དེ། ཟ་བ་དང་ཟོས་པ་དང་གྲོས་ལ་སོགས་པ་དང་བྲལ་བའོ།། འདི་ནི་བླ་ན ་མེད་པར་རང་དགར་འཇུག་པ་སྤང་བའི་ཕྱིར་རྒྱུད་དུ་བཟློག་ཏེ་བསྟན་ཏོ།། དེས་ན་རྣམ་པར་སྨིན་པ་དེ་ལས་བཟློག། བདེ་བའི་ཡེ་ཤེས་ཟ་བ་ཉིད།། བདག་གིས་བདེ་བ་ཟོས་པའོ།། གྲོས་ནི་རྣམ་པར་ཉེད་པར་བརྗོད།། མཚན་ཉིད་བྲལ་བ་གསུམ ་ལས་གཞན།། ཆགས་དང་ཆགས་བྲལ་རྣམ་པར་སྤངས།། ཞེས་གོ་བཟློག་སྟེ་རྡོ་རྗེའི་ཚིག་ཏུ་གསུངས་སོ།། ད་ནི་དགའ་བ་བཞི་སྐད་ཅིག་མ་བཞི་དང་ལྡན་པ་བཤད་དེ། སྣ་ཚོགས་དང་པོའི་དགའ་བ་ཉིད།། དཔྲལ་བའི་འཁོར་ལོར་རབ་ཏུ ་བསྟན།། རྣམ་སྨིན་ལ་ནི་མཆོག་དགའ་ཉིད།། མགྲིན་པའི་འཁོར་ལོར་རབ་ཏུ་བསྟན།། རྣམ་ཉིད་ཁྱད་པར་དགའ་བ་ཉིད།། སྙིང་ཀའི་འཁོར་ལོར་རབ་ཏུ་བརྗོད།། མཚན་ཟིལ་ལྷན་ཅིག་སྐྱེས་དགའ་ཉིད།། ལྟེ་བའི་འཁོར་ལྷོར་རབ་ཏུ་བསྟན།། ་རྒྱུན་ལས་བཟློག་པ་སྔོན་བཞིན་དུ།། མཚན་ཉིད་བྲལ་བས་བདེ་ཆེན་ཉིད།། སློབ་དཔོན་གསང་བ་ཤེས་རབ་དང་།། བཞི་པ་སླར་ཡང་དེ་བཞིན་ནོ།། ཞེས་བྱ་བ་སྟེ། ཆུ་སོགས་བུམ་པའི་མཐའ་མ་ཅན།། བྱིས་པ་གཞུག་ཕྱིར་སློབ་དཔོན ་དང་།། གསང་བཐོབ་པས་དགའ་བ་ནི།། གསང་བའི་དབྱུང་དུ་ཡང་དག་བརྗོད།། ཤེས་རབལ་རག་ཤེས་རབ་དང་།། གསུམ་ལས་གཞན་པ་བཞི་པསྟེ།། ད་བཞིན་སླར་ཡང་དེ་བཞིན་ནས།། གསུངས་པའི་ཕྱིར་ན ་བཞི་པ་ནི།། གསུམ་པ་མ་ཡིན་གཞན་དུ་དཔྱང་།། ཅེས་པ་ནི་ངེས་པའི་དོན་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་བཤད་དོ།། དེ་ལྟར་ན་དབང་རྣམ་པ་བཞི་པོ་དྲང་བ་དང་ངེས་པའི་དོན་གྱི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཞེས་བྱ་བར་རྣམ་པར ་བཞག་གོ། དབང་ནི་བཞི་ཡི་གྲངས་ཀྱིས་ནི།། དགའ་བ་ལ་སོགས་རིམ་ཤེས་བྱ།། ཞེས་གསུངས་ཏེ། ལུགས་དང་ལུགས་ལས་བཟློག་པའི་ཁྱད་པར་གྱིས་སྔོན་བཞིན་དུ་ཁོང་དུ་ཆུད་པར་བྱའོ།། རྒོད་པས་དགའ་བ་ཐོབ་པོ་ནི།། རྒོད་པ ་དག་ལ་སློབ་དཔོན་ཉིད།། ལྟ་བས་དགའ་བ་ཐོབ་པ་མི།། ལྟ་བ་གསང་བ་དེ་བཞིན་ནོ།། ལག་བཅངས་དགའ་བ་ཐོབ་པ་ནི།། ལག་བཅངས་ལ་ནི་ཤེས་རབ་ཉིད།། གཉིས་གཉིས་སྤྲད་ལས་བདེ་ཐོབ་པ།། གཉིས་གཉིས་འཁྱུད་པ་དེ་བཞིན ་ཉིད།། དེ་ལྟར་དབང་ནི་རྣམ་པ་བཞི།། ཕྱི་དང་ནང་གི་དབྱེ་བ་ཡིས།། རྡོ་རྗེ་སློབ་དཔོན་བློ་ལྡན་པས།། སློབ་མ་སྐྱེ་བོ་མཆོག་ལ་བསྟན།། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར།། དབང་ནི་རྣམ་པ་བཞི་རུ་བཤད།། གཏོར་དང་བླུགས་པ་ཞེས ་བྱ་འདིས།། དེས་ན་དབང་ཞེས་བརྗོད་པར་བྱ།། ཞེས་བྱ་བ་ནི་དག་པ་དང་འཁྲུ་བར་བྱེད་པའི་དབང་ཡིན་ཏོ།། ཉོན་མོངས་པའི་གདུང་བའི་དྲི་མ་འཁྲུ་བའི་ཕྱིར་རོ།། དདེ་ནི་ནང་གི་སློབ་དཔོན་གྱི་དབང་བསྟན་པར་བྱ་བའི་ཕྱིར།། ཤེས་རབ་བཅུ་དྲུག ་ལོན་པ་ལ།། ལག་པ་དག་གིས་ཡང་དག་འཁྱུད།། རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས།། སློབ་དཔོན་དབང་དུ་རབ་ཏུ་བརྗོད། ཅེས་བྱ་བ་བསྟན་ཏེ། ཤེས་རབ་ཟླ་བ་འབྱུང་བ་ཡི།། ཆ་ཤས་བཅུ་དྲུག་ལོ་ལྡན་ལ།། རང་གི་རྡོ་རྗེ་དག་དང་ནི།། ད་ཡི་དྲིལ། ་བུ་སྦྱོར་བ་ཡིས།། བདེ་བ་ངེས་པར་སློབ་དཔོན་དབང་དེ་བཞིན་དུ། ཤིན་ཏུ་བཞིན་བཟངས་མི་གཡངས་མ།། གཟུགས་དངངོ་ལང་ཆོས་རྣམ་པར་བརྒྱན།། ཐེ་བོ་སྲིན་ལག་དག་གིས་ནི།། སློབ་མའི་ཁ་རུ་ལྟུང་བར་བྱ།། ཞེས་བྱ་བ་ནི་ད་ལྟར་བསྟེ། ་པ་ལས་བྱུང་བའི་རྫས་སློབ་མའི་ངག་གི་ལམ་སྦྱངས་པ་གསང་བ་ཡིན་ནོ།། དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་གྱིས་ཤེས་རབ་དེ་བཟའ་བཏུང་ལ་སོགས་པས་ཚིམ་པར་མཆོད་ལ་སློབ་མ་ལ་འདི་སྐད་ཅེས་བྱ་བ་ས་གཏོད་པར་བྱ་སྟེ། སེམས ་དཔའ་ཆེན་པོ་ཁྱོད་ཀྱིས་ནི། ཕྱག་རྒྱ་བདེ་དང་ལྡན་པ་ཁྱེར།། ཕྲག་དོག་ཁྲོ་བ་རྣམ་སྤངས་པའི།། སློབ་མ་ཚོར་འགྱུར་ཤེས་ནས་ནི།། སྟོན་པས་དེ་ལ་གནང་བ་སྦྱིན།། ཞེས་བྱ་བ་སྟེ། འདི་ལྟར་ས་དང་ཆུ་དང་མེ་དང་རླུང་གི་བདེ་བ་འཐུང་བའི ་ཕྱག་རྒྱ་འདི་རིགས་ཀྱི་བུ་ཁྱོད་ཀྱིས་ཁྱེར་ལ་མཆིད་པར་གྱིས་ཤིག། ཅེས་བྱ་བར་བསྒོ་བའོ།། གཞན་ཡང་ཀུན་ཏུ་རུ་གྱིས་རྡོ་རྗེ་འཛིན་ཞེས་པས་ཀུན་ཏུ་རུའི་སྦྱོར་བའི་ཁྱོད་པར་ཡང་སློབ་མ་དེ་ལ་ལེགས་པར་བསྟན་པར་བྱའོ།། དེ་བནི ་དུ་འདི་སྐད་དུ། སློབ་མས་ཀྱང་།། བློ་མ་ཕྱག་རྒྱར་ལྡན་མཐོང་ན།། བསྟོད་དང་མཆོད་པ་ཚུལ་བཞིན་བྱ།། འདི་ལྟ་སྟེ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ།། རྡོ་རྗེ་རྣལ་འབྱོར་ཅི་བཞེད་པ།། མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ།། རྡོ་རྗེ་རྣལ་འབྱོར་ལས་འབྱུང ་པ།། ཇི་ལྟར་ཁྱེད་ཀྱི་བདག་ཉིད་ཆེ།། མངའ་བདག་བདག་ལའང་དེ་ལྟར་མཛོད།། འཁོར་བའི་འདམ་གྱི་ཚོགས་དག་ཏུ།། བྱིང་བ་སྐྱབས་མེད་བདག་ལ་སྐྱོབས།། ཞེས་བྱ་བ་བླ་མ་རྡོ་རྗེ་འཛིན་པ་ལ་སློབ་མ་བློ་དང་ལྡན་པས་གསོལ ་བ་གདབ་པར་བྱས་ལ།། བཟའ་བཏུང་གི་མཆོག་པ་ལ་དང་། མ་ད་ན་ལ་སོགས་པ་དང་། དེ་བཞིན་དུ་འདུག་པ་དང་། ཞལ་ཟས་དང་། ཕྲེང་པོ་དང་། དྲིལ་བུ་དང་། རྒྱལ་མཚན་དང་། བྱུག་པ་ལ་སོགས་པ་མཆོད་པའི་རྫས་འདི་རྣམས ་ཀྱིས།། རྡོ་རྗེ་སློབ་དཔོན་ཡང་དག་པར་མཆོད་པར་བྱའོ།། དེའི་རྗེས་ལ་བླ་མ་དགྱེས་པར་གྱུར་པས་སྣ་ཚོགས་ལ་སོགས་པའི་སྐད་ཅིག་སྤངས་པའི་རྗེས་ཐོགས་སློབ་དཔོན་གྱིས་སློབ་མ་དེ་ལ་སླར་བཞིན་འདི་སྐད་ཅེས། སྟོན་པས་སྨྲས ་པ་སེམས་དཔའ་ཆེ།། བདེ་བ་ཆེན་པོ་རྣམ་པར་གཟུང་།། ཇི་སྲིད་བྱང་ཆུབ་བར་དུ་ནི།། སེམས་ཅན་དོན་གྱི་རྡོ་རྗེ་འཛིན།། ཞེས་བྱ་བས་གང་གི་གནད་ཀྱི་གནང་སྲིད་པའི་བདག་ཉིད་ཅན་ཡོངས་སུ་སྤངས་པའི་སྲིད་པ་ཉིད་ཀྱི་གནས་བསྟན་པར ་བྱ་བ་ནི་དེ་ཁོ་ན་ཉིད་དོ།། དེའི་རྗེས་ལ་ཡང་སློབ་མའི་སེམས་ཀྱི་ཀུན་ཏུ་རྟོག་པ་སྤང་བར་བྱ་བའི་ཕྱིར་འདི་སྐད་ཅེས་སློབ་དཔོན་གྱིས་བརྗོད་པར་བྱའོ།། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད།། ཐམས་ཅད་ལུས་ལ་རྣམ་པར་གནས།། གཉིས་དང་གཉིས ་མེད་པའི་ཚུལ།། དངོས་དང་དངོས་མེད་བདག་ཉིད་གཙོ།། བརྟན་དང་གཡོ་བ་ཁྱབ་ནས་གནས་ཞེས་བྱ་བ་སྟེ། འདི་ལྟ་སྟེ། རིགས་ཀྱི་བུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་རྗེ་སུ་སྤྱད་ཅིང་ཀུན་ཏུ་གསང་ལ་རྒྱས་བཏབ་པ་འདི་ནི།། ་ཁྱོད་ཀྱིས་རང་གི་ལུས་ཁོ་ན་ལ་ཡོད་པར་ཤེས་པར་གྱིས་ལ། གཞན་དུ་སོམ་ཉི་དང་དོགས་པ་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྡོ་རྗེ་ཕྲེང་བ་ཞེས་བྱ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། རང་ལུས་འགྱུར་བ་མེད་པ་འདི།། མཆོག་གཅིག་གིས ་ཤེས་བྱ་སྟེ།། དེ་ནི་དཔེ་ཡིས་ཉེར་མཚོན་ནས།། བླ་མའི་ཁ་ལས་རྟོགས་པར་བྱ།། ཞེས་གསུངས་པའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ། ལུས་ཅན་རྣམས་ཁུ་བའི་གཟུགས་ཀྱིས་གནསསོ།། ཞེས་བསྒོ་བར་བྱའོ།། དེ་བཞིན་དུ་ཁུ་བ་དེ ་ཉིད་ཡང་དག་པར་འདོད་པ་དགག་ཅིང་རིང་ནས་མཚོན་པར་བྱ་བའི་ཚུལ་དུ་བསྟན་པོར་བྱ་སྟེ། སླར་བཞིན་འདི་སྐད་ཅེས།། སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད།། དཀྱིལ་འཁོར་འཁོར་ལེའི་ཐབས་ཀྱིས་ནི།། རྟག་ཏུ་ངེས་པར་གྲོལ་བར་འགྱུར།། ་ཞེས་བྱ་བས་བསྒོ་བར་བྱའོ།། འདི་ལྟར་རིགས་ཀྱི་བུ་དག་རིང་གི་ལུས་ལ་ཁུ་བ་གནས་པ་འདི་ཡང་སེམས་ཅན་ཐམས་ཅད་དང་བདེ་བ་ཐུན་མོང་པ་ཡིན་པའི་ཕྱིར། དངོས་སུ་འདིས་གྲོལ་བ་ནི་ཡོད་པ་མ་ཡིན་ནོ།། གལ་ཏེ་དངོས་གྲོལ་བ ་ནི། མངོན་སུམ་ཉིད་དུ་འགལ་བའི་ཕྱིར་ཐབས་དམ་པའི་ཚུལ་དུ་འདོད་མར་རེ་ཞིག་རྡུལ་ཚོན་གྱི་གཞལ་ཡས་ཁང་དང་། ལག་པའི་ཕྱག་རྒྱབཅིང་བ་དང་། སྡོམ་པ་གཟུང་བ་ལ་སོགས་པ་མངོན་དུ་འགྲོ་བར་བྱ་ཞིང་བརྟགས་པོའི་རྣལ ་འབྱོར་གོམས་པ་དང་། དུས་ཇི་སྲིད་ལོན་པོ་ན། ལུས་ཀྱི་དཀྱིལ་འཁོར་ཡོངས་སུ་ཤེས་པར་བྱས་ནས་སྙིང་པོའི་རོ་མྱངས་ཏེ་ཚུལ་ལྟར་བསྟན་ན་གྲོལ་བར་འགྱུར་རོ།། ཞེས་བསྟན་པར་བྱའོ།། དེ་ཡང་ཚིག་གོང་མོ་འདི་དག་ཉིད་ཀྱིས་གས ་བར་སྟོན་ཏེ། དེ་ནས་རྡོ་རྗེ་སྙིང་པོས། རང་དང་ལྷན་ཅིག་ཏུ་གནས་པའི་བར་ན། རི་ཁྱོད་ལོ་མ་ཅན་ལ་སོགས་པའི་རྣལ་འབྱོར་རྣམས་ལ་བཟོད་པར་གསོལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ ་ཞེས་པ་ནས། རིམ་པ་ཇི་ལྟར་བཤད་དུ་གསོལ་ཞེས་པ་ཡན་ཆད་ཀྱིས་ནི་རྡོ་རྗེ་སྙིང་པོས་ཞུས་པ་བསྟན་ལ། དེའི་རྗེས་སུ་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་འདི་ལྟ་སྟེ། དཀྱིལ་འཁོར་སྙིང་པོ་ཞེས་བརྗོད་དོ།། བྱང་ཆུབ་སེམས ་ནི་བདེ་ཆེན་པོ་ཞེས་བྱ་བས་བསྟན་ཏེ། སྙིང་པོ་ནི་བཅུད་ལེན་ཅིང་འཛིན་ལ་རྟོགས་པར་བྱེད་པའི་ཕྱིར་དང་དྲི་བཞིན་དུ་ས་དང་ཆུ་ལ་སོགས་པའི་ཚུལ་གྱིས་སྲོག་དང་ཐིག་ལེ་འཁོར་བའི་ཕྱིར་འཁོར་ལོ་ཞེས་བརྗོད་དོ།། འོདི་ལྟར་དང་པོ་མཐར་བྱེད ་ཅེས་བྱ་བ། འདུས་པའི་དཀྱིལ་འཁོར་ཉིད་དུ་བརྗོད་ཅེས་བྱ་བ་གསུངས་ཏེ། གནས་གང་དུ་སོག་གི་རླུང་དང་ཁུ་བའི་ཐིག་ལེ་དག་འདུས་པའི་གནས་དེ་ནི་སྙིང་པོ་ཞེས་སུ་བརྗོད་དོ། དེ་ལྟར་ཡང་། འཁོར་ལོ་ཞེས་བྱ་ནམ་མཁའི ་ཁམསཽ།། ཡུལ་ལ་སོགས་པ་རྣམ་པར་སྦྱང་ཞེས་པ་སྟེ། དེ་ཉིད་ཤེས་པར་འགྱུར་བའི་མཐུན་པའི་དཔེ་སྟོན་པ་སྟེ། གནས་ཀྱི་པདྨ་ན་མཁའི་ཁམས་ཞེས་བྱ་བ་ལ། སྐྱེས་བུ་རྣམས་ཀྱི་ལིང་ག་དང་། ཕན་ཚུན་སྤྱོད་པའི་དུས་ལས ་མཚོན་པར་འགྱུར་ཏེ། དེའི་ཕྱིར་བོ་ལ་ཀཀྐོ་ལ་སྦྱོར་བས།། དེ་ཡི་བདེ་བ་ཤེས་པར་འགྱུར་ཞེས་གསུངས་པའི་ཕྱིར་རོ།། དེ་བཞིན་དུ་ཡང་སླར་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་ཀྱེའི་རྡོ་རྗེར་གནས་པ་རྣམས་ལ་སྡོམ་པ་དང་ངམ ་ཚིག་ཇི་ལྟར་གནས་པར་བགྱི་བཅོམ་ལྡན་འདས་ལ་ཞུས་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་སྲོག་ཆགས་གསད་པར་བྱ།། གང་ཕྱིར་སྲོག་ནི་སེམསུ་བརྗོད།། སེམས་ནི་རླུང་དང་ཁུ་བ་ཡིན།། སེམས་གཅིག་སྲོག ་ཆགས་གསོད་པ་ཉིད།། གཞན་དུ་མེ་ཡིན་གནས་དེ་རུ།། བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ།། འཇིག་རྟེན་བསྐལ་བ་ཞེས་བྱ་བ།། བརྫུན་གྱི་ཚིག་ཏུ་རབ་བསྒྲགས་ཏེ། དེ་ཡང་མ་ཡིན་གཞན་དུ་སྤྱང་།། བདག་གི་སྲོག་རླུང་ཐོགས་པས ་ན།། ཅིག་ཅང་འགྲོ་ཀུན་སྐད་ཀྱིས་ནི།། གང་དང་གང་ལ་དེ་དེ་དང་།། མཐུན་པའི་ཚེ་ས་སྟོན་བརྫུན་གྱི་ཚིག། ཁྱོད་ཀྱིས་མོ་བྱིན་པར་ཡང་བླང་།། བཙུན་མོའི་ཁུ་བ་མ་བྱིན་པ།། རང་ལ་ཡོད་པའི་བུད་མེད་མཆོག། མི་བྱི་ན་བླང་གི ་གཞན་དུ་མིན།། ཕ་རོལ་བུད་མེད་བསྟེན་པར་བྱ།། རྡོ་རྗེ་སེམས་སོགས་གཞན་བུད་མེད།། མཆོག་ཏུ་བསྟེན་གྱིས་གཞན་དུ་ན།། དྲི་མ་རབ་ལྡན་མ་མེ་མིན།། ཞེས་བྱ་བས་ངེས་པའི་དོན་གྱི་སྡོམ་པ་བསྟན་ཏོ།། དེ་ནས་ཡུལ་དང་ཡུལ ་ཅན་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དང་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ཐམས་ཅད་ཕན་ཚུན་དུ་འདུས་པ་ཉིད་དཀྱིལ་འཁོར་གྱི་འི་ཁྲོ་ལོ་གསུངས་པ་ལ། རྣལ་འབྱོར་མ་རྣམས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཚད་ལ ་སོགས་པ་ཡུལ་དང་ཡུལ་ཅན་རྣམ་པ་ཉིད་མ་འཚལ་ནས་བཅོམ་ལྡན་འདས་ལ་ཞུས་པ། ཡུལ་དེ་རྣམས་ཀྱང་ཅི་ལགས་ཞེས་པ་ནས། འདི་རྣམས་ཀྱི་རང་བཞིན་ཅི་ལགས་ཤེས་པས་བསྟན་ལ། དེ་ལ་བཅོམ་ལྡན་འདས་ཀྱིས ་དཀའ་སྩལ་པ། འདི་ལྟ་སྟེ། ཡུལ་དྲུག་ནི། གཟུགས་སྒྲ་དེ་བཞིན་དྲི་དང་ནི།། རོ་དང་དེ་བཞིན་རེག་བྱ་དང་།། ཆོས་ཀྱི་ཁམས་ཀྱི་རང་བཞིན་ཉིད།། འདི་རྣམས་ཡུལ་ནི་དྲུག་ཏུ་བརྗོད།། ཅེས་བྱ་བ་སྨོས་ཏེ། ཡུལ་གཟུགས ་ལ་ཨུ་ཞེས་པ་སྟེ་མཆུ་ལས་འབྱུང་བ་དང་། སྒྲ་ལ་ཨཿཞེས་པ་སྟེ། གྲེ་བ་ལས་འབྱུང་བ་དང་། དྲིལ་ཨལ་ཞེས་པ་སྟེ་སོ་ལྕེས་འབྱུང་བ་དང་། རོ་ལ་ཨར་ཞེས་པ་སྟེ་སྤྱི་བོ་ནས་འབྱུང་བ་དང་། རེག་ལ་ཨེ་ཞེས་པ་སྟེ། རྐན་ལས་འབྱུང ་བ་དང་། ཆོས་ཀྱི་ཁམས་ལས་ཨཱི་ཞེས་པ་སྟེ་གྲེ་བ་ལས་འབྱུང་བ་དང་དྲུག་པོ་རྣམས་ཡུལ་དྲུག་གི་རང་བཞིན་ཏེ། ཨ་ཨི་རྀ་ཨུ་ལྀ་ཨཾ་ཞེས་པ་དྲུག་ནི་མཚན་ཉིད་ཅན་དང་། དེ་བཞིན་དུ་ཨེ་ཨི་རྀ་ཨུ་ལྀ་ཨཿཞེས་པ་རྣམས་ཐབས་དང་ཤེས་རབ ་ཀྱི་ཚུལ་ཅན་དག་ནི་ཕྱི་དང་ལུས་དང་གཞན་ཐམས་ཅད་ལ་གྲུབ་པའི་ཕྱིར་དབང་པོ་དྲུག་དང་ཁམས་དྲུག་དང་ཕུང་པོ་དྲུག་པོ་ལ་སོགས་པ་གང་དུ་བསྟན་པ་རྣམས་ནི་རང་བཞིན་དེ་ལྟ་བུ་ཡིན་ཏེ། དེ་ལྟར་ཡང་ཡུལ་དྲུག་དང་དབང་པོ་དྲུག་ནི་སྐྱེ་མཆེད་བཅུ་གཉིས ་སུ་འགྱུར་ཞིང་། དེ་བཞིན་དུ་ཁམས་ཀྱི་ཕྱེ་བས་ནི་ཁམས་བཅོ་བརྒྱད་དུ་རྣམ་པར་བཞག་གོ། དེ་ལྟར་བསྟན་པ་རྣམས་ནི་རྣལ་འབྱོར་མ་ཁྱེད་རྣམས་ཀྱི་གོ་བར་བྱ་བའི་ཆེད་དུ་ཀུན་རྫོབ་ཀྱི་དངོས་པོར་བསྟན་ཞེས་བྱ་བའི་དོན་ཏོ།། དེ་རྣམས་ཀྱི་རང ་བཞི་ནི་ཇི་ལྟར་ཡིན་ཞེ་ན། རང་བཞིན་གདོད་ནས་མ་སྐྱེས་པ།། བརྫུན་མིན་བདེན་མིན་དེ་བཞིན་དུ།། ཐམས་ཅད་ཆུ་ཟླ་ལྟ་བུར་ནི།། གདོད་ནས་རྣལ་འབྱོར་མ་ཤེས་ཀྱིས། ཞེས་བྱ་བ་ལ་འདི་ལྟར་ཡུལ་དང་དབང་པོ་ལ་སོགས་པ་དེ་རྣམས ་ཐོག་མ་ནི་ཇི་ལྟར་སུ་ཡིས་གང་ནས་བསྐྱེད། མཐའ་མར་ནི་སུ་ཡིས་ཇི་ལྟར་གང་དུ་རླག། ཅ་ན་འདི་ལྟར་སྐྱེད་པར་བྱེད་པ་དང་། རླག་པར་བྱེད་པ་དག་ནི་ཡོད་པ་མ་ཡིན་ཏེ། གདོང་ནས་རང་བཞིན་གྱིས་དག་པའི་ཕྱིར་ཁྱེད་ཀྱིས་ཀྱང་དེ་ལྟར་ཤྭེ ་པར་གྱིས་ཤིག་ཅེས་པའི་ཐ་ཚིག་གོ། འདི་ལྟ་སྟེ། དཔེར་ན་གཙུབ་ཤིང་གཙུབ་གཏན་དང་སྐྱེས་བུའི་ལོག་པའི་རྩོལ་བ་ལས་བློ་བུར་དུ་མི་འབྱུང་བར་འགྱུར་ཏེ། མེ་དེ་ནི་གཙུབ་ཤིང་ལ་ཡང་མི་གནས་གཙུབ་གཏོན་ལ་ཡང་མི་གནས། ་སྐྱེས་བུའི་ལག་པ་ལ་ཡང་མི་གནས་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་བཙལ་ན་གཅིག་ལ་མི་གནས་པའི་ཕྱིར་མེ་དེ་བདེན་པ་ཡང་མ་ཡིན། བརྫུན་པ་ཡང་མ་ཡིན་པ་དེ་ལྟར་ཆོས་ཐམས་ཅད་རྣལ་འབྱོར་མ་རྣམས་ཀྱིས་ཡིད་ལ་གྱིས ་ཤིག། ཅེས་བྱ་བ་སྟེ། དེ་ལྟར་ན་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། ཡུལ་རྣམས་ཀྱང་མི་ཡན་ལ་དེ་ལས་གཞན་དུ་བཙལ་བར་མི་བྱ་ཞེས་པའི་དོན་ཏོ།། དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས ་པ་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་བདུད་རྩི་ལྔ་ཐོགས་ཤིང་། དམ་ཚིག་གི་རྫས་ཐོགས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་མཆོད་པ་བྱེད་ཅིང་ཀུནྡ་ཏུ་རུའི་སྦྱོར་བས་རྗེས་སུ་ཆགས་པར་བྱེད། བདུད་རྩི་ལྡིའི་རོ་ཡང་འཐུངས་པར ་བྱེད་དོ།། ཞེས་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དངོས་པོ་རྣམས་ལ་གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེའི་ཚིག་གིཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་ནས། ་བཅོམ་ལྡན་འདས་ལ་ཡུལ་རྣམས་ཀྱིས་མཆོད་ཅིང་བདག་ཅག་རྣམས་ཀྱང་ཡུལ་རྣམས་ཟ་བར་བྱེད་ཅེས་བྱ་བའི་དོན་ཏོ།། དེ་ནས་བཅོམ་ལྡན་འདས་དགྱེས་ནས་རང་བྱིན་གྱིས་བརླབ་པ་བསྟན་པ། ཀྱེ་ཀྱེ་རྡོ་རྗེ་མཁའ་འགྲོ་མ།། སདྲ ་རྒྱས་ཀུན་གྱི་ཕྱག་མཛད་པ།། དེ་ཉིད་བདག་གིས་གསང་མཛད་པ།། རྡོ་རྗེ་མཆོད་པའི་བྱིན་རླབས་ཀྱིས།། བཤད་ཀྱིས་འདོད་པསཽ་རབ་ཏུ་ཉོན་ཞེས་བྱ་བ་ནི། དེ་ལྟར་བདེན་པ་གཉིས་ཀྱིས་ཆོས་ཀྱི་ཚུལ་ཟབ་མོ་འདི་རྣལ་འབྱོར་མ་རྣམས་ལ་བསྟན་པ ་ཁོང་དུ་ཆུད་པོས། བཅོམ་ལྡན་འདས་དགྱེས་ཏེ་སླར་བཞིན་སྤྱོད་པའི་ཁྱད་པར་བསྟན་པར་བཞེད་ནས་ཚིག་དེ་དག་གསུངས་ཞེས་བྱ་བའི་དོན་ཏོ།། སྤྱོད་པའི་ཁྱད་པར་ཡང་འདི་ལྟ་སྟེ། བཟའ་བཏུང་ཇི་ལྟར་རྙེད་པ་དང་།། འགྲོ་དང་འགྲོ་མིན ་མི་སྤོང་ཞིང་།། ཁྲུས་དང་གཙང་སྦྲ་མི་བྱ་སྟེ།། གྲོང་གི་ཆོས་ནི་རབ་ཏུ་སྤོང་།། བློ་ལྡན་སྔགས་ནི་མི་ཟླ་ཞིང་།། བསམ་གཏན་ཉིད་ནི་དམིགས་མི་བྱ་ཞེས་བྱ་བ་ནིས། བྱང་ཆུབ་ཀྱི་སེམས་ཀྱི་རབ་ཏུ་བཟའ་ཞེས་བྱ་བ་ཡན་ཆད་ཀྱིས་བསྟན་ཏེ། ་རྟོག་པ་ལས་དེ་བཞིན་ཉིད་མི་སྐྱེ་བས། རྟོག་པ་ཐམས་ཅད་རབ་ཏུ་སྤངས་ལ་གང་ཅི་དགར་གནས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གང་ཞིག་ཉེ་བར་དམིགས་པ་དེ་ཐམས་ཅད་རང་བཞིན་གྱིས་དག་པའི་སྙིང་པོ་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར ་གཉི་སུ་མེད་པའི་ཡེ་ཤེས་ཀྱི་སེམས་དང་ལྡན་པ་ལ་མི་བཟའ་བ་དང་། མི་བཏུང་བ་དང་། མི་དཔྱད་པ་དང་། མི་ལྟ་བོ་དང་། མི་མྱང་བ་གང་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་རང་འབྱུང་མེ་ཏོག་རྙེད་ནས་ནི།། པདྨར་སྣོད་དུ ་བཞག་པ་དང་། ཞེས་བྱ་བ་བུད་མེད་ཀྱི་སྐྱེ་གནས་ལས་བྱུང་བའི་ཁྲག་ཐོད་པའི་ནང་དུ་བཟུང་ལ། ལུད་པ་དང་ནི་སྣབས་དག་གིས།། བསྲེས་ནས་བརྟུལ་ཞུགས་ཅན་གྱིས་བཏུང་།། ཞེས་བྱ་བ་ནི་འཇིག་རྟེན་པས་སྨད་པའི་ལུད་པ་དང་སྣབས་ལ ་སོགས་པ་གོང་གི་ཁྲག་དང་བསྲེས་ལ་བྱིས་པའི་སྐྱེ་བོ་དམ་ཚིག་ཅན་རྣམས་ལ་ཡང་བཟའ་རུ་གཞུག་སྟེ་སྐྲ་དཀར་དང་གཉེར་མ་ལ་སོགས་པ་ཡང་སེལ་བར་བྱེད་དོ།། དེས་ནི་རྣལ་འབྱོར་པ་བྱིས་པའི་རང་བཞིན་ཅན་རྣམས་འདྲེན་པར་འགྱུར ་ལ། གཞན་ཡུལ་དང་ཡུལ་ཅན་གཅིག་ཏུ་གྱུར་པ་ལས་ཁམས་རྣམས་ཕྱིར་མི་འབྱུང་ཞིང་ཉི་མའི་ཆ་འོག་ཏུ་འགྲོ་བ་ནི་ངེས་པའི་དོན་ཏོ།། སྨད་གཡོགས་ཁ་དོག་སྣ་ཚོགས་དང་། ཞེས་བྱ་བ་ལ་སོགས་པའི་ཚིག་དག་ནི་སྤྱོད་པའི་ལེའུ་དག ་ཏུ་རྒྱས་པར་བསྟན་ཏོ།། གཞན་ཡང་དབང་པོ་དྲུག་གི་གྲངས་གང་གི་རིགས་གང་ཡིན་པ་མ་བསྟན་ཅིང་རྣམ་པར་དག་པ་མེད་པས། ཐམས་ཅད་ཡུལ་གྱི་རྣམ་དགེ་པ།། བཅོམ་ལྡན་འདས་ཀྱིས་སྔར་གསུངས་ན། ངེས་པར་དབང་པོ་དྲུག ་གློ་གྲངས།། རྣམ་པར་དག་པར་མཱ་མཛད་པ། ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོས་ཞུས་པ་ལ་སླར་བཅོམ་ལྡན་འདས་ཀྱིས་ལན་གསུངས་པ་ནི་མིག་ལ་གཏི་མུག་རྡོ་རྗེ་མ་ཞེས་བྱ་བཱ་ལ་སོགས་པ་སྨོས་ཏེ། དོན་འདི་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ ་མིག་ལ་གཏི་མུག་རྡོ་རྗེ་མ།། ཡི་གེ་ཨར་ནི་རབ་ཏུ་བསྟན།། རྣ་བར་ཞེ་སྡང་རྡོ་རྗེ་མ།། ཡི་གེ་ཨཾ་གིས་རབ་ཏུ་བསྟན།། སྣ་ལ་སེར་སྣ་མ་ཞེས་བཤད།། ཡི་གེ་ཨོཾ་ཡིས་རབ་ཏུ་བསྟན།། ཁ་ལ་འདོད་ཆགས་རྡོ་རྗེ་མ།། ཡི་གེ་ཨུ་ཡིས ་རབ་ཏུ་བསྟན།། ལུས་ལ་ཕྲག་དོག་རྡོ་རྗེ་མ།། ཡི་གེ་ལེ་ཡིས་རབ་ཏུ་བསྟན།། ཡིད་ལ་བདག་མེད་རྣལ་འབྱོར་མ།། ཡི་གེ་ཨ་ཡིས་རབ་ཏུ་བསྟན།། དབང་པོ་རྣམས་ནི་དག་པའི་ཕྱིར།། འདིས་ནི་གོ་ཆ་སེམས་དཔའ་ཆེ་ཞེས་བྱ ་བ་གསུངས་པས་རྟོགས་པར་བྱའོ།། རྡོ་རྗེ་སྙིང་པོས་གསོལ་པ།། དགོངས་པའི་སྐད་ནི་ཅི་ཞེས་བགྱི།། རྣལ་འབྱོར་མ་ཡི་དམ་ཚིགོ་ཆེ།། ཉན་ཐོས་ལ་སོགས་མི་ཤེས་པ་ཞེས་བྱ་བ་ལ། ཀྱེ་བཅོམ་ལྡན་འདས་ཀྱེའི་རྡོ་རྗེ་ལ་གནས་པའི་རྣལ་འབྱོར། ་པ་རྣམས་ཀྱིས་ཉན་ཐོས་དང་རང་རྒྱལ་དང་། མུ་སྟེགས་ལ་སོགས་པའི་བྱིས་པའི་སྐྱེ་བོ་རྣམས་ཀྱི་ནང་དུ་མིཆིས་པའི་ཚེ། གསང་བའི་བརྗེད་པ་ལ་སོགས་པ་ཇི་ལྟར་བགྱི་ཞེས་ཞུས་པའོ།། དེ་བཞིན་དུ་རྒོད་དང་ལྟེ་བ་དག་དང་ནི།། འཁྱུད་པ་དེ ་བཞིན་གཉིས་གཉིས་དང་།། རྒྱུད་ཀྱང་དེ་བཞིན་རྣམ་པ་བཞིར།། དགོངས་པའི་སྐད་ནོ་མ་བསྒྲགས་པ།། བཅོམ་ལྡན་ངེས་པར་གསུང་དུ་གསོལ་ཞེས་བྱ་བ་ཡང་། དེ་བཞིན་དུ་གང་དུ་འདོད་ཆགས་ཀྱི་གནས་དེར་རྒོད་པའི་བདེ་བ་དང་། ལྟེ་བའི ་བདེ་བ་དང་། འཁྱུད་པའི་བདེ་བ་དང་། གཉིས་ཀྱིས་གཉིས་སྤྱོད་པ་ལ་སོགས་པའི་བདེ་བའི་བརྡ་དག་ཀྱང་བཤད་དུ་གསོལ་ཞེས་པའི་དོན་ཏོ།། ལན་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། རྡོ་རྗེ་སྙིང་པོ་ཉོན་ཅིག་ཅེས་གསུངས་ནས། ་བརྡ་འདི་དག་གསུངས་སོ།། དེ་ཡང་རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱའོ།། མ་ད་ན་ཆང་བ་ལ་ཤ། ཕྱི་དང་ནང་གི་བྱེ་བྲག་གིས།། ཚིག་འདི་ཀུན་ལ་རབ་ཏུ་སྦྱར།། ཁུ་བའི་བདེ་བ་མྱོས་བྱེད་ཆང་།། སྔོན་དུ་བཤད་པའི་དབང་པོ་རྣམས། ཕྱི ་རུ་མི་འགྲོ་ཤ་རུ་བརྗོད།། འདུ་བ་མ་ལ་ཡ་ཛར་བརྗོད།། རིགས་དང་རིགས་མིན་ལས་བྱུང་བ།། འཁོར་ལོ་བཞི་ཡི་བདག་ཉིད་ཅན།། རང་རང་གནས་སུ་འདུ་བའི་ཕྱིར།། མ་ལ་ཡ་ཛ་ཞེསུ་བརྗོད།། འགྲོ་བ་ཁེ་ཊ་རོ་ཞེས་པ།། དུས་ཀྱི་མེ་ཡི ་གནས་གང་ནས།། མུན་པིའི་གནས་སུ་འགྲོ་བ་སྟེ།། འོད་ཟེར་གློག་སྟོང་འཁྲུག་པ་འདྲ།། དེ་ལ་ཁེ་ཊ་རོ་ཞེས་ཟེར།། རུས་པའི་རྒྱན་ནི་ནི་རཾ་ཤུ།། ཆ་ཤས་མེད་ཅིང་བརྗོད་པ་སྤངས།། ཚིག་གི་ཡུལ་ལས་རྣམ་པར་འདས།། ཁུ་བའི་བདེ་བ་གང ་ཡིན་པ།། དེ་ལ་ནི་རཾ་ཤུ་ཞེས་གྲགས།། འོང་བ་ཕྲེང་ཁ་ཎ་རུ་བརྗོད།། ཟླ་བའི་ལམ་ནི་གཡོན་ཕྱོགས་ནས།། གང་གིས་བསྐུལ་ཏེ་འོང་བ་སྟེ།། ལྷ་དང་མི་སོགས་སྨིན་པར་མཛད།། ཕྲེང་ཁ་ཎ་ཞེས་དེ་ལ་གྲགས།། ཅང་ཏེའུ་ཀྲི་པི་ཏ་རུ་བརྗོད།། ་སྲོག་གི་རླུང་ནི་ཅང་ཏེའུའི་སྒྲ།། མི་ཤིག་ལམ་ལ་རབ་ཏུ་གནས།། རྣལ་འབྱོར་གང་གིས་ཐེས་འགྱུར་བ།། ཀྭི་པི་ཏཱ་ཞེས་རྣམ་པར་བཤད།། སྐལ་མེད་དུ་དུ་ར་ཞེས་བརྗོད།། རྣལ་འབྱོར་བརྩེ་བ་རབ་དམིན་པ།། བཅུ་དྲུག་ཆ་གང་འཕྲོ་བར ་བྱེད།། དེ་ནི་སྙིང་རྗེ་དམུན་པ་སྟེ།། དུ་དུ་ར་ཞེས་བརྗོད་པར་བྱ།། སྐལ་ལྡན་ཀྲཱྀ་ལིཉྫ་རར་བརྗོད།། བདག་གིས་ཐོབ་པའི་བདེ་བ་གང་།། ཚུངས་དབངས་ཁྱབ་འཇུག་འདོད་ལྷས་ཀྱང་།། ཀུན་ཏུ་འཕྲོག་པར་མི་འགྱུར་ལ།། དམ་པར་འཛིན་ཏྭེ་ཀཱ ་ལིཉྫི།། རེག་མིན་ཌིཎྜི་མ་ཞེས་བརྗོད།། བདག་མེད་མ་སོགས་རྣལ་འབྱོར་མའི།། རང་བཞིན་ཆ་ཤས་བཅུ་དྲུག་ཅན།། བདག་ཏུ་མི་འཛིན་བསྔགས་པར་བྱེད།། ཌིཎྜ་མ་ཞེས་རབ་ཏུ་བསྒྲགས།། ཐོད་པ་པདྨ་བྷཱ་ཛ་ན།། གང་གིས་རྒྱུན་གྱིས ་ལུས་སྐྱོང་མེད།། དེ་མེད་དེ་ཡི་ཡོང་མི་འགྱུར།། འཇིག་རྟེན་གསུམ་གྱི་མངའ་བདག་གང་།། དེ་ནི་པདྨ་བྷཱུ་ཛ་ན།། བཟའ་བ་ཏྲིཔྟི་ཀ་ཞེས་བྱ།། སྔར་བཤད་ཡུལ་གྱི་དངོས་པོ་རྣམས།། ལྕེ་ཡིས་མ་ཡིན་ཀུན་ཏུ་ཟ།། བསམ ་གཏན་ཟས་ཀྱི་རོ་མཆོག་ནི།། ཏྲཱྀ་པྟི་ཀ་ཞེས་ཀུན་ཏུ་གྲགས།། ཚོད་མ་ལ་ནི་ཏཱིནྟི་ནཾ།། ཉི་མ་ཟླ་བ་སྒྲ་གཅན་དང་།། ལུགས་དང་སི་རྀ་སྐྱ་ཀུན་སྤངས་མ།། ལམ་འོངས་གྲུབ་པ་རབ་ཏུ་གསོལ།། ཏིནྟི་ནཾ་ཞེས་ཀུན་ཏུ་གྲགས།། བཤད་པ་ཙ་ཏུ་སྲ་མར ་བརྗོད།། ཉི་ཟླ་སྒྲ་གཅན་དུས་ཀྱི་མི།། གང་དུ་མཉམ་པར་ཚོགས་པ་ན།། བསམ་གཏན་བཞི་ནི་མཉམ་པའི་ཕྱིར།། བཞི་མཉམ་ཞེས་ནི་རབ་ཏུ་དྲན།། གཅི་བ་ཀསྟ་རཾ་ཞེས་བརྗོད།། ལུས་ལ་གྲུབ་པའི་སྐྱེས་བུ་ལྟར།། གང་ལ་བརྟི་ནི་ཏེ་ཅི་རི ་ཀྱི།། ལྟེ་བའི་དྲི་དང་མཚུངས་པ་ནི།། ཀསྟཱ་ར་ཞེས་བརྗོད་པར་བྱ།། རབ་འབྱུང་སིཧླར་ཤེས་པར་བྱ།། མི་མོ་གང་གི་སྐྱེ་གནས་ཁྲག། རྣལ་འབྱོར་མཁས་པ་བློ་ལྡན་པས།། ཙནྡནཱི་དང་ནི་སི་ཧཱ་ལྟར།། སྐྱེད་བྱེད་སེ་ཧཱ་ཡིན་པར་ཤེས།། ཁུ་བ ་ཀཪྻཱ་ར་ཞེས་བརྗིད།། ཤེས་རབ་མེ་ཆེན་གང་གིས་སུ།། གྲོང་ཁྱེར་རྣམས་ནི་རབ་དཀྲུགས་ནས།། ག་པུར་ཁ་དོག་དྲི་སྟོན་པ།། དེ་བཞིན་ཀོ་རཱུ་རཱ་ཞེས་བརྗོད།། ཤ་ཚན་སཱ་ལི་ཛ་ཞེས་བརྗོད།། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག ་རྡོ་རྗེ་ལྟ་བུའི་ལུས་ལྡན་ཞིང་།། འོན་ཏེ་གཞན་དག་འདོད་མོ་ས་ན།། མཁའ་སྤྱོང་སྟེར་བ་སཱ་ལི་ཛི།། དབང་པོ་གཉིས་སྦྱོར་ཀུན་ཏུ་རུ།། གཙང་མའི་གནས་ན་དབང་ཕྱུག་ཆེ།། བསྲེག་བྱ་ཞེས་པས་སྤྱན་དྲངས་པས།། དེ་གཉིས་མཉམ ་པར་འབྱོར་པ་ལ།། ཀུན་ཏུ་རུ་ཞེས་དེ་ལ་བརྗོད།། རྡོ་རྗེ་པོ་ལ་ཞེས་བཤད་དེ།། དེ་ལ་བརྟེན་པའི་ཏིང་འཛིན་ཆུས།། ཡེ་ཤེས་སྐུ་ནི་རབ་སྐྱེ་ཞིང་།། སྟོབས་དང་གཟི་བརྗིད་མཚུངས་མེད་ཚེ།། འོལ་ཞེས་སུ་རྣམ་པར་བཤད།། པདྨ་ཀཀྐོ ་ལ་ཞེས་ཟེར།། པདྨ་ལ་བརྟན་འཇིག་རྟེན་གསུམ།། བདེ་བའི་ངང་ཚུལ་རབ་ཏུ་ལྡན།། རྡོ་རྗེའི་སྐུ་ལུས་ཐོབ་མཛད་ཕྱིར།། ཀཀྐོ་ལ་ཞེས་རབ་ཏུ་བསྒྲགས་ཞེས་གསུངས་པས་འདིའི་དོན་རྟོགས་པར་བྱའོ།། དེ་ལྟར་བརྗོད་པའི་རིམ་པས་བསྡུས ་པའི་རྒྱུད་ན་ཇི་ལྟར་གནས་པའི་ཐ་སྙད་ཀྱིས་བརྡ་རྣམས་ཇི་ལྟ་བ་བཞིན་དུ་བློ་ལ་གནས་པར་བྱ་སྟེ། དོན་གྱི་སྐབས་ཀྱིས་ཕན་ཚུན་དུ་བརྗོད་པར་བྱ་བ་ཡིན་ལ། ངེས་པའི་དོན་གོང་དུ་བརྗོད་པ་དག་ནི་བློ་ཡིས་ཤེས་པར་བྱ་བ་ཙམ་དུ་ཟད་ཀྱི ་ཇི་ལྟ་བུ་བཞིན་བརྗོད་པར་བྱ་བ་ནི་མ་ཡིན་ནོ།། ཁ་དོག་དབྱེ་བས་ཕྱེ་བ་ལས།། རིགས་ནི་རྣམ་པ་ལྔ་རུ་བཤད།། འདི་ནི་གསང་བའི་སྐད་ཡིན་ནོ་ཞེས་བྱ་ང་ནི་དེ་ལྟར་བསྟན་པའི་དགོངས་པའི་སྐད་དོན་ཆེན་པོ་དང་ལྡན་པ་ཀུན་རྫོབ་དེང ་དོན་དམ་དུ་ཕྱེ་བ་ལས་ཡི་གེ་ལྔའི་དགོངས་པ་ལས་མེད་ཙོས་པའི་དོན་ཏོ།། དེའི་ཕྱིར་ན་ཕྱག་རྒྱ་ལྔ་ནི་བསྡུས་པ་ཉིད་ཅེས་གསུངས་པའི་ཕྱིར་རེ།། རིགས་དེ་རྣམས་ཀྱང་འདི་ལྟ་སྟེ། གཡུང་མོ་རྡོ་རྗེའི་རིགསུ་བཤད།། མི་བསྐྱོད་པ་དེ ་ན་མཁའི་ཁམས།། གར་མ་དེ་བཞིན་པདྨའི་རིགས།། འོད་དཔག་མེད་དེ་མ་ཡིས་ཁོམས།། རང་འཚེད་མ་ནི་རིན་ཆེན་རིགས་རིན་ཆེན་འཐུང་ལྡན་ཆུ་ཡི་ཁམས།། སྐྱེ་གཉིས་དེ་བཞིན་གཤེགས་པར་བརྗོད།། རྣམ་སྣང་མཛད་ཆེན་ས་ཡི ་ཁམས།། ཆོས་མ་ལས་ཀྱི་རིགས་ཉིད་དེ།། དོན་ཡོད་གྲུབ་པ་རླུང་གི་ཁམས།། འདི་རྣམས་ཕྱག་རྒྱའི་དངོས་གྲུབ་སྟེ།། འདི་རྣམས་ཁུ་བ་རྡོ་རྗེར་བརྗོད།། བརྟུལ་ཞུགས་ཅན་གྱིས་མཆོད་ནས་བཏུང་།། ཞེས་བྱ་བ་ལ་དྲང་བ་དང་ངེས ་པའི་བྱེ་བྲག་གིས་རིགས་འདི་རྣམས་ལས་བྱུང་བའི་བུ་མོ་རྣམས་ཡོངས་སུ་ཤེས་པར་བྱ་སྟེ། ལེགས་པར་སྦྱངས་ལ་བདེ་བའི་ཀུན་ཏུ་སྤྱོད་པས་བྱང་ཆུབ་ཀྱི་སེམས་ཕྱུང་ལ་བཏུང་བ་ལ་སོགས་པ་བྱས་པས་ལུས་རྡོ་རྗེ་ལྟར་སྲི་བར་འགྱུར་རོ།། ངེས ་པའི་དོན་དུ་ཕྱི་དང་ནང་གི་རིགས་གང་ཡང་རུང་སྟེ་ས་བོན་མི་འབོད་པའི་ཏིང་ངེ་འཛིན་གྱི་འདུན་པ་དྲག་པོས་ནི་ལུས་རྡོ་རྗེ་ལྟར་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ།། གསང་བའི་སྐད་ནི་ངོ་མཚར ་ཅན།། དེ་ཡིས་ཁྱོད་ལ་གང་བཤད་པ།། དེ་རྣམས་ཐམས་ཅད་གུས་པས་གཟུང་ཞེས་བྱ་བ་ནི་ནན་ཏན་བསྒྲགས་པའི་ཚུལ་དུ་གསུངས་ནས། གཞན་ཡང་ལ་དོར་བའི་གསུངས་འོད་དག་བཀའ་སྩལ་ཏེ། འདི་ལྟ་སྟེ། ཀྱེའི་རྡོ་རྗེ་དབང་བསྐུར ་གླང་།། གསང་བའི་སྐད་ཀྱིས་མི་སྨྲ་ན།། དེ་ཡི་དམ་ཚིག་ཉམས་པར་ནི།། འགྱུར་པོ་འདི་ལ་ཐེ་ཚོམ་མེད།། དེ་བཞིན་དུ་དམ་ཚིག་ཉམས་པའི་རྟག་སུ་ཇི་ལྟར་འབྱུང་ཞེ་ན། འཚེ་བ་དང་ནི་རྐུ་ནི་མ་དང་།། གླདོན་དང་རིམས་དང་དུག་དག ་གིས།། གལ་ཏེ་སངས་རྒྱས་གས་ང་བའི་སྐད།། མི་གསུང་ན་ཡང་འགྲོངས་པར་འགྱུར་ཞེས་བྱ་བ་ནི་དེ་བཞིན་དུ་ལས་དང་པོ་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐད་འདི་བསྒྲགས་པར་ངེས་སོ།། རང་གི་དམ་ཚིག་རིགས་རྙེད་ན།། གལ་ཏེ་ཚིག ་འདི་མི་སྨྲ་བ།། གནས་བཞི་ལས་འཁྲུངས་རྣལ་འབྱོར་མ།། དེ་ཡི་ཚེ་ན་ཁྲོ་བར་བྱེད།། ཅེས་བྱ་བ་ནི་དྲང་བ་དང་ངེས་པའི་དོན་དུ་རིག་པར་བྱའོ།། ཀྱེའི་རྡོ་རྗེ་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས་རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཀྱི་ལེའུའི ་རྒྱ་ཆེར་བཤད་པ་སྟེ། གསུམ་པའོ།། ། སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱུ་ལ།། སྨྲ་བའི་སེང་གེ་ཚུགས་པོ་མེད།། མུ་སྟེགས་ཅནྡ་རྣམས་སྐྲག་མཛད་པ།། བཅོམ་ལྡན་ཀྱེ་ལ་བདག་ཕྱག་འཚལ།། ཕྱག་རྒྱ་བསྡུས་པའི་རྒྱུ ་ཆེར་འགྲེལ།། སེམས་ཅན་སྡུག་བསྔལ་མུན་འཐོམས་ལ།། སྒྲོན་མས་གསལ་བར་བྱ་བའི་ཕྱིར།། རྒྱ་ཆེར་འགྲེལ་པ་བདག་གིས་བྲི།། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། མཁའ་འགྲོ་མ་རྣམས་ཐེ་ཚོམ་དུ་གྱུར། ཞེས་བྱ་བ་ལ་སྨོ ་པ་ལ་གང་སྤྱོད་པའི་ལེའུ་ལས་གླུ་ག་རེ་རྣལ་འབྱོར་པས་བྱས་དངོས་གྲུབ་སྟེར་བའི་གླུ་གར་དང་། ལྷོའི་ལེའུ་ལས་བཤད་པའི་ཞེ་སྡང་ལ་སོགས་པའི་རྒྱུ་ཡིས་གང་ལ་གང་གིས་ཇི་ལྟར་གདབ་པ་དང་། བདག་མེད་པའི་འཁོར་ལོར་གསུངས་པའི ་སྔགས་ཀྱི་ཡི་གེ་ལ་སོགས་པ་གང་ལགས་པ་དང་། རིགས་ཀྱི་ལེའུ་ལས་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་སུ་གསུངས་པའི་དགོངས་པ་རྣམས་ལ། བཅོམ་ལྡན་འདག་ནི་འཁྲུལ་གྱུར་པས།། དེ་རྣམས་རྣམ་དག་བཤད་དུ་གསོལ ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཀེལླ་ཨ་རི་ཐི་ཞེས་བྱ་བ་ལ་སོགས་པའི་གླུ་གསུངས་ཏེ། ད~ཾ་ལ་དོན་འདིར་རྟོགས་པར་བྱ་སྟེ། ཀོལླ་ཨི་རཎཱི་ཨེ་བོ་ལཱ་ཞེས་པས་ནི་གནས་དང་ཉེ་བའི་གན་སུ་བསྟན་ཏོ།། མུམྨ་ཎིར ་ཀཀྐོ་ལ་ཞེས་པ་ནི། ཞིང་དང་ཉེ་བའི་ཞིང་དུ་བསྟན་ཏོ།། གྷ་ཎ་ཀི་པི་ཊ་ཧོ་བཱཛྫ་ཨི་ཀ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ་ཞེས་པས་ནི། ཚན་དོ་དག་ཏུ་རབ་ཏུ་བསྟན་ཏོ།། ཏ་ཧི་པ་ལ་ཁཛྫ་ཨི་ག་ཌེམྨ་ཨ་ཎ་པིཛྫ་ཨི་ཨ་ཨི ་ཞེས་ཉེ་བའི་ཚན་དོར་བསྟན་ཏོ།། ཧ་ལི་ཀཱ་ལཉྫ་ར་པ་ཎི་ཨ་ཨི་དུ་དུ་རུ་ཏི་ཧེ་བཛྫ་ཨ་ཨི། ཞེས་པས་ནི་འདུ་བའི་ས་བསྟན་ཏོ།། ཙ་ཨུ་ས་མ་ཀཱཙྪ་ར་སིཧྨ་ཀཔྶུ་ར་ལཱ་ཨི་ཨ་ཨི། ཞེས་པས་ནི། ཉེ་བའི་འདུ་ས་བསྟན་ཏོ།། མཱ་ལ་ཨིནྡྲ ་ཎྱཱནྨ་ཤཱ་ལིཉྫ་ཧ་ཧི་བྷཱ་རུ་ཁཱི་ཨཻ་ཨ་ཨི། ཞེས་པས་དུར་ཁྲོད་བསྟན་ཏོ།། ནི་རི་ཤུ་ཨཾ་ག་ཙ་ཌཱ་པྲཱི་ཏི་ཙི་ཛ་ས་རཱ་བ་པ་ཎི་ཨ་ཨི། ཞེས་པས་ནཻ་ཉྫི་བའི་དུར་ཁྲོད་བསྟན་ཏོ།། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ་ཤུདྡྷ་ཤུ་དྷ་ནཱ་མ་ཎི་ཨ་ཨི། ཞེས་པ ་ཎི་བཱི་ལ་བ་བསྟེན་པའོ།། མ་ལ་ཡཱ་ཛེ་ཀུནྡུ་རུ་པ་ཊ་ཨི་ཌིཎྜ་མཱ་སུ་ཏ་ཧི་ན་བཛྫ་ཨ་ཨི། ཞེས་པས་ནི་ཉེ་བའི་པཱི་ལ་བ་བསྟན་ཏོ།། དེ་ལྟར་བརྗོད་པའི་རིམ་པས། འདི་དག་ས་ནི་བཅུ་རུ་བསྟན།། འདི་ལྟར་ཤེས་བཞིན་གླུ་ལེན་གང་།། དེ་ནི་དངོས ་གྲུབ་རྒྱུས་འགྱུར་ཏེ།། ཧཱུཾ་རུ་ཀ་ནི་ཇི་བཞིན་ནོ།། ཞེས་རྩ་བའི་རྒྱུད་ལས་གསུངས་པས་དོན་རྟོགས་པར་བྱའོ།། ད་ནི་གར་བསྟན་པར་བྱ་བའི་ཕྱིར། དྲན་པ་མྱི་འཕྲོགས་རྣལ་འབྱོར་པས།། ཧེ་རུ་ཀ་ཡི་གཟུགས་ཀྱིས་གར།། ཆགས ་བྲལ་མོ་གོས་སེམས་ཀྱི་ནཾ། འདོད་ཆཿསས་ཀྱིས་བསྒོམ་པ་ཉིད།། ཅེས་བྱ་བ་ཆགས་པའི་བདེ་བ་ལ་སེམས་གཞན་དུ་མི་འཕྲོགས་ཤིར་སྙིང་རྗེ་ཆེན་པོ་གཡོ་བི་ན་གར་ཡིན་ཏེ། དེ་ཡང་ཇི་སྐད་དུ། ཧེ་ནི་རྒྱུ་སོགས་རྣམ་སྤངས་པ། ་རུ་ནི་ཚོགས་དང་བྲལ་བ་ཉིད།། ཀ་ནི་གང་དུའང་མི་གནས་པ།། ཧེ་རུ་ཀ་ཞེས་རབ་ཏུ་གྲགས་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་ཆགས་པ་དང་བྲལ་བའི་སྐྱོན་གྱིས་མི་གོས་པར་བདག་གཞན་གྱི་དོན་དུ་སྙིང་རྗེ་ཆེན་པོ་གཡོ་བར་བྱ་ཞེས་བྱ ་པའི་དོན་ཏོ།། རྡོ་རྗེ་ཆོས་དང་སངས་རྒྱས་དང་། ཞེས་བྱ་བ་ལ་རྡོ་རྗེ་ཆོས་ནི་གསུང་གི་རང་བཞིན་ནོ།། སངས་རྒྱས་ནི་སྐུའི་རང་བཞིན་ཏེ། དེའི་ཤུགས་ཀྱིས་ཐུགས་ཀྱང་ཤེས་པར་བྱའོ།། དེ་ནི་སྐུ་གསུང་ཐུགས་གཅིག་ཏུ་བྱ་བ་བསྟོན ་ཏོ།། རྣལ་འབྱོར་མེ་མོ་རྣམས་ཀྱིས་ནི།། གླུ་དང་ག་རི་ནརྀ་འདི་དག་གིས།། ལེགས་པར་གླུ་བླངས་གར་ཡང་བྱ།། འདི་ཉིད་ཀྱིས་ནི་དམ་ཚིག་བསྲུང་།། དེ་བཞིན་བདག་ཀྱང་བསྲུང་བ་ཉིད།། འདིས་ནི་འཇིག་རྟེན་དབང་དུ་བྱེད།། ཅེས ་བྱ་བ་ལ། དེ་ལྟར་བརྗེད་པའི་གླུ་དང་གར་དེ་དག་གིས་ནི་ཕྱི་དང་ནང་གི་དམ་ཚིག་དང་དངོས་གྲུབ་རྒྱས་པ་ཐམས་ཅད་གསལ་བར་བསྟན་པ་ཡིན་ཏེ། འདི་དག་གི་རང་བཞིན་རྗེ་བཞིན་དུ་ཁོང་དུ་ཆུད་པས་འཛག་རྟེན་གསུམ་ཡང་དབང ་དུ་བྱེད་ལ་སྔགས་ཀྱིས་བཟླས་པ་ཡང་འདི་ཁོ་ན་ཉིད་ཡིན་པར་ཁོང་དུ་ཆུད་པར་བྱའོ།། གང་དུ་གུས་པས་གླུ་ལེན་དང་།། གང་དུ་གུས་པས་གར་བྱེད་པ།། ཚེགས་ཀྱི་བདག་པོས་སྔར་བྱས་ནས་ཞེས་བྱ་བ་འམ།། རྒྱལ་པོའི་བཀའ ་ཐོབ་པའི་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཡང་རུང་ཚོགས་ཀྱི་འཁོར་ལོ་ཐ་མལ་བ་ཡང་རུང་། དེ་དག་ལས་གཞན་པའི་དཔའ་བོའི་སྟོན་མོའི་དུས་ཀྱང་རུང་སྟེ་དང་པོར་ཚོགས་ཀྱི་གཙོ་བོས་གློ་བླངས་ལ་དེའི་རྗེསུ་གཞན་དོག་གིས་ཅི་བདེར ་བླང་ཞེས་བྱ་བའི་དོན་ཏོ།། ཚོགས་དང་དཔའ་བོའི་སྟོན་མོ་དེ་དག་གི་དུས་སུ་གླུ་དང་གར་གྱིས་བྱིན་བརླབས་ཀྱིས་མཚན་མ་དང་པོར་རྣམ་པ་གསུམ་སྒྲོག་པའི་དྲི་ལྟ་བུ་དང་བར་དུ་བྱ་རྒོད་ཀྱི་དྲི་ལྟ་བུ་དང་། ཐ ་མར་ག་པུར་གྱི་དྲི་ལྟ་བུ་འབྱུང་བར་འགྱུར་ཏེ། རྡོ་རྗེ་སློབ་དཔོན་གྱིས་མཚོན་པར་བྱའོ།། དེ་བཞིན་དུ་གླུའི་མཚན་ཉིད་ཀྱིས་ངག་གི་མདངས་ཐོག་མ་དང་ཐ་མ་གཉིསུ་དང་པའི་རྒྱལ་པོ་དང་བུང་བའི་རྒྱལ་པོ་ལྟ་བུའི་སྒྲས་སྣ་དྲང་ཞིང ་མཐའ་བརྟེན་ནོ།། བར་དུ་ནི་ཁྱུ་མཆོག་ལྟ་བུའི་སྒྲ་སྟེ། རའི་སྒྲ་ལྟ་བུས་རྒྱས་པར་བྱ་བའི་དོན་ཏེ། སྐད་ཅིག་དེ་ཉིད་ལ་དཀྱིལ་འཁོར་བའི་ཉེ་འཁོར་དུ་ཡང་རྟགས་དེ་དག་འབྱུང་བར་འགྱུར་རོ།། དེ་ལྟ་བས་ན་དང་པ་དང་ནི་བུང་བའི་སྨྲ།། ། ་བ་ལང་ཚེ་ཡི་སྒྲ་ལྟ་བུ།། གླུ་ཡི་མཐའ་ནས་མཉན་པར་བྱ།། གླུ་ཡི་བྱིན་རླབས་མཚན་ཉིད་ཀྱིས།། ཕྱི་རོལ་ཚལ་དུའང་མཚོན་པར་འགྱུར་ཞེས་གསུངས་སོ།། །། ད་ནི་ཕྱག་རྒྱའི་མཚན་ཉིད་བརྗོད་པར་བྱ་སྟེ་ཅིའི་ཕྱིར ་ཞེ་ན། རྟགས་དང་རིགས་དང་རྒྱུད་དང་། ཆོ་འབྲང་རྣམས་ཡོངས་སུ་དག་པར་མ་བྱས་པས་འཇིག་རྟེན་པའི་བག་མའི་བྱ་བ་ལ་སོགས་པ་མི་བྱེད་པའི་ཕྱིར་ཏེ། གལ་ཏེ་ཡོངས་སུ་མོ་སྦྱངས་པར་འཇིག་རྟེན་པའི་བྱ་བ་ལ་འཇུག་པ ་དེ་ལྟ་ན་ནི་འཇིག་རྟེན་པའི་ཐ་སྙད་མེད་དེ་ཀཱ་ཀློ་ཡོངས་སུ་དར་བར་འགྱུར་རོ།། དེ་ལྟོ་བས་ན་རྒྱུད་དེ་དང་དེ་ལས་ཀྱང་། ཇི་ལྟར་ཕྱི་རོལ་དེ་བཞིན་ནོང་ཞེས་གསུངས་པའི་ཕྱིར་རོ།། དེ་བས་ཕྱག་རྒྱ་རྟགས་དང་མཚན་མོ་སྟེ། འདི་ཡིས ་རིགས་ནི་མཚོན་པར་བྱ།། རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས།། སྒྲུབ་པ་པོ་ལ་དངོས་གྲུབ་མེད།། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།། གང་གི་རིགས་གང་ཡིན་པ་དེ་དང་ངའི་རིགས་ཀྱི་ཕྱག་རྒྱས་གདབ་པ་ནི་དེ་བཞིན་གཤེགས ་པའི་ངེས་པའོ།། འདིའི་དོན་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ། ཞེ་སྡང་ཕྱག་རྒྱས་བདག་མེད་མ།། མགོན་པོ་མི་བསྐྱོད་ཞེ་སྡང་རིགས།། གཏི་མུག་ཕྱག་རྒྱས་རྡོ་རྗེ་མ།། མགོན་པོ་སྣང་མཛད་གི་ཏཽ་མུག་རིགས།། སེར་སྣའི་ཕྱག ་རྒྱས་དཀར་མོ་ཉིད།། སེར་སྣ་མགོན་པོ་རིན་ཚན་འབྱུང་།། ཆགས་པ་སོ་ཆུ་མོ་ཕྱག་རྒྱས་གདབ།། ཆགས་པས་མགོན་པོ་དཔག་མེད་རིགས།། ཕྲག་དོག་ཕྱག་རྒྱས་མཁའ་འགྲི་མ།། ཕྲག་དོག་དོན་ཡོད་གྲུབ་པའི་རིགས།། ་དེ་བཞིན་མཚམས་སོགས་ལྷ་མོ་ཡང་།། ས་དང་ཆུ་དང་མ་རླུང་ཕྱིར།། རིམ་པ་བཞིན་དུ་ཕྱག་རྒྱས་གདབ།། ཅེས་གསུངས་པས་དོན་ཁོང་དུ་ཆུད་པར་བྱའོ།། དེ་བཞིན་དུ། ཡང་ནི་དཀར་མོ་ཞེ་སྡང་གིས་ཞེས་པ་ནས། འདོད ་ཆགས་ཕྱག་རྒྱས་མཁའ་སྤྱོད་མ།། འདོད་ཆགས་པས་ཕྱག་རྒྱ་ཤེས་པར་བྱ་ཞེས་བྱ་བ་ཡན་ཆད་ཀྱང་གོང་བཞིན་རྟོགས་པར་བྱ་སྟེ། ཡུལ་དང་ཡུལ་ཅན་གྱིས་ཕྱེ་བ་ཙམ་དུ་ཟད་དོ།། ད་ནི་བདག་མེད་མ་ལ་སོགས་པ་ལྷ་མོ་བཅོ ་ལྔའི་ས་བོན་བསྟན་པར་བྱ་བའི་ཕྱིར།། ཨཱ་ལི་དང་པོ་བདོག་མཽད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་མེད་མའི་ས་བོན་ནོ་ཨཽའོ།། ཨཱ་ལི་གཉིས་པ་རྡོ་རྗེ་མིའོ་ས་བོན་ནི་ཨཱའོ།། ཨ་ལི་གསུམ་པ་དཀར་མོའི་ས་བོན་ནི་ཨི། ་བཞི་པ་ཆུའི་རྣལ་འབྱོར་མའི་ས་བོན་ནི་ཨཱི། ལྔ་པ་རྡོ་རྗེ་མཁའ་འགྲོ་མའི་ས་བོན་ནི་ཨུ། དེ་ནི་ནང་གི་འཕར་མའོ།། ཕྱིའི་འཕར་མ་བཤད་པར་བྱ་སྟེ། དྲུག་པ་པུཀྐ་སཱིའི་ས་བོན་ནི་ཨཱུ། བདུན་པ་རི་ཁྲོད་ལོ་མའི ་ས་བོན་ནི་ར~ཾ།། བརྒྱད་པ་ད་མེ་ཤྭ་ཅན་གྱི་ས་བོན་ནི་རཱྀ། དགུ་པ་ག་ཡུང་མོའི་ས་བོན་ནི་ལཾ། ཡང་ན་ལྔ་གཉིས་དཀར་མོ་ཉིད་ཅེས་གསུངས་ཏེ། བཅུ་པ་དཀར་མོའི་སོ་བོན་ནི་ལཱའོ།། བཅུ་གཅིག་པ་ཆོམ་རྐུ་ནི་མའི་ས་བོན་ནི་ཨཻ། བཅུ ་གཉིས་པ་རོ་ལངས་མའི་ས་བོན་ནི་ཨེའོ།། བཅུ་གསུམ་པ་གྷསྨཱ་རཱིའི་ས་བོན་ནི་ཨོཾ།། བཅུ་བཞི་པ་ས་སྤྱོད་མའི་ས་བོན་ནི་ཨོཾ།། བཅོ་ལྔ་པ་མཁའ་སྤྱོད་མའི་ས་བོན་ནི་ཨི་མོ།། རྣལ་འབྱོར་མའི་ས་བོན་ཉིད། ཅེས་བྱ་བ་ནི་དེ་ལྟར་བརྗོད ་པའི་ས་བོན་རྣམས་བདག་མེད་མ་ལ་སོགས་པའི་ལྕེ་མོ་བཅོཾ་ལྔའི་ས་བོན་ཡིན་ཞེས་བྱ་བའི་དོན་ཏེ།། རིགས་ཀྱི་ལེའུ་ལས་རྩ་རྣམས་གང་།། བཅུ་དྲུག་གཉིས་ཀྱིས་བདག་ཉིད་གསུངས།། རྩཝ་ནི་གཉིས་གཉིས་རྣལ་འབྱོར་མ།། རེ་རེ ་རྣམ་པ་གསུམ་དུ་བརྗེད།། ཅེས་གསུངས་ཏེ། འདི་ལྟར་རྩཝ་སུམ་ཅུ་རྩ་གཉིས་ཀྱིས་རིགས་ཀྱི་ལེའུར་བསྟན་པ་གང་ཡིན་པ་དེ་ནི་སྲོག་དང་སེམས་མཉམ་དུ་རྒྱུ་བའི་ཕྱིར་ཐབས་ཤེས་རབ་ཀྱི་དབྱེ་བས་རྩ་གཉིས་གཉིས་ཤིང་རྣལ་འབྱོར ་མ་རརེ་རེ་སྡེ་ལྷ་མོ་བཅོ་ལྔའི་བདག་ཉིད་ཡིན་ལ།། རྨང་མ་རོ་མོ་ན་ངརམ།། བདག་མེད་རྣལ་འབྱོར་མ་ཞེས་བརྗོད།། ཅེས་གསུངས་པའི་ཕྱིར། སུམ་ཅུ་རྩ་གཉིས་པོ་ནི་ཕྱི་དང་ནང་ཀུན་ཏུ་བྱ་འོ་ཡོངས་སུ་གཏོང་བ་ཡིན་པའི་ཕྱིར་ཀུན ་ཏུ་སྤང་བར་བྱ་སྟེ། བདག་མེད་མེ་ལ་དབུལ་བར་བྱའོ།། དེ་ཡང་། གང་ཕྱིར་བཅུ་དྲུག་ཆ་མེད་པས།། འབད་པས་ཀུན་གྱི་ལྷག་མ་སྤབ་ནས་གསུངས་ཏེ། ཚེས་བཅུ་དྲུག་པ་མེད་པའི་ཕྱིར་དེ་སྐད་ཅེས་བྱ་བ་ལ། གང་ཡང་བཅུ་དྲུག་ཅེས་གྲགས ་པ་ནི་མར་དེའི་ཚེ་གཅིག་ཡིན་པའི་ཕྱིར་རོ།། ངོ་ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར་ཞེས་བྱ་བས་གསལ་བར་རབ་ཏུ་བསྟན་པ་ཡིན་ནོ།། དེ་ཡང་བསྡུས་པའི་རྒྱུད་འདི་ཉིད་ལས། ཆ་ཤས་བཅོ་ལྔའི་བདག་ཉིད་ཅན།། བྱང་ཆུབ ་སེམས་རྣམས་ཟླ་བར་འགྱུར།། རྣོལ་འབྱོར་མ་རྣམས་དེ་ཡི་ཆ།། བདྲ་བོ་ཆེན་པོ་ཨཱ་ལཱིའི་གཟུགས།། ཞེས་གསུངས་སོ།། དེ་བཞིན་དུ་སྟོང་པ་ཆེན་པོ་ཡི་གེ་ལྔ་ཞེས་པའི་དུས་སུ་ཡི་གེ་ལྔ་པོའི་དབྱིབས་ལྟ་བུར་གནས་ལ་ཐིག་ལེ ་དང་རྣམ་པར་བཅད་པར་བྱེ་བ་དག་གིས་ཀུན་ཏུ་མཛེས་པར་འགྱུར་བའི་ཕྱིར་རོ།། རྣལ་འབྱོར་བྱིས་པའི་བློ་ཅན་དགེ་འདི་སྐད་ཅེས་ཅི་སྟེ་ཨཱ་ལི་ཡང་བཅུ་དྲུག་ཏུ་གསུངས་ལ་ཐིག་ལེ་དང་དགའ་བ་དང་འཕོ་བ་ཡང་བཅུ་དྲུག་ཏུ་གསུངས ་པ་མ་ཡིན་ནམ། དེ་ཅིའི་ཕྱིར་ཞེ་ན། བཅུ་དྲུག་པ་དང་སུམ་ཅུ་རྩ་གཉིས་པ་སྤངས་ཞེས་སེམས་དཔའི་དེ་ནི་མ་ཡིན་ཏེ། འདི་ལྟར་དེ་བཞིན་གཤེགས་པས་བྱིས་པའི་སྐྱེ་བོ་རྣམས་ལ་དགོངས་ནས། སྐུ་གསུང་ཐུགས་ཡེ་ཤེས ་ཀྱི་དབྱེ་བས་ཕྱེ་སྟེ། ངོ་བོ་ཉིད་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྟེ་སྐུ་བཞི་རྣམས་ལ་དགོངས་ནས་དགའ་བ་བཅུ་དྲུག་ཏུ་གསུངས་སོ།། དེ་བཞིན་དུ་ཨཱ་ལི་བཅུ་དྲུག་དང་ཐག་ལ་བཅུ་དྲུག་དག་ནི་དངོས་ཡོད་པ་མ ་ཡིན་ཏེ། ཆ་གཉིས་གསལ་བར་བྱེད་པའི་ཕྱིར་སྒྲ་གཙུན་ནམ་མ་ནིང་ལྟ་བུ་ཡིན་ནོ།། དེ་བས་ན་སུམ་ཅུ་རྩ་གཉིས་དང་། བཅུ་དྲུག་པ་དང་དྲུག་པའི་འཁྲུལ་པ་སྤངས་ཏེ། གཞན་དུ་དོགས་པ་མི་བྱའོ།། ་རྡོ་རྗེ་སྙིང་པོས་གསོལ་པ། རྣལ་འབྱོར་མ་ཀུན་ལས་བྱུང་བ།། ལྷོན་ཅིག་སྐྱེས་དགའི་རང་བཞིན་ཅན།། འགྲིབ་མེད་བཏུང་མཆོག་ན་མཁའ་ཉིད།། ཀརཱུར་ངེས་པར་ཅིས་མི་སྤང་ཞེས་བྱ་བ་གསོལ་ཏེ། དེ་ལྟ་བས་ན་རྣལ་འབྱོར་མ ་བཅོ་ལྔའི་བདག་ཉིད་ཅན་གྱི་ཁུ་བ་བྱང་ཆུབ་སེམས་བཏུང་བའི་མཆོག་ན་མཁོའི་ལྟ་བུའི་བདེ་བ་རྒྱུན་མི་འཆད་པ་ལུས་ངག་ཡིད་གསུམ་བསིལ་བར་བྱེད་པའི་སླད་དུ་ག་བུར་ལྟ་བུ་འདི་ཅིས་ཀྱང་མི་སྤང་བར་བསྒྲུབ་པར་བགྱིའོ་ཞེས་བྱ ་བའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་ཚུལ་དང་མཐུན་པའི་ལན་གྱིས་ཇི་སྐད་སྨྲས་པ་དེ་བཞིན་ནོ།། ཞེས་གསུངས་སོ།། རྡོ་རྗེ་སྙིང་པོས་གསོལ་པ། ཐབས་གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ཞེས་བྱ་བ་ནི ་འདི་ལྟ་བུའི་བྱང་ཆུབ་ཀྱི་ལམ་ལ་འཇུག་པའི་གོ་རིམས་ཇི་ལྟར་བསྒྲུབ་པར་བགྱི་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་མི།། རང་བྱིན་བརླབ་པའི་རིམ་པས་ཀྱང་།། ཀུན ་རྫོབ་དོན་དོམ་གཟུགས་ཅན་གྱི།། བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། ཅེས་བྱ་བ་སླར་གསུངས་པ། སྔོན་དུ་ཐུན་མོངས་གི་སྡོམ་པ་གཟུང་བ་དང་། རྡུལ་ཚོན་གྱི་ནང་དུ་དྲང་བ་དང་། བླ་མས་རྡོ་རྗེ་སློབ་དཔོན་གྱི་དབང་ཞེས་བྱ་བ་རྣམ ་བདུན་གྱིས་བྱིན་གྱིས་བརླབས་ལ། གདོང་ཀུན་རྫོབ་དཀར་པོ་དང་དེ་ལས་འབྱུང་བའི་བདེ་བས་སེམས་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏེ། དེ་ཡང་འདི་ལྟར། ཀུན་རྫོབ་ཀུན་ད་ལྟ་བུ་ཉིད།། དོན་དམ་བདེན་པའི་གཟུགས་ཅན་ནོ།། ཞེས་བྱ་བ ་ལ་རེ་ཞིག་ཀུན་རྫོབ་ཉིད་དུ་ཁུ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། བཻ་ལ་བརྟེན་པའི་བདེ་བ་དོན་དམ་པ་ཞེས་སུ་ཐོ་སྙད་གདགས་སོ།། ཕྱི་ནས་འཚོར་བ་མེད་པའི་བདེ་བ་ལས་བྱུང་བའི་དེ་ཁོ་ན་ཉིད་ལ་དོན་དམ་པའི་གཟུགས་ཅན་ཏོ་ངས ་པའི་དོན་ཏོ།། བུད་མེད་ཀཽ་ལ་བདེ་བ་ཅན།། ཨེ་བཾ་རྣམ་པའི་རང་བཞིན་དུ།། བདེ་བ་སྲུངས་པ་ཁོ་ན་ལས།། བདེ་བ་ཅན་ཞེས་རབ་ཏུ་བསྒྲགས།། ཞེས་བྱ་བ་ལ་ཀུན་རྫོབ་ཏུ་མི་མོའི་ཆུ་སྐྱེས་དང་སྐྱེས་བུའི་ལིངྒ་དག་ཕན་ཚུན་དུ་གཙུབས་པ ་ལས། འདེ་བ་འབྱུང་བའི་ཕྱིར་བདེ་བ་ཅན་ཞེས་བསྒྲགས་པར་བྱའོ།། བདེ་བ་དེ་ཉིད་ང་ཁོ་ན་ཉིད་ཀྱི་ལྕགས་སྒྲོག་གིས་བསྡམས་པ་ལས་རྡོ་རྗེ་ལྟ་བུའི་སྐུ་ཐོབ་པ་ནི་ངེས་པའི་དོན་ཏོ།། བསྡུས་པའི་རྒྱུད་འདི་ཉིད་ལས། སངས་རྒྱས ་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་འཛིན་པ་རྣམས་ཀྱི་གནས།། འདི་ཉིད་འཁོར་བ་ཞེས་བྱ་སྟེ།། འདི་ཉིད་མྱ་ངན་འདས་པ་ཉིད།། འཁོར་བ་སྤངས་ནས་གཞན་དུ་ནི།། མྱ་ངན་འདས་པ་རྟོགས་མི་འགྱུར། ཞེས་གསུངས་ཏེ།། གོང ་དུ་བརྗོདདཾ་པའི་ཀུན་ད་ལྟ་བུ་ཁྱེའུ་དང་བུ་མོའི་རྟེན་བསྐྱེད་པས་ནི།། འཁོར་བ་གཟུགས་དང་སྒྲ་ལ་སོགས།། འཁོར་བ་ཚོར་བ་ལ་སོགས་པ།། འཁོར་བ་དབང་པོ་རྣམས་ཉིད་དེ། འཁོར་བ་ཞེ་སྡང་ལ་སོགས་པ་ཞེས་བྱ་བ་ཡིན་ལ། ་ཀུནྡ་ད་ལྟ་བུ་ཁྱེའུ་དང་བུ་མོའི་རྟེན་རབ་ཏུ་བཅད་དེ། བསྲུངས་པ་ལས་འདི་རྣམས་ཆོས་ནི་མྱ་ངན་འདས་ཞེས་བྱ་བ་མིན་ཞིང་། འཁོར་བ་སྤངས་ནས་གཞན་དུ་ནི།། མྱ་ངན་འདས་པ་རྟོགས་མི་འགྱུར། ཞེས་པ་ནི་ངེས ་པའི་དོན་ཉིད་དོ།། དེ་བས་ན་དེའི་ཕྱིར། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། ཅེས་བྱ་བ་རྨོངས་པ་རྣམས་ལ་དུས་ཀྱི་ཕོ་ཉ་མོས་འཛིན་པའི་ཕྱིར་དང་། དུས་ཀྱི་མེ་འབར་བས་ཀུན་ད་ལྟ་བུ་ཁོ་ཐུར་དུ་བལྟས་པས་གསོད་པར་བྱེད་པ་ཉིད་དོ།། རྨོངས ་མེད་འཁོར་བ་དག་པས་ནི།། འཁོར་བ་མྱ་ངན་འདས་པར་འགྱུར་ཞེས་བྱ་བ་ལ། གང་ཀུན་དེ་ལྟ་བུ་དེ་རྒྱུ་བ་འགགས་པ་ནི་རྨོངས་པ་མེད་པ་སྟེ། ལྟོ་བ་དང་སྙིང་ཀ་དང་། མགྲིན་པ་དང་། དཔྲལ་བ་རྣམས་སུ་རྟེན་འབྲེལ་ལུགས་ལས་ལོག་སྟེ།། ་གནས་དང་གནསུ་ཐིམ་པ་ན།། འཁོར་བ་མྱ་ངན་འདས་པ་ཞེས་བརྗོད་དོ།། དེའི་ཕྱིར་ན་ཡང་། བྱང་ཆུབ་སེམས་ནི་མྱ་ངན་འདས།། ཀུན་རྫོབ་དོན་དམ་ཚུལ་ཅན་ནོ་ཞེས་གསུངས་སོ།། གཟུགས་དང་ལང་ཆོས་རྣམ་པར་བརྒྱན།། སྔོ་བསངས ་ངལ་ལ་རིགས་བཟངས་མ།། སིཧླ་ག་པུ་ར་འབྱུང་བའི་གནས།། རང་གིས་དབང་བསྐུར་ཀྱེའི་རྡོ་རྗེ།། ཞེས་བྱ་བ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་ཚུལ་ཅན་མ་བདེ་བ་རྟོགས་པར་བྱེད་པའི་རྒྱན་ཞེས་ཐ་སྙད་གདགས་ཏེ་སྔོན་དུ་རྒྱས་པར་བསྟན་ཏོ།། ་དེ་བཞིན་དུ་དེའི་ཆང་ནི་ལྷན་ཅིག་སྐྱེས་པ་སྟེ། བདག་དང་གཞན་གྱི་དོན་དུ་བཏུང་བར་བྱ་བ་ཉིད་དེ་མདོར་བསྟན་པའོ།། བཏུང་བི་ན་དྲང་བ་དང་ངེས་པའི་དོན་གྱིས་དབྱེ་བས་རྣམ་པ་གཉིས་ཏེ། དྲང་བའི་དོན་དུ་ན་དངོས་སུ་རོ་ལྡན་གྱིས་བླང་བ ་ཡིན་ལ། ངེས་པའི་དོན་དུ་ལིང་གའི་རོ་ལྡན་གྱིས་བླངས་པ་ནི་ངེས་པའོ།། དེའི་ཕྱིར་བོ་ལ་ཀཀྐོ་ལར་བཀོད་ནས།། ཀུན་དུ་རུ་བྱ་བརྟུལ་ཞུགས་ཅན།། དེ་རུ་སྦྱོར་བ་ལས་བྱུང་བ།། ག་པུར་མཁས་པས་མི་སྤང་སྟེ།། དེ་ཕྱིར་ལག་ཏུ་མི་བླང་ཞིང་། 1 ་ཕྱིས་དུང་ཆོས་ཉིད་དུ་མིན།། ངེས་པར་བློ་དང་སྟོབས་ཀྱི་ཕྱིར།། འཆི་མེད་ལྷོ་ཡིས་བླང་བར་བྱ་ཞེས་བསྟན་ཏོ།། ག་པུར་ཉིད་ནི་བདག་མེད་མ།། བདེ་བ་བདོག་མེད་ཚུལ་ཅན་ཉིད།། དེ་ཡི་བདེ་བ་ཕྱག་རྒྱ་ཆེ་ཞེས་བྱ་བ་ལ་ཐིག་ལེའི་ག་པུར་བཅོ་ལྔ་པོ ་ལོ་བརྟེན་ནས་ཕྱག་རྒྱ་ཆེན་པོ་བདག་མེད་མའི་མཐའ་རྟོགས་པའི་ཕྱིར་བདག་མེད་མ་ཞེས་གདགསོ།། ལུས་ཅན་རྣམས་ཀྱི་ལྟ་བའི་དཀྱིལ་འཁོར་ན་དབྱངས་ཀྱི་ཡི་གེ་དང་པོ་ཉིད་ཨའི་ཚུལ་དུ་གནས་ལ། དེ་ལུས་སྦྱོར་བ་གང་གི་དུས་སུ་དུས ་ཀྱི་མེ་འབར་བར་བྱེད་ཅིང་ཁམས་གསུམ་པོ་ཐམས་ཅད་སྲེག་པར་བྱེད་དེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་བསྲེགས་ནས་རང་གི་གནས་སུ་འོང་བར་བྱེད་པ་འདི་ནི་ཐམས་ཅད་ཀྱི་རྒྱུན་ཅན་ནོ།། དེའི་ཕྱིར་ན་ཡང་ལྟེ་བའོ། ་དཀྱིལ་འཁོར་དོག་ཏུ་གནས།། དབྱངས་ཡིག་དང་པོའི་རང་བཞིན་ཏོ།། བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས།། ཞེས་བྱ་བ་གསུངས་ལ། རྩ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། ལུས་ཅན་ཐམས་ཅད་འཁྲིག་པ་ན། འགྲོ་དང་འོང་བའི་བྱེད་པ ་དང་། བདེ་དང་སྡུག་བསྔལ་མ་ལུས་པ།། འདི་ཉིད་ཀྱིས་ནི་བྱེད་པར་བརྗོད།། ཅེས་གསུངས་ཏེ་ཐུན་མོང་པའི་ཆོས་སོ།། དེ་ལས་བློ་ཞེས་པོ་ནི་ཤེས་རབ་ཀྱི་མིང་གི་ཁྱད་པར་ཡིན་ལ། དེས་སོ་སོར་འབིགས་ཤིང་གཅོད་པའི་ལས་བྱེད་པའི་ཕྱིར ་ཤེས་རབ་ཅེས། སངས་རྒྱས་རྣམས་ཀྱིས་གསུངས་སོ།། རྫོགས་པའི་རིམ་པའི་རྣལ་འབྱོར་ལས།། དེ་ཉིད་བཅོམ་ལྡན་ཤེས་རབ་མ།། ཞེས་བྱ་བ་ལ་གང་དུ་འཇིག་རྟེན་ལྟ་བུ་ལས་ལངས་ཏེ། ཡིད་ནང་དུ་ཆུད་པའི་དུས་དེ ་ན་འཕོ་བ་མེད་པའི་གནས་ཏེ། དེ་ནས་འབར་ཏེ་མཚན་མར་རྟོག་པ་ཐམས་ཅད་སྲེག་པར་བྱེད་དོ།། དེ་ནི་ཇི་སྐད་དུ། ཤེས་རབ་ངེས་འབིགས་ཞེས་བྱ་བ།། ཏིང་ངེ་འཛིན་ཞེས་གྲགས་པ་སྟེ།། དེས་ནི་ཕྱག་རྒྱ་འགྲུབ་འགྱུར་བས།། བསྒོམས་ན་མྱུར་དུ ་འགྲུབ་བོ་ཞེས།། བཅོམ་ལྡན་ཤེས་རབ་མཆོག་གིས་གསུངས་ཞེས་གསུངས་པ་དང་། དེ་ལྟར་ན་ཐོག་མ་དང་། ཐ་མ་དང་དབུས་རྣམས་སུ་མཚན་མའི་སྤྲོས་པ་ལས་གྲོལ་བ་ནི་བདག་མེད་མ་ཡིན་ཏེ། དེ་ནི་རིང་མིན་ཐུང་བ་མིན།། གྲུ་བཞི་མ ་ཡིན་ཟླུམ་པོ་མིན།། དྲི་དང་རོ་དང་མྱ་ངན་འདས།། ལྷན་ཅིག་སྐྱེས་དགའི་བྱེད་པ་ཅན་ཞེས་སྨོས་ཏེ། དེ་ནི་ཞེས་བྱ་བ་དང་པོའི་དབྱངས་ཡིག་རང་བཞིན་ཏེ། ཞེས་བྱ་བ་དང་སྦྱར་ཏེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན། ་ཞེས་པའི་ཐ་ཚིག་གོ། དེ་བཞིན་དུ་རང་བཞིན་དང་སྐྱེས་བུ་ལོ་སོགས་པ་དུ་མར་རྟོག་པའི་བྱེད་པ་པོ་ཡང་ཡིན་ཏེ། འདི་ལྟར་མུ་སྟེགས་ཤེས་རབ་འཆལ་པ་ཅན་རྣམས་ཇི་སྐད་དུ། ས་ཆུ་མེ་རླུང་ན་མཁའ་དང་།། དུས་དང་ཕྱོགས་དང་བདག ་དང་ཡིད།། རྫས་ནི་དགུ་ཡི་བདག་ཉིད་དེ།། དངོས་ཀུན་འདི་ཡི་རང་བཞིན་ཡིན་ཞེས་པ་དང་། དེ་བཞིན་དུ་རྫས་དང་ཡོན་ཏན་ལས་དང་ནི།། སྤྱི་དང་ཁྱད་པར་ཆ་ཤས་རྣམས།། ཚིག་གི་དོན་ནི་དྲུག་ཡིན་ཏེ།། དེ་དག་ལས་ནི་འདི་འཐུང་ངོ་།། ཞེས ་ཐ་སྙད་དུ་མ་འདོགས་སོ།། དེ་ལས་སྐྱེས་པའི་རྣལ་འབྱོར་མ།། དེ་ཡི་བདེ་བ་ཟ་བ་ཉིད།། དེ་དང་ལྷན་ཅིག་ཕྱག་རྒྱ་ཆེ།། བདེ་བ་སྟེར་བའི་དངོས་གྲུབ་འགྱུར་ཞེས་བྱ་བ་ལ། དང་པོའི་དབྱངས་ཡིག་གིས་བསྐྱེད་པའི་བདེ་བ་ཟ་བའི་ཕྱིར་དང་དབྱངས ་ཡིག་དེ་དང་དེ་ལས་འབྱུང་བའི་བདེ་བ་ཕྱག་རྒྱ་ཆེན་པོ་རྟོགས་ཤིང་དེའི་ཚུལ་གཞན་ལ་ཡང་སྟེར་བའི་ཕྱིར་དེ་སྐད་ཅེས་བྱའོ།། ཇི་ལྟར་སྦྱིན་པར་བྱ་ཞེ་ན། གཟུགས་སྒྲ་དེ་བཞིན་དྲི་དང་ནི།། རོ་དང་དེ་བཞིན་རེག་བྱ་ཉིད།། ཆོས་ཀྱི་དབྱིངས ་ཀྱི་རང་བཞིན་ཡང་།། ཤེས་རབ་ཉིད་ཀྱིས་དཔྱད་པར་བྱ་ཞེས་པས་བྱིན་ཏེ། ཕྱི་དང་ནང་གི་དབྱེ་བས་ཕྱེ་ལ་ཕྱིར་ནི་མིའི་བདེ་བར་བསྡུ་བའི་ཚུལ་དུ་སྦྱིན་ནོ།། ནང་དུ་ཨཱི་ལེ་ཀཱ་ལི་འབྱོར་པའི་བདག་ཉིད་ཀྱིས་སྦྱིན་པར་བྱའོ།། དེ་ཡང་འདི་ཉིད ་ལས། ཇི་སྐད་དུ། ཨཱ་ལི་ཀཱ་ལི་སྦྱོར་བ་ལས།། ཕྱི་རོལ་གྱིས་ནི་གཉིས་གཉིས་བཀག། ཅེས་གསུངས་པའི་ཕྱིར་རོ།། དེ་ཉིད་ལྷ་ན་ཅིག་སྐྱེ་བའི་གཟུགས།། བདེ་ཆེན་བཟང་པོའི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་དང་། ཆོས་ཀྱི་དབྱིངས ་ཀྱིརང་བཞིན་ཅན། ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་གྱི་དཀྱིལ་འཁོར་གྱི་འཁོར་ལོ་དང་མཐོབ་དང་ཕྱག་རྒྱ་བཅིང་བ་ལ་སོགས་པ་ཐམས་ཅད་ཀྱང་ལྷ་དང་ལྷ་མ་ཡིན་དང་ཡི་དགས་དང ་དམྱལ་བ་དང་འབུ་སྲིན་དོང་ཕྱེ་མ་ལེབ་ལ་སོགས་པ་ཐམས་ཅད་ཀྱི་གཞི་གང་དེ་ཉིད་ཡིན་ཞེས་པའི་དོན་ཏོ།། ང་ནི་ཕྱི་དང་ནང་གི་སྡོམ་པ་དག་ལས་ཕྱིའི་སྡོམ་པ་རྣམས་སྔོན་དུ་རྒྱས་པར་བསྟན་ནས། ནང་གི་བདེ་བའི་སྡོམ་པ་ཁྱད་པར ་ཅན་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འཁོར་ལོ་བསྒོམ་པའི་ལམ་དང་། ཕྱི་ནང་གི་ལྷ་ཐམས་ཅད་ཇི་ལྟར་འབྱུང་བ་ཐམས་ཅད་ཁོང་དུ་ཆུད་དེ་སྡོམ་པའང་བདག་ལ་བཤད་དུ་གསོལ ་ཞེས་ནང་གི་བདེ་བའི་སྡོམ་པ་ཕྱི་རོལ་གྱི་ཁྲིམས་ཀྱི་བྱ་བ་ཡོངས་སུ་བཏང་བ་ཞུས་པའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པོ། རྣལ་འབྱོར་མ་ཡི་ལུས་དབུས་ན།། སྡོམ་པ་ཨ་ཡི་རྣམ་པར་གནས།། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། ་སྡོམ་པ་དེ་ཉིད་རབ་ཏུ་བསྟན། ཞེས་གསུངས་སོ།། དེ་ལ་འདིའི་དོན་ནི་འདི་ཡིན་ཏེ་ཕྱི་རོལ་གྱི་རས་དང་ཤི་ན་ལ་སོགས་པ་སྙིག་མོ་ཙན་ཆོས་ཀྱིས་ལེགས་པར་བསྒྱུར་ཏེ་ལུས་ལ་བཅང་བ་དང་། དེ་བཞིན་དུ་ཕས་ཕམ་པ་བཞི་དང་། དགེ་འདུན ་ལེ་རག་ལུས་པའི་ཚིག་ཅན་གྱི་ལྷག་མའི་ཆོས་སུ་བཅུ་གསུམ་དང་། མ་ངེས་པོའི་ཆོས་ཞེས་བྱ་བ་ལ་སོགས་པ་ཇི་སྙེད་ཅིག་བསྟན་པ་དེ་དག་ནི་བྱིས་པའི་སྐྱེ་རི་བོ་རྣམས་དྲང་བའི་ཕྱིར་གསུངས་སོ།། དེ་ལས་གཞན་པ་གསུང་སྔགས་ཀྱི་ལམ ་ཉིད་དུ་སྤྱད་པ་སྤྱོད་པ་ཉིད་ལ་ཡང་དྲང་བ་དང་ངེས་པའི་དོནི་རྒྱ་ཆེར་བསྟན་ཏེ། དེ་ལས་གང་ཕྱིར་སྤྲུལ་པ་གནས་བརྟན་ཉིད། ཅེས་པ་ནས་སྐྱེ་གནས་འདོད་ཆགས་བྲལ་འགྱུར་དང་།། མཽངལ་གྱི་ཁྲུ་མ་རྨོ་གྲོ་ཉིད།། ཅེས་པ་ལ་སོགས་པ་དང་། གཅེས ་པུ་སྒྲ་དང་ཁ་སྤུ་བྲེགས།། སྔགས་འདོན་སྐྱེས་པ་དགེ་སློང་ཉིད།། ཅེས་པ་ལ་སོགས་པོ་རྣམས། ཕྱི་རོལ་ཉན་ཐོས་བྱེད་པའི་ཁྲིམས་ཀྱི་བྱ་བ་ལས། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་ལས་ཀྱི་དང་པོར་གཏོགས་པ། རྣལ་འབྱོར་པ ་བྱིས་པའི་བློ་ཅན་རྣམས་ལ་ངེས་པའི་དོན་དུ་བསྟན་ཏོ།། དེ་ལ་ཡང་རྣལ་འབྱོར་པ་མཁས་པ་བློ་དང་ལྡན་པ་རྣམས་ལ། གང་ཕྱིར་སྤྲུལ་པ་གནས་བརྟན་པ། ཞེས་པ་ལ་སོགས་པ་རྣམས་དྲང་བའི་དོན་དུ་བསྟན་ལ། རྣལ་འབྱོར་མ་ཡི་ལུས་དབུས ་ནོ། སྡོམ་པ་ཨ་ཡི་རྣམ་པར་གནས་ཞེས་བྱ་བ་ལ་སོགས་པ་ནི་ངེས་པའི་དོན་དུ་བསྟན་ཏོ།། དེ་ཡང་ཕྱི་རོལ་ཏུ་ནི་ཕས་ཕ་མོ་པ་ལ་སོགས་པའི་ཆོས་མི་བྱེད་པ་སྡོམ་པ་ཡིན་ལ། ནང་དུ་བདེ་བའི་སྡོམ་པ་གང་ལ་གནས་ཏེ་བྱང་ཆུབ་ཀྱི་སྲོག ་མི་གཙང་བའི་ཕྱིར་སྲོག་མི་གཅོད་པའི་སྡོམ་པ་དང་། དེ་ལྟར་བདེ་བ་ཕྱིར་མ་ཤོར་བས་མི་ཚངས་པོར་སྤྱོད་པ་ལས་ལོག་པའི་སྡོམ་པ་ལ་སོགས་པ་བསྲུང་བ་ངེས་པའི་དོན་དུ་བསྟན་ཏེ། མཚན་ཡང་དག་པར་བརྗོད་པ་ལོས་ཀྱང་། དཀའ ་ཐུབ་མཐར་ཕྱི་ནི་དཀའི་ཐུབ་ཆེ།། གཙང་གནས་དམ་པ་གོའུ་ཏ་མ་ཞེས་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་ཆེན་པོ་འཆང་བ་མཆོག། བཟོད་ཆེན་འཆང་བ་བརྟན་པ་པོ་ཞེས་པ་ལ་སོགས་པ་ངེས་པའི་དོན་གྱི་སྡོམ་པ་རྒྱས་པར་བསྟན་ཏོ།། དེ ་ལྟར་ན་བོ་ལོའི་བདེ་བ་ཕྱག་རྒྱ་ཆེ།། རྡོ་རྗེ་སྐྱེ་མཆེད་ཐམས་ཅད་ཉིད་ཅེས་བྱ་བ་ལ། ཉི་ཟླའི་ལིམ་མེ་ཤིགས་པའི་ལམ་དུ་གཏོགས་པའི་དུས་ན། ཕྱིའི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སོགས་པ་དག་རྣམ་པར་སྤང་བའི་ཕྱིར་བདེ་བའི་སྡོམ ་བ་པོ་ལ་རབ་ཏུ་རྒྱས་པོར་བྱེད་པ་རྩ་ཐམས་ཅད་རྡོ་རྗེ་ལྟར་འགྱུར་བའི་འདི་ནི་གསང་བའི་སྙོམས་པར་འཇུག་པའི་བདག་ཉིད་དེ། དེ་བས་ན་གསང་པོའི་སྙོམས་པར་འཇུག་པ་འོངས། ཕྱི་རོལ་གྱི་ནི་གཉིས་གཉིས་བཀག། གཞན་ཡང་བྱིས ་པ་ཕལ་ཆེར་སྐུ་གསུམ་ཞེས་བྱ་བ་གཞན་དུ་འདོད་པ་དགག་པའི་ཕྱིར།། སྐུ་གསུམ་ལུས་ཀྱི་ནང་དུ་ནི།། འཁོར་ལོའི་གཟུགས་ཀྱི་ཡང་དག་བཤད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བདེ་བ་ཆེན་པོ་ལ ་སོགས་པའི་འཁོར་ལོ་ན། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པོའི་གཟུགས་ཅན་རྩ་གསུམ་གྱིས་ཀུན་ཏུ་ཁྱབ་པ་ཡོངསུ་ཤེས་པ་སྐུ་གསུམ་དུ་བསྟན་ཏོ།། ཅིའི་ཕྱིར་ཞེ་ན། ལ་ལ་ནཱ་ནི་སྐུ་ཞེས་བྱ།། རོ་ལྗིན་མ་ནི་གསུང་ཡིན་ཏེ།། ཨ་བ་དྷཱུ་ཏཱི ་དབུས་གནས་ན།། གཟུང་འཛིན་བྲལ་བ་ཆོས་ཀྱི་སྐུ་ཞེས་གསུངས་པོའི་ཕྱིར་རོ།། དེ་བཞིན་དུ་བདེ་བ་ཆེན་པོ་ཀུན་ལ་ཁྱབ་པའི་ཕྱིར་རོ།། གཞན་ཡང་མ་ལུས་པ་ཡི་སེམས་ཅན་གྱི།། སྐྱེ་བ་གང་ནས་རྗོད་བྱེད་པ།། གང་ཕྱིར་སྤྲུལ་པ་གནས་བརྟན ་པ།། དེ་ཕྱིར་སྤྲུལ་པའི་སྐུ་ཉིད་ཡིན་ཞེས་བྱ་བ་ལ་འདི་ལྷུར་སྐྱེ་བོ་ཐམས་ཅད་ཀྱི་ལུས་ཆགས་པ་ན་ལྟེ་བ་ནས་སྔོན་དུ་ཚོགས་པ་དང་། སྲོག་གི་རླུང་ལ་སོགས་པ་ཡུ་སྤྲུལ་པའི་ཕྱིར། གནས་བརྟན་པ་དང་། ལྟེ་བ་སྤྲུལ་པའི་འཁོར་ལོའོ།། ཅིའི ་ཕྱིར་ཞེ་ན། གོང་གིས་སྐྱེད་དང་སྤྲུལ་བྱེད་པའི།། སྐུ་ན་སྤྲུལ་པ་ཅན་ཞེས་བརྗོད།། ཅེས་གསུངས་པའི་ཕྱིར་རོ།། སེམས་ཀྱི་རང་བཞིན་ཆོས་ཡིན་ཏེ།། ཆོས་ཀྱི་སྐུ་ཡིད་སྙིང་ཀོར་ཡིན་ཞེས་བྱ་བ་ནི། བདེ་སྡུག་ཐམས་ཅད་འཛིན་པ་དང་། མཚན ་ལོས་མཚན་མ་མེད་པར་འགྱུར། མཚན་མེདའི་དུས་མི་བྱས་པ་ཡི།། ཚེས་སྐུ་སྙིང་ཀིའི་གནས་ན་བཞུགས་ཞེས་གསུངས་པའི་དོན་ཁོང་དུ་ཆུད་པར་བྱའོ།། རོ་རྣམས་དྲུག་གི་གཟུགས་ཅན་གྱི།། བཟའ་བ་ངེས་པར་ལོངས་སྤྱོད་བརྗོད།། ་ཅེས་བྱ་བ་ལ། རོ་དྲུག་ལ་སོགས་པའི་བཟའ་བ་དང་། བཏུང་བ་ཕུན་སུམ་ཚོགས་པའི་ལམ་དང་། རོ་ལ་སོགས་པ་འཛིན་པར་བྱེད་པའི་རྩ་མགྲིན་པར་གནས་པའི་ཕྱིར་རོ།། དེའི་ཕྱིར་ན་མགྲིན་པར་ལོངས་སྤྱོད་འཁོར་ལོ་དང་ཞེས་གསུངསོ།། སྤྱི་བོར ་བདེ་བ་ཆེན་པོ་གནས་ཞེས་པ་ནི་བདེ་བའི་གཞི་ལ་གནས་པའི་ཕྱིར་རོ།། ང་ནི་འབྲས་བུ་བརྗོད་པའི་ཕྱིར། ཨེ་བཾ་རྣམ་པ་རྒྱུ་མཐུན་ཉིད།། ཇི་ལྟར་བྱས་པ་དེ་བཞིན་སྤྱོད།། རྒྱུ་མཐུ་ནོ་ཞེས་ནི་རབ་ཏུ་བསྒྲགས་ཞེས་པ་ནི་ལྟེ་བའི་དཀྱིལ་འཁོར་ཨོཾ་བཾ་གི ་གནས་དུས་ཀྱི་མེ་འབར་བ་གཡས་ཀྱི་ལམ་ནས་བདེ་བའི་གོནས་སུ་སོན་པ་དང་། གླང་གིས་རྒྱན་བཀུག་སྟེ་དེ་ཉིད་ཀྱི་གནསུ་སྤྱོད་པའི་ཕྱིར་རོ།། རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལས།། ལོས་ཆུང་འབྲས་བུ་ཆེ་བའི་ཕྱིར།། རྣམ་པར་སྨིན་པ་དེ ་ལས་བཟློག། ཅེས་པ་སྟེ་མེས་སྨིན་པར་བྱ་བའི་འབྲས་བུ་ཆུའི་ལམ་ནས་འོང་བའི་ཕྱིར་རོ།། ལོངས་སྤྱོད་སྐྱེས་བུ་བྱེད་པ་ཉིད།། བསྐྱོད་པས་སྐྱེས་བུ་བྱེད་པའོ་ཞེས་པ་ནི་དེ་ལྟ་བུའི་རྒྱུ་དང་འབྲས་བུའི་བྱེད་པ་ཅན་ཡང་། སྐྱེས་བུའི་ཚེལ་བ་ལ་རག ་ལས་པའི་ཕྱིར་རོ།། བདེ་ཚན་འཁོར་ལོ་ཧྲིཾ་མིང་ཉིད།། རྣལ་འབྱོར་དག་ཅིང་དྲི་མ་མེད། ཅེས་པ་ནི་གང་གིས་རྒྱུན་གྱིས་དྲི་མ་མེད་པའི་གནས་ཞེས་བྱ་བར་ཕྱིན་པའི་ཕྱིར་རོ།། དེའི་ཕྱིར་ན། རྒྱ་མཐུན་སོགས་པས་རབ་ཕྱེ་བའི།། འབྲས་བུ་རྣམ ་པ་གཞི་ཞེས་བརྗོད།། ལས་ཀྱི་རླུང་གིས་བསྐུལ་བ་ཡི།། ལས་ལ་བཅོམ་ལྡན་ཤེས་རབ་སྤོད།། ཅེས་བྱ་བ་ལ་ལྟེ་བའི་དཀྱིལ་འཁོར་ན་རང་བཞིན་གྱི་གནས་པའི་ལས་ཀྱི་རླུང་ལ་ཤེས་རབ་མཿབརྗོད་དེ། ལས་ཀྱི་རླུང་དེས་ནི་དུས་ཀྱི་མེ་སྤོར ་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་སྲེག་པར་བྱེད་པ་ཡིན་ནོ།། ད་ནི་སྡེ་པ་ཆེན་པོ་བཞིའི་ངེས་པའི་ཚིག་བསྟན་པར་བྱ་སྟེ། གང་ཕྱིར་སྤྲུལ་པ་གནས་བརྟན་ཉིད།། ཅེས་པ་ནི། གང་དུ་གནས་ནས་སྲོག་འགྲོ་བ་དང་། ་འོང་བའི་གཞི་བརྟན་པར་བྱེད་པའི་ཕྱིར་རོ།། ཆོས་ནི་སྨྲ་བ་འབྱུང་བའི་ཕྱིར།། ཆོས་ཀྱི་འཁོར་ལོ་ཐམས་ཅད་ཡོད།། ཅེས་བྱ་བ་ནི་སྙིང་ཀའི་སྲོག་རླུང་གི་སྒྲོས་བརྗོད་པ་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་རོ།། གང་ཕྱིར་མགྲིན་པར ་ཀུན་བཀུར་ཕྱིར།། ལོངས་སྤྱོད་འཁོར་ལོར་ཀུན་གྱིས་བཀུར་ཞེས་བྱ་བ་ལ་རྩ་ཐམས་ཅད་རྒྱས་པར་བྱེད་པའི་བཟའ་བ་དང་། བཏུང་བ.རི་རོ་ཐམས་ཅང་མགྲིན་པ་ནས་རྒྱུ་ལ། དེའི་ཕྱིར་རྩ་ཐམས་ཅད་ཀྱིས་བཀུར་བའི་ཕྱིར་དེ་སྐད་ཅེས ་བྱའོ།། གང་ཕྱིར་བདེ་ཆེན་མགོར་གནས་པ། བདེ་བའི་འཁོར་ལྷོར་དགེ་འདུན་ཆེ།། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟ་བུ་ཕལ་ཆེན་བདེ་བའི་འཁོར་ལོ་ན་གནངས་པའི་ཕྱི་རོ་རོ།། སྡེ་པ་ཞེས་བྱ་ལུས་སུ་བརྗོད།། ལྟོ་བ་གནས ་སུ་བརྗོད་པར་བྱོ་ཞེས་བྱ་བ་ལ། སྡེ་པ་བཅོ་བརྒྱད་ནི་ཐུན་མོང་དུ་ལུས་སྤྱི་ལ་བརྗོད་དེ།། མའི་ལྷོ་བ་ནི་གཙུག་ལག་ཁང་དུ་བརྗོད་དོ།། དེ་བཞིན་དུ་སྔགས་ཀྱི་བཟླས་པ་ཨ་དང་ཧཾ།། སྐྱེ་གཽ་ནས་འཁོར་ལོའི་རྣམ་པ་ཨ།། བདེ་ཆེན་གྱི་ཡང་རྣམ་པ ་ཧཾ། ཞེས་བྱ་བ་ལ། ལྟེ་བའི་འཁོར་ལོ་ནས་ཨ་ཞེས་པའི་སྲོག་གི་རླུང་གིས་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོའི་ཨཾ་ལ་གཏུགས་པའི་ཕྱིར། དེ་སྐད་ཅེས་བྱའོ།། དེའི་ཕྱིར་ཨཾ་ཧོ་ཞེས་པ་གཟོང་མ་ནས་བདེ་བ་ཆེན་པོའི་སྐུའི་རང་བཞིན་པ ་ཡིན་ནོ།། ཞེས་པའི་དོན་ཏོ།། འདི་དག་རྐྱེན་གྱིས་སེམས་ཅན་རྣམས།། སངས་རྒྱས་ཉིད་དུ་ཐེ་ཚོམ་མེད།། ཟླ་བ་བཅུ་ཡང་ས་རྣམས་ཉིད།། སེམས་ཅན་ས་བཅུའི་དབང་ཕྱུག་གོ་ཞེས་བྱ་བ་ལ། དྲང་བ་དང་ངེས་པའི་དོན་གྱི་རྩ་བ་དང་ཡན་ལག་གི ་རླུང་བཅུ་པོ་བག་ལ་ཞ་བ་ནི་ངེས་པའི་དོན་གྱི་ས་བཅུའོ།། དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ཅེས་པ་ནས་ས་ལ་འགྱེལ་བ་དང་འདར་བར་གྱུར་ཏོ།། ཞེས་པ་ཡན་ལག་གིས་ནི་འདི་ལྟར་སེམས་ཅན་ཐམས ་ཙཅད་གཟིང་མ་ནས་ས་བཅུའི་རང་བཞིན་གྱི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་སྐུ་ཅན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྔ། ཅིའི་ཕྱིར་སེམས་ཅན་རྣམས་ཉོན་མོངས་པ་ཉམ་ང་བའི་གནས་སུ་བྷྱོ་བུར་དུ་ལྟུང་བ་ནི་མ་ལ་ཅི་ཞིག ་ལྟར་ཏེ་ཞེས་བརྒྱལ་བའི་དོན་ཏོ།། ཡང་རྡོ་རྗེ་ཅན་གྱིས་ལྷ་མོ་དེ་དག་གཟིགས་ནས་བསྲུང་བའི་ཕྱིར་ཞེས་པ་ནས་དེ་ཉིད་ཇི་ཡས་སྤྲོ་ཡིས་ཉེཉོན་ཞེས་ཡན་ཆད་ནི། ལྷ་མོ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་སྤྲོ་བ་བསྐྱེད་པའི་དབྱངས་ཀྱིས་ང ་རོ་བསྟན་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུང་རྨི་ལམ་ལྟ་བུར་ཉེ་བར་ཐོས་ནས་ལྷ་མོ་དེ་རྣམས་ཐམས་ཅད་སྲོག་རྙེད་པར་གྱུར་ཏོ་ཞེས་པའི་ཐ་ཚིགོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། ་འོན་ཀྱང་བློ་བུར་དྲི་མས་བསྒྲིབས།། དེ་ཉིད་གསལ་ན་སངས་རྒྱས་ཉིད། ཅེས་པ་ནི་གཟོད་མ་ནས་སེམས་ཅན་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན་པའི་ཕྱིར་སངས་རྒྱས་སོ།། བློ་བུར་གྱི་དྲི་མ་ནི་འཇིག་པ་ཡིན་ལ་དེའི་རྒྱུ་བ་ཆད ་པ་ནི་སངས་རྒྱས་ཞེས་བྱ་བའི་དོན་ཏོ།། ལྷ་མོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ། བདེན་པ་མ་མཆིས་ཤིང་བརྫུན་པ་མ་མཆིས་སོ་ཞེས་བྱ་བ་ནི་འཛག་པ་དྲི་མ་ཡིན་ལ། མི་འཛག་པ་སངས་རྒྱས ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་དག་ནི། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་དཔེ་འདི་ལྟར་གསུངས་ཏེ། གང་ཞིག་མི་ཤེས་འཇིག་རྟེན་པ།། བཙན་དུག་ཟོས་པས་བརྒྱལ་བར་འགྱུར།། ་རྨོངས་སྤུངས་དེ་ཉིད་ཡིད་ཀྱིས་ནི།། དེ་ཡི་དེ་ཉིད་ཡོངས་སུ་གཅོད། ཅེས་བྱ་བ་གསུངས་ཏེ། དཔེར་ན་སྐྱེས་བུ་རྨོངས་པ་འབའ་ཞིག་དུག་ལོག་པར་འགྱུར་བའི་ཐབས་ཀྱིས་དམན་པས་དུག་ཟ་བ་གང་ཡིན་པ་དེ་ནི་ཚེའི་དུས་བྱེད་པར་འགྱུར་རོ།། འོན ་ཏེ་དུག་གི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པས་ཟླ་བཞིན་པ་ནི་དུག་བདུད་རྩི་དང་མཚུངས་པར་འགྱུར་རོ།། དཔེ་དེ་ལྟར་ན་དེ་བཞིན་ཞི་བའི་ཐབས་ཤེས་ཤིང་།། ཀྱེའི་རྡོ་རྗེར་དབུགས་བཏོན་ན།། མ་རིག་སོགས་པས་མི་འཛིན་ཅིང་།། གཎྜཱི་མུག་ལ་སོགས ་ཀྱིས་མི་འཆིང་། ཞེས་བྱ་བ་སྲོག་གི་ཀུན་ཏུ་སྤྱོད་པའི་རླུང་འགྲོ་བ་དང་འོང་བ་ལྔས་རྣམ་པར་གྲོལ་ཞིང་ཀུན་ད་ལྟ་བུའི་ཐིག་ལེ་འབྱུང་བ་དང་། འཇུག་པ་ཡོངས་སུ་མནྡན་པ་ན་ཀྱེའི་རྡོ་རྗེར་དབུགས་བཏོན་པ་ཡིན་ཞིང་། མཱ་རིག་པ་ལ་སོགས་པའི ་ཉོན་མོངས་པ་མཐའ་དག་གིས་རྣམ་པར་འཚོང་བར་མི་འགྱུར་རོ།། ཞེས་པ་ནི་ངེས་པའི་དོན་ཏོ།། རང་དང་རང་གི་རྟོག་པ་ལས།། སངས་རྒྱས་མ་ཡིན་སེམས་ཅན་ནི།། གཅིག་ཀྱང་ཡོད་པ་མ་ཡིན་ནོ།། དམྱལ་བ་ཡི་དགས་བྱོལ་སོང་དང་།། ་སྒྲ་དང་ལྷ་མིན་མི་རྣམས་དང་།། བཤད་པའི་སྲིན་བུ་ལ་སོགས་པ་ཞེས་བྱ་བ་ལ། སྲོག་ཆགས་ཐམས་ཅད་ཀྱི་བདེ་བ་ཐུན་མོང་པཱ་ཀཪྐ་ཊ་དང་ཆུ་སྲིན་ཞེས་བྱ་བ་སྲོག་གི་ཀུན་ཏུ་སྤྱོད་པ་ལ་བརྟན་པའི་ཐིག་ལེའི་བདེ་བ་རང་རང་གི་ཇི་ལྟ་བ་བཞིན་དུ ་རྟོགས་པ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཉིད་ང་ཡིན་གྱི། གཞན་མ་ཡིན་ཞེས་བྱ་བའི་དོན་ཏོ།། ལྷ་དང་ལྷ་མ་ཡིན་གྱི་ཡང་།། བདེ་བ་གདི་ཕྱིར་ཤེས་པར་ཞེས་བྱ་བ་ནི། མི་ཤེས་པ་དེའི་ཕྱིར་འཁོར་བར་བཅིངས་ཞེས་སྦྱརརོ།། ་རྟག་ཏུ་རང་བཞིན་བདེ་བ་ཅན།། འཇིག་རྟེན་ཁམས་ནི་གང་དུ་ཡང་།། གཞན་དུ་སངས་རྒྱས་རྙེད་མི་འགྱུར་ཞེས་པ་ནི། རང་རིག་པའི་བདེ་བ་བོར་ནས་གཞན་དུ་སངས་རྒྱས་མི་རྙེད་ཅེས་སྦྱར་རོ།། དོན་བསྡུས་པའི་ཚུལ་གྱིས་གསུངས་པ ་ནི། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། ཅེས་པ་ནས། གསོད་པ་དོན་དུ་གཉེར་བ་རྣམས།། ཀྱེ་ཡི་རྡོ་རྗེ་དེ་ཤེས་ན། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ཅེས་པ་ལ་སོགས་པ་སྟེ། རང་གིས་རང་གི་སེམས་རིག་པ་སྟོང་པ་དང་སྙིང་རྗེ ་དབྱེར་མེད་པའི་བདག་ཉིད་ཀྱི་ཀྱེའི་རྡོ་རྗེ་ཤེས་ན་འགྲུབ་པར་འགྱུར་བ་ནི་ངེས་པའོ།། བྱིས་པ་མི་ཤེས་པས་བསྒྲིབས་པ།། འདི་ཡི་འགྲོ་བ་མི་ཤེས་པ་ཞེས་པ་ནི། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདེ་བ་ལས་བབས་པས་བདེ་བའི་འགྲོ་བ ་འདི་མི་ཤེས་ཏེ་འགྲོ་བ་དྲུག་ཅེས་བྱ་བ། མུ་སྲིན་ནོ་མ་ཀཪྐ་ཊའི་འགྲོ་བ་དྲུག་གི་མཐར་འཁོར་བར་འགྱུར་ཏེ། རྨོངས་པར་འགྱུར་རོ།། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆ།། ཀྱེ་ཡི་རྡོ་རྗེའི་ཐབས་རྙིང་ནས།། གང་ཞིག་ཡུལ་རྣམས་རྣམ་སྦྱོང་བ།། དེས་ནི་བླ ་མེད་རྙེད་པར་འགྱུར། ཞེས་བྱ་བ་ནི་བླ་མའི་ལུང་ཕོག་པ་ཐོབ་པའི་སྟོབས་ལས་ཐབས་རྙེད་དེ་བླ་མའི་ལུང་ལྟར་ཡུལ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱངས་ན་བླ་ན་མེད་པ་རྙེད་པར་འགྱུར་ཏེ། འདི་ལྟར་སྲོག་ཉི་ཁྲི་ཆིག ་སྟོང་དྲུག་བརྒྱ་འཁོར་ལོ་བཞིའི་གནས་སུ་ལྔ་སྟོང་བཞི་བརྒྱ་བཞི་བརྒྱ་བས་དངཔ་ལྷ། ལུགས་དང་ལུགས་སུ་འབྱུང་བའི་རིམ་པར་དགའ་བ་དང་། མཆོག་དགའ་དང་། ཁྱད་པར་དང་། ལྷན་ཅིག་སྐྱེས་པ་རྣམས་རིམ་པ་བཞིན་བརྩི་བར་བྱའོ།། དེ ་བཞིན་དུ་དྲུག་ཅུ་རྩ་བཞིའི་གནས་ཉིད་དུ་རླུང་བརྒྱད་ཅུ་རྩ་བཞི་དང་རྐང་པ་རེ་རེ་བསད་པར་བྱའོ།། དེ་ལས་ཀྱང་རྩ་བཅུ་དྲུག་ཅུ་དྲུག་གི་རླུང་གསད་པ་ན་དགའ་བ་བཞི་བཞིར་སླར་བཞིན་སྦྱ་རོ།། དེ་བཞིན་དུ་ཆོས་ཀྱིས་གནསུ་དྲུག་བརྒྱ་བདུན ་ཅུ་རྩ་ལྔ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་གསད་པོར་བྱའོ།། དེ་ལས་རྩ་གཉིས་གཉིས་ཀྱིས་སྟོང་སུམ་བརྒྱ་ལྔ་བཅུ་སྟོང་སུམ་བརྒྱ་ལྔ་བཅུ་བསད་པ་ན་དགའ་བ་བཞི་བཞིར་སྦྱར་རོ།། དེ་བཞིན་དུ་ལོངས་སྤྱོད་ཀྱི་གནས་སུ་སུམ་ཅུ་སོ་བདུན་གྱིས ་ལྷག་པའི་རྐང་པ་དང་བཅས་པ་སུམ་བརྒྱ་སུམ་བརྒྱ་བསད་པར་བྱའོ།། དེ་ལས་ཆ་བཞི་བཞི་གསོད་པ་ན་གོང་མ་ལྷོ་རྭ་དགའ་བ་བཞི་བཞི་དང་སྦྱར་བར་བྱའོ།། དེ་ནས་སུམ་ཅུ་རྩ་གཉིས་ཀྱི་གནས་སུ་དྲུག་ཅུ་རྩ་བརྒྱད་ཀྱིས་ལྷག་པའི ་རྐང་པ་དང་བཙས་པའི་བརྒྱ་ཕྲག་རར་གསད་པར་བྱའོ།། དེ་ལསཽ་ཆ་བཞི་བཞི་གསད་པ་ན་གོང་བཞིན་དུ་དགའ་བ་བཞི་བཞི་དང་སྦྱར་རོ།། དེ་ལྟར་བརྗོད་པ་དེ་རྣམས་ནི་བླ་མའི་ལུང་ལྟར་སྦྱངས་པའོ།། ད་ནི་གང་གིས་ཕྱག་རྒྱས་གང ་ལ་གདབ་པའི་རིག་པ་བཤད་པར་བྱ་སྟེ། རྡོ་རྗེ་སྙིང་པོས་གསོལ་པ། ས་ནི་པུཀྐ་སཱིར་བཤད་པ།། གང་ཡང་གཏི་མུག་སྲ་བའི་ཕྱིར།། སྐུ་ནི་རྣམ་སྣང་ཉིད་གསུངས་ནཱ།། ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལགས།། ཤེས་པ་ལ་སོགས་པའི་ཐེ་ཚོམ ་རྣམས་པཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ལན་འདི་སྐད་གསུངས་སོ།། ལུས་སྤངས་ནས་ནི་སེམས་ཀྱིས་ནི།། མཛེས་པ་གཞན་དུ་མི་འགྱུར་རོ།། དེ་ཕྱིར་སེམས་ཀྱི་རྣམ་སྣང་མཛད།། སྐུ་ལ་ཐུགས་ཀྱི་ཕྱག་རྒྱ ་གདག། ཅེས་བྱེ་བ་གསུངས་ཏེ། ཐབས་དང་མི་ལྡན་པའི་ཤེས་རབ་དང་། ཤེས་རབ་དང་མི་ལྡན་པའི་ཐབས་དྲག་གིས་ཀྱང་བྱ་བ་ཡོངས་སུ་མི་རྫོགས་པ་ལྟར། སྐུ་དང་ཐུགས་ཐ་དད་པའི་སྐུ་ཡིས་བྱ་བ་ཡོངས་སུ་མི་རྫོགས ་པའི་ཕྱིར་སྐུ་ལོ་ཐུགས་ཀྱི་ཕྱག་རྒྱས་གདབ་བོ།། དེ་བཞིན་དུ་ཆུ་ཁམས་རི་ཁྲོད་མར་བཤད་པ།། མི་བསྐྱོད་ཁུ་བའི་གཟུགས་ཚོན་ཉིད།། གཙོ་བོ་མི་བསྐྱོད་ཕྱག་རྒྱས་ནི།། རི་ཁྲོད་མ་ལ་གདབ་པོའི་རིགས།། ཞེས་བྱ་བས་ནི། ཆུ ་ཡི་ཁམས་དེ་ལ་ཐབས་ཆུའི་ཁམས་མི་བསྐྱོད་པས་རྒྱས་གདབ་པར་རིགས་པ་མི་འགགས་སམ་ཞེས་ཞུས་པ་དང་། སླར་བཅོམ་ལྡན་འདས་ཀྱིས་གསུངས་པ། སེམས་སྤངས་ནས་ནི་ལུས་ཀྱི་ནི།། གནས་པ་གཞན་དུ་མཐོང་མི ་འགྱུར།། དེ་སྟེ་སེམས་ནི། གཏི་མུག་འགྱུར་ཞེས་པ་ལ། གོང་བཞིན་དུ་ཕན་ཚུན་དུ་འགལ་བའི་སྐྱོན་གྱིས་འདིར་ཡང་རྟོགས་པར་བྱ་སྟེ་དེའི་ཕྱིར་ཐུགས་ཀྱི་རིགས་ལ་སྐུའི་རིགས་ཀྱིས་རྒྱས་བཏབ་ན་མཛེས་པར་འགྱུར་ཞེས་པའི་དོན ་ཏོ།། དེ་བཞིན་དུ་མ་ནི་གདོལ་པ་མེར་བཤད་པ།། འདོད་ཆགས་ཕྱག་རྒྱས་གདོལ་པ་མོ།། རིགས་དེ་ཕྱག་རྒྱ་གཞན་མིན་ན།། ཇི་ལྟར་རིན་ཆེན་ཕྱག་རྒྱ་ལགས།། ཞེས་བྱ་བ་ནི་མེའི་ཁམས་གདོལ་པ་མོ་ལ།། འདོད་ཆགས ་ཀྱི་ཕྱག་རྒྱ་དཔག་མེད་འོད་ཀྱིས་གདབ་པར་རིགས་པ་མ་ལགས་སམ་ཅིའི་སླད་དུ། རིན་ཆེན་འབྱུང་ལྡན་གྱིས་མའི་རིགས་ལ་ཕྱག་རྒྱས་གདབ་ཅེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ།། གང་ཕྱིར་འདོད ་ཆ་གས་ཁྲག་བཤད་པ།། ཁྲག་ནི་རིན་ཆེན་འབྱུང་ལྡན་ཉིད།། དྲོད་ནི་ཁྲག་གྲི་རང་བཞིན་ཕྱིར།། འདོད་ཆགས་སེར་སྣའི་ཕྱོག་རྒྱས་གདབ།། ཅེས་བྱ་བ་གསུངས་ཏེ། འདི་ལྟར་དྲོད་མེའི་རང་བཞིན་ནི་ཁྲག་གི་ཡོན་ཏན་ཡི་ན་ལ་ཁྲག་མ ་གཏོགས་པར་དྲོད་མི་འབྱུང་སྟེ་དེ་བས་ན། སེར་སྣའི་རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདོབ་པར་གསུངས་སོ།། གཞ་ནོ་ཡང་། གང་ཕྱིར་གཡུང་མོ་རླུང་ཉིད་དེ།། དོན་ཡོད་རླུང་གི་གཟུགས་ཅན་ཉིད།། དོན་ཡོད་ཕྱག་རྒྱ་གཡུང་མོ་ལ། ་གཙོ་མོ་ཕྱག་རྒྱས་རིགས་པར་འགྱུར་ཞེས་པ་ནི་གཡུང་མོ་རླུང་དུ་བཤད་པ་ལ།། དོན་ཡོད་གྲུབ་པ་རླུང་ཉིད་ཀྱི་ཕྱག་རྒྱ་རིགས་པ་མ་ལགས་སམ། ཅིའི་སྐེ་དདེ་དུ་འདོད་ཆགས་ཀྱི་རིགས་དཔག་མེད་ཀྱི་རྒྱུས་བཏབ་ཅེས་ཞུས་པ་དང་། བཅོམ ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ།། འདོད་ཆག་ས་མ་གཏོགས་ཕྲག་དོག་ནི།། གཞན་དུ་འབྱུང་བ་མ་ཡིན་ཏེ།། དེ་ཕྱིར་འདོད་ཆགས་ཕྲག་རྒྱ་ཡིས།། མཁས་པས་གཡོང་མོ་ཕྱག་རྒྱས་གདབ་ཅེས་བྱ་བ་གསུངས་སོ།། འདི ་ལྟར་ཕྲག་དོག་ཐམས་ཅད་ནི་འདོད་ཆགས་ལས་འབྱུང་ལ། འདོད་པའི་འདོད་ཆགས་ལས་གཞན་དུ་ཕྲག་དོག་མ་མཐོང་བ་དེའི་ཕྱིར། དཔག་མེད་འོང་འདོད་ཆགས་ཀྱི་རིགས་ཀྱིས་རླུང་གི་རིགས་ལ་རྒྱས་གདབ་ཅེས་བྱ་བ་གསུངས་སོ།། དེ་ལྟར ་བརྗོད་པའི་རིམ་པ་རྣམས་ནི་འབྱུང་བ་བཞིའི་ལྷ་མོ་རྣམས་ལ་རྒྱས་གདབ་པའི་རིགས་པ་ཡིན་ལ། ཕྱོགས་ཀྱི་ལྷ་མོ་ཕུང་པོའི་རང་བཞིན་རྣམས་ཀྱང་དོན་དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་ཏེ། དེའི་ཕྱིར་ན་གང་ཕྱིར་གཟུགས་ནི ་སྲ་བ་ཉིད། ཅེས་པ་ནས། མ་ལོག་པ་ལས་ཕྱག་རྒྱའོ།། ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པས་རིམ་པ་བཞིན་ཤེས་པར་བྱའོ།། ད་ནི་གཏོར་མོའི་དེ་ཁོ་ན་ཉིད་བསྟན་པརྀ་བྱ་སྟེ། ཀྱེ་ཡཾ་རྡོ་རྗེ་རྡོ་རྗེ་འཛི་ནཽ།། སྙོམས་འཇུག་པ་ཡི་ལྷ ་ཉིད་ལ།། སེམས་ཅན་དོན་ཕྱིར་གཏོར་མ་ཆེ།། དེ་ལ་བདག་མེད་མས་ཞུས་པ། ཞེས་པ་ལ་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་བདེ་བ་ལ་བཞུགས་པའི་བཅོམ་ལྡན་འདས་ལ། ཕྱི་ང་ནང་གི་གཏོར་མ་དེ་ཁོ་ན་ཉིད་བདག་མེད་མས་ཞུས་པ་ཞེས ་པའི་དོན་ཏོ།། ཨེ་བཾ་རྣམ་པར་བཞུགས་ནས་མི་བགེགས་དང་ལོག་པར་འདྲེན་པ་ལས།། སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར།། རྡོ་རྗེ་སེམས་དཔས་གཏོར་མ་བསྟན་ཞེས་བྱ་བཽ་ལ། དེ་ལྟར་བདག་མེད་མས་ཞུས་པའི་རྗེས་ལ། ཕྱི་ནང་གི ་འཐུང་བ་ཐམས་ཅད་ལ་ཕན་གདོགས་པར་དགོངས་ནས། གཏོར་མའི་དེ་ཁོ་ན་ཉིད་འདི་སྐད་གསུངས་ཞེས་སྦྱར་བར་བྱའོ།། དོ་ལ། ཨོཾ་ཨིནྡྲ་ཛམ། ཛ་ལ། ཛབྡ། དྷཱ་ཏ། བ་ཧི། དཱ་སུཾ། རཱཀྵ། ཙནྡ། སུཛྫ། མ་ཏ། བབ་པ ་ཏཱ་ལ། པཱ་ཏཱ་ལཾ། ཨ་ཊ་སཔྤ་སྭཱ་ཧཱ། ཞེས་པ་ལ་སོགས་པ་གསུངས་ཏེ། འདིའི་དོན་ཡང་རྩ་བའི་རྒྱུད་ལས་ཇི་སྐད་དུ། བདག་དང་རྣལ་འབྱོར་གནས་བསྲུང་བ།། དཀྱིལ་འཁོར་ཁང་པ་དང་བཅས་པ།། ཀྱེ་ཡི་རྡོ་རྗེར ་བདག་བསྐྱེད་ལ།། གཏོར་མའི་ཆོ་ག་བྱ་བ་ཉིད།། དེ་བཞིན་གཞལ་ཡས་ཁང་ལ་སོགས།། གོ་རིམས་ཇི་བཞིན་བསྐྱེད་པ་ལ།། དབུས་ཀྱི་གྲུ་གསུམ་ན་མཁའ་ལ།། ཀྱཻ་རྡོར་རང་བཞིན་འབྱུང་པོ་དགོད།། སྐུ་གསུང་ཐུགས་ཀྱི་རང་བཞིན་ཕྱིར། ་ཨོཾ་དང་ཨཱཿདང་ཧཱུཾ་ལས་ནི།། མགྲོན་རྣམས་ཀུན་ཡང་བསམ་བྱས་ལ།། སྐུ་གསུང་ཐུགསུ་དམིགས་པར་བྱ།། དེ་ལ་རིགས་པར་གོ་ཀུཾ་སོགས།། སྦྱང་སྤེལ་སྦར་དང་བདུད་རྩི་ཡིས།། ཡི་གེ་བཞི་དང་ལྡན་བྱས་ལ།། དེ་དག་ཚོགས ་ལ་དབུལ་བར་བྱ།། ཞེས་གསུངས་པའི་དོན་ཁོང་དུ་ཆུད་པར་བྱས་ལྀ་བདག་གཞན་གྱི་སྲོག་བསྲུང་བར་བྱའོ།། དེ་བཞིན་དུ་ངེས་པའི་དོན་ཡང་། འབྱུང་པོ་རང་རང་གི་སྙིང་ཀའི་རྩ་འདབ་བརྒྱད་པོ་བརྒྱ་བྱིན་ལ་སོགས་པ་ཐུན་བརྒྱད་ཡིན ་ལ། སྟེང་གི་སྒྲ་གཅན་དང་འོག་གི་དུས་ཀྱི་མེ་ནི་ཉི་མ་དང་ཟླ་བ་ཡིན་ནོ།། ཏཱ་ལ་པཱ་ཏཱ་ལི་ནི་ལྟེ་བོའི་སྟེང་དང་འོག་གོ། དེ་རྣམས་ཚིམ་པར་བྱིན་གྱིས་བརླབས་པའི་སྔགས་ཨ་ཀཱ་རོ་མུ་ཁཾ་ཞེས་པ་ལ་སོགས་པ་སྟེ། ངེས་པའི་དོན་དུ་ན ་ཨའི་ཡི་གེ་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གཟོང་མ་ནས་མ་སྐྱེས་པའི་ཕྱིར་རོ་ཞེས་པས་བྱིན་གྱིས་བརླབ་པའོ།། འདི་ལྟར་ཨ་ཞེས་པ་ནི་ཚིག་གི་བརྗོད་པ་ཀུན་ལས་འདས་པ། མི་ཤིགས་པའི་སྒྲར་གནས་པ་ལ་བྱའོ།། འདི་ལྟར་མི ་ཤིགས་པའི་སྒྲར་གནས་པ་འདི་ནི་སྲོག་ཆེན་པོ་སྟེ། གཏོར་མ་འདིས་སྲོག་བསྲུང་བ་ནི་ངེས་པ་ཡིན་ལ། ཚུལ་གཞན་དུ་བསྐལ་པ་དཔག་ཏུ་མེད་པར་གཏོར་མ་བྱིན་ཡང་སྲོག་བསྲུངས་པར་མི་འགྱུར་རོ་ཞེས་པ་ནི། དེ་བཞིན་གཤེགས་པའི ་བཀའ་ལུང་ངོ་།། ངེས་པའི་དོན་གཞན་ནི་སྔགས་ཀྱི་ལེའུ་ཡི་རྒྱ་ཆེར་བཤད་པར་ལེགས་པར་གཏན་ལ་ཕབ་པའི་ཕྱིར། འདིར་གསལ་བར་མ་བསྟན་ཏོ།། གལ་ཏེ་གཏོར་མོ་འདིས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན། རྣམ་འབྱོར་པ ་རྣམས་ལེགས་པར་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་ལ་འདི་ལྟར་དང་བ་དང་ངེས་པའི་དོན་གྱིས་དབྱེ་སྟེ། དེ་ལ་གང་དང་བའི་དོན་དེ་ཕྱི་རོལ་དུ་ཇི་ལྟར་བསྟན་པ་རྣམས་ཡིན་ལ། ངེས་པ་ནི་འདི་ལྟ་སྟེ། ཨཱ་དྱཱ་ནུཏྐནཽ་ཏཱཏ་ཞེས་པ་ལྀ་མི ་ཤིགས་པར་གཏོགས་པའི་སྲོག་གི་རླུང་གང་གིས་འཛག་པ་མེད་པའི་བདེ་བ་དེ་ནི་བདེ་བ་དྲི་མ་མེད་པའོ།། དེ་བཞིན་དུ་དུས་མཐའི་མེས་ཉི་མའི་རྩའི་ཚེ་རྣམས་བསྲེག་པའི་ཕྱིར། ལྷ་མོ་རྣམས་དང་འགྲོ་བ་རབ་ཏུ་འབྱོར་པ་རྣམས་དགའ་བར ་འགྱུར་རོ་ཞེས་པའི་དོན་ཏོ།། གལ་ཏེ་འདིར་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་གཏོར་མི་སྟེར་ན་ཞེས་བྱ་བ་ལ་མི་ཤིགས་པའི་སྲོག་གི་རླུང་གིས་གཏོར་མ་བྱིན་ན་ཞེས་པའི་ཐ་ཚིག་གོ། བདེ་བ་དབང་དུ་བསྡུས་པས་དབང་ངོ་།། འཛག་པའི ་ཉོན་མོངས་པ་འཇིག་པའི་ཕྱིར་མངོན་སྤྱོད་དང་དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། བསད་པ་ཞེས་པའི་དོན་ཏོ།། བདེ་བ་འགུགས་ཤིང་དེས་ཉོན་མོངས་པའི་གདུང་བ་ཞི་ཞིང་བདེ་བའི་ཡེ་ཤེས་རྒྱས་པར་བྱེད་པའི་ཕྱིར་ཞི་བ་དང་རྒྱས ་པར་འགྱུར་བའོ།། དུ་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ལས།། རྒྱས་བཏབ་པའི་རིགས་པ་བསྟན་པར་བྱའོ།། རྡོ་རྗེ་སྙིང་པོས་གསོལ་པ། ཕྱག་རྒྱ་གང་གིས་མཁའ་སྤྱོད་མ།། གང་གི་ཕྱག་རྒྱས་སྤྱོད་མ།། གཙོ་བོ་བདག་གིས ་སྔར་མ་འཚལ།། ཞེས་བྱ་བ་ལ་མཁའ་སྤྱོད་མ་དང་ས་སྤྱོང་མ་དག་ལ།། ཕྱག་རྒྱ་གང་གིས་གདབ་པར་བགྱི་ཞེས་པའི་དོན་ཏོ།། བཅོམ་ལྡན་འདས་ཀྱེའི་རྡོ་རྗེས་སླར་གསུངས་པ། ག་སེང་གསུམ་འཁོར་ལོའི་དེ་བུ་རྗེས་སུ་ནི།། སྐུ་གསུང་ཐུགས ་སུ་དབྱེ་བ་ལས།། སྟེང་དང་འོག་དང་དབུས་རྣམས་ཀྱི།། འཁོར་ལོའི་དབུས་སུ་རྣམ་པར་གནས་ཞེས་བྱ་བ་ལ། གསང་བ་གསུམ་གྱི་འཁོར་ལོ་ནི།། ས་འོག་ས་སྙིང་ས་བླ་རྣམས།། རྣམ་པ་གསུམ་དུ་ཕྱེ་བ་སྟེ།། བདེ་མཆོག་འཁོར་ལོར་རབ་ཏུ ་བསྒྲགས།། ས་སྤྱོད་སྐུ་ཡི་ཕྱག་རྒྱ་ཅན།། སྟེང་ཞལ་སྐུ་ཡི་ཕྱག་རྒྱ་མ།། གཏི་མུག་སྐུ་ཡི་རིགས་ཅན་ཏེ།། རྣམ་སྣང་མཛད་དུ་རབ་ཏུ་བསྒྲགས།། མཁའ་སྐྱེད་འདོད་ཆགས་ཕྱག་རྒྱ་ཅན།། འོག་ཞལ་གསུང་གི་རྡོ་རྗེ་མ།། འདོད་ཆགས་གསུང ་གི་རིགས་ཅན་དེ།། དཔོག་མེང་འོད་དུ་རབ་ཏུ་བསྒྲགས།། ཐུགས་ཀྱི་རྡོ་རྗེ་བདག་མེདེ་མ།། སེམས་ནི་དཔག་མེད་ཚུལ་ཙ་ནཱི་ཉིད།། སེམས་ནི་དབུས་ཀྱི་གནསུ་སྟེ།། དེ་ཕྱིར་བདག་མེད་དབུས་སུ་འཁྲུངས།། སེམས་ནི་ན་མཁའི་རིགས་ཅན་ཉིད།། ། ་མགོན་པོ་མི་བསྐྱོད་སེམསུ་བསྒྲགས།། འདི་གསུམ་དབུས་ཀྱི་རྩ་ཡི་གཟུགས།། ལོ་གསུམ་ཟླ་བ་ཕྱེད་དང་གཉིས།། འདི་ཡི་ཆོས་སུ་རབ་བསྟན་ཏེ།། འདུས་པོ་ལ་སོགས་རྒྱུད་ཆེན་རྣམས།། འདི་ཉིད་ཤི་འབྱུང་བར་བཤད།། དེ་བས་སྐུ་གསུང ་ཐུགས་ཀྱི་རིགས།། ཞལ་གསུམ་པར་ནི་རབ་ཏུ་བརྗོད།། རྒྱས་པར་རབ་ཏུ་ཕྱེ་བ་ལས།། རིགས་ནི་རྣམ་པ་དྲུག་ཏུ་བརྗོད།། ས་དང་ཆུ་དང་མ་དང་ནི།། རླུང་དང་ན་མཁར་ཁམས་ངག་དང་།། ཡ་ཤས་ཁམས་དང་དྲུག་ཏུ་བརྗོད།། རྣམ་གསུམ་ཉི་མ ་ཟླ་བ་མེ།། རྣམ་ལྔ་མུན་ཙཱནྟ་སྒྲ་གཅན་འཛིན།། གསུམ་ལ་གཉིས་ཀྱིས་མནན་པས་ལྔ།། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས།། འཇམ་པའི་རྡོ་རྗེ་ཞལ་ལྔ་པ།། ཞེས་བྱ་བའི་དོན་ཏོ།། གཞན་ཡང་རྣལ་འབྱོར་གྱི་རྒྱུད་དུ།། ཕྱིའི་སྒྲ ་རྣམས་འཇུག་པར་བྱ་བའི་ཕྱིར་བཤད་པ་འདི་ལྟ་སྟེ། མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང་།། དཔག་མེད་ཕྲག་དོག་རྡོ་རྗེ་སེམས།། རིགས་ནི་རྣམ་པ་དྲུག་བཤད་པ།། ཉོན་མོངས་རྣམ་དྲུག་རྣམ་པར་སྦྱོང་།། ཞེ་སྡང་གཏི་མུག་སེར་སྣ ་དང་། འདོད་ཆགས་ཕྲག་དོག་བདེ་བ་དག། ཉོན་མོངས་དྲུག་ཏུ་རབ་ཏུ་བསྒྲགས།། འདིས་ནི་རིམ་པར་བསྒོམས་པ་ཉིད།། རྡོ་རྗེ་སེམས་དཔའ་སྤངས་ནས་ནི།། ཕྱི་ནས་རིགས་ནི་རྣམ་པ་ལྔ།། ཞེས་བྱ་བ་ས་ནི་འཁྲིག་པའི་འདོད་ཆགས་སྤངས ་ནས་རིགས་རྣམ་པ་ལྔར་འགྱུར་ཏེ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྤངས་ནས་ཞེས་པའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་རིགས་ཀྱིས་ཀུན་ལ་ཁྱབ་པའི་ཕྱིར་རོ།། དེ་བཞིན་དུ་རྡུལ་དང་མུན་པ་དང་སྙིང་སྟོབས་ཀྱིས་དབྱེ་བ་འམ། ་ཉི་ཟླ་སྒྲ་གཅན་འཛིན་གྱིས་དབྱེ་བས།། འདོད་ཆགས་ཞེ་སྡང་གཏི་མུག་གིས།། རྡོ་རྗེས་རྣམ་པ་གསུམ་དུ་འགྱུར།། ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་རྣམ་པར་ཤིས་པ་ན་མཁའི་ཁམས་འདི་ནི། རིགས་ཐམས་ཅད་པ་འམ། རིགས ་གཅིག་ཉིད་ཀྱི་ངོ་བོ་ཉིད་ཡིན་ཏེ། ན་མཁའ་གཅིག་གི་གཟུགས་ཀྱི་ཐ་མི་དད་པའི་གཟུགས་ཀྱི་གནས་པའི་ཕྱིར། མི་བསྐྱོད་ཞེ་སྡང་གཟུགས་ཅན་གྱི།། ཐུགས་ཀྱི་བདག་པོའི་རིགས་གཅིག་ཉིད། ཅེས་བྱ་བ་གསུངས་སོ།། ་བས་ན་ཐུགས་ཀྱི་རིགས་འདི་ཉིད་ལས། རིགས་ལྔ་དང་རིགས་དྲུག་ལ་སོགས་པ་ནས། དཔག་ཏུ་མེད་པའི་རིགས་རྣམས་འོ་བྱུང་བའི་ཕྱིར། ཞེ་སྡང་རྡོ་རྗེའི་བྱིན་རླབས་འདིས།། རིགས་ནི་ལྔ་དང་དྲུག་ཏུ་བརྗོད།། ཅེས་གསུངས་པའི ་ཡིན་ནོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་རྒྱ་ཆེར་བཤད་པ་སྟེ། ལེའུ་བཞི་པའོ།། ། ཞལ་བརྒྱད་ཕྱག་ནི་བཅུ་དྲུག་པ།། དཔའ་བོ་ཐོད་ཕྲེང་ཅན་བཏུད་ནས། ་ཀྱེ་རྡོར་མངོན་པར་འབྱུང་བ་ཡི།། རྒྱས་བཤད་རྡོ་རྗེ་སྙིང་པོས་བྲི།། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ།། ཞབས་བཞི་པ་དང་འཇིགས་པ་པོ།། དཔའ་བོ་ཐོད་པའི་ཕྲེང་བ་ཅན།། བདག་མེད་མས་ནི་སྐུ་ལ་འཁྱུད།། ཅེས་བྱ་བ་གསུངས་ཏེ། སྟོང་པ་བཅུ ་དྲུག་མཚོན་པའི་ཕྱག་བཅུ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དོག་པའི་ཞལ་བརྒྱར་དང་། དོན་མཐུན་པ་ལྔ་སོགས་པ་བསྡུ་བའི་དངོས་པོ་བཞི་དག་བྱའི་ཞབས་བཞི་དང་། ངང་གིས་ཁྲོ་བ་དང་། ཤུགས་ཀྱིས་ཁྲོ་བ་དང་། ཁྲོ་བར་བཅས ་པ་དང་། ཁྲོ་བར་བཅོས་པོ་ལ་སོགས་པ་ཁྲོ་བོའི་མཚན་མ་དང་ལྡན་པ་དང་། བརྗེད་བྱེད་ལྔ་བཅུ་དོག་པའི་མགོའི་ཕྲེང་བའི་རོལ་ཤལ་འཛིན་པ་སྟོང་པ་ཉིད་ཀྱི་བདག་ཉིད་ཡུམ་ཆེན་མོས་འཁྱུད་པའི་སྐུ་ཅན།། ཡི་གེ་ལྔ་དག་པའི་ཕྱག་རྒྱ ་ལྔ་འཛིན་པའི་བཅོམ་ལྡན་འདས་ཧེ་རུ་ཀ་ལ་བདག་མེད་མས་ཞུས་པ། བཅོ་ལྔས་ཡོངས་སུ་བསྐོར་བ་ཉིད།། བདག་གི་འཁོར་ལོ་ཁྱོད་བཤད་མ།། ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། གཙོ་བོ་བདག་གིས་སྔར་མ་འཚལ་ཞེས་བྱ་བ་ཞུས ་ཏེ། འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཟླ་བ་ཆ་ཤེས་བཅོ་ལྔའི་བདག་ཉིད་ཅན། མངོན་པར་རྫོགས་པ་རྣམ་པ་ལྔ། དང་། རྣམ་པ་ཉི་ཤུས་བྱང་ཆུབ་པོའི་མཚན་ཉིད་ཅན། བདག་གི་དཀྱིལ་འཁོར་ལྷ་མོ་ལྔ་གསུམ་གྱི་བདག་ཉིད་ལེགས ་པར་གསུངས་ལོགས་ན། གཙོ་བོ་ཁྱོད་ཉིད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། སྔར་མ་གསུངས་པ་གསུངས་པར་རིགས་སོ་ཞེས་པའི་དོན་ཏོ།། བདག་མང་མ་ལའོ་མཛད་ནས།། རྡོ་རྗེ་ཐོད་པར་སྩལ་ནས་ནི།། ལྷ་མོའི་ནུ་མ་མཉ་མཛད ་དེ།། དཀྱིལ་འཁོར་ཡང་དག་རབ་ཏུ་བསྟན།། ཞེས་བྱ་བ་ནི་བདག་མེད་མ་ལ་ཉིད་ཀྱི་དཀྱིལ་འཁོར་བསྟན་པར་མཛད་པའི་ཚད་དུ། སྔོན་དུ་འདོད་ཆགས་ཀྱི་ཆོས་རབ་ཏུ་བསྟན་པར་མཛད་ནས། བཤད་པར་ཞལ་གྱིས་བཞེས་པའོ།། འཁོར ་ལོ་ཇི་ལྟར་སྔར་བརྗོད་པ་ཞེས་པ་ནས། རྡོ་རྗེ་ཐིག་གི་ཡང་དག་བརྒྱན་ཞེས་བྱ་བ་ལྔ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་ཁང་བུའི་མཚན་ཉིད་ཕྱི་ནང་དུ་ཕྱེ་བ་ལས། བསྐྱེད་པའི་རང་བཞིན་ནི་ཁྱོད་ཀྱི་ཁང་བུ་བརྩེགས་པ་དང་མཚུངས ་སོ།། ཞེས་བྱ་བའི་དོན་ཏོ།། འདོད་ཆགས་ཆེན་པོའི་རྗེས་ཆགསོ་པས།། ལྷན་ཅིག་སྐྱེས་དགའི་རང་བཞིན་ལས།། ཁྱོད་དང་ལྷན་ཅིག་བཞིན་བཟང་མ།། དེ་ལ་དབུས་སུ་ང་ཡོང་ང། ཅེས་བྱ་བ་ལ། ཀྱེ་ལྷ་མོ་ཁྱོད་ཀྱི་དཀྱིལ་འཁོར་ནི། ཁྱོད། ་ཉིད་དང་པོར་བྱས་པའི་བཅོ་ལྔའི་བདག་ཉིད་ཡིན་ལ། འདིར་ནི་བཅོ་ལྔ་ཡོངས་སུ་སྤངས་པའི་བདག་ཉིད་ཁྱོད་དང་ང་གཉིས་ཡོངས་སུ་འཁྲིག་པ་ལས་ལྷན་ཅིག་སྐྱེས་པའི་རང་བཞིན་ཅན་ཁྱོད་ཀྱི་ལྷ་མོ་བརྒྱད་ཀྱིས་ཡོངས ་སུ་བསྐོར་བའོ།། ཞེས་པའི་དོན་ཏོ།། ཞལ་བརྒྱུད་པ་ལ་ཞེས་པ་ནས། སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན་ཞེས་པ་དང་། གྲོང་ཁྱེར་ཉམས་དགར་ཁྱོད་དང་དེ།། ཞེས་པ་ཡན་ཆད་ཀྱིས་ནི། བཅོམ་ལྡན་འོངས་གཙོ་བོ་ཆེན་པོ་ཉིད་ཀྱི་སྐུ ་རྩ་བའི་རང་བཞིན་བདག་མེད་མ་ལ་གསལ་པོར་ཡོངས་སུ་བསྟན་པ་སྟེ། བྱིས་པའི་སྐྱེ་བོ་རྣམས་གཞུག་པའི་ཕྱིར། སྐུ་མཚོན་ཕུན་སུམ་ཚོགས་པ་ཡོན་ཏན་ཐམས་ཅད་ཀྱིས་རབ་ཏུ་སྨྲས་པ་བརྗིད་བག་ཐམས་ཅད་དང་ལྡན་པ ་བསྟན་པར་མཛད་པའི་དོན་ཏོ།། གྲོང་ཁྱེར་ཉམས་དགར་ཁྱེད་དྲང་ང་།། དགའ་བས་ཤིན་ཏུ་རོལ་པ་ལས། ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཁང་བུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན། དཔེ་མེད་པའི་ཡུལ་གྱི་ཡོན་ཏན་གྱིས་སྨྲས་པའི ་ནང་དུ། ལྷན་ཅིག་སྐྱེས་པའི་དགའ་བོས་རོལ་ཅིང་གནས་སོ་ཞེས་བྱ་བའི་དོན་ཏོ།། དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས།། ཤར་གྱི་སྒོ་རུ་ཡང་དྲག་གནས་ཞེས་པ་ནས། རླུང་གི་ཕྱོགསུ་གཡུང་མོ་ཉིད།། ཅེས་བྱ་བ་ལ་སོགས་པ ་ཡན་ཆད་ཀྱིས་ནི། དེ་ལྟར་ལྷན་ཅིག་སྐྱེས་པའི་བདེ་བའི་རོལ་པ་ལོས། ལྷ་མོ་བརྒྱད་འབྱུང་བར་སྟོན་པའི་རྡོ་རྗེ་ཚིག་གོ། དེས་ནི་འཇིག་རྟེན་པའི་སྲིད་པའི་སྐྱེད་པར་བྱེད་པའི་ཆོས་ཕ་དང་མ་ཡིས་བུ་ཆེ་བསྐྱེད་པའི་བྱེ་བ་བསྟན་ཏོ།། དེ་ཉིད ་ལུས་ཅན་རྣམས་ཀྱི་སྲོག་འགྲོ་བ་དང་འོད་བའི་ཁྱད་པར་གྱིས། གཱཡས་ཀྱི་སྒྲོག་བཅུ་དང་། གཡོན་བྱེ་སྲོག་བཞི་དང་། ཐུན་ཚོད་དང་ཐུན་མཚམས་པ་བཞི་བཞི་སྟེ་བརྒྱུད་ཀྱིས་བཅུ་དྲུག་ཕྱེད་ཀྱི་ཁུ་བའི་ཐིག་ལོ་འཁྲིད་པར་བྱེད་དོ། ཉན་མཚན ་གྱི་ཆོས་རབ་ཏུ་བསྟན་ལ། གང་བདག་མེད་མ་དང་། གཙོ་བོ་ཉིད་ཀྱིས་ནི་མཚམས་ཀྱི་མེའི་རི་མོ་ཅན་དུ་འཇུག་པའི་རླུང་བསྟན་ཏོ།། དེ་ནས་རྡོ་རྗེ་ཆགས་ཆེན་ལས།། རིག་མར་བཅས་པ་ཁུ་བར་འགྱུར།། ཞེས་པ་ནཱི་ཕ་དང་མོའི་བྱེ་བ་ཡོངས་སུ ་རྫོགས་ནས། འཁོགས་པ་ཡོང་སུ་བསྟན་ལ། གཞན་དུ་ནུ་སྲོག་གི་རྟ་ལ་བརྟེན་པའི་ཁམས་ཅད་ཐམས་ཅད་ནང་དུ་ཐི་མཱཾ་སྟེ་རྒྱུ་བ་མེད་པར་བསྟན་ཏོ།། དེ་བཞིན་དུ་བསྐུལ་བའི་ས་ལ་བཞེངས་པ་དང་། ལམ་གཉིས་ཀྱིས་བྱང་ཆུབ་པ་དག་པ ་སྟོན་ཏོ།། ཞེས་པའི་ཐ་ཚིག་གོ།། སྣ་ཚོགས་གླུ་ཡི་མཆོད་པ་ལས།། དེ་ནས་ལྷ་མོ་རྣམས་ཀྱིས་བསྐུལ།། ཙཱ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག། ཞེས་པ་ནས། ཐུགས་རྗེ་རྒྱུན་ཆང་མ་མཛད་ཅིག། ཅེས་པ་ལ་སོགས་པའི་རྡོ་རྗེའི་གླུའི ་ཚིག་རྣམས་ཀྱི་ནི། འདི་ལྟར་འཇིག་རྟེན་ན་ཕ་མི་དག་ཡོངས་སུ་འཁོགས་ཏེ། འཇིག་རྟེན་ཕ་རོལ་ཏུ་སོང་བ་ལ་བུ་དང་བུ་མོ་ལ་སོགས་པ་སྨྲེ་སྔགས་འདོན་ཅིང་ཆོངས་འདེབས་ལ། འདི་སྐད་ཅེས་མགོན་པོ་ཁོ་བོ་ཅག་ལ་མགོན་དང་སྐྱབ ་མ་མཆིས་ཀྱིས། ཀྱེ་ཧུད་ཀྱི་ཧུད་སྐྱབ་དུ་གསོལ་ཞེས་ཟེར་ཞིང་མཚུན་ལ་འཐོ་བར་བྱེད་དོ།། དེ་བཞིན་དུ་ཉན་ཐོས་ཀྱི་སྐྱེ་བོ་རྣམས་ལ་གྲོང་ཁྱེར་རྩཝ་མཆོག་གི་ཕྱོགསུ་མྱ་ངན་ལས་འདའ་བ་ཉེ་བར་སྟོན་ཅིང་། ཉན་ཐོས་ཆེན་པོ་རྣམས་སྤྲོ ་སྔགས་འདུན་ཅིང་ཚུངས་འདེབས་ཏེ། ཀླུའི་རྒྱལ་པོ་རྣམས་ཀྱང་མྱ་ངན་བྱང་ཅེའོ།། དེ་ཉིད་གཞན་གྱི་སྲོག་གི་རླུང་ཐམས་ཅད་ནང་དུ་ཞུགས་ཏེ། བདེ་བ་ཆེན་པོའི་ཁམས་ལ་གནས་པ་ལས། སེམས་ཅན་ཐམས་ཅད་ཀྱི་དོན ་དུས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་ཁམས་ཀྱིས་སད་པར་བྱས་ཏེ། འགྲོ་བའི་དོན་ལ་འཇུག་པ་ནི་ངེས་པའི་དོན་ཏོ།། གླང་པོ་རྟ་བོང་གླང་རྔ་མོ།། མི་དང་ཤ་ར་བྷ་བྷི་ལ།། གཡས་པའི་ཐོད་པ་བརྒྱད་པོ་ལ།། གླང་པོ་ལ་སོགས་རིམ་ཤེས་བྱ། ་ཞེས་བྱ་བ་ནི་གཡས་པའི་ཕྱག་གི་མཚན་མ་བརྒྱད་སྟོན་པའོ།། དེ་བཞིན་དུ་ས་དང་ཆུ་དང་རླུང་དང་ནི།། མེ་དང་ཟླ་བ་ཉི་མ་ཉིད།། མཐར་བྱེད་དང་ནི་ནོར་འཛིན་ཏེ།། གཡོན་པའི་ཐོད་པ་བརྒྱད་ནའོ། ཞེས་པ་ནི། ཕྱག་གཡོན་གྱི་མཚན་མ་བརྒྱད ་དེ།། འདི་རྣམས་ཀྱི་དྲག་པོ་ནི།། བློ་དང་དབུགས་དང་ཞེས་པ་ནས།། ཕྱུག་པོ་ཐམས་ཅད་རབ་བསྒྲུབ་པའོ།། ཞེས་གསུངས་པས་རྟོགས་པར་བྱའོ།། དེ་བཞིན་དུ་གཙོ་བོ་ཆེན་པོ་གར་གྱི་རོ་དགུ་དང་ལྡན་པར་སྟོན་ཏོ།། འདི་ལྟར་རིན་ཆེན་སྣ་བདུན་ཏཱི།། ་དེ་ལ་དམག་དཔོན་རིན་ཆེན་ཞེས།། བདེ་བར་གཤེགས་པས་རབ་གསུངས་པ།། ཚུལ་དགུ་རབ་ལྗོན་དམག་དཔོན་ཡིན།། སྒེག་པས་འགྲོ་བ་ཤེས་རབ་བསྐྱེད།། མཛད་སྤྱོད་ཉམ་ང་མེད་པའོ།། གདུག་རྩུབ་རབ་ལྡན་འཇིགས་པ་པོ།། ལོག་ལྟ་ཞི ་གཅོད་གཤེ་བའི་ཚུལ།། རྡོ་རྗེ་སེམས་དཔའ་བཏགས་པ་ལ།། དཔེའ་ལ་དཔའ་བོ་དེ་བཞིན་གཤེགས།། རྡོ་རྗེ་འཛིན་པ་སྙིང་རྗེ་ལ།། རྒོད་ལ་འཇིག་རྟེན་དབང་ཕྱུག་མཆོག། རྡོ་རྗེ་ཉི་མ་ཁྲོ་བ་ཆེ།། རྡོ་རྗེ་དྲག་པོ་འཇིགས་པ་ལ།། ་ཐུབ་པ་མི་སྡུག་ལ།། ངོ་མཚར་ལ་ནི་ཨ་རཱ་ལཾ།། རྨད་བྱུང་ཆོས་སྒྲོགས་བཞད་པར་སྣང་།། གདུལ་དཀའ་ཁྲོ་ལ་སྙིང་རྗེར་སྟོན།། ཉོན་མོངས་གྲུབ་མཛད་ངོ་མཚར་ཚུལ།། ཁྲོ་དྲག་མི་གཡོ་ཞི་བའི་ཚུལ།། ཞེས་པ་ལ་སོགས་པ་ནི་གར་སྟབས་དགུའི་དོན་ཏོ།། ་དེ་ལྟ་བུའི་གར་སྟབས་དགུ་དང་ལྡན་པའི་དཔའ་བོ་བཞེངས་པ་ནི།། ཨཾ་དང་ཧཱུཾ་གིས་རྡོ་རྗེ་ཆེ། ཁུ་བའི་གཟུགས་ལ་བཞེངས་ནས་ནི།། ཞབས་རྣམས་ས་ལ་བརྡེབས་པ་དང་། ལྷ་དང་ལྷ་མིན་བསྡིགས་པར་མཛད། ཅེས་བྱ་བ་ནི་སྔོན་གྱི་གཟུགས་ལས། ་ཡི་གེ་ཨུཾ་ཧཱུཾ་གཉིས་ལས་ཐོད་པ་གྲི་གུག་ལྟ་བུར་གྱུར་ཅིང་། དེ་ལས་གཟུགས་བཞེངས་པའི་དོན་ཏེ། བདག་མེད་མ་དང་གཙོ་བོའི་སྐུ་ཡོངས་སུ་རྫོགས་པ་སྟེ། བཅུ་དྲུག་དང་བཅུ་གཉིས་ཉི་མ་དང་ཟླ་བ་རབ་ཏུ་གསལ་ཞིང་དྲི་མ་མེད་པར་གྱུར་པའི་དོན་ཏོ།། དེས ་འགྲོ་བའི་ངོ་ན་བྱེད་པ་ནི་ངེས་པའི་དོན་ཏོ།། གེ་ཙ་བི་གྷཾ་པཾ་ཤཾ་ལཾ་ཌཾ། ཞེས་པ་ནི་ཐིག་ལེའི་གཟུགས་ཅན་མིང་གི་དང་པོའི་ཡི་གེ་བརྒྱད་དོ།། འདི་ཡིས་ས་བོན་དབྱུང་བ་དང་། ཞེས་པ་ནི་ལྷ་མོ་བརྒྱད་བསྐྱེད་པའི་དུས་སུ་སྦྱར་བར་བྱའོ།། དེ་བཞིན་དུ་བདག ་པོ་ཡི་ནི་ས་བོན་དག། ཨཾ་ཧཱུཾ་སྔོན་པོ་འབར་འཇིགས་པས་ཞེས་པ་ནས། གཙོ་བོ་འདི་ལྟར་བསྒོམ་པ་ཉིད།། ཅེས་པ་ཡན་ཆད་ཀྱིས་ནི། གཙོ་བོ་བསྐྱེད་པའི་རང་བཞིན་གསལ་བར་བསྟན་ཏེ། གོང་དུ་བསྟན་པ་ཉིད་དོ།། ད་ནི་ལྷ་མོ་བརྒྱད་ཀྱི་ཕྱག་གཡས ་གཡོན་གྱི་ཕྱག་མཚན་རྣམས་བསྟན་པའི་ཕྱིར། དཀར་མོའི་གཡས་ན་གྲི་གུག་སྟེ་ཞེས་པ་ནས། གཡོན་ན་སྡིགས་མཛུབ་དེ་བཞིན་ནོ་ཞེས་པ་ཡན་ཆད་ཀྱིས་བསྟན་ཏེ། འདི་ལྟར་རང་རང་གི་གདན་གྱི་སྟེང་དུ་ཉི་ཟླ་ཁ་སྦྱར་བའི་ནང་ནི། སྔོན་གྱི་ཡི་གེ ་རྣམས་གནས་པར་བསམ་ཞིང་། དེ་དག་ཡོངས་སུ་གྱུར་པ་ལས། གཡས་པར་ཕྱག་མཚན་བརྒྱད་དུ་བསམ་པ་དང་། དེ་ཡོངས་སུ་གྱུར་པ་ལས་ཀྱང་ལྷ་མོ་བརྒྱད་ཡོངས་སུ་རྫོགས་པར་བྱའོ།། ཅིའི་ཕྱིར་གཡས་པའི་མཚན ་མ་ལས་ཡོངས་སུ་རྫོགས་པར་བྱ་ཞེ་ན། རྩ་བྱའི་རྒྱུད་ལས་ཇི་སྐད་དུ།། ལུས་ཅན་ལག་པ་གཡས་པ་ཡིས།། བྱ་བ་ཐམས་ཅད་རྫོགས་པར་བྱེད།། སྟོང་ཉིད་ཤེས་རབ་གཡས་པ་ནི།། དེ་བཞིན་བྱ་བ་ཐམས་ཅད་བྱེད།། སེམས་ཅན་དོན་ལ་བརྩོན་པ ་ལས།། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ནི།། གཽ་རཱི་ལ་སོགས་ལྷ་མོ་རྣམས།། ཀུན་ཏུ་ལེགས་པར་འདོད། ཅེས་གསུངས་སོ།། དེ་བཞིན་དུ་ཉོན་མོངས་པ་གཅོད་པར་མཛད་པ་དང་། སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པ་དང་། མི་གཡོ་བའི་བདེ་བ་དང་། ཞེ ་སྡང་ལ་སོགས་པ་དེ་ཁོ་ན་ཉིད་ཀྱིས་རྒྱན་དུ་བཅང་བ་དང་། བྱ་བ་ཐམས་ཅད་ལ་ཐེ་ཚོམ་མེད་པར་བྱ་བ་དང་། དགྲ་བཅོམ་པ་བརྟན་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཉོན་མོངས་པ་གཞོམ་པའི་ཕྱིར། གཡས་ན་གྲི་གུག་ལ་སོགས་པའི ་ཕྱག་མཚན་བརྒྱད་རིམ་པ་བཞིན་དུ་སྦྱར་རོ།། དེ་བཞིན་དུ་གཡོན་པའི་བརྒྱད་ནི། འདི་ལྟར་རེག་ན་བདེ་བ་དང་། གཏི་མུག་བསད་པར་བྱ་བ་དང་། བདེ་བ་བསྐྱང་བ་དང་། ཡེ་ཤེས་བླང་བ་དང་། ཉོན་མོངས་པ་ཚར་བཅད་པ་དང་། བདེ་བ་མཚོན ་པ་དང་། ཉོན་མོངས་པ་མེད་པ་དང་། དྲི་མ་མེད་པའི་གནས་མཚོན་པ་སྟེ། རིམ་པ་བཞིན་དུ་སྦྱར་བར་བྱའོ།། དཀར་མོ་ལ་སོགས་ཕྱག་གཉིས་བརྗོད།། སྤྱན་གསུམ་དབུས་སྐྲ་གྱེན་དུ་བརྫེས།། ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན་ཞེས་པ་ལ ་སོགས་པ་ནི་ལྷ་མོ་ཐམས་ཅད་སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་པ་དང་། སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་ཉིད་དང་། བདེ་བའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་། ནམ་མཁའ་ལ་སོགས་པའི་ཕྱག་རྒྱ་ལྔ་དང་ལྡན་པར་མཚུངས་པར་སྟོན་པའོ།། གཽ་རཱི་ལ་ཁ ་དོག་ནག་མོར་འགྱུར་ཞེས་པ་ནས། གཡུང་མོ་སྣ་ཚོགས་མ་ཞེས་བརྗིད།། ཅེས་པ་ཡན་ཆད་ཀྱིས་ནི། ས་དང་ཆུ་དང་མེ་དང་རླུང་ལ་སོགས་པ་རྣམས་ཀྱིས་རང་བཞིན་གྱི་ཡོན་ཏན་གྱི་དབང་གིས། ཕྱོགས་མཚམས་ཀྱི་ལྷ་མོ་བརྒྱད་ཀྱི་སྐུ ་མདོག་རིམ་པ་བཞིན་རྟོགས་པར་བྱའོ་ཞེས་པའི་དོན་ཏོ།། དེ་བཞིན་དུ། གཤིན་རྗེ་དང་ནི་ནོར་བདག་དང་།། བདེན་བྲལ་དང་ནི་ཐགས་བཟངས་རིས།། ཚངས་པ་དབང་པོ་ཉེ་དབང་དག། གཽ་རཱི་ལ་སོགས་པ་ཡི་གདན།། ཞེས་བྱ་བ་རྣམས་ནི ་ཕྱོགས་སྐྱོང་བརྒྱད་པ་རང་བཞིན་ཡོན་ཏན་གྱི་དབང་གི་རིམ་པ་བཞིན་གདན་དུ་བསམ་ལ། གཞན་ཡང་འཇིག་རྟེན་པའི་ལྷ་ང་རྒྱལ་ཅན་རྣམ་པ་བརྒྱད་ཕྱི་གན་རྐྱལ་དུ་བསྒྱེལ་ཏེ་བཏུལ་ནས། གཏོགས་འདོད་མ་ལ་སོགས་པ་དབང་བསྐུར ་ཞིང་མིང་སྤྲོས་ཏེ་འཇིག་རྟེན་པའི་དཀྱིལ་འཁོར་དུ་བཀོད་ཅེས་པའི་དོན་ཏོ།། དེ་དག་ཀྱང་འདི་ལྟ་སྟེ། དཀའ་ཐུབ་བཟློག་མ་ནི། ཁྲོ་མོ་རྡོ་རྗེ་མ་དང་། གསེར་ལྡན་མ་ནི་རྡོ་རྗེ་གསེར་མོ་ཞེས་བྱ་བ་དང་། ཤིར་ཤྱ་ནི་རྡོ་རྗེ་གཞོན་ནུ་མ་ཞེས ་བྱ་བར་མིང་བཏག་སོ།། ཚངས་མ་ནི། རྡོ་རྗེ་ཞི་བ་མོར་མིང་བཏགས་སོ།། དབང་མོ་ནི་རྡོ་རྗེ་ཁུ་ཚུར་མར་མིང་བཏག་སོ།། དེ་རྣམས་ནི་རྡོ་རྗེ་རྒྱལ་མོར་དབང་བསྐུར་རོ།། དེ་ནས་བར་སྣང་ལ་སྤྱོད་པའི་བཙུན་མོ་ཐམས་ཅད་ལ་བྱིན་པ་ནི་འདི ་ལྟ་སྟེ། མི་འཆི་བ་ནི་རྡོ་རྗེ་མི་འཆི་བར་མིང་བཏག་སོ།། རོ་ཧི་ན་ནི་རྡོ་རྗེ་མདངས་མར་མིང་བཏག་སོ།། དབྱུག་འཛིན་མ་ནི་རྡོ་རྗེ་དབྱུག་མཆོག་མར་མིང་བཏགས་སོ།། སྐྱེ་བ་འཕྲོག་མ་ནི་རྡོ་རྗེ་རྐེང་ཆིངས་མར་མིང་བཏ ་ཏེ། དེ་ལ་སོགས་པ་ཁྲོ་མོ་རེ་རྡོ་རྗེར་དབང་བསྐུར་རོ།། དེ་ནས་ན་མ་ཁཱ་ལ་སྤྱོད་པའི་བཙུན་མོ་ཐམས་ཅད་ལ་བྱིན་པ་འདི་ལྟ་སྟེ། གསོད་མ་ནི་རྡོ་རྗེ་འཛུ་མར་མིང་བཏག་སོ།། བ་ནི་རྡོ་ཟབ་མོ་རིང་བཏག་སོ། གོ་བོ་ན་རྗེ་བགི་བསྒོ་མིང་བཏེག་སློ་དག་ར་བནི་དགའ་བ་ནྡོ་མཱཾ་ཧཱ ་དེདེལ་ལ་སོཊ་པ་རྡོ་ཕོ་ཉ་མོར་དབང་བསྐུའོ།། དེ་ནས་ས་ལ་སྤྱོད་པའི་བཙུན་མོ་ཐཾད་ལ་བྱིན་པ་འདི་ལྟ་སྟེ། ཞི་བ་མོ་ནི་རྡོ་ཕོ་ཉ་མར་མིང་བཏག་སོ།། རླུང་ནི་རྡོ་མགྱོར་མར་མིང་བཏག་སོ།། མེ་ནི་རྡོ་འབར་མཱ་མིང་བཏགས། ཀུ་བོ་ར་མ་ནི་རྡོ་འབྱོར་མ་མིང་བཏག་སོ།། དེ་ལ་སོ་ཊ་བ་རྡོ་ཕོ་ཉ་མ་དབང་བསྐུའོ།། དེ་ནུས་འོག་ན་གནཱ་བཱི་བཙུན་མོ་ཐཾ་ལི་བྱིན་པ་འདི་ལྟ་སྟེ། ཕག་མོ་ན་རྡོ་ལཱི་མཱི་བིཧ། ་ཙ་མུཥྚི་རྡོ་དུས་མར་མིང་བཏག་སོ།། སྣ་ཆད་མ་ནཱི་ཛ་རྗེ་རུ་ལ་མར་མིང་བཏགསོ།། ཆུ་ལྷ་མ་ནི་རྡོ་རྗེ་ཆུ་སྲིན་མ་རཱི་མིང་བཏག་སོ།། རྡོ་རྗེ་བྲན་མོར་དབང་བསྐུར་རོ།། དེ་བཞིན་དུ་འདི་ལྟ་སྟེ། དབང་ཕྱུག་ཆེན་མོ་ནི་རྡོ་རྗེ་ཁྲོ་མོར་མིང་བཏགས།། མཐུ་བོ་ཆེན་སྒྱུ ་མའི་རྡོ་རྗེར་མིང་བཏགསོ།། སྒྲ་གཞོན་ནུ་ནི་རྡོ་རྗེ་དྲིལ་བུར་མིང་བཏགས་སོ།། ཚངས་པ་ནི་ཐུབ་པའི་རྡོ་རྗེར་མིང་བཏགས་སོ།། དབང་པོ་ནི་རྡོ་རྗེ་མཚོན་ཆར་མི་བཏགས་སོ།། རིག་པའི་རྒྱལ་པོ་རྣམས་དབང་བསྐུར་བའོ།། དེ་ནས་བར་སྣ ་ལ་སྤྱོད་པ་རྣམས་ལ་བྱིན་པ་འདི་ལྟ་སྟེ། བདུད་རྩི་འཁྱིལ་པ་ནི་རྡོ་རྗེ་འཁྱིལ་པར་མིང་བཏག་སོ།། ཟླ་བ་ནི་རྡོ་རྗེ་འོད་དུ་མིང་བཏག་སོ།། དབྱིག་པ་ཆེན་པོ་ནི་རྡོ་རྗེ་དབྱིག་པར་མིང་བཏག་སོ།། སེར་སྨུག་ནི་རྡོ་རྗེ་སེར་སྨུག་ཏུ་མིང་བཏགས ་ཏེ། དེ་ལ་སོགས་པ་རྡོ་རྗེ་ཁྲོ་བར་དབང་བསྐུར་རོ།། དེ་ནས་ན་མཁའ་ལ་སྤྱོད་པའི་ལྷ་ཐམས་ཅད་ལ་བྱིན་པ་ནི་འདི་ལྟ་སྟེ། སྦྲང་རྩི་མྱོས་པ་ནི་རྡོ་རྗེ་གླང་པོ་སྣར་མིང་བཏགསོ།། སྦྲང་རྩི་བྱེད་པ་ནི་རྡོ་རྗེ་ཕྲེང་བར་མིང་བཏགས་སོ།། རྒྱལ་བ་ནི་རྡོ་རྗེ་དབང ་དུ་མིང་བཏགསོ།། རྒྱལ་བར་བྱེད་པ་ནི་རྡོ་རྗེ་རྣམ་པར་རྒྱལ་བའི་རྡོ་རྗེར་མིང་བཏགས་ཏེ། དེ་ལ་སོགས་པ་ཚོགས་ཀྱི་གཙོ་བོར་དབང་བསྐུར་རོ།། དེ་ནས་ས་བླའི་དབང་པོ་ཐམས་ཅད་ལ་བྱིན་པ་འདི་ལྟ་སྟེ། མཛོད་སྐྱོང་ནི་རྡོ་རྗེ་ཐོ་བར་མིང་བཏེཊ ་སོ།། མེ་ནི་རྡོ་རྗེ་མར་མིང་བཏགོས་སོ།། རླུང་ནི་རྡོ་རྗེ་རླུང་དུ་མིང་བཏག་སོ།། ཀུ་བཻ་ར་ནི་རྡོ་རྗེ་འཇིགས་པར་མིང་བཏགས་ཏེ། དེ་ལ་སོགས་པ་ནི་རྡོ་རྗེ་ཕོ་ཉ་རུ་དབང་བསྐུར་རོ།། དེ་ནས་ས་འོག་གི་དབང་པོའི་ལྷ་ཐམས་ཅད་ལ་བྱིན་པ་ནི་འདི་ལྟ ་སྟེ། ཕག་ནི་རྡོ་རྗེ་ལྕགས་ཀྱུར་མིང་བཏགས་སོ།། གཤིན་རྗེ་ནི་རྡོ་རྗེ་དུས་སུ་མིང་བཏགས་སོ།། གཙུག་པུད་ས་ནི་རྡོ་རྗེ་བགེགས་ཀྱི་གཙོ་བོར་མིང་བཏགསོ།། བ་རུ་ཎ་ཎི་ཀླུ་རྡོ་རྗེར་མིང་བཏགས་ཏེ། དེ་ལ་སོགས་པ་ནི་རྡོ་རྗེ་བྲན་ཞེས་བྱ་བར ་དབང་བསྐུར་རོ།། དེ་ལ་སོགས་པ་འཇིག་རྟེན་གྱི་ང་རྒྱལ་ཅན་ཐམས་ཅད་བཏུལ་བའི་དོན་ཏོ།། བོ་ལ་བཞེབ་པར་མཛད་ནས་ནི།། དམ་དུ་འཁྱུད་ཅིང་བོ་མཛད་ནས།། བཅོམ་ལྡན་གུས་པཱར་མཆོད་ནས་ནི།། བདག་མེད་མ་ཡས་སྔགས་ཞུས་སོ།། ་ཞེས་བྱ་བ་ལ་བདག་མེད་མས་བདེ་བའི་རོས་བདག་པོ་ཡོངས་སུ་མཆོད་དེ། ཀྱེའི་རྡོ་རྗེ་སྔགས་ཞུས་ཞེས་པའི་དོན་ཏོ།། དེ་བཞིན་དུ་བུད་མེད་རྣམས་ཀྱིས་དབང་བྱེད་སྔགས།། དེ་བཞིན་གདུག་པ་བསྡིགས་པ་དང་།། ལྷ་དང་ལྷ་མིན་བསྣུན་པ ་ཀླུ་རྣམས་བསྡོགས་པར་བྱེད་པ་དང་།། ལྷ་དང་ལྷ་མིན་བསྣུན་པ་ནི།། དེ་ནི་ང་ཡིས་བཤད་བྱ་ཡིས།། ལྷ་མོ་བདེ་བ་སྦྱིན་པ་ཉོན།། ཞེས་བྱ་བ་ནི་རྩ་བའི་སྔགས་ཀྱི་ཡོན་ཏན་ཏེ།། འདི་ལྟར་སྔགས་གང་གི་ཡོན་ཏན་ནི། གང ་ཞིག་བཟླས་པ་ཙམ་གྱིས་མི་མོ་རྣམས་དབང་དུ་འགྱུར་པ་དང་། གདུག་པ་ཚར་བཅད་པ་དང་། ཀླུ་རྣམས་དབང་དུ་བྱ་བ་དང་ལྷ་དང་ལྷ་མ་ཡིན་རྣམས་འདུལ་བྱར་འགྱུར་བ་དེ་བཤད་པར་བྱའོ་ཞེས་པའི་དོན་ཏོ།། སངས་རྒྱས་བྱང་ཆུབ་སེམས ་དཔའ་ལ།། བདག་གིས་གཞན་དུ་མ་བསྟན་ཏོ།། འདི་ཡིས་སྔགས་ཀྱི་གང་འབྱུང་ཞིང་།། རྡོ་རྗེ་སེམས་དཔའ་གང་མཛད་པ།། ལྷ་མོ་ཤིན་ཏུ་འཇིགས་པ་སྟེ། ངོ་མི་ཚོགས་པས་ཁྱོད་ལ་བཤད། ཅེས་བྱ་བ་ནི་སྔགས་གོང་གིས་ཡོན་ཏན ་བསྐལ་པ་བགྲང་བ་ལས་འདས་པོས་ཀྱང་། ཡོན་ཏན་བརྗོད་པར་མི་ནུས་པ་ཉན་ཐོས་དང་རང་རྒྱལ་བ་རྣམས་དང་། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་ཡང་གསང་པོ་ཁྱོད་ཀྱི་ངོར་བཤད་ཅེས་བྱ་བའི་དོན་ཏོ།། འབར་བའི་ཕྲེང་བས ་འཁྲུགས་པ་ཡི།། དཀྱིལ་འཁོར་རབ་ཏུ་བཞེངས་ནས་སུ།། རྡོ་རྗེ་སྙིང་པོ་དབང་སྦྱིན་ཕྱིར།། ཐིག་ལེ་མཆོག་ལ་དགུག་པར་བྱ། ཞེས་བྱ་བ་ནི། ཀྱོའི་རྡོ་རྗེའི་དཀྱིལ་འཁོར་འཇིགས་པ་རྣམས་ཀྱང་། ཆེར་འཇིགས་པར་བྱེད་པ་བཞེངས་ཏེ། རྡོ་རྗེ ་བླ་མཾ་ལས་དཀྱིལ་འཁོར་གྱི་དེ་ཉིད་ཤེས་པར་བྱ་སྟེ། ཡི་གེའི་གྲངས་ཀྱིས་འབུམ་བཟློས་ནས། སྦྱིན་སྲེག་བཅུ་ཆས་སྦྱིན་སྲོག་བྱ་སྟེ། སྔོན་དུ་བསྙེན་ཏེ་བཟླས་པ་ཁྲི་ཡིས་ལས་ལ་སྦྱར་ན། ལྷ་མོ་ཐིག་ལེ་མཆོག་མ་ལྟ་བུའང་འགུགས ་པར་བྱེད་ན། མ་མ་ཕྲན་ཆགས་ལྟ་བུ་ལྟ་སྨྲས་ཀྱང་ཅི་དགས་ཞེས་པའི་དོན་ཏེ་སྔགས་ཀྱི་ཡོན་ཏནན།། གཞན་དུ་ནི་བདེ་བ་ཆེན་པོའི་འ་ཁོར་ལོ་ནས། ཐིག་ལབ་མཆོག་སྲོག་གི་རླུ་གང་བསད་པས་འགུགས་པ་ནི་ངས་པའི་དོན་ཏོ།། དེ་ཉིད་རྡོ་རྗེ་སྟོང་ཅིག ་དབང་ཡང་ཡིན་ནོ།། སྒྲ་རིང་བ་དང་བཟང་བ་ཡིས།། ཀྱེ་ཡི་རྡོ་རྗེ་སྦྱར་ལྡན་པས།། བཙུན་མོ་ཐམས་ཅད་འགུགས་པར་བྱ།། དོགས་པ་མེད་པའི་སེམས་ཀྱིས་ནི།། བཟླས་པ་འབུམ་གྱི་རྣལ་འབྱོར་བདག། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་གྱིས།། འདི་ཡི་ལས ་རྣམས་ཐམས་ཅད་བྱེད།། ཅེས་བྱ་བ་ངེས་པའི་དོན་དུ་སྟོང་པ་ཉིད་དང་། སྙིང་རྗེའི་བདག་ཉིད་ཀྱི་རང་བཞིན་འབྱོར་པ་ལས་སྲོག་གི་རླུང་འབུམ་ཕྲག་གཅིག་བཀག་ནི། ལས་ཐམས་ཅད་བྱེད་པར་འགྱུར་བ་ནི་ངེས་པའོ།། དེ་ལ་རིག་བྱེད་རྣམས་ཀྱི ་དང་པོ་སྦྱིན།། ཟླ་ཕྱེད་ཐིག་ལེས་རྣམ་པར་བརྒྱན།། ཞེས་བྱ་བ་ལ་རིག་བྱེད་ཀྱི་དང་པོ་ནི་ཨོ་ལ། ཟླ་ཕྱེད་ནི་ཟླ་བ་ཚེས་པ་ལྟ་བུ་སྟེ། ཨོཾའི་ཀླང་པ་ལ་བརྒྱན་པར་བྱའོ།། དེའི་སྟེང་དུ་སྐུར་ཞིང་ཐིག་ལེས་བརྒྱན་ཞེས་པའི་དོན་ཏོ།། ཨོཾ་ཨཥྚ ་ན་ནཱ་ཡ། བི་གོནྡྲེ་ཀཽ་ཤ་བརྡྷ་མིན།། ཙ་ཏུ་རི་བིཾ་ཤ་ཏི་ནེ་ཏྟཱ་ཡ། ཤ་ཌ་ཤ་བྷཱུ་ཛཱ་ཡ། ཀྲིཥྞཱ་ཛཱི་མཱ་ཏ་ཝ་པུ་ཋི། ཀ་པཱ་ལ་མཱ་ལཱ་ནཱཾ་ཀཱ་དྷི་རི་ཎེ། ཨདྦྷ་ཏཀྲཱུ་རི་ཙིཏྟ་ཡ། ཨནྨནྣ་དཥྞཱི་ཎཾ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གཿ ་ཡ། ཏརྫ་ཡ་ཏིརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་གེ་རཱན། བནྡྷ་བནྡྷ། ནཱ་གཱཤྩ་ཀཱ་ན། གྲྀཧྞ་གྲྀཧྞ། སརྦ་ཤཏྤ་ན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཾ་ཧོ་ཧཽ་ཧཾ་\ུ྅ཧོཿཕཊ་སྭཱ་ཧཱ། ཞེས་བྱ་དེ་རྣམས་ནི་རྩ་བའི་སྔགས་ཆེན་པོ་ཡོན་ཏན་ཐམས་ཅད་འབྱུང་བའི ་སྔགས་ཀྱི་རྐང་པ་རྣམསོ།། དེ་ནས་ལྷ་མོ་དེ་དགྱེས་ནས། བསྲུབ་དང་བསྲུབ་པའི་སྦྱོར་བ་ལས་ཞེས་པ་ནས། ཉིད་ཀྱི་དཀྱིལ་འཁོར་བྲི་བར་མཛད།། ཅེས་པ་ཡན་ཆད་ཀྱིས་ནི། བདག་མེད་མས་བཅོམ་ལྡན་འདས་ལ་དཀྱིལ ་འཁོར་ཞུས་པ་དང་། བཅོམ་ལྡན་འདས་ཉིད་ཀྱིས་དཀྱིལ་འཁོར་གསུངས་པའོ་ཞེས་པའི་དོན་ཏོ།། འཕར་མ་གཅིག་དང་སྒོ་བཞི་པ་ཞེས་པ་ནས། རེ་ཁཱ་ལྔ་དང་ཡང་དག་ལྡན། ཞེས་པ་ཡན་ཆོད་ཀྱིས་ནི། རྡུལ་ཆེན་གྱི་དཀྱིལ་འཁོར་གྱི ་མཚན་ཉིད་བསྟན་པར་ཤེས་པར་བྱའོ།། དེ་བཞིན་དུ་དེ་ནས་བུམ་པ་བརྒྱད་པོ་བྲི་ཞེས་པ་ནི་སྒོ་དང་མཚམ་སུ་བྲི་བའོ།། རིན་ཆེན་ལྔ་ཡི་ཕྱེ་མ་འམ། ཡང་ན་འབྲས་སོགས་ཕྱེ་མ་ཡིས།། མིན་ན་དུར་ཁྲོད་སོ་ཕག་གམ། དེ་བཞིན་དུར་ཁྲོད ་སོལ་བ་ཡིས་ཞེས་པ་ལ་སོགས་པ་ནི། གང་རྡུལ་ཆེན་གྱི་དཀྱིལ་འཁོར་བྲི་བར་འདོད་པ་དེས། རྙེད་ན་གོསེར་དང་དངུལ་ལ་སོགས་པོའི་ཕྱེ་མས་བྲིས་པའམ། དེ་མ་འབྱོར་ན་འབྲས་ཀྱི་ཕྱེ་མ་ཡུང་བ་ལ་སོགས་ཕས་ཁ་དོག་བསྒྱུར་བས ་ཀྱང་བྲིས་ལ། མིན་ན་དུར་ཁྲོད་ཀྱི་སོ་ཕག་གིསེ་རྡུལ་མཚོན་དམར་པོ་དང་། དེ་ཉིད་ཀྱི་སོལ་བས་ནག་པོ་དང་། མི་རུས་ཀྱིས་དཀར་པོ་བྱས་ལ་བྲི་བ་ནི་ངེས་པའོ།། དེ་དབུས་པདྨ་འདབ་མོ་ནི།། བརྒྱད་པ་ཟེ་འབྲུ་བཅས་པ་བྲི། དབུས་སུ ་སྐྱེས་བུའི་ཐོད་པ་ཉིད།། མདོག་དཀར་ཆ་ནི་གསུམ་པ་བྲི།། ཞེས་བྱ་བ་ལ། པདྨ་འདབ་མ་བརྒྱད་ལ་ཟེ་འབྲུ་དང་གེ་སར་དུ་བཅས་པའི་དབུས་སུ་སྐྱེས་བུའི་ཐོད་པ་དུམ་བུ་གསུམ་པ་བྲི་བའི་དོན་ཡིན་ལ། དེ་བཞིན་དུ་དབང་ལྡན་དུ་ནི་ཤ་ར ་བྷཞེས་པ་ནིས། སཱ་ལུ་སྐྱེས་པས་ཡོངས་བཀང་བཞག། ཅེས་པ་ལ་སོགས་པ་གཡས་ཀྱི་མཚན་མ་བརྒྱད་པོ་བྲི་བར་བྱ་སྟེ། སྔོན་དུ་བརྗོད་པས་ཁོང་དུ་ཆུད་པར་བྱའོ།། དེ་དག་ཀྱང་རང་བཞིན་ཡོན་ཏན་གྱི་དབང་གིས་སོ་སོའི་མཚན་མ ་རྣམས་ལྷ་མོའི་ཁ་དོག་དང་མཚུངས་བྱར་བྲི་བར་བྱའོ།། གཞན་ཡང་དཀྱིལ་འཁོར་གྱི་ཚྭག་རྒྱས་པ་རྣམས་སྱཱང་གཱ་ཧེ། ཟློས་པའི་རྒྱུད་ཆེན་པོ་ལས་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟར་ནི་གནད་ཀྵི་གནས་ཙམ་ཞིག་བསྟན་པར་བྱས། ས ་པའི་དོན་ཏེ། འདི་ལྟར། འདིར་མེང་སྨོས་པས་ཅི་ཞིག་བྱ།། ཇི་ལྟར་དེ་ཉིད་བསྡུས་པ་ཡིས།། དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། ཞེ་ས་བྱ་བས་བསྟན་པ་ཡིན་ནོ།། དེ་བཞིན་དུ་བདེ་བ་ཆེན་པོའི་རིག་མའི་ལོའི་ཚད་གསུངས་པོ་འདི་ལྟ་སྟེ། ་བཅུ་གཉིས་བརྒྱད་གཉིས་ལོན་པ་ཡིས།། རིག་མ་བདེ་ཆེན་བརྒྱད་པོ་ཉིད།། དེ་ཤལ་རྐང་གདུབ་ཀྱིས་བརྒྱན་ནས།། དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག། ཅེས་བྱ་བ་ནི། བཅུ་གཉིས་ལོ་ནི་རྣམ་དག་པས།། རྡོ་རྗེ་ཉི་མ་སྣང་བ་ཆེ།། བཅུ་དྲུག ་ལོ་ནི་རྣམ་དག་པོས།། ཟླ་བ་བཅུ་དྲུག་པ་ཡི་ཆ།། རྡོ་རྗེ་ཟླ་བ་དྲི་མེད་འོད།། ཆགས་བྲལ་དང་པོ་ཆགས་པ་ཆེ།། བཅུ་དྲུག་ཕྱེད་ཕྱེད་རིགས་པ་འདིས།། རིག་མ་བརྒྱད་དུ་རྣམ་པར་བཤད།། བདེ་བའི་ཐིག་ལེས་རབ་བརྒྱན་པས།། དོ་ཤལ་རྐ ་གདུབ་རྣམསུ་གྲགས།། མ་དང་སྲིང་མོ་ཉིད་དང་ཡང་ཞེས་བྱ་བ་ནས། དེ་བཞིན་ཕ་ཡི་སྲིང་མོ་ཉིད།། རིག་མ་བརྒྱད་དུ་རྣམ་པར་གྲགས། ཞེས་པ་ལ་ཐུག་པོ་རྣམས་ནི། རྣལ་འབྱོར་ལ་རྣམ་པ་བརྒྱད་ཕྱི་དང་ནང་དུ་ཕྱེ་ནས་བསྟན་པ་སྟེ། ་ཕྱིའི་སྐྱེ་བོ་རྣམས་ཀྱི་བདག་ཏུ་འཛིན་པའི་རྟོག་པ་སྤང་བའི་ཕྱིར། རྒྱུད་དུ་ཇི་ལྟར་གསུངས་པ་རྣམས་དངོས་སུ་ཉམ་སུ་བླང་ཞེས་བསྟན་ལ། ངེས་པའི་དོན་དུ་ན་སྙིང་ཀའི་ཐིག་ལེ་རིག་མ་བརྒྱད་ཀྱི་རང་བཞིན་ཁ་གྱེན་དུ་བལྟས ་པའི་ཐིག་ལེ་བརྒྱད་ནི་ངེས་པའོ།། དམ་དུ་འཁྱུད་དང་འོ་བྱས་པས།། འདིར་རྣམས་རྣལ་འབྱོར་པི་ཡིས་མཆོད།། དེ་ནས་གེ་པུར་བཏུང་བ་ཉིད།། དེས་ནི་དཀྱིལ་འཁོར་བསང་གཏོར་བྱ།། དེ་ནས་རྣལ་འབྱོར་པ་ཡིས་བཏུད།། དངོས་གྲུབ་མྱུར་དུ་ཐོབ་པར ་འགྱུར། ཞེས་བྱ་བ་ལ་རིག་མ་རྣམས་དཀྱིལ་འཁོར་དུ་བཅུག་སྟེ། འཇིག་རྟེན་དང་འཇོག་རྟེན་ལས་འདས་པའི་བྱེ་བྲག་གིས་ཕྱེ་ནས་བྱང་ཆུབ་ཀྱི་སེམས་བཏུང་བས་རྣལ་འབྱོར་པ་བདག་ཅག་ཚིམ་པར་བྱ་བ་དང་། དེས་དཀྱིལ་འཁོར་བསང ་གཏོར་བྱས་པསོསཽ། ཐུན་མོང་གི་དངོས་གྲུབ་ཐོབ་པ་ནི་དྲང་བའི་དོན་ཡིན་ལ། ངེས་པའི་དོན་དུ་ན། སྲོག་གི་རླུང་བརྒྱད་པས་གཡས་ཀྱི་ལམ་ནས་བགྲོད་དེ། ཡེ་ཤེས་ཀྱི་བདུད་རྩི་བཀུག་པས་ལུས་ཀྱི་དཀྱིལ་འཁོར་བསང་གཏོར་བྱས་པ་ནི། ངེས ་པ་ཁོ་ནརོ་དངོས་གྲུབ་ཐོབ་པར་འགྱུར་བ་ནི་དེ་བཞིན་གཤེགས་པའི་གདུམས་དག་གོ།། དེ་ལ་ཡང་། ཆང་ནི་བཏུང་བྱར་སྦྱིན་པ་དང་། ཤ་དང་སཱ་ལུ་སྐྱེས་པ་བཟའ་ཞེས་བྱ་བ་ནི་སློབ་དཔོན་གྱི་སྔོན་དུ་ལས་སུ་བྱ་བ་ནི་ཆོ་ག་ཡིན་ནོ།། དེ་བཞིན་དུ་དེ་ཡང ་གོས་དང་བྲལ་བྱས་ནས་ཞེས་བྱ་བ་ལ་སོགས་པ་དང་། དེ་ལ་རྩེད་མེ་རྩེ་བར་བྱ། ཞེས་བྱ་བ་ལ་ཐུག་པས་ནི། འདོད་ཆགས་ཀྱི་དབང་དུ་གྱུར་པའི་བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར། མུ་ལེའི་བསྟན་བཅོས་ལས་བརྗོད་པ་ལྟར།། ་ན་ག་དང་དནྟ་དང་དཀར་འཛིན་ལ་སོགས་པ་ལ་རྩེ་བ་ལྟ་བུ་འཁྲིག་ཐབས་ཀྱིས་རོ་དཔག་ཏུ་མེད་པའི་སྦྱོར་བ་ཉམསུ་མྱོང་བར་བྱ། ཞེས་པའི་དོན་ཏོ།། དེ་ནས་ཐུན་ཚོད་གཉིས་པ་ལ།། གོས་ཀྱིས་མིག་ནི་བཀབ་ནས་སུ།། དེར་ནི་སློབ་མ་གཞུག་པ་ཉིད།། ་ཅེས་བྱ་བ་ཐུན་ཆེད་དྲུག་ལུས་པའི་རྗེས་སུ། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་མི་བཟད་པ་ཆོས་ཀྱི་འབྱུང་གནས་ཀྱི་རང་བཞིན་བདེ་བ་ཐམས་ཅད་བསྐྱེད་པ་མཚོན་པར་བྱེད་པའི་དཀྱིལ་འཁོར་དུ་བཅུག་ལ། རང་གི་ལྷག་པའི་ལྷ་ཡང་བསྟན་པར་བྱ ་ཞེས་པོའི་དོན་ཏོ།། གཽ་རིམས་ནི་འདི་ལྟ་སྟེ། མཚན་མོ་སྐྱེ་བོ་མེད་ཁྱིམ་དུ།། སློབ་དཔོན་ལ་སོགས་རབ་ཕྱེ་བས།། དབང་ནི་ཇི་ལྟར་གསུངས་པོ་ཉིད།། བདེ་ལ་མངོན་པར་དབང་བསྐུར་བྱ།། ཞེས་བྱ་བ་ལ། རྡོ་རྗེ་སློབ་དཔོན་བློ་དང་ལྡན་པས ་དབང་ལ་འཚལ་བའི་སྐྱོན་སྤངས་ལྔ། དབང་བཞི་གྲོ་རོམས་བཞིན་བསྐུར་བར་བྱ་སྟེ། འདི་ལྟར་སློབ་དཔོན་ལ་སོགས་རབ་ཕྱེ་བས་ཞེས་སྨོས་པའི་ཤུགས་ཀྱིས་བནི་རུ་ངེས་ཏེ།། རྒྱུད་འདི་ཉིད་ལས་ཀྱང་དེ་ལྟར་ཐམས་ཅད་བཞི་བཞིའོ་ཞེས ་གསུངས་པའི་ཕྱིར་ད་། འདི་ཉིད་ཀྱིས་བཤད་པའི་རྒྱུད་མཁའ་འགྲོ་མི་རྡོ་རྗེ་གུར་ལེས་ཀྱང་ཛཾ་སྐད་དུ། དྲང་པོ་རུ་ནི་བུམ་པའི་དབང་།། གཉིས་པ་གསེང་བ་ཞེས་བརྗོད།། གསུམ་བི་ཤེས་རབ་ཡེ་ཤེས་ཏེ།། བཞི་པ་སླར་ཡང་དེ་བཞིན་ནོ། ་ཞེས་གསུངས་པོའི་ཕྱིར། སློབ་དཔོན་གྱི་དབང་ནི་དྲང་བའི་དོན་དུ་བུམ་པ་ཡིན་ལ། ངེས་པའི་དོན་དུ་ནི་བཞི་པ་ལ་སོགས་པ་ཡོངས་སུ་རྫོགས་པ་ཁོ་ན་སློབ་དཔོན་ཞེས་བརྗོད་ཀྱི། བུམ་པ་ཙམ་ནི་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སློབ་དཔོན ་མྱ་ངེས་པའི་ཚིག་དང་མི་ལྡན་པའི་ཕྱིར་རོ།། དེ་བས་ན། གཉིས་དང་གཉིས་ཀྱིས་ཕྱེ་བ་ཡི།། བུམ་སོགས་དང་པོ་བཞི་མཐའ་ཅན།། འཇིག་རྟེན་འཇིག་རྟེན་འདས་དབྱེ་བས།། དབང་བསྐུར་རྟོགས་པར་ཤེས་པར་བྱ ་ཞེས་བྱ་བའི་ཐ་ཚིག་སྟེ། རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་དང་། རྒྱུད་འབུམ་པའི་དབང་མངོན་པར་བརྗོད་པ་ཞེས་བྱ་བ་དང་། དང་པོའི་སངས་རྒྱས་ཞེས་བྱ་བ་རྩ་བའི་རྒྱུད་ཆེན་པོ་རྣམས་ལས་རྒྱས་པར་ཁོང་དུ་ཆུད་པར་བྱའི། འདིར་ནི་མདོར་བསྔོས ་ཏེ་བསྟོན་པ་ཙམ་མོ།། ཇི་ལྟར་མཆོད་དང་བསྟོད་བཤཱག་སློབ་མ་བཟང་པོས་སྔར་ཤེས་བྱ། ཞེས་བྱ་བས་སློབ་མོ་བློ་དང་ལྡན་པས་སྔོན་དུ་བླ་མ་མཆོག་ལ་རྒྱུད་ནས་ཇི་ལྟར་གསུངས་པའི་བསྟོད་པ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། ཅེས་པ་ལི ་སོགས་པས་བསྟོད་པ་བྱ་ཞེས་པའི་དོན་ཏོ།། དེ་ཉིད་དེ་ལ་བསྟན་པ་ནི།། དགའ་བྲལ་དང་པོ་མིཆོག་མཐོའ་ཅན།། ཐམས་ཅད་རྒྱུད་དུ་སྦས་པ་སྟེ།། མཐའ་ཡི་མཐའ་ཡིས་ཕྱེ་བ་ཉིད།། ཅེས་བྱ་བ་ལ་གནས་སྔ་མ་སྔ་མའི་དབང་གིས་བྱིས་པ་རྣམས ་ཀྱིས་རེ་ཞིག་རྟོགས་པར་བྱ་བའི་ཕྱིར། མར་ངོའི་ཐོག་མ་ཡར་ངོའི་ཐ་མ་ཅན་གང་ཞིག་རྒྱུད་ཐམས་ཅད་སྦས་པ། དེ་སློབ་མིའི་སྐྱེ་ངོ་མཆོག་ལ་བསྟན་པར་བྱ་ཞེས་པའི་དོན་ཏོ།། དེ་ནི་ཇི་སྐད་དུ་སྒྱུ་འཕྲུལ་དྲི་བ་ལས་ཀྱང་། ཆགས་བློ་ལ་དང་པོ ་ཆགས་པ་ཆེ་ཞེས་པ་དང་། དེ་བཞིན་དུ་དང་པོའི་མཆོག་གི་སངས་རྒྱས་ཞེས་བྱ་བའི་རྒྱུད་ལས་ཀྱང་ཇི་སྐད་དུ། ཕྱོགས་གཉིས་པོ་ཡི་བག་ཆགས་ཀྱིས།། ཡོངས་སུ་གང་བས་མ་འདྲེས་པ་ཞེ་ས་གསུངས་པའི་ཕྱིར། དེ་ཁོ་ན་ཉིད་དེ་རྒྱུད ་ཐམས་ཅད་དང་མི་འགལ་བར་བསྟན་པར་བྱ་ཞེས་པའི་ཐ་ཚིག་གོ། རྡོ་རྗེ་མཆོད་པར་རབ་སྦྱར་ནས།། དེ་ལ་ལྷ་མོ་ངེས་ཞུས་པ།། ལྷ་དེའི་སྐད་ཅིག་ཇི་ལྟར་ལགས།། གཅབོ་ཆེན་པོ་བཤ་དུ་གསལ་ཞེས་བྱ་བ་ན། བདག་མེད་མས་བཅོམ་ལྡན་འདས་ལ ་ལྷ་བདེ་བའི་སྐད་ཅིག་གང་གིས་གནས་པར་བགྱི་ཞིང་ཇི་ལྟར་རྟོགས་པར་བགྱི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། དེར་ནི་ཐོག་མ་དབུས་མཐའ་མེད།། སྲིད་མིན་མྱོ་ངན་འདས་མིན་པ།། འདི་ནི་མཆོག་ཏུ་བདེ་ཆེན ་ཉིད།། བདག་མིན་གཞན་ཡང་མིན་པ་ཉིད།། ཅེས་བྱ་བ་གསུངས་ཏེ། ལྷ་མོ་དེའི་སྐད་ཅིག་ནི་སྲིད་པ་སྟེ། སུམ་ཅུ་རྩ་གཉིས་ཀྱི་གནས་ནས་འཕོས་པ་དང་། མྱ་ངན་འདས་མིན་ཏེ་གང་གི་སྒོ་ནས་མ་འདས་པ་ཉིད།། ཐོག་མ་ཐ་མ་དབུས ་མིན་ཞེས་པ་ཡང་ཡིན་ལ། བདག་མིན་གཞན་ཡང་མིན་པ་ཉིད།། ཅེས་པ་ཡང་ཡིན་ལ། མཚན་ཉིད་དང་བྲེལ་བའི་སྐད་ཅིག་ཀྱང་ཡིན་ཞེས་པའི་དོན་ཏོ།། དེ་ནི་ཇི་སྐད་དུ། སངས་རྒྱས་ཐམས་ཅད་མཉམ་པར་འདུས་པའི་རྒྱུད་ལས་ཀྱང་།། ་ཐོག་མ་ཐ་མ་མེད་ཞི་བ།། གཙོ་བོ་དངོས་དང་དངོས་མིན་མངའ།། སྟོང་པ་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན་ཞེས་གསུངས་སོ།། དེ་ལྟ་བས་ན་རྡོ་རྗེའི་ཚིག་འདིའི་དོན་ནི། འདི་ལྟར་རྟོགས་ཤིང་ཁོང་དུ་ཆུད་པར་བྱའོ།། ་ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལས།། རང་ལག་གཡས་དང་གཡོན་བི་ཡ།། མཐེ་བོང་དང་ནི་སྲིན་ལེ་ག་གིས།། ད་ནི་རྣལ་འབྱོར་པ་ཡིས་བཙིར།། ཞེས་བྱ་བ་ལ་རྡོ་རྗེ་སློབ་དཔོན་མཁས་པ་གང་གིས་རང་གི་རྒྱལ་མཚན་གྱི་ངེས་གཉིས ་ན་གནས་པའི་ཆུ་བོ་འབབ་པའི་རྒྱུན་གྱིས་སློབ་མ་ལ་གསང་བས་གསང་བར་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཏིང་ངེ་འཛིན་གང་གི་རྩལ་གྱིས་བཙིར་བར་གྱུར་པ་དེས་ན་གཡས་ནས་འགྲོ་ཞིང་།། གཡོན་ནས་འོང་བ ་ཞེས་བྱ་བའི་དོན་དང་། དེ་བཞིན་དུ་རྣམ་པར་རྟོག་པས་ཀུན་ནས་བཅིངས་པའི་སྐྱེ་བོ་འགའ་ལ་དངོས་སུ་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་གནས་ཀྱི་གཡས་གཡོན་སློབ་ད་པོན་གྱི་ལག་པ་གཡས་གཡོན་གྱིས་བཙིར་བར་གྱུར་ན། ་དེ་ལས་ཡེ་ཤེས་སྐྱེ་འགྱུར་ཏེ།། དེ་ལ་ཅི་ཞིག་སྐྱེ་ཞེ་ན།། གཞོན་ནུའི་དགའ་བ་ཇི་ལྟ་བ་འམ། ལྐུགས་པའི་རྨི། ལམ་ལྟ་བུའོ་ཞེས་བྱ་བ་ལ། དེ་ལྟ་བུའི་གནས་སྐབས་གསུམ་གྱི་ཁྱད་པར་གྱིས། ཁྱད་པར་དུ་བྱས་པ་ན་བརྗོད་པའི་ཡུལ ་ལས་ཐ་དད་པ་དཔེ་རཱ་ན་དགེ་སློང་གང་གིས་བསམ་གཏན་བཞི་པའི་རྩེ་མོའི་ཏིང་འཛིན་ཐོབ་པའི་བདེ་བ་ལས་ཀྱང་ཁྱད་པར་དུ་འཕགས་པ་འབྱུང་ཞེས་པའི་ཐ་ཚིག་གོ། དོན་འདི་ནི་མཆོག་གི་དང་པོ་ཞེས་བྱ་བའི་རྩ་བའི་རྒྱུད་ལས་ཀྱང ་ཇི་སྐད་དུ། ལང་ཚེའི་ཡིས་ནི་བདེ་ཐོབ་པ།། བདེན་ཆེན་རང་གི་རེག་པ་སྟེ།། དེ་བཞིན་ཏིང་འཛིན་བྲལ་བ་ཡིས།། བདེ་བ་སྨྲ་བར་མི་ནུས་སོ་ཞེས་གསུངས་པས། དོན་ནི་རྒྱས་པར་ཁོང་དུ་ཆུད་པར་བྱའོ།། མིཆོག་ནི་མཐའ་དང་དགའ ་བྲལ་དབུས་ཞེས་བྱ་བ་ནི་གོང་དུ་རྒྱས་པར་བསྟན་ལ། སྟོང་དང་སྟོང་མིན་ཧེ་རུ་ཀ་ཞེས་བྱ་བ་ནི། རྟོགས་པར་འགྱུར་ཞེས་ཐ་ཚིག་རྣམ་པར་སྦྱར་བར་བྱས་ལ། སྟོང་པ་ནི་གང་གི་སྒོ་ནས་བརྒལ་བ་དང་། སྟོང་མིན་ནི་སྲིད་པ་སྟེ་སུམ་ཅུ ་ཅུ་གཉིས་ཀྱི་དཀྱིལ་འཁོར་ལ་མི་གནས་པ་ཞེས་བྱ་བའི་དོན་ཏོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤང་བ་ལས། ཀྱེའི་རྡོ་རྗེ་མངོན་པར་འབྱུང་བའི་ལེའུ་ཡི་རྒྱ་ཆེར་བཤད་པ་སྟེ་ལྔ་པཱའོ།། ། སེམས་ཅན་རྣམས་ནི་གདུལ་བཱཪྵ ་ཕྱིར།། རྨང་འབྱུང་ངོ་མཚར་གཟུགས་ཅན་ལ།། ཕྱག་འཚལ་ལས་ནི་བུ་དོན་གྱི།། རིམ་པོ་རྡོ་རྗེ་སྙིང་པོས་བྲི།། ད་ནི་བྱིས་པའི་སྐྱེ་བོ་རྣམས་གཞུག་པར་བྱ་བའི་ཕྱིར། ཇི་བཞིན་པའི་དཀྱིལ་འཁོར་ལས་རས་ལ་སོགས་པ་ལ་བཅོས་པའི་དཀྱིལ ་འཁོར་བསྟན་པར་བྱ་བའི་ཕྱིར།། སྔོན་དུ་ལྷ་མོ་ལྔ་ནི་དམ་འཁྱུད་ཅིང་།། མཉམ་སྦྱར་བདེ་བ་མྱང་མཛད་ནས། ཞེས་བྱ་བ་ལ་སོ་གས་པ་སྨོས་ཏེ། གར་ཐོབས་ཀྱི་བསྟན་བཅོས་དཔག་ཏུ་མེད་པ་ཚུར་ཕྱུང་བར་མཛད་ནས་ཆོ་ག་གསུངས་ཞེས ་བྱཱ་བར་སྦྱ་རཾ་བར་བྱའོ།། དེ་ལ་རེ་ཞིག་སྤྱོད་པའི་ལེའུ་ལུས་གསུངས་པའི་ཕྱག་རྒྱ་ལྔའི་དོན་སྤྱོད་པའི་རྣལ་འབྱོར་ལོ་གནས་པ་རྣམས་ཀྱིས། ཕྱི་དང་ནང་དུ་ཕྱེ་ལ་བཅིང་བར་བྱའོ་ཞེས་སྐབས་དེ་ཉིད་དུ་ལེགས་པར་བསྟན་ལ། བུ་ལོན ་བོའི་སྐབས་འདིརརོ་ནི་རིང་གི་དམ་ཚིག་རྣམ་པ་ལྔ་ལས་སློབ་དཔོན་མ་སྨད་ཅིང་། ཀུན་ནས་ཀུན་ཏུ་བསྟེན་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དང་པོར་ཕྱག་རྒྱ་ལྔ་ནི་རབ་ཕྱེ་བོས།། བླ་མ་སློབ་དཔོན་འདོད་ལཱུ་ལ། ཕྱག་འཚལ་དོན་དུ་འཁོར ་ལོ་གཟུང་ཞེས་པ་ནས། ཕྱག་རྒྱ་བསྟེན་ཕྱིར་སྐ་རགས་ཉིད།། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་དོང་ནང་དུ་ཕྱེ་བ་ལས་ཕྱི་ནི་སྒོ་ཇི་བཞིན་པ་རྒྱུད་ནས་གསུངས་པ་ཁོ་ན་ཡིན་ལ། ངེས་པའི་དོན་ནི་རྩ་བའི་རྒྱུད་ལས་ཇི་སྐད་གསུངས ་ཏེ། བླ་མ་སློབ་དཔོན་འདོད་ལྷ་ཞེས་པ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ན་ཡོན་ཏན་ལྕི་བའི་འབྱུང་གནས་རབ་ཏུ་གནས་པ་རྟོགས་པར་བྱ་བ་ལ་བཏུད་པའི་དོན་དུ་འཁོར་ལོས་མཚན་ཏོ།། དེ་ཉིད་ལ་སྐྱེ་བོ་མ་རུངས ་པ་དག་སྤྱོད་པ་སླར་གཞུག་པར་བྱ་བའི་ཕྱིར་རྣ་ཆ་ཡིས་མཚན་ཏོ།། སྲོག་གི་རླུང་མི་ཤིགས་པར་གནས་པ་ལ་འཕྲད་པའི་ཕྱིར་མགུལ་རྒྱུན་གྱིས་མཚན་ཏོ།། བྱང་ཆུབ་སེམས་ཀྱི་སྲོག་མི་བཅད་པའི་ཕྱིར་ལག་གདུད་ཀྱིས་མཚན་ཏེ།། ་བདེ་བའི་གཞི་དྲུག་ཅུ་རྩ་བཞིའི་དཀྱིལ་འཁོར་ལས་མི་འདའ་བའི་ཕྱིར་སྐ་རགས་ཀྱིས་མཚན་ཏོ།། ཞེས་སོ་དེ་བས་ན། སངས་རྒྱས་ལྔ་ཡི་ཕྱག་རྒྱས་ན།། རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ།། ཅེས་གསུངས་ཏེ། དོན་དུ་ན་ལུས་ཅན ་ཐམས་ཅད་ཀྱི་སྲོག་གི་རླུང་གནས་ལྷ་རཱ་བྱུག་ལ་ཞ་བ་གང་ཡིན་པ་དེ་རྟོག་ཏུ་ལུས་ལ་ཕྱག་རྒྱས་གང་བ་ཅེསུ་རྟོགས་པར་བྱའོ།། དེ་ན་ས་རབ་ཏུ་མཛོད་ནས་ཞེས་པ་ནས། ཀྱོ་ཡ་རྡོ་ཛྷའི་བྲིས་སྒྲ་ཉིད།། བགྱི་ལུགས་བདེ་བ་ཆེན་པོས་གསུངས ་ཞེས་པ་ལ་སོགས་པས་ནི། བུ་དོ་ནི་ཇི་ལྟར་བྲི་བའི་ལུགས་བདག་མེད་མས་ཞུས་ཞོས་སྦྱར་རོ།། ལན་གསུངས་པ་ནི་འདིར་ནི་འབྲི་མཁན་དམ་ཚིག་ཅན། སྒྲུབ་པ་པོ་ཡང་དམ་ཚིག་ཅན་གྱིས་ནི།། བྲིས་སྒྲ་ཡང་ནི་འཛགས་པ་བྲི་བ་ཉིད། ་ཅེས་པ་ལ་སོགས་པས་བསྟན་ཏོ།། འདི་ལྟར་སྒྲུབ་པ་པོ་དང་འབྲི་མཁན་ལ་སོགས་པ་དང་། རི་མའི་དོན་ལ་འཇུག་པ་གང་དང་གང་ཡིན་པ་དེ་དང་དེ་ཐམས་ཅད་སྟོང་པ་ཉིད་སྙིང་རྗེ་མི་ཕྱེད་པའི་ལམ་ལ་ཕལ་ཚར་གནས་པ་གསང ་སྔགས་ཀྱི་ཚུལ་ལ་མཆོག་ཏུ་དད་པ་རྣམས་ཀྱིས་བྱ་ཞེས་སྦྱར་རོ།། ཡན་ལག་གི་དོན་བསྟན་པ། སྐྱེས་པའི་ཐོང་གནས་ཁ་དོག་ལྔས།། རོ་ཡི་སྒྲ་ཡི་བོར་ཉིད་ཀྱིས།། བྲིས་སྐུ་བླ་མ་བྲི་བ་ཉིད།། ཅེས་པ་སྟེ། ཚོན་སྣ་ལྷ་སྐྱེས་བུའི་ཐོད་པའི་སྣོད་དུ་སྦྱར། ་ལ་མི་ཤི་བའི་སྐས་པར་བྱ་སྟེ་ཚོན་ལྔ་པོ་རང་བཞིན་ཡོན་ཏན་གྱི་དབང་ལས་སྐྱེས་བུ་དི་དང་དེའོ་ཐོད་པར་གཞག། ཅེས་པའི་དོན་ཏོ།། དེ་བཞིན་དུ། དམ་ཚིག་བྱིན་རླབས་རྣལ་འབྱོར་ལས།། ཟླ་བ་ཟླ་བའི་མིར་ངོ་ཡོ།། བཅུ་བཞི་པ་ལི་ཁྱིམ ་དབེན་པར།། ཕྱེད་ནས་མ་རུངས་སེམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཉེ་བར་དགོངས་པ་གང་དང་གང་སྒྲུབ་པ་པོའི་དང་དེ་ཕྱུག་གིས་བླ་མའི་མན་ངག་ལྟར་བྱིན་གྱིས་བརླབས་ལ་སྦྱར་བར་བྱ་ཞིང་། ཟླ་བ་ངོ་འོ་ངོ ་ཅོག་གི་ནག་པོའི་བཅུ་བཞི་ལ་གནས་དབེན་པར་ཚེགས་ཀྱི་ལོངས་སྤྱད་པར་བྱ་ཞིང་རི་མོ་མཁན་དང་སྒྲུབ་པ་པོ་བདག་ཉིད་ཀྱི་ལུ་ས་གཅེར་བུར་བྱུང་ཞིང་རུས་པས་བརྒྱན་ལ་འབགོས་པ་དང་མི་གཙང་བའི་དམོ་ཚིག་རྣམས་ཟ་བཞིན་དུ ་བྲི་བར་བྱ་སྟེ། དེ་བཞིན་དུ་གཞན་ཡང་། བཞིན་བཟངས་སྙིང་རྗེར་ལྡན་པོ་དང་།། གཟུགས་དང་ལང་ཆོས་སྐལ་བཟང་མ།། མེ་ཏོག་བཅས་ཤིང་སྒྲུབ་པོ་དགའ།། རང་གི་ཕྱག་རྒྱ་གཡོན་དུ་བཞག། ཅེས་བྱ་བ་ལ་སྒྲུབ་པ་པོ་འམ་རི་མོ་ཁན ་གྱིས་རང་དང་མཚུངས་པའི་བཙུན་མོ་བདག་མེད་མ་ལྟ་བུ་གཡོན་དུ་བཞག་ལ། མི་ཕྱེད་པའི་ལམ་ལ་གནས་བཞིན་པས་བུ་དོན་བྲི་བ་ནི་རྡོ་རྗེ་འཛིན་པའི་ངེས་པའོ།། ཀྱེའི་རྡོ་རྗེའི་ངོས་པོའི་དོན་གྱི་རྒྱ་ཆེར་བཤད་པ་ལས། བུ་དོན་བྲི་བའི་ལེརུ་ཡི ་རྒྱུ་ཚར་བཤད་པ་སྟེ་དྲུག་པའོ།། ། རགས་དང་ཕྲ་མོ་དངོས་སྟོན་པ།། ཀྱེ་མ་རྡོ་རྗེ་ལ་ཕྱག་འཚལ།། གླེགས་བམ་ཚོགས་དང་ལེགས་འདུལ་གྱི།། རྒྱུས་བཤད་རྡོ་རྗེ་སྙིང་པོས་བྲི།། ངན་ཀྱིའི་རྡོ་རྗེ་གླཿ ་བམ་བྲི་བའི་རིམ་པ་དང་། དབང་བསྐུར་བའི་ལེའུ་རུ་བསྟན་པའི་ཚོགས་ཀྱི་སྟོན་མོ་དང་། བྱིས་པ་རྣམས་ཀྱིས་རྟོགས་པར་བྱ་བའི་ཐོག་པའི་རིམ་པའི་ཚུལ་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་ལ་ལྷ་མོས་ཞུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་བུ་དོན་གྱིས་བསྟན་བཅོས་ཀྱི་རྗེས་སུ་ཚིམ་པར་མཛད་ནས། གླེགས་བམ་ང་ཡིས་བཤད་བྱི་ཡིས།། ལྷ་མོ་སྐལ་བ་ཚོན་མོ་ཉོན་ཞེས་གསུངས་པ་སྟེ། ཀྱཻ་ལྷ་མོ་ཆེན་མོ་སྦྲང་ཆེན་གྱི་སྣག་ཚ་དང་མི་རུས་ཀྱི་སྨྱུ་གུས་བྲོ་ཁ་ལ་འབྲི་མཁན་དམ ་ཚིག་ཅན་གྱིས་གླེགས་བམ་སོར་བཅུ་གཉིས་པར་བྲི་ཞེས་བྱ་བའི་དོན་ཏེ། འདི་ལྟར་ཉི་མ་དང་ཟླ་བ་རྣམ་པར་སྦྱངས་པའི་རོས་སྣག་ཚལ་བསྲེབ་པ་དང་། རྟེན་འབྲེལ་བཅུ་གཉིས་དག་པའི་གླེགས་བམ་སོར་བཅུ་གཉིས་སུ་བསྒྲུབས་པས་བྱིས ་པ་རྣམས་དགའ་དེའི་དངོས་གྲུབ་རང་བཞིན་ཡོན་ཏཱན་གྱི་དབང་གིས་སྟེར་བ་ནི་ངེས་པའོ།། གླེགས་བམ་དང་ནི་བྲིས་སྐུ་ཉིད།། གལ་ཏེ་སྐལ་མེད་ཀྱིས་མཐོང་ན།། སྐྱེ་བ་འདིར་ཡང་སྒྲུབ་མེད་ལ།། འཇིག་རྟེན་གཞན་དུའང་སྤྱོད་ཡུལ་མིན་ཞེས ་བྱ་ལ། དེ་ལྟར་བླ་མའི་ཞལ་གྱི་ལུང་དང་བདག་གི་བྱིན་གྱིས་བརླབས་ཀྱིས་ཁ་ན་མ་ཐོ་བ་མེད་པར་བསྒྲུབས་པའི་གླེགས་བམ་དང་རས་རིས་སྐལ་བ་མེད་པའི་བྱིས་པའི་སྐྱེ་བོ་ལ་ལན་ཅིག་ཙམ་བསྟན་ན་ཡང་གྲུབ་པ་རྣམ་པ་གཉིས་ཉམས་པར ་འགྱུར་ཏེ། དེ་བས་དེའི་ཕྱིར་འབད་པས་ཀུན་ཏུ་བསྲུང་བར་བྱ་ཞེས་པའི་དོན་ཏོ།། ཡང་དག་དང་དང་ལྡན་པ་ལ།། རེས་འགའ་ཙམ་ཞིག་བསྟན་པ་ཉིད་ཅེས་བྱ་བ་ནི། དད་ཅིང་མོས་པ་དང་ལྡན་པའི་སྐྱེས་བུ་ལ་སྐད་ཅིག་ཙམ་བསྟན་པར་བྱ་བ་སྟེ། མཆོད ་པ་དང་གུས་པ་ལ་སོགས་པ་སྔོན་དུ་འགྲོ་བས་བསྟན་པ་ལོ་སྐྱོན་གྱི་དྲི་མས་མི་གོས་ཤེས་པའི་དོན་ཏོ།། གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ།། སྐུ་དང་མཆན་ཁུང་གཉིསུ་སྒྲ་ཞེས་བྱ་བ་ནི། ལམ་དང་ཡུལ་གཞན་དུ་བགྲོད་པའི་དུས་སུ་གླེགས ་བམ་ནཱི་སྒྲའི་གསབ་དུ་སྨྲ་བར་བྱས་ལ། རི་མོ་གང་ཡིན་པ་དེ་ནི་འོད་མའི་དོང་བུ་འཛེས་པའི་ནང་དུ་བཅུག་སྟེ། མཚན་དུང་གཡོན་དར་བཅང་ཞེས་པའི་དོན་ཏོ།། ང་ནི་ཚོགས་ཀྱི་མཆོད་པའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། བྷ་གོ་རེ་ལིང ་ཀཱརཱབ་བཀོད་ནས། ཡང་དང་ཡང་དུའོ་མཛད་ནས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གླང་གི་མཐུ་ཡི་ས་ཡེམས་དང་སྐྲ་དཀར་དང་གཉེར་མ་ལ་སོགས་པ་འཛམས་པར་བྱེད་ཅིང་།། བྱིས་པའི་སྐྱེ་བོ་རྣམས་དགའ་བོར་བྱེད་ལ་ཤ་དང་ཁྲག ་གིས་གཟི་མདངས་སྐྱེད་པར་བྱེད་པ་དེ་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་དེའི་ཕྱིར་ཚོགས་ཀྱི་འཁོར་ལོ་བཟའ་བ་ནི།། ཉོན་ཅིག་ལྷ་མོ་མིག་ཡངས་མ།། གང་དུ་ཟོས་པས་འདོད་དོན་ཀུན།། སྒྲུབ་པ་ཅན་གྱི་དངོས་གྲུབ་འགྱུར་ཞེས་བྱ ་བ་གསུངས་ཏེ། རྡོ་རྗེའི་ཚིག་འདིའི་དོན་ཡང་ངེས་པོ་དང་དྲང་བའི་དོན་གཉིས་སུ་གོ་བར་བྱའོ།། དེ་ལ་རེ་ཞིག་ཕྱིའི་ཚོགས་ཀྱི་བཟའ་བའི་གནས་སུ་དུར་ཁྲོད་རི་ཡི་བྱ་སྐྱིབས་དང་། དེ་བཞིན་མི་མེད་གྲོང་ཁྱེར་དང་།། ཡང་ན་དབེན་པ་འམ་རྒྱ་མཚོའི ་མཐར་ཞེས་བྱ་བས་བསྟན་ཏེ། གནས་གང་ཕྱི་རོལ་ཏུ་མུ་སྟེགས་བྱེད་པ་ལ་སོགས་པ་དང་། བྱིས་པའི་སྐྱེ་བོ་མ་རུངས་པ་གང་དག་ཡང་ཡེ་མི་གནས་པ་དེར་བརྩམ་ཞེས་པའི་དོན་ཏོ།། རེ་ཞིག་ཕྱི་རོལ་གྱི་གནས་འདི ་རྣམསུ་ཆང་དང་གོ་ལ་སོགས་པའི་ཤ་བཟའ་བ་དང་། བུད་མེད་ཀྱི་སྐྱོ་གནས་ལ་འཁྲིག་ཐབས་སྦྱར་བས་འདོད་པའི་དངོས་གྲུབ་འགྲུབ་པ་ནི་མེད་དེ། འདི་ལྟར་གང་དེ་རྣམས་ཀྱིས་འདོད་པའི་དངོས་གྲུབ་ཏུ་འགྱུར་བ་དེ་ལྟ་ན་ནི།། ཆོས་ཀྱི ་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་དོན་མེད་པར་འགྱུར་ལ། རྣལ་འབྱོར་པའི་འབད་པ་ཕུན་སུམ་ཚོགས་པ་འཇིག་པར་འགྱུར་རོ།། དེ་བས་ན་དེའི་ཕྱིར་བཟའ་བ་དང་བཏུང་བ་ལ་སོགས་པའི་ཚོགས་ཀྱི་མཆི་དཔེས་འདོད་པའི་དངོས་གྲུབ་འཐོབ ་ཅེས་གསུངས་པ་ནི་བྱིས་པའི་སྐྱེ་བོ་རྣམས་དྲང་བར་ཟད་དོ།། ངེས་པའི་དོན་དུ་ཀུན་ཏུ་རྟོག་པས་ཀུན་ནས་མི་གོས་པའི་གནས་འགའ་ཞིག་ལ་བརྟན་ཏེ། སྲོག་གི་མེས་བསྲེག་ཅིང་བཅོས་པའི་བཅུད་གང་ཡིན་པ་དེས་མྱོས་པར་བྱ་བ་དང ་ཚིམ་པར་ཟོས་ཏེ་གནས་པར་ཚེ་འཕེལ་བར་བྱེད་པས་རྡོ་རྗེ་འཆང་གཟི་མདངས་ལྟ་བུ་སྟེར་བར་འགྱུར་ཏེ་ངེས་པའི་དོན་ཏོ།། བཟའ་བ་འདི་ནི་རབ་ཏུ་བཟའ།། དེ་ལ་གདུན་དུ་བརྟག་པ་ནི།། རོ་ཡི་གཟུགས་ཅན་དགུ་དང་ནི།། ཡང་ན་སྟོག་གི་པགས ་པ་དང་།། དུར་ཁྲོད་རས་ནི་དེ་བཞིན་ནོ་ཞེས་བྱ་བ་ལ། གང་ཞིག་ཚེགས་ཀྱི་འཁོར་ལོ་འདི་བྱེད་པར་འདོད་པས། དགེ་སློང་དང་དགེ་སློང་མ་དང་ཁྱིམ་པའི་རྣལ་འབྱོར་པོ་རྒན་རབས་ལ་སོགས་པ་རྣམས། རང་རང་གི་གྲལ་ཐ་དད་པར་བྱ་ཞིང ་མི་སྲུན་པའི་སྐྱེ་བོ་འབད་པས་བསྲུང་བར་བྱའོ།། དེ་བཞིན་དུ་རྣལ་འབྱོར་མ་དགུ་གཽ་རཱི་ལ་སོགས་པའི་རིགས་ཅན་མ་སྤྱན་དྲངས་ལ། གཅིག་ནི་གཙོ་བོའི་གཡོན་དུ་བཞག་ལ། ལྷག་མ་བརྒྱད་པོ་འདབ་མའི་ཕྱོགས་དང་ཕྱོགས་བྲལ་ལ་རིམ ་པ་བཞིན་དུ་བཞུགསསུ་གསོལ།། དེ་རྣམས་ལ་མི་ལྤགས་ཁྱུ་རོ་ལྀ་རང་རང་གི་གཟུགས་བྲིས་ལ་གདན་དུ་དབུལ་བ་ར་བྱའོ།། གཙོ་བོ་ལ་སྟག་གམ་གླང་པོ་ཆེའམ། བ་གླང་གི་པགས་པས་གདན་དུ་དབུལ་ལོ།། ཡང་ན་ཐམས་ཅད་ལ ་མཱི་ལྤགས་འབའ་ཞིག་གྲམ། སྟག་གི་པགས་པ་འབའི་ཞག་གམ་གླང་པོའི་པགས་པ་འབའ་ཞིག་གམ། བ་གླང་གི་པགས་པ་འབའ་ཞིག་གམ། དུར་ཁྲོད་ཀྱི་རས་འབའ་ཞིག་ཀུན་ལ་ཇི་ལྟར་རྙེད་པ་དེ་ལྟར་དབུལ་བར་བྱའོ།། དེའི ་ཕྱིར། དབུས་སུ་ཀྱེ་རྡོ་རྗེའི་གཟུགས།། ཇི་ལྟར་སྔར་བཞིན་གནས་ཤེས་ནས། ཕྱོགས་དང་བྲལ་བ་རྣམས་སུ་ཡང་།། དེ་ནས་རྣལ་འབྱོར་མ་རྣམས་དགོད།། ཅེས་རྒྱས་པར་གསུངས་པ་ཡིན་ནོ།། དེ་བཞིན་དུ་བཟའ་བ་ཐམས་ཅད་ཀྱང་སྟག ་ལོ་སོགས་པའི་ཕྱོགས་པའི་སྟོང་བཟའ་བ་ཅི་ལྟེ་བ་རྣམས་དྲང་བར་བྱའོ།། དེ་བཞིན་དུ་དར་ནི་ཡང་ཡང་ཟོས་ནས་ཀྱང་།། དེ་རུ་མོ་མོ་མཆོད་པར་བྱ་ཞེས་གསུངས་ཏེ། ཕྱིའི་བཟའ་བ་དང་བཏུང་བ་རྣམས་སྣང་བ་དང་རྟོགས་པ་དང ་སྦར་བ་དང་བདུད་རྩིར་བྱས་ཏེ། ཟོས་ལ། ལྷ་མོ་རྣམས་དང་ཡང་དང་ཡང་དུ་མེ་ཐུ་ནའི་སྦྱོར་བས་བདེ་བ་རྟོགས་པར་བྱའོ།། རྣལ་འབྱོར་མ་རྣམས་ཀྱང་ས་དང་ཆུ་དང་མ་དང་རླུང་ལ་སོགས་པོཔ་དག་པས་སྲིང་མོ་དང་། བུ་མོ་དང་སྐྲག ་མོ་དང་ཚ་མོ་དང་། ཆུང་མ་ལ་སོགས་པ་སྔོན་དུ་ལེགས་པར་སྦྱངས་ལ་མཆོད་པ་བྱ་བ་ནི་ངེས་པའོ།། དེ་བཞིན་དུ། དེ་རྣམས་རྟག་ཏུ་ལེགས་མཆོད་ནས།། ཚོགས་ཀྱིས་དཀྱིལ་འཁོར་འགྲུབ་པར་འགྱུར་ཞེས ་བསྲུངས་པ་ལེགས་པར་མཆོད་པ་ནི། ཕྱི་རོལ་གྱི་སྐྱེ་བོ་རྣམས་ཀྱིས་མ་མཐོང་མི་རིག་པར་མ་སྲིང་ལ་སོགས་པ་རྣམས་ལ། ཕྱིར་མི་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་མཆོད་ན། ལེགས་པར་མཆོད་པ་ཡིན་ཞིང་། ཚོགས་ཀྱི་དཀྱི ་འཁོར་འགྲུབ་པར་འགྱུར་བ་ན་ངེས་པའོ།། དེ་བཞིན་དུ་བཏུང་བའི་སྣོད་རྣམ་སྐྱེས་བུའི་ཐོད་པ་དུམ་བུ་གཅིག་པར་རྒུན་ཆང་ལ་སོགས་པ་རྣམས་བཀང་སྟེ་དྲང་བར་བྱའོ།། བླ་མ་ལ་དབུལ་སྐལ་ཚན་མ།། ཕྱག་འཚལ་ནས་ནི་རང་ཡང་བཏུང་། ་པདྨའི་ལག་པས་བླང་བ་དང་།། དེ་ཉིད་ཀྱིས་ནི་ལག་པས་དབུལ།། ཡང་ནས་ཡང་དུ་རབ་འདུད་པ།། དེར་ནི་སྒྲུབ་པོ་པོ་ཡིས་བྱ། ཞེས་བྱ་བ་ལ་རྣལ་འབྱོར་མ་རྣམས་དང་གཙོ་བོ་དང་བཅས་པའི་རྣལ་འབྱོར་པ་རྣམས་ཀྱིས་ལེགས་པར ་ལོངས་སྤྱོད་པར་བྱ་བ་འདི་ལྟ་སྟེ། ཀུན་གྱིས་སྤྱི་བོར་ཐལ་མོ་སྦྱར་བ་སྔོན་འགྲོ་བས་སློབ་དཔོན་ལ་ཕྱག་འཚ་ལ་ཏེ། པདྨའི་ལག་པས་ཕུལ་ལ་གདོད་ཙོ་བདེར་ལོངས་སྤྱོད་པར་བྱའོ།། དེ་བཞིན་དུ་འཁོརོ་ལ་ཀུན་ཏུ་པདྨའི་ལག་པས་དྲང ་བར་བྱ་ཞིང་སླར་ཡང་དེ་ཉིད་ཀྱིས་བླང་ངོ་།། ངེས་པའི་ངོ་ན་དུ་ན་བདུད་རྩི་ལྟ་བུའི་བཏུང་བ་བདོ་བའི་འཁོར་ལོ་ནས། རྒྱལ་མཚན་གྱི་རྩེ་མོར་རྒྱུན་དྲང་ཞིང་། སླར་དེ་ཉིད་ཀྱི་གོན་སུ་འཕང་བའི་ཚུལ་གྱིས་དྲང་ཞིང་། བླང་བས་ཚིམ་པར ་བྱ་བ་སྟེ། དེ་བཞིན་གཤེགས་པའི་བཀའ་ལུང་ངོ་།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། གླེགས་བམ་བྲི་དང་། ཚོགས་ཀྱི་བཟའ་བའི་ལེའུ་ཡི་རྒྱ་ཆེར་བཤད་པ་སྟེ། བདུན་པའོ།། དེ་ནས་རྣལ་འབྱོར་མས ་ཞུས་པ། ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ།། ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི།། བདེ་བ་ལ་སོགས་བཤད་དུ་གསོལ།། ཞེས་བྱ་བ་ལ་སོགས་པ་རྣལ་འགྱུར་མ་རྣམས་ཀྱིས་བདེ་འ་ཆེན་པོ་ལ་སོགས་པའི་ཀྱེ་རྡོ་རྗེ་ལ་ནུས་པ་སྟེ། 2་ལྟར ་ཀྱིའི་བཅོམ་ལྡན་འདས་ཕྱག་རྒྱ་ཆེན་པོའི་རང་གི་ངོ་བོ་ནི་གང་ལའང་མི་གནས་པ། བརྗོད་དུ་མ་མཆིས་པ། བརྟེན་པ་མ་མཆེས་པ། དམིགས་པ་མ་མཆིས་པ། གང་ལའང་མི་གནས་པ། ལེགས་པར་ནི་སེམ་ཉི་མ་མཆིས་ན། བདག ་དང་བདག་གི་དྲི་མས་གཡོགས་པ་རྣམས་ཀྱིས་ཚུལ་ཇི་ལྟར་རྟོགས་པར་བགྱི། ཞེས་ཞུས་པའི་དོན་ཏེ།། བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། ཤིན་ཏུ་རིང་མིན་ཐུང་བ་མིན།། གནས་པ་མ་ཡིན་དཀར་བ་མིན།། པདྨའི་འདབ་མའི ་རྣམ་པ་འདྲ།། ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ལྟར་རིགས་བཞི་ལས་འབྱུང་བའི་བཙུན་མོ།། སྐྱེ་བའི་ལོ་བཅུ་གཉིས་ནས་ཉི་ཤུ་ལ་ཐུག་པ་དག་ལ་བརྟེན་ཏེ། མཚོན་པར་འགྱུར་གྱི་གཞན་དུ་མ་ཡིན་ཞེས་བྱ་བའི་དོ་ནི། དེ་བཞིན་དུ ་བཙུན་མོ་དེ་དག་གི་མཚན་ཉིད་ནི་འདི་ལྟ་སྟེ། གཟུགས་ཤིན་ཏུ་རིང་བའང་མ་ཡིན་པ་དང་། ཧ་ཅང་ཐོང་བའང་མ་ཡིན་པ་དང་། མིག་སྨན་ལྟ་ཆེར་གནག་པ་མ་ཡིན་པ་དང་། རྡོ་ཐལ་ལྟར་ཧ་ཅང་དཀར་བ་མ་ཡིན་པ་ནི་མདོག་གི་ཁྱང ་པཱར་ཏེ། དེ་དག་གི་ཁ་དོག་གི་ཁྱད་པར་རྣམས་སྦྱང་བར་བྱའོ།། འོ་ན་ཇི་ལྟ་ཞེ་ན། ཅུང་ཟད་སྔོ་བསངས་སུ་གནས་པ་གཟུང་ཞེས་བྱ་བ་དང་། དེ་བཞིན་དུ་མིག་པདྨའི་འདབ་མ་ལྟར་དཀར་དམར་འབྱེས་པ། ཅུང་ཟད་རིང་བ ་དང་ཁའི་དབུགས་མཆོག་ཏུ་དྲི་ཞིམ་པ་དང་། ཟླ་མཚན་གྱི་ཁྲིག་གླ་རྩི་ལྟར་དྲི་ཞིམ་པ་དང་། སྐྱེ་གནས་ཀྱི་པད་མ་ལེ་དུས་དུས་སུ་སར་ཛོ་ར་ཛ་ལྟ་བུའི་དྲི་འབྱུང་ཞིང་རེས་འགའ་པདྨ་ལྟ་བུའི་དྲིའི་བྱུང་བ་དང་། དུས་དུས་སུ་ཨུཏྤ་ལའི་དྲི་དང་། ཨ་ཀ་རུ ་ནག་པོའི་དྲི་དང་མཚུངས་པ་འབྱུང་བ་རྣམས་ནི་མཁས་པས་དྲི་བཟང་པོར་མཚོན་པར་བྱས་ལ་གཟུང་བར་བྱ་བ་དང་། དེ་བཞིན་དུ་རང་བཞིན་དུ་གནས་པའི་མཚན་མ་འདི་ལྟ་སྟེ། སྤྱོད་པ་ལམ་དལ་ཞིང་རྩ་བ་ཧྲལ་མེད་པ་ཉིད་དང་། སྨྲ་བ་ཉན་ཅིང་གསང ་པོར་སྨྲ་ལ་རིལ་གྱིས་སྨྲ་བ་དང་། སྐུ་གནག་ཅིང་འཇམ་ལ་མཚམས་སྡུག་ཅིང་རིང་པོ་དང་དཔྲལ་བའི་དབུས་ན་རང་བཞིན་དུ་གནས་པའི་རི་མོ་གསུམ་ཡོད་པ་གང་ཡིན་པ་དེ་ལྟ་བུ་ནི་བདེ་བར་གཤེགས་པ་རྣམས་ཀྱིས་རབ་ཏུ་བསྔགས་པ་ཡིན ་ཏེ། ཡན་ལག་གསང་མ་ཞེས་ཀྱང་གསུངས་པས་དེ་ལ་འབད་པ་ཀུན་གྱིས་བླ་མའི་བལྟའི་ལྟར་བསྒྲུབས་ན། གདོན་མི་ཟ་བར་ཕྱག་རྒྱ་ཆེན་པོའི་གྲུབ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ལ།། གཞན་ཡང་དེ་ལྟ་བུའི་བཙུན་མོ་ལ། འཇིག་རྟེན ་པ་ཕལ་པས་མི་ཤེས་པ་གང་དག་གིས་མི་མོའི་སྐྱེ་གནས་ཕལ་པ་ཅན་དུ་རྟོག་པར་བྱེད་དེ། དེ་ནི་དེ་ལྟ་མ་ཡིན་ཏེ། ལྷན་ཅོག་སྐྱེས་པའི་གཟུགས་ཅན་མ་ཞེས་གསུངས་སོ།། དེ་རྙེད་ནས་ནི་དངོས་གྲུབ་འགྱུར་ཞེས་བྱ་བ་ནི། ཡོན་ཏན་ཕུན ་སུམ་ཚོགས་པ་དེ་ལྟ་བུའི་བཙུན་མོ་རྙེད་ན། བཙུན་མོ་དེ་ལ་བརྟེན་ཏེ། བླ་མའི་ལུང་ལྟར་བསྒྲུབས་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་འགྱུར་བ་ནི་དེ་བཞིན་གཤེགས་པའི་ངེས་པ་སྟེ། བཙུན་མེ་དེ་ལྟ་བུ་ནི་ཀུན་རྫོབ་ཀྱི་ཕྱག་རྒྱ་ཆེན་མོ་ཞེས་བཤད ་དོ་ཞེས་པའི་དོན་ཏོ།། དེ་ནས་རྣལ་འབྱོར་མ་བདག་མེད་མས་གསོལ་པ། བཅོམ་ལྡན་འདེས་སྨོན་ལམ་ཇི་ལྟར་གདབ་པར་བགྱི་ཞེས་བྱ་བ་ལ། བདག་མེད་མས་འདི་སྐད་ཅེས། ཀྱེ་བཅོམ་ལྡན་འདས་ཀྱིའི་རྡོ་རྗེའི་གསོང་ཆེན་འདི་ལ་གནས ་པ་རྣམས་ཀྱིས་སྨོན་ལམ་གྱི་ཚུལ་ཇི་ལྟར་གདབ་པར་བགྱི་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་སླར་འདི་སྐད་ཅེས་གསུངས་སོ།། སྨེ་མ་ནི་རིགསུ་སྐྱེ་བ་དང་། ངམ་ལྡན་ཀྱེ་རྡོ་རྗེ་སྟོན། སྙིང་རྗེར་ལྡན་ཞིང་བླ་མར་གུས།། སྐྱེ་ཞིང་སྐྱེ་བར ་འགྱུར་བར་ཤོག། ལག་པས་རྡོ་རྗེ་དྲིལ་སྒྲོགས་ཤིང་།། ཟབ་མོའི་ཚེས་ནི་སྟོན་པ་དང་།། བཙུན་མོའི་ཁུ་བོ་མཉམ་ཟས་ཅན།། ཟ་བའི་སྒྲ་བར་འགྱུར་བར་ཤོག་ནས་གསུངས་ཏེ་འཇིག་པའི་བདེ་བའི་ཆང་གིས་མྱོས་པ་ནི་སྐྱོན་པོ་ཡིན་ལ། ་དེ་བས་འཛག་པ་མེད་པའི་བཏུང་བའི་བདེ་བ་ཅན་ནི་སྤྲོ་བ་དང་འབྲལ་བ་ཡིན་ནོ།། དེ་བས་ན་དེའི་ཕྱིར་སྤྲོ་བ་མེད་པའི་དམ་ཚིག་གི་བདུད་རྩི་འཐུང་བའི་རིགས་ཅན་དུ་སྐྱེ་བར་གྱུར་ཅིག་ཅེས་བྱ་བ་དང་། སྙིང་རྗེ་བཅུ་དྲུག་གི་དམ་ཚིག་དང་མི ་འབྲལ་བར་དེ་ཉིད་ཀྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་ཀྱིའི་ཞེས་བྱ་བ་དང་། རྡོ་རྗེ་ཞེས་བྱ་བའི་བརྡ་ཡིས་ཆོས་སྟོན་པར་གྱུར་ཅིག་ཅེས་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་མོ་ཕྱེད་པའི་སྙིང་རྗེ་དང་། དེ་བཞིན་དུ་སེམས་ཅན་ཐམས ་ཅད་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་ཞེས་བྱ་བ་ཡང་ངོའི་ཆོས་ཅན་གང་ཡིན་པ་དེ་དང་ལྡན་པར་གྱུར་ཅིག་ཅེས་བྱ་བ་དང་། རྡོ་རྗེ་འཆང་ཆེན་པོའི་གནས་ཐོབ་པར་བྱེད་པའི་རྒྱུ ་བླ་མ་རྗེ་བཙུན་གྱི་ཞལ་གྱི་བུམ་པ་ལས་འབྱུང་བའི་ཕྱིར་དུས་རྟག་པར་བླ་མ་ལ་གུས་པ་བྱེད་པར་གྱུར་ཅིག་ཅེས་བྱ་བ་དང་། སྟོང་པ་ཉིད་དང་། སྙིང་རྗེ་ཐ་མི་དང་ཉི་ཟླའི་ལམ་གཅིག་ཏུ་རྣམ་པར་དག་པའི་ཆོས་ཅན་རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཟུང ་སྟེ། འཁྲོལ་བར་གྱུར་ཅིག་ཅེས་བྱ་བ་དང་། དེ་ཉིད་ཀྱི་དོན་སྟོན་པར་བྱེད་པ་ཀྱེའི་རྡོ་རྗེའི་གླེགས་བམ་ཉིད་དུས་རྟག་པར་ཀློག་པ་དང་ལྡན་ཏེ། ཨཱ་ལི་དང་ཀཱ་ལིའི་སྒོ་ཡིས་སྲོག་གི་རླུང་གིས་བཟླས་པ་ནི་ཟབ་མོ་ཆོས་ཀློག་པ་ཡིན་པས། དེ ་ལྕི་བུའི་ཆོས་ཀློག་པར་གྱུར་ཅིག་ཅེས་པ་དང་། ཡུལ་སོགས་པའི་བཙུན་མོ་གཟུགས་རྡོ་རྗེ་མ་དང་། ན་མཁར་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བ་ལ་སོགས་པའི་བཙུན་མོ་རྣམས་ཀྱིས་བདེ་བའི་ཁུ་བའི་དངོས་པོ་རྣམས་ཀུན་ནས ་མཉམ་པར་བྱེད་པ། སྐྱེ་བ་ནས་སྐྱེ་བའི་མཐར་ཟ་བར་གྱུར་ཅིག་ཅེས་བྱ་བས་སྨོན་ལམ་གདབ་པར་བྱའོ་ཞེས་པའི་དོན་ཏོ།། དེ་ནས་ལྷ་མོ་དེ་དགྱེས་ནས། ཚིག་ནི་འདི་ཉིད་ཡང་ཞུས་པ། སྐལ་མེད་སེམས་ཅན་གདུལ་དཀའ་རྣམས།། གང་གིས། ་འདུལ་བར་གྱུར་པ་འགས། ཞེས་བྱ་བ་སྤར་ཞིང་བདག་མེད་མས། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་སྨད་མའི་དུས་རྩོད་པ་རབ་ཏུ་རྒྱས་པ་ན། གདུལ་བར་དཀར་བའི་སྐྱེ་བོ་རབ་ཏུ་མ་རུངས་པ་རྣམས་ཐབས་གང་གིས་ཀྱེའི ་རྡོ་རྗེར་གཞུག་པར་བགྱི་ལགས་ཞེས་པ་དང་། སླར་བཅོམ་ལྡན་འདས་ཀྱིས་གསུངས་པ། དང་པོར་གསོ་སྦྱོང་བྱིན་པར་བྱ།། དེ་རྗེས་བསླབ་པའི་གནས་བཅུ་ཉིད།། དེ་ལ་བྱེ་བྲག་སྨྲ་བར་བསྟན།། མདོ་སྡེ་པ་ཡང་དེ་བཞིན་ནོ།། དེ་ནས་རྣལ་འབྱོར ་སྤྱོད་པ་ཉིད།། དེ་ཡི་རྗེས་སུ་དབུ་མ་བསྟན་ཞེས་བྱ་བ་གསུངས་ཏེ། སྐྱེ་བོ་གདུལ་བར་དཀའ་བ་ཀྱེའི་རྡོ་རྗེ་ལ་དགོད་པ་ནི་སྔོན་དུ་གསོ་སྦྱོང་ལེགས་པར་བསྟེན་ཅིང་བསླབསེ་ལའི། དགེ་བ་བཅུ་དང་དུ་ལེན་པར་བསྒོམ་ཞིང་། མི་དགེ་བ་བཅུ ་ཡོངས་སུ་བཅད་དེ། གནས་པའི་སྐྱེ་བོ་དེ་ལ། དེའི་རྗེས་སུ་གྲུབ་པའི་མཐའ་སོ་སོའི་ཆོས་བསྟན་པར་བྱ་སྟེ། འདི་ལྟར་ན་མཁའི་དང་སོ་སོར་བརྟགས་པ་དང་། བརྟགས་པ་མ་ཡིན་པའི་འགོག་པ་སྟེ་གསུམ་ནི་འདུས་མ་བྱས་ཡིན ་ཡིན་ལ། དེ་ལ་གཞན་པ་ཇི་སྙེད་པ་རྣམས་སྐད་ཅིག་མེའི་རང་བཞིན་ཅུ་ཏེ། ངོ་བོ་ཉིད་ཀྱིས་སྟོང་གི་བྲང་པོ་པོ་འགའ་ཡང་ཡོད་པ་མ་ཡིན་ནོ།། རྣམ་པ་མེད་པའི་དབང་པོ་ལ་བརྟེན་པའི་བློས་རྡུལ་ཕྲ་རབས་བསགས་པ་འདི་རྣམས་མངོན ་སུམ་དུ་རིག་པར་འགྱུར་རོ།། ཞེས་ཁ་ཆི་བྱེ་བྲག་ཏུ་སྨྲ་བ་རྣམས་འདོད་དོ།། ཞེས་བསྟན་པར་བྱའོ།། དེ་བཞིན་དུ་བྱེ་བྲག་ཏུ་སྨྲ་བ་ལྟར་རྣམ་པ་དང་བཅས་པའི་ཤེས་པ་སྐྱེ་བར་འདོད་པ་ནི་སྣང་བ་རྣམས་དབང་པོའི་སྤྱོད་ཡུལ་མ་ཡིན་ཏེ། ་ན་མཁའི་མེ་ཏོག་ག་མི། མོ་གཤམ་གྱི་བུ་དང་མཚུངས་ལ། འགོག་པ་རྣམས་ནི་ན་མཁའ་ལྷོ་བུ་ཡིན་ནོ།། དུས་གསུ་མ་པོ་ཡང་རྗེས་སུ་རྒྱང་པ་མེད་པ་ཐོགས་པར་བྱེད་པའི་རེག་བྱ་དང་དྲིལ་བའི་གཟུགས་ཀྱང་ཡོད་པ་མ་ཡིན་ནོ།། ་མབྱ་བ་མདོ་སྡེ་པོར་སྨྲ་བ་རྣམས་འདོད་དོ་ཞེས་བསྟན་པར་བྱའོ།། དེ་བཞིན་དུ་རྡུལ་ཕྲ་རབ་ཚོགས་པའི་ཡན་ལག་ཅན་གྱི་རྫས་ནི་མེད་དེ། རྡུལ་ཕྲ་རབ་མེད་པའི་ཕྱིར་སོ་སོར་སྣང་བ་དམིགསུ་མེང་དེ། དཔེར་ན་རྨི་ལམ ་ཉམསུ་མྱོང་བ་དང་མཚུངསོ།། གཟུང་བ་དང་འཛིན་པའི་དྲི་མས་བྲལ་བ་ཤེལ་གང་དག་པ་ལྟ་བུ་རྣམ་པར་ཤེས་པ་རང་རིག་པ་དོན་དམ་པར་ཡོད་པ་རྣལ་འབྱོར་སྤྱོད་པ་རྣམས་སྨྲའོ།། ཞེས་བསྟན་པར་བྱའོ།། རྣམ་པར་ཤེས་པ་དོན་དམ་པར ་ཡོད་དོ་ཞེས་མཁས་པ་རྣམས་མི་འདོད་དེ། གཅིག་དང་དུ་མའི་རང་བཞིན་གྱི་གཏན་ཚིགས་དང་བྲལ་བའི་ཕྱིར་ན་མཁའི་མེ་ཏོག་དང་མཚུངས་ཏེ། འདི་ལྟར་གློག་དང་སྒྲ་འདི་དག་ཡོད་པ་ཡང་མཽ་ཡིན། མེད་པ་ཡང་མ་ཡིན་ཡོད་མེད ་གཉིས་ལས་འདས་པ་ལ་སོགས་པའི་མུ་བཞི་ལས་རྣམ་པར་གྲོལ་བའི་དེ་ཁོ་ན་ཉིད་རྣལ་འབྱོར་ཆེན་པོ་དབུ་མ་པར་སྨྲ་བ་རྣམས་བཞེད་པ་ཡིན་ནོ།། ཞེས་གྲུབ་པའི་མཐའ་ཐམས་ཅད་བསྟན་ནས། དེའི་རྗེས་ཀྱེའི་རྡོ་རྗེར་བཅུག་པར ་གྱུར་ན་ངེས་པར་འགྲུབ་པོ་ཞེས་པའི་དོན་ཏོ།། སློབ་མས་གུས་པར་བླངས་ནས་ནི།། འགྲིབ་འགྱུར་འདི་ལ་ཐེ་ཚོམ་མེད།། ཞེས་གསུངས་ཏེ་སྐལ་བ་མེད་པའི་སེམས་ཅན་རྣམས་རིམ་པ་དེ་ལྟར་འཇུག་པར་བྱའི་གཞན་དུ་མ་ཡིན ་ཞེ་ས་པའི་དོན་ཏོ།། དེ་བཞིན་དུ་སྒྱུ་འཕྲུལ་དྲ་བ་ལས་ཀྱང་ཇི་སྐད་དུ། ཟག་པ་གསུམ་གྱི་ངེས་འབྱུང་ལ།། ཐེག་པ་གཅིག་གི་འབྲས་བུར་གནས། ཞེས་གསུངས་སོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཚོར་བཤད་པ་ལས། ་འདུལ་བའི་ལེའུ་ཡི་རྒྱ་ཆེར་བཤད་པ་སྟེ་བརྒྱད་པའོ།། ། ལོངས་སྤྱོད་རྫོགས་སྐུ་སྤྲུལ་པའི་རྒྱལ།། མངའ་བདག་ཆ་ལ་ཕྱག་འཚལ་ནས།། སྔགས་བཏུ་བ་ཡི་རྒྱས་བཤད་ནི།། རྡོ་རྗེ་སྙིང་པོས་བྱི་བར་བྱ།། དེ་ནས། ་ཁ་སྦྱར་འབྱེད་པ་ཡི།། མཚན་ཉིད་ཡང་དག་རབ་ཏུ་བཤད།། ཅེས་བྱ་བ་ལ་སོགས་པ་སྨོས་ཏོ། ཨཱ་ལཾ་དཾ་ཀཱ་ལིའི་སྔགས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འདོད་པའི་དངོས ་གྲུབ་ཐམས་ཅད་ལག་མཐིལ་ན་ཡོད་པར་འགྱུར་རོ།། དེ་ལ། གང་གི་རྣམ་པར་ཤེས་ཙམ་གྱིས།། སྒྲུབ་པོ་དངོས་གྲུབ་ཐོབ་འགྱུར་བ།། བསྒྲུབ་བྱའི་ལྟ་བའི་རྩ་བ་ལ།། བརྟུལ་ཞུགས་ཅན་གྱི་ལག་པས་གདོན་ཞེས་བྱ་བ་གསུངས་ཏེ། སངས་རྒྱས ་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་དང་། སངས་རྒྱས་དང་བླ་མ་ལ་སོགས་པའི་གཟུགས་འཇིག་པ་མིན་པ་དེ། བླ་མ་ཐུབ་པ་ལ་ཞུས་ཏེ། སྙིང་རྗེ་ཆེན་པོས་གསང་བར་བྱ་བའི་ཡོན་གྱི་གཞན་དུ་མ་ཡིན་ནོ།། དེ་བཞིན་དུ་བསྒྲུབ་བྱར་བྱ་བའི་དྲུག་ཅུ ་རྩ་བཞིའི་དཀྱིལ་འཁོར་གྱི་དབུས་ན། ལྷན་ཅིག་སྐྱེས་པའི་ལྷ་སྒྲུབ་པོའི་ཏིང་ངེ་འཛིན་གྱི་ལས་པས་གཤེགས་གསོལ་ལ། སྒྲུབ་པོ་བདག་ཉིད། ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས།། ནང་ག་མ་རུངས་སེམས་ཀྱིས་ནི། ཞེས་བྱ་བ་ཧ་རུ་ཀའི ་དཀྱིལ་འཁོར་བདག་མེད་མ་དང་བཅས་པ། ལས་ཀྱི་བྱེ་བྲག་ལས་ཁ་དོག་བྱེ་བྲག་ཏུ་བྱ་སྟེ། ཞེས་པའི་རྡོ་རྗེའི་ཚིག་གིས་དཀྱིལ་འཁོར་བ་ཐམས་ཅད་ཁ་དོག་ནག་པོ་ཞེ་སྡོང་གི་རིག་སུ་བསྐྱེད་དེ། བསད་པར་བྱས་ན་སངས་རྒྱས་ཉིད་ཀྱང་གདོན ་མི་ཟ་བར་འཇིག་པར་འགྱུར་རོ།། ཇི་ལྟར་ཕྲུགས་ཀྱི་གཟུགས་མཐོང་ནས། ཁྲག་ནི་སྐྲག་པ་ཉིད་དང་ཡང་།། འདར་ཞིང་མགོ་སྐྱེས་གྲོལ་པ་དང་།། ཁ་ནི་འོག་ཏུ་རྣམ་པར་བསྒོམ་ཞེས་བྱ་བ་ལ་སྐྱེ་བོ་ཕྱུགས་ཀྱི་གཟུགས ་དང་འདྲ་བ་མཐོང་ནས།། ཁ་ནས་ཁྲག་སྐྱུག་ཅིང་ལུས་པོ་འདར་བཞིན་དུ་སྐྲ་གྲོལ་ཏེ་སྤྱིའུ་ཚུགསུ་བདག་གི་མདུན་དུ་འདུག་པར་བསམ་ཞིང་། དེ་བཞིན་དུ་དེའི་འོག་གི་སྒོ་ནས་ཁབ་མོ་ལྟར་འབར་བ་གཟུགས་ཅན་དུ་མ་འཇུག་པ་དང་། དེའི ་སྙིང་གར་མེའི་དཀྱིལ་འཁོར་ཡི་གེར་ནིབསམས་ན་ངེས་པ་ཕོ་ནར་སྐད་ཅིག་དེ་ལ་འཇོག་པོར་འགྱུར་ཞེས་གསུངསོ།། འོདིའི་ངེས་པའི་དོན་ནི་རྩ་བའི་རྒྱུད་ལས་ཇི་སྐད་དུ། བྱིན་ཟ་མེ་ལྷ་རླུང་གིས་བསྐྱོད།། བྱང་ཆུབ་སེམས་ཧཾ་ཁ་ཐུར་དུ་བལྟས ་གང་ཞིག་བདེ་བས་མྱོས་པ་ན།། འདར་ཞིང་ཁ་ནི་ཐུར་དུ་ལྟ་ཞེས་གསུངས་པས། དོན་ཁོང་དུ་ཆུད་པར་བྱའོ།། རྒྱུད་འདི་ལ་ནི་སྲེག་བླུགས་མེད།། ཕྱག་རྒྱ་བཅིངས་དང་བྱ་བ་མེད།། རྒྱུད་ཆེན་ཀླགས་པས་འགྲུབ་པ་ཉིད།། བསམ་གཏན་ཙམ་གྱིས ་འགྲུབ་པར་འགྱུར། ཞེས་བྱ་བ་ནི་འདི་ལྟར་ཕྱིའི་སྲེག་བླུགས་དང་། ལག་པའི་ཕྱག་རྒྱ་བཙིད་པ་དང་། ཚིག་གི་རྒྱུས་བཀླག་པ་དང་། ལྷའི་རྣལ་འབྱོར་ཙམ་གྱིས་འགྲུབ་པ་མ་ཡིན་གྱི། འདི་ནི་ཁྲོ་བ་མེད་པའི་མ་ལ་སེང་གེ་རྣམ་པར་རྩེ་བའི ་ཕྱག་རྒྱ་བཅིངས་ཏེ། རང་གི་རྒྱུད་སྲོག་གི་རླུང་གི་གདོན་ཟློས་བྱེད་ཅིང་ན་མཁའ་ལྟ་བུའི་བསམ་གཏན་གྱིས་འགྲུབ་པར་འགྱུར་ཞེས་བསྟན་ཏོ།། རྟོག་མཽད་དངོས་གྲུབ་སྟེ་བ་པོ།། སྲིད་པ་སྦྱོར་བ་ཉམས་དགའ་བ།། གསང་བ་མཆོག་གི་བཤད ་བྱ་ཡིས།། ཉོན་ཅིག་ལྷ་མོ་བཞིན་བཟང་མ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་སྲིད་པ་ཉིད་ཤིན་ཏུ་དག་པར་བྱེད་པའི་ཐབས་སངས་རྒྱས་ཀུན་གྱི་གསང་ཆེན་ལྷ་མོ་ཁྱོད་ལ་བཤད་པར་བྱ་ཞེས་པའི་དོན་ཏོ།། རིན་ཆེན་གཟི་བརྗིད ་འབར་བ་ཡིས།། ཕྲེང་བ་འཁྲུག་པ་ལྷ་མོ་ལྟོས།། མ་ཕུག་པས་ནི་སྦྱོར་བྲལ་འགྱུར།། ཕུག་པས་དགའ་བ་སྟེར་བ་པོ།། ཞེས་བྱ་བ་ནི་དཔེ་གསུངས་པ་སྟེ།། དཔེར་ན་རིན་པོ་ཆེའི་ཕྲེང་བ་རབ་ཏུ་འོད་འབར་བ་ཉམས་དགའ་བ་ཕྲེང་བ་མོ་རྒྱུས ་པས་ནི་བྱ་བ་མི་བྱེད་པ། ཕྲེང་བར་བརྒྱུས་ན་བྱ་བ་ཐམས་ཅད་རྫོགས་པར་བྱེད་པ་ལྟར། ད་ལྟར་འཁོར་བ་འདོད་པ་ཡི།། ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད།། མ་དག་པ་ནི་དུག་དུ་འགྱུར།། དག་པ་བདུད་རྩི་ལྟ་བུར་འགྱུར་ཞེས་བྱ་བ་གསུངས ་ཏེ། འཁོར་བའི་རིང་བཞིན་རྣམས་ནི་དག་པའང་མ་ཡིན། མ་དག་པོའང་མ་ཡིན་ཏེ། སྒྲུབ་པ་པོ་རྣམས་ཀྱིས་བསམ་པའི་ཁྱད་པར་གྱིས།། དུག་དང་བདུད་རྩི་ལྟ་བུར་གནས་ཏེ། དེ་ལྟ་བས་ནི་འཁོར་བ་དུག་ལྟ་བུ་ཉིད་བླ་མའི་བཀའ་ལུང ་གིས་བདུད་རྩི་ལྟ་བུར་མོས་པ་བྱས་ན། འཁོར་བའི་རྣམ་པ་ཧེ་རུ་ཀ། འགྲོ་བ་སྒྲོལ་བའི་གཙོ་བ་ཉིད།། གང་གི་གཟུགས་ཀྱིས་གྱུར་པ་ཉིད།། ཅེས་བྱ་བ་གསུངས་ཏེ། སྲིད་པ་ཉིད་མྱ་ངན་ལས་འདས་པའི་རྒྱུ་འདི་ཞེས་པའི་དོན་ཏོ།། གཞན་ཡང ་འདི་ལྟར་མོས་པར་བྱ་སྟེ། སྙིང་རྗེ་སྤྱན་ནི་དམར་པོ་ལ། བྱམས་པའི་ཐུགས་ལས་ཡན་ལག་གནག། ཅེས་བྱ་བ་ལ་སོགས་པའི་རྟགས་རྣམས་རྣལ་འབྱོར་པས་མོས་པར་བྱ་ཞིང་གཞན་དག་ལའང་བསྟན་པར་བྱ་ཞེས་བྱ་བ་ཡིན་ཏེ། འདི་ལྟར ་རུས་པ་བདེན་པ་བཞི་པོ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཐུག་པས་བསྟན་པ་ཡིན་ཏེ། རང་བཞིན་ཡོན་ཏན་གྱི་དབང་ལས་པ་དང་མའི་ཕྱོགས་ཀྱིས་བསྡུས་པ་ཡིན་པར་དྲང་བ་དང་ངེས་པའི་དོན་རིག་པར་བྱའོ།། ད་ནི་སྔགས ་བཏུ་བའི་ལུགས་ཇི་ལྟ་བ་རིམ་པར་བདག་མེད་པས་ཀྱེའི་རྡོ་རྗེ་ལཾ་ཞུས་པ། སྔགས་བཏུ་བ་ནི་ཇི་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། སྔགས་ནི་ཁྱེད་ལ་ངས་བཤད་ཀྱིས།། ལྷ་མོ་ཤེས་རབ ་ཆེན་མོ་ཉོན།། ཞེས་བྱ་བ་ལ་འདིའི་དོན་རྒྱས་པ་ནི། རྩ་བའི་རྒྱུ་དེ་འབུམ་ཕྲག་ལྔ་པོ་ཉིད་དུ་རྒྱུས་པར་བསྟན་པས། དེ་ལ་འཇུག་པར་བྱའོ།། སྔགས་རྣམས་ཇི་བཞིན་ཤེས་འདོད་པས།། སློབ་དཔོན་ལྔ་ནི་ཕྱག་བྱས་ལ།། མཆོག་ཏུ་དད་པས་གུས ་བཏུང་ང།། སྔགས་ཀྱི་དེ་ཉིད་གནང་ཞེས་ཞུ།། དེ་ལ་བླ་མ་སྒྲིབ་ཆེན་པོས།། ཕྱི་རོལ་སྒྲི་བ་མོད་པའི་སར།། ལྟེ་བ་གཙང་མས་ལེགས་བྱུགས་ལ།། འདབ་བརྒྱད་དང་ལྡན་གེ་སེར་བཅས།། སྐྱེ་བཞི་ར་བོབས་བཞིས་བརྒྱན་པ། ཀ་བ་བརྒྱད ་དང་ཡང་དག་ལྡན།། ཀྱེའི་རྡོ་རྗེའི་དཀྱིལ་འཁོར་མཆོག། རྡོ་རྒྱས་ཀྱིས་ནི་ལེགས་བྲིས་ལ།། དེ་རྗེས་སྡེ་ཚནྡོ་གཉིས་པོ་དགོད།། དབུས་སུ་ཀྱེ་རྡོར་བདག་མེད་ལྡན།། ཐོད་པ་གྲི་གུག་གཟུགས་བྲི།། དེ་ཡི་འདབ་མ་དང་པོ་ལ།། ཨཱ་ལི་བཅུ ་དྲུག་མཁས་པས་བྲི།། འདབ་མ་གཉིས་པས་ཀ་སོགས་ལྔ།། གསུམ་པར་ཙ་སོགས་བློ་ལྡན་པས།། བཞི་པར་ཊ་ལ་སོགས་ལྔ་བྲི།། དེ་བཞིན་ལྔ་པར་ཏ་སྡེ་ལྔ།། འདབ་མེ་དྲུག་པར་ཆུ་ཡི་ཚོགས།། བདུན་པར་མཐར་གནས་བྲི་བྱ ་ཞི་།། བརྒྱུད་པར་དྲོ་བའི་བདེ་བ་བྲི།། སྒོ་བཞི་པོ་རུ་ལྕགས་ཀྱུ་སོགས།། ཞགས་པ་ལ་སོགས་བྲི་བར་བྱ།། ལྷ་མོ་བརྒྱད་དུ་ལགས་བསམ་ཞིང་།། སླབ་དཔོན་རིགས་མ་གཡོན་དུ་བཞག། མཆོད་པའི་བྱེ་བྲག་སྣ་ཚོགས་ཀྱིས།། ལེགས་པར་མཆོད ་ལ་གསང་སྔགས་བཏུ།། དེ་ནས་སློབ་མའི་སྐྱེ་བོ་མཆོག། ཤིན་ཏུ་གུས་པས་ལེན་དུ་གཞུག། གཞན་དུ་རང་དགས་ལེན་པ་གང་།། འབྲས་བུ་མེད་ཅིང་དེ་བརླག་འགྱུར།། དང་པོར་རྣམ་པར་སྐྱེད་མཛད་སྦྱིན་ཞེས་བྱ་བ་ནི་ཨཱཾ་མོ།། ཨུཥྚ ་རྣམས་ཀྱི་བཞི་པ་ཞེས་པ་ནི་ཧའོ།། པུཀྐ་སཽ་ས་བརྒྱན་ཞེས་པ་ནི་ཨུ་ཡིས་བརྒྱན་པའི།། སྟེང་པས་མན་ནཾ་ཞེས་པ་ནི་དེའི་སྤྱི་བོར་ཐིག་ལེས་བརྒྱན་པའོ།། མདོག་དཀར་མཐར་ནི་སྭཱ་ཧཱ་སྦྱར།། འདི་ནི་བཟླས་པ་འབུམོ་གྱིས་ནི།། འགྲོ་བ ་རྟག་ཏུ་རེངས་པར་བྱེད།། ཅེས་བྱ་བ་ནི་སྔོན་དུ་བཟླས་པ་ཡི་གེ་གྲངས་ཀྱི་འབུམ།། བླ་མའི་མན་ངག་ལྟར་བཟླས་ལ་སྦྱིན་སྲེག་བཅུ་ཆས་སྔོན་དུ་བསྙེན་པ་བྱས་ན།། འཇིག་རྟེན་གསུམ་པོ་རེངས་པར་བྱེད་དོ།། དང་པོར་ཡི་གེའི་བདག ་པོ་བཞག། ཙས་པཾ་ནི་ཨོཾ་མོ།། རྡོ་རྗེས་མཁའོ་སྤྱོད་མ་ཞེས་པ་ནི་ཨཾ་ངོ་།། མཐར་ནི་སྭཱ་ཧཱ་སྦྱར་བྱས་ནས།། སངས་རྒྱས་རྣམས་ཀྱང་དབང་དུ་བྱེད།། ཅེས་པ་ནི་མན་ངག་གོང་ལྟར་བཟླས་པས། སངས་རྒྱས་ཀྱང་དབང་དུ་བྱེད་ན། སྐྱེ་འགྲོ ་ཕྲ་མོ་རྣམས་ལྟ་ཅི་སྨོས་ཞེས་བྱའོ།། རེག་བྱེད་རྣམས་ཀྱི་དང་པོ་སྦྱིན་ཞེས་བྱ་བ་ནི་ཨོཾ་མོཾ།། དངངོ་པོ་ཡི་ནི་གཉིས་པ་ཞེས་པ་ནི་ཁའོ།། སྟོང་བཅས་ཞེས་པ་ནི་ཐིག་ལེས་བརྒྱན་པའོ།། མཐར་སྭཱ་ཧཱ་སྦྱར།། སངས་རྒྱས་ཀྱང་སྐྲོད་ཤེས་རབ ་ཅན། ཞེས་པ་ནི་སྟོང་པར་བྱེད་བའི་སྔགས་བཏུ་བ་སྟེ་སྔ་མ་བཞིན་ནོ།། དང་པོར་རྣམ་པར་སྣང་མཛད་སྦྱིན་ཞེས་པ་ནི་ཨོཾ་མོ།། གཉིས་པ་ཡི་ནི་གསུམ་པ་ལ་ཞེས་པ་ནི་ཛའོ།། ར་དང་ལྡན་ཞིང་ཞེས་པ་ནི་ཇེ་ལ་ར་ཡིས ་བརྒྱན་པའོ།། ཆུ་མས་བརྒྱན་ཞེས་པ་ནྟི།། ཨི་ཡི་བརྒྱན་པའི།། སྟེང་བཅས་ཞེས་པ་ནི་ངའི་སྟེང་དུ་ཐེག་ལ་བརྒྱན་པའོ།། སྭཱ་ཧཱར་ཡང་དག་ལྡན། མ་རྣམས་ཀུན་ལ་སྤོང་བར་བྱེད།། ཅེས་པ་ནི་སྡང་བར་བྱེང་བའི་སྔགས་བཏུ་བའོ།། དང་པོ ་ཡོ་གེའི་དབང་ཕྱུག་བཞག་ཅེས་པ་ནི་ཨཾ་མོ།། ལྔ་པ་ཉིད་ཀྱི་གསུམ་པཱི་ཞེས་པ་ནི་བའོ།། སྟོང་བཅས་ཤེས་པ་ནི་དོ་ལ་ཐིག་ལེ་བརྒྱན་པའོ།། མཁའ་འགྲོ་མ་དང་ལྡན་ཞེས་པ་ནི་རྀའི་མཐར་ཨུ་བཏགས་པའོ།། མཐར་ནི་སྭ་ཧཱ་མངོན་སྤྱོད་ཆ། ་ཞེས་པ་ནི་མངོན་སྤྱོད་ཀྱི་ཡི་གེ་བཅུ་པའོ།། ཡང་ནི་ཡི་གེ་ཐུ་བོ་སྦྱིན།། ཞེས་པ་ནི་ཨཾ་མོ།། ཧཱུཾ་ནི་ཁྲག་དང་འདྲ་བ་ཡི།། ཞེས་པ་ནི་དེའི་རྗེས་སུ་ཧཱུཾ་བཞག་པའོ།། མཐར་ནི་སྭཱ་ཧཱ་ཞེས་པ་ནི་དེའི་རྗེ་སུ་སྭཱ་ཧཱ་སྦྱར་བར་བྱ་སྟེ། བཟླས་ན་ཐིག ་ལ་མཆོག། དག་འབཟུངས་མ་སོགས་རྟག་ཏུ་འགུགས་ཞེས་གསུངས་ཏེ། འགུགས་བྱེད་ཀྱི་ཡི་གེ་བཏུ་བ་སྟེ། དེ་ཆོ་ག་བཞིན་དུ་བཟླས་ན། ལྷའི་བུ་མོ་ཐིག་ལེ་མ་ཚིག་མ་ལྟ་བུའང་འགུ་གཽ་སྭ་པར་བྱེད་ན་མི་མོ་གཞན་ལྟ ་སྨོས་ཀྱང་ཅི་དགོས།། གཏི་མུག་རིག་ནི་དང་པོར་སྦྱིན་ཞེས་པ་ནི་ཨཾ་མེ།། གྷུཿནི་ཡང་དག་རབ་ཏུ་སྦར། ཞེས་པ་ནི་ཨོཾ་གྱི་རྗེས་སུ་གྷུཿབཞག་པའོ།། མཐར་ནེ་སྭཱ་ཧཱ་ཡང་དག་གནས།། ལྷོ་དང་མི་རྣམས་གསོད་པར་བྱེད། ་ཅེས་པ་ནིཿའི་མཐར་སྨཧཱ་དང་ལྡན་པར་བྱས་པ་ནི་གསོད་པར་བྱེད་པའི་ཡི་གེ་བཏ་བཱ་སྟེ། ཆོ་ག་བཞིན་བཟླས་ན། སངས་རྒྱས་ལྟ་བུ་ཡང་བཀྲོངས་པར་ནུས་ནཱ། འཇིག་རྟེན་གསུམ་གྱི་ལྷ་དང་མི་ཕྲན་ཆགས་གསོད་པར་འགྱུར་བ་ལྟ་སྨོས ་ཀྱང་ཅི་དགོས།། དང་པོ་རི་རྣམ་པར་སྣང་མཛད་བཞག། ཅེསཾ་པ་ནི་ཨོཾ་མོ།། དང་པོ་ཉིད་ཀྱི་དྲང་པོ་ཞེས་པ་ཀའོ།། རྡོ་རྗེ་མཁའ་འགྲོ་མ་དང་སྦྱར། ཞེས་པ་ནི། ཀ་ལཱ་འོག་ཏུ་ཨུ་བཏགས་པའོ།། མཐར་གནས་པ་ཡི་གཉིས་པ་ལི། ་ཞེས་པ་ནི་རར།། རྡོ་རྗེ་མཁའ་འགྲོ་མ་དཱང་ལྡན།། ཞེས་པ་ནི་ར་དེ་ལ་ཨུ་གདགས་པའོ།། ཡང་ནི་ངང་པའི་རྩེ་མོ་ལ་ཞེས་པ་ན་ཀའོ།། རྡོ་རྗེ་མཁའ་འགྲོ་མ་དང་ལྡན། ཞེས་པ་ནི་དེ་ལ་ཨུ་ཡིག་གདགས་པའོ།། མཐར་གནས་པ་ཡི་གསུམ་པ ་ལ།། ཞེས་པ་ནི་ལིའོ།། ཡང་ནི་དེ་ཉིད་ཡང་དག་ལྡན།། ཞེས་པ་ནི་ལ་དེ་ཉིད་སླར་གདགས་པའོ།། སྟེང་དུ་ཆོམ་རྐུན་མ་ཡིས་བརྒྱནྟེ། ཞེས་པ་ནཱི་ང་ལ་ཨེ་ས་སྟེང་དུ་བརྒྱན་པར་བྱའོ།། རྡོ་རྗེས་ཧཱུ~ཾ་ཡིས་རྣམ་པར་བརྒྱུན། ཞེས་པ་ནི ་སྔགས་དེ་རྣམས་ཀྱི་མཐུར་ཧཱུ~ཾ། བཞག་པའོ།། མཐར་ཡང་སྭཱཧཱ་སྤྱད་པ་ཉིད། ཅེས་པ་ནེ་ཀུ་རུ་ཀུལླེའི་སྔགས་བཏུ་བའོ།། ཨོཾ་ནི་དང་པོ་བཞི་པ་ཡིས། གསུམ་པ་ཞེས་པ་ནཱི་དའོ།། ཆོམ་རྐུན་མ་ཡིས་བརྒྱན་ཞེས་པ་ནི་དེད ་ལེ་ཨེ་ཡིས་བརྒྱན་པའོ།། མཐར་གནས་པའི་བཞི་པ་ལ་ཞེས་པོ་ནི་ཝའོ།། བི་ཙུ་བཛྲ་སྦྱར་བར་བྱ།། ཞེས་པ་ནི་ཝའི་རྗེའུ་བི་ཙུ་བཛྲ་གདགས་པའོ།། ཨུཥྨཱ་རྣམས་ཀྱི་བཞི་པ་ལ་ཞེས་པ་ནི་ཧེའོ།། པུཀྐ་སཱིས་ནི་རྣམ་པར ་བརྒྱན། ཞེས་པ་ནི་ཧ་དེ་ལ་ཨཱ་ཡིས་བརྒྱན་པར་བྱ་བའོ།། སྟོང་པས་གྲནན་ཅིང་སུམ་འགྱུར་ཉིད།། ཅེས་པ་ནི་ཧ་དེའི་ཀླང་ལ་ཐིག་ལེས་བརྒྱུ་ནཱ་ལ་དེ་ལྟར་བརྒྱན་པའི་ཧཱུཾ་དེ་ཉིད་སུམྱ་འགྱུར་དུ་དགོད་པའོ།། ལྔ ་པ་ཡིས་ནི་གཉིས་པ་དང་། ཞེས་པ་ནི་པའོ།། གསུམ་པའི་དང་པོ་ནཻ་ཊཾའོ།། མཐར་སྭཱ་ཧཱུཾ་ཞེས་པ་ནི་སྔགས་ཀྱི་རྐང་པ་དེ་རྣམས་ཀྱི་མཐར་སྭཱ་ཧཱ་སྦྱར་བར་བྱ་ཞེས་པ་སྟེ་ཀྱེའི་རྡོ་རྗེའི་སྙིང་པོའི་སྔགས་བཏུ་བའོ།། སྣང་མཛད་དང་པོ་ར ་ཛྭ་ལ་གཉིས།། ཞེས་བྱ་བ་ནི་དང་པོར་ཨོཾ་བཀོད་ལ་དེའི་རྗེས་སུ་ཛཱ་ལ་གཉིས་སྦྱར་བར་བྱ་བའོ།། ལྔ་པའི་བཞི་པ་ལ་ཞེས་པ་ནི་བྷའོ།། མཐར་གནས་རྣམས་ཀྱི་དང་པོས་ལྡན་ཞེས་པ་ནི་བྷ་དེ་ལ་ཡ་གདགས་པའོ།། གྷསྨ་རི་ཡཾས་རྣམ་པར ་བརྒྱན་ཞེས་པ་ནི་དེ་ཉིད་ལ་ཨོས་བརྒྱནུ་པར་བྱའོ།། ཨུཥྨ་རྣམས་ཀྱི་བཞི་པའོ།། ཞེས་པ་ནི་ཧའོ།། རྡོ་རྗེ་མཁའ་འགྲོ་མ་ཡིས་བརྒྱན་ཞེས་པ་ནི། ཨུཥྨའི་ཞབས་སུ་གདགས་པའོ།། སྟོང་པས་མནན་ཅིང་ཞེས་པ་ནི། དེའི་སྟང་དུ ་ཐིག་ལས་མནན་པའོ།། སུམ་འགྱུར་ཉིད་ཅེས་བྱ་བ་ནི། ཡི་གེ་དེ་ཉིད་གསུམ་དུ་དགེད་པའོ།། ལྔ་པ་ཡི་ནི་གཉིས་པ་དང་། ཞེས་པ་ན་པའོ།། གསུམ་པོའི་དང་པོ་ཞེས་པ་ནི་ཊའོ།། མཐར་སྭཱ་ཧཱ་ཞེས་པ་ནི། དེ་ལྟར་བརྗོད་པའི་སྔགས ་ཀྱི་རྐང་པ་དེ་རྣམས་ཀྱི་མཐར་སྭཱ་ཧཱ་སྦྱར་བར་བྱ་བ་སྟེ། ཕྱག་བཞི་པའི་སྔགས་བཏུ་བའོ།། དང་པོ་རྣམ་སྣང་ཞེས་པ་ནི་ཨོཾ་མོ།། དང་པོའི་དང་པོ་ཞེས་པ་ནི་ཀའོ།། ནང་གི་དཀར་མོས་བརྒྱན་ཞེས་པ་ནི་ཨི་ཡིས་བརྒྱན་པའོ།། གསུམ ་པ་ཡི་ནི་དང་པོ་ལ།། ཅེས་པ་ནི་ཊ་ཡིན་ལ། ནང་གི་དཀར་པོས་རྣམ་པར་བརྒྱན། ཞེས་པ་ནི་ཨི་ཡིས་དེ་ལ་བརྒྱན་པའོ།། གཉིས་འགྱུར་ཞེས་པ་ནི། དེ་ལྟ་བུ་ཉིད་ལན་གཉིས་སུ་བཟླས་པའོ།། ལྔ་པ་ཡི་ནི་གསུམ་པ་དང་ཞེས་པ་ནི་བའོ།། ་གཉིས་པ་ཡི་ནི་གསུམ་པ་ཞེས་པ་ནི་ཛིའོ།། མེ་ཡིས་བརྒྱན་ཞེས་པ་ནི་ཛ་དེ་ལ་རོ་གདགས་པའོ།། ཧཱུཾ་ནི་རྣམ་པ་གསུམ་སྦྱར་ནས། ཞེས་པ་ནི་སྔགས་ཀྱི་རྐང་པ་དེ་དག་གི་འོག་ཏུ་ཧཱུཾ་རྣམ་པ་གསུམ་སྦྱར་བར་བྱའོ།། ལྔ་པ་ཉིད་ཀྱི་གཉིས་པ ་དང་།། ཞེས་པ་ནི་ཕའོ།། གསུམ་པའི་དང་པོ་ཞེས་པ་ནཱི་ཊའོ།། མཐར་སྭཱ་ཧཱ་ཞེས་པ་ནི་སྔགས་ཀྱི་ཚིག་དེ་དག་གི་མཐར་སྭཱ་ཧཱ་སྦྱར་བར་བྱ་བ་སྟེ། ཕྱག་དྲུག་པའི་སྔགས་བཏུ་བའོ།། དང་པོར་རྣམ་སྣོང་ཞེས་པ་ནི་ཨོཾ་མོ།། བཞི ་པའི་དང་པོ་ཞེས་ནི་ཏའོ།། བྱིན་ཟ་ཡང་དག་ལྡན་ཞེས་པ་ནཱི་ཏཱ་དེ་ལ་ར་ཡིག་གདགས་པའོ།། རོ་ལངས་མ་ཡིས་རྣམ་པར་བ་ནེ།། ཞེས་པ་ནི་ཏ་དེ་ཉིད་ཀྱི་སྟེང་དུ་ཨེ་ཡིས་བརྒྱན་པར་བྱའོ།། མཐར་གནས་རྣམས་ཀྱི་གསུམ་པ་ལ་ཞེས ་པ་ནི་ལའོ།། གྷསྨ་རཱི་ཡིས་རྣམ་པར་བརྒྱན་ཞེས་པ་ནི། དེ་ཡི་རྩེ་མོར་ཨོ་ཡིས་བརྒྱན་པའོ།། དང་པོ་ཡི་ནི་དང་པོ་ལ་ཞེས་པ་ནི་ཀྭའོ།། མཐར་གནས་པའི་དང་པོ་དང་ཞེས་པ་ནི་ཀ་ལ་ཡ་གདགས་པའོ།། རྡོ་རྗེ་མ་ཡིས་རྣམ་བརྒྱན ་ལ། ཞེས་པ་ནི་དི་ལ་ཨ་གདགས་པའོ།། ཀྵ་ནི་ཆོམ་རྐུན་མ་ཡིས་བརྒྱན་ཞེས་པ་ནི་ཡི་གེ་དེ་ལ་ཨེས་བརྒྱན་པའོ།། ལྔ་པ་ཉིད་ཀྱི་དང་པོ་དང་ཞེས་པ་ནི་པའོ།། ཨུཥྨཱ་རྣམས་ཀྱི་བཞི་པ་ལ་ཞེས་པ་ནི་ཧའོ།། རྡོ་རྗེ་མཁའ་འགྲོ ་མ་ཡིས་བརྒྱན། ཞེས་པ་ནི་ཧ་ལ་ཨུ་གདགས་པའོ།། སྟོབ་པས་མནན་ཅིང་ཞེས་པ་ནི། དེ་ལ་སྟེང་དུ་ཐིག་ལས་བརྒྱན་པའོ།། སུམ་འགྱུར་དེ་ཞེས་པ་ནི་ཡི་གེ་དེ་ཉིད་གསུམ་དུ་དགོད་པའོ།། ཕཊ་དང ་ར་ནི་སྭཱ་ཧཱ་ཉིད་ཅེས་པ་ནི། སྔགས་རྐང་ང་དག་གི་མཐར་ཕཊ་དང་སྭཱ་ཧཱ་སྦྱར་བར་བྱ་བ་སྟེ། ཕྱག་གགཉིས་པའི་སྔགས་བཏུ་བའོ།། བདག་མེད་པ་ཞེས་པ་ཨའོ།། དང་པོའི་དང་པོ་ཞེས་པ་ན་ཀའོ།། གཉིས་པ་ཉིད་ཀྱི་དང་པོ་དང ་ཞེས་པ་ནི་ཙིའི།། གསུམ་པ་ཉིད་ཀྱི་དང་པོ་དང་ཞེས་པ་ནི་ཊའོ།། བཞི་པ་ཡཾ་ནི་དང་པོ་དང་ཞེས་པ་ནི་ཏའོ།། ལྔ་པ་ཡི་ནི་དང་པོ་དང་ཞེས་པ་ནི་པའོ།། མཐར་གནས་རྣམས་ཀྱི་དང་པོ་དང་ཞེས་པ་ནི་ཡའོ།། ཨུཥྨཱ་རྣམས་ཀྱི་དང་པོ་ཉིད ་ཅེས་བྱ་ནི་ཤའོ།། དང་པོར་རྣམ་སྣང་མཐར་སྭཱ་ཧཱ། ཞེས་པ་ནི་སྔགས་ཀྱི་རྐང་པ་དེ་དག་གི་དང་པོར་ཨོཾ་སྦྱིན་པ་དང་། མཐར་སྭཱ་ཧཱ་སྦྱར་ཏེ་ཡི་གེའི་གྲངས་ཀྱི་འབུམ་བཟླས་ཤིང་། སྦྱིན་སྲེག་དེ་ལ་བཅུར་དགོས་པའི་ཆས་བསྲེགས ་དེ།། སྔོན་དུ་བསྙེན་པ་བྱས་ན་སྟུག་པོ་བཀོད་པའི་གྲོང་ཁྱེར་སངས་རྒྱས་རྣམས་ཀྱི་བཞུགས་གནས་ལྟ་བུའང་འཁྲུག་པར་བྱེད་ན། འཇིག་རྟེན་གསུམ་གྱི་སྐྱེ་བོ་ཕལ་པ་རྣམས་ཀྱི་གྲོང་ཁྱེར་འཁྲུག་པར་འགྱུར་བ་ལྟ་སྨོས་ཀྱང ་ཙང་གོས། མཐར་གནོས་རྣམས་ཀྱི་གཉིས་པ་དང་ཞེས་པ་ནི་རའོ།། ཀྵ་ཡཾ་རྐང་པ་ཉིས་འགྱུར་ཉིད་ཅེས་པ་ནི་ཡི་གེ་དེ་ཉིད་གཉི་སུ་དགོད་པའོ།། ཧཱུཾ་གི་རྣམ་གསུམ་དང་ལྡན་ཞེས་པ་ནི་ངའི་རྗེས་སུ་ཧཱུཾ་གསུམ་སྦྱར་བར་བྱའོ།། དང ་བྱོར་རྣམ་སྣང་ཕན་ཉིད་ཀྱིས།། རྣམ་པར་ནང་བཅུག་མ་ཐར་སྭཱཏྨ། ཞེས་བྱ་བ་ནི་གོང་གི་སྔགས་ཀྱི་རྐང་པ་དེ་དག་གི་དང་པར་ཨོཾ་སྦྱིན་ཞིང་མཐར་མར་སྭཱ་ཧཱ་སྦྱར་ལ། དེའི་འོག་ཏུ་ཕཊགྣིས་ལྡན་པས་ནི་ས་སྦྱང་བའི་སྔགས་བརྒྱ་བར།། ད ་པོར་རྣམ་སྙིང་ཞེས་པ་ནི་ཨོཾ་མོ།། དེ་རྗེས་སུ་རྡོ་རྗེ་མའི་ཞེས་པ་ནི་ཨཱཿའོ།། མཐའ་རེ་ཧཱུཾ་ཞེས་པ་ནི་དེའི་རྗེས་སུ་ཧཱུཾ་ཉིད་སྦྱར་བའོ།། བཟ་བ་ཏུ་ཛྙཱན་གྱིས་བརླབ་པའི་ཞེས་པ་ནི། སྐུ་གསུང་ཐུགས་ཀྱི་ཡི་གུ་གསུམ་གྱིས་བཟའ་བ ་དང་བཏུང་བི་ལ་བྱིན་གྱིས་བརླབ་པར་བྱ་བ་སྟེ། དྲང་བ་དང་ངེས་པའི་དོན་གཉིས་སུ་གློ་བར་བྱའོ།། དང་པོར་རྣམ་པ་ར་སྣང་མཛད་ཉིད། ཅེས་པོ་ནི་དང་པོར་ཨོཾ་དགང་བའོ།། དེ་རྗེས་ཨོཾ་ཀ་རྀ་མུ་ཁི་ཞེས་པ་ནི་དེ་རྣམས་དེའི་རྗེས་སུ་སྦྱར ་རྱབྱའོ།། ཨུཥྚོ་རྣམས་ཀྱི་གསུམ་པོ་དང་ཟློས་པ་ན་སའོ།། མཐར་གནས་རྣམས་ཀྱི་བཞི་པོ་ནི་ཞེས་པ་ནཱི་ཝའོ།། སྱཱད་དྲི་མ་ཡིས་རྣམ་པར་བརྒྱན་ནས་པ་ནི། དེའི་སྟེང་དུ་ར་ཡིས་མནན་པའོ།། དྷ་རྨཱརྡྷ་རྗེས་རྡོ་རྗེ་མ།། བྱིན་ལེ་ཞེས ་ནརྀ་དོའྀའི་རྗེ་སུ་དྷཱ་རྨྨ་ཎྜཱི་སྦྱར་ལ། དེ་ནས་ཨཱས་བྱིན་ཞིང་ཏྱཱ་ནུཏ་པནྡྷ་ན་ཏྭཱཏ་ཞེས་པ་ནི་ཡང་ཡཾ་གཱི་དེ་རྣམས་བྱིན་ལ། དེའི་རྗེས་སུ་ཡང་ཨོཾ་ཨཱ། ཧཱུ~ཾ་ཕཊ་སྭཱཧཱ། ཞྭས་པ་ནཱི་འབྱུང་པོ་ཐམས་ཅད་ག། རོ་མོའི་སྔགས་བཏུ་བའོ།། དེ་ལྟ་ན་ཆོག ་དེ་ལྟ་བུ་དེང་ལྗོན་པའི་སྔགས་བཏུས་ཏེ་བཟློས་པ་བྱས་ན། རྒྱུད་ལས་གསུངས་པ་བཞིན་དངོས་གྲུབ་ཐོབ་པར་འགྱུར་གཞན་དུ་མ་ཡིན་ཞེས་བྱ་བའི་དོན་ཏོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཚར་བཤད་པ་ལས། སྔགས་བཏུ་བའི་ལེའུ ་ཡི་རྒྱ་ཆེར་བཤད་པ་སྟེ་དགུ་པའོ།། ། བརྒྱ་བྱིན་མཚོན་ཆ་དང་མཚུངས་པའི།། རྡོ་རྗེ་ཅན་ལ་གུས་བཏུད་ནས།། སེམས་ཅན་རྣམས་ཀྱི་ལམ་བླང་ཕྱིར།། བགྲང་ཕྲེང་དབྱེ་བས་རྒྱས་པར་བསྟན།། ་དེ་ནས་ཆོས་ཀུན་སྡོམ་གཅིག་པ།། རྡོ་རྗེ་སེམས་དཔའ་ཞེས་བྱས་གསུངས།། བདག་མེད་མ་ལ་ཞལ་སྦྱར་ནས།། བཟླས་པའི་ཡུལ་ནི་རབ་ཏུ་ཕྱེ།། ཞེས་བྱ་བ་ལ་ཀུན་རྫོབ་ཏུ་རང་བཞིན་ནི་ཡོན་ཏན་གྱི་དབང་གི་རྡོ་དང་ལྕགས་འཐབས་པའམ།། ་ཤིང་གི་ཤིང་ལ་འདུད་པའམ། ཆུ་ཤེལ་ཟླ་བའི་འོད་ལ་བསྟོན་པའམ། མེ་ཤེལ་ཉི་མའི་འོད་ལ་བསྟན་པས། མ་འབྱུང་བ་ལ་སོགས་པ་ལྟོར་འཇིག་རྟེན་ལྟ་བུའི་གྲུབ་པ་རྣམས་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ལས་འབྱུང་ངོ་ཞེས་གསུངས ་པས་འདིར་ཡང་རྒྱུད་དེ་ལྟར་ཤེས་པར་བྱའོ།། ཤེལ་གྱིས་རངས་པའི་བཟླས་པ་ཉིད།། དབང་ལ་ཙན་དན་དམར་པོ་ཉིད།། ལུང་ཏང་གིས་ནི་མངོན་སྤྱོད་དང་། ནི་ར་སུས་ནི་སྡང་བ་ལ། ཞེས་བྱ་བ་གསུངས་ཏེ། སྐྱེས་བུ་གང་ཞིག་གིས་རེངས་པའི ་ལས་བསྒྲུབ་པར་འདོད་པ་དེས་ཤེལ་གྱི་བགྲང་ཕྲེང་གིས་བཟླ་བར་བྱ་ཞིང་། ལྟེ་བའི་དཀྱིལ་འཁོར་དུ་ཟད་པར་ས་བསྒོམ་པ་རྣམས་ཀྱིས་འགྲུབ་པར་འགྱུར་རོ།། སྐྱེས་བུ་གང་ཞིག་དབང་དུ་བྱེད་པར་འདོད་པའི་རྣལ་འབྱོར་ལ་བརྩོན་པ་དེས ་ཙན་དན་དེ་མར་པོའི་བགྲང་ཕྲེང་གིས་བཟླ་བར་བྱ་ཞིང་མགྲིན་པའི་དཀྱིལ་འཁོར་དུ་ཟད་པར་མེའི་ཏིང་འཛིན་དང་ལྡན་པ་རྣམས་ཀྱིས་འགྲུབ་པར་འགྱུར་རོ།། དེ་བཞིན་དུ་མངོན་སྤྱོད་ཀྱི་ལས་ལ་བརྩོན་པར་འདོད་པས་ལུང་ཏང་གི་བཟླ་བར ་བྱ་ཞིང་། ཟད་པར་ས་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པར་བྱའོ།། སྡང་བའི་སྦྱོར་བ་ལ་བརྩོན་པའི་རྣལ་འབྱོར་པས་མི་རུས་ཀྱི་ཕྲེང་བས་བཟླ་བར་བྱ་ཞིང་། དེ་བཞིན་དུ་ཟད་པར་ས་ཉིད་ཀྱི་ཏིང་ངེ་འཛིན་དང་ལྡན་པར་བྱའོ།། སྐྲོད་པའི་སྦྱོར་བ་ལ་བརྩོན ་པར་འདོད་པས་རྟའི་རུས་པས་བཟླ་བར་བྱ་ཞིང་།། སྙིང་ཀའི་གནས་སུ་ཟ་ད་པ་རླུང་གིས་ཏིང་ངེ་འཛིན་དང་ལྡན་པར་བྱའོ།། དགུག་པའི་སྦྱོར་བ་ལ་བརྩོན་པར་འདོད་པས་བྲམ་ཟེའི་རུས་པས་བཟླ་བར་བྱ་ཞིང་། དཔྲལ་བར་ཟད་པར་ཆུའི ་ཏིང་ངེ་འཛིན་དང་ལྡན་པར་བྱའོ།། ཆར་དབབ་པའི་སྦྱོར་བ་ལ་བརྩོན་པར་འདོད་པས་གླང་པོའི་རུས་པས་བཟླ་བར་བོ་ཞིང་། དཔྲལ་བར་ཟད་པར་ཆུའི་ཏིང་འཛིན་དང་ལྡན་པར་བྱའོ།། གསོད་པའི་སྦྱོར་བ་ལ་བརྩོན་པར་འདོད་པས། མེ ་ཧཾའི་རུས་པས་བཟླ་བར་བྱ་ཞིང་། གཙུག་ཏོར་གྱི་གནསུ་ཟད་པར་ན་མཁའི་ཏིངེ་འཛིན་དང་ལྡན་པར་བྱའོ།། དེ་བཞིན་དུ་རིངས་པའི་སྦྱོར་བ་ལ་ལུས་མཁེང་བ་ཉིད་ཀྱི་ཕྱིར་འོ་མས་སྤྱད་པར་བྱའོ།། དབང་ལ་རང་གི་མདུན་ལས་སྤྱང ་ཅེས་གསུངས་སོ།། འོ་མོ་ལ་སོགས་པ་གང་ཅི་ཡང་རུབ་དང་ཇི་ལྟར་འདོད་པ་བཞིན་སྤྱད་པར་བྱའོ།། བསད་པ་ལ་ནཱི་སིངྒེ་ཉིད།། ཅེས་གསུངས་ཏེ། གསད་པའི་སྦྱོར་བ་ལ་སིཔླྀ་འམ་ཁྲོག་སྤྱད་པར་བྱའོ།། དེ་བཞིན་དུ་དགུག་པ ་ལ་གཞི་མཉམ་ཞེས་བྱ་བ་དང་། དེ་བཞིན་དུ་སྡང་བ་ལ་སཱ་ལི་ཛ་ཞེས་བྱ་བ་དང་། བསྐ་ད་པ་ལོ་རི་དགས་ཀྱི་ལྟེ་བ་ཞེས་སྤྱད་པར་བྱའོ།། ཡང་ན་མཐའི་ཤ་ཞེས་བྱ་བ་རྟའི་ཤ་དང་། དང་པའི་ཤ་ཞེས་བྱ་བ་ཁྱི་ཤ་དང་། ན་དང ་པོ་དང་ཞེས་བྱ་བ་མི་ཤ་དང་། ག་དང་པོ་དང་ཞེས་བྱ་བ་ལང་གི་ཤ་དང་། ཧ་དང་པོ་ཉིད་ཀྱང་ཞེས་བྱ་བ་གླང་པོ་ཆེའི་ཤ་ལ་སོགས་པ་ཅི་རིགས་པར་སྤྱད་ཅེས་པའི་དོན་ཏོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད ་པ་ལས། བཟླས་པའི་ཡུལ་གྱི་ལེའུ་ཡི་རྒྱ་ཆེར་བཤད་པ་སྟེ་བཅུ་པའོ།། །། སེམས་ཅན་ཐམས་ཅད་ཕན་བྱའི་ཕྱིར།། སངས་རྒྱས་དོན་ལ་སྦྱོར་མ་ཛད་པ།། ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ནས།། ལྷན་ཙོག་སྐྱེས ་སྦྱོར་རྒྱས་བཤད་བྲི།། ཀྱེ་རྡོ་རྗེ་ལ་དམ་འཁྱུད་ཅིང་།། ཚེམས་ཀྱི་མ་ཆུ་བཙིར་ནས་ནི།། ལུས་ཅན་རྣམས་ཀྱི་རིགས་ཀྱི་གཟུགས།། དེ་ལ་བདག་མེད་མས་ཞུས་པས། ཞེས་བྱ་བ་ལ་སོགས་པ་ལ་བདག་མེད་མས་བཅོམ་ལྡན ་འདས་ཀྱེའི་རྡོ་རྗེ་ལ། བདེ་བ་ཆེན་པོའི་ཕུལ་དུ་ཕྱིན་པའི་མཆོད་པས་ལེགས་པར་མཆོད་དེ། ཀུན་རྫོབ་ཏུ་རང་བཞིན་ཡོན་ཏན་གྱི་དབང་གིས། ལུས་ཅན་རྣམས་ཀྱི་རིགས་ཀྱི་མཚན་མཽ་ཇི་ལྟར་མཚོན་པར་བགྱི་ཞེས་ཞུས་པའི་དོན་ཏེ། དེ ་ལ་སླར་ཞིང་བདག་མེང་མ་ལ་བཀའ་སྩལ་པ། བྷ་གར་ལི་ག་བཞག་ནས་ནཱི། འཁོར་ལོའི་གཙོ་བོས་འདི་སྐད་གསུངས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་ལུས་ཅན་རང་གི་རིགས་བཤད་ཀྱིས།། ཤེས་རབ་ཕ་རོལ ་ཕྱིན་མ་ཉོན། ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་ཏུ་རང་བཞིན་དང་ཡོན་ཏན་གྱི་དབང་གིས། གང་གི་རིགས་ཀྱི་མཚན་མ་གང་ཡིན་པ་དེ། ལྷ་མོ་ཁྱད་ལ་བཤད་ཀྱིས། ཀྱེ་ལྷ་མོ་གུས་པས་ལེགས་པར་ཉོན་ཅིག་ཅེས་པའི་དོན ་ཏོ།། བུད་མེད་དམ་ནི་སྐྱེས་པ་ཡི།། གང་གིས་སྤྲིན་ལག་རྩ་བ་ལས།། རྡོ་རྗེ་ནི་དགུ་པར་གྱུར་པ།། མི་བསྐྱོད་པ་ཡི་རིགས་མཆོག་ཉིད།། ཅེས་བྱ་བ་ལ་སྐྱེས་བུ་འམ་བུད་མེད་གང་གི་སྲིན་ལག་གི་རྩ་བའི་ཚིག་ན་རེ་ཁཱ་གནས་པ་ན་རྡོ་རྗེ་རྩེ་དགུ་པ ་ལྟ་བུ་ཡོད་པ་ནི་མི་བསྐྱོད་པའི་རིགས་སུ་བྱིན་གྱིས་རླབ་སྟེ། རང་བཞིན་ཡོན་ཏན་གྱི་དབང་གིས་མཱི་དེ་ལ་མདོག་ཀྱང་ནག་པོར་གནས་པ་སྟེ། བསོད་པ་འགྲུབ་བོ།། རྣམ་སྣང་མཛད་ཀྱི་འཁོར་ལོར་འགྱུར། ཞེས་བྱ་བ་ནི་དེ་བཞིན་དུ ་གང་ལ་འཁོར་ལོ་དཱ། ར་པོ་རྩིབ་བརྒྱད་པོ་ལྟ་བུ་རི་རེ་ཁཱ་གནས་པ་ནི། རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་སྟེ། རང་བཞིན་ཡོན་ཏན་དབང་གི་ས་མི་དེའི་མདོག་ཀྱང་དཀར་པོར་གནས་ཏེ། ཞི་བ་འགྲུབ་བོ།། དཔག་མེད ་འོད་ཀྱི་འདམ་སྐྱེས་ཉིད། ཅེས་བྱ་བ་ནི་དེ་བཞིན་དུ་གང་ལ་པདྨ་དུ་མར་པོ་འདབ་མི་བརྒྱུད་པ་ལྟ་བུ་རི་རེ་ཁཱ་གནས་པ་ནི། འོད་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པ་སྟེ། རང་བཞིན་ཡོན་ཏན་དབང་གིས་མི་དེའི་མདོག་ཀྱང་དཀར ་དམར་དུ་གནས་ཏེ་འགུགས་པ་འགྲུབ་བོ།། རིན་ཆེན་འབྱུང་གི་རིན་ཆེན་ཉིད། ཅེས་པ་ནི་དེ་བཞིན་དུ་གང་ལ་རིན་པོ་ཆེ་ཟུར་བརྒྱད་པ་སེར་པོའི་རེ་ཁཱ་ལྟ་བུར་གནས་པ་ནི། རིན་ཆེན་འབྱུང་ལྡན་གྱིས་བྱིན་གྱིས་བརླབས་པ་སྟེ། རང་བཞིན ་ཡོན་ཏན་དབང་གིས་མི་དེ་མདོག་སེར་པོར་གནས་ཏེ། རེངས་པ་ལ་སོགས་པའི་ལས་འགྲུང་ངོ་།། ལས་ཀྱི་རིགས་ཀྱི་རལ་གྲི་ཉིད། ཅེས་བྱ་བ་ན་དེ་བཞིན་དུ་གང་ལ་རལ་གྲི་ལྟ་བུ་འི་རེ་ཁཱ་སྔོ་གཽ་སངས་གནས་པ་ནི།། དོན་ཡོད་གྲུབ ་པས་བྱིན་གྱིས་བརླབས་པ་སྟེ། རང་བཞིན་ཡོན་ཏན་དབང་གིས་མི་དེའི་མདོག་ཀྱང་སྔོ་བསངས་སུ་གནས་ཏེ་བསྐྲད་པ་ལ་སོགས་པའི་ལས་གྲུབ་བོ།། རྣལ་འབྱོར་པ་གང་དཀར་དང་སེར།། དེ་ནི་སེམས་དཔའི་རི་ཌ ་འགྱུར། ཞེས་བྱ་བ་ནི་དེ་བཞིན་ཏུ་གང་ལ་མདོག་དཀར་སེར་ནི་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་སྟེ། ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། སྐྱེ་བོ་རྣལ་འབྱོ་རེ་མཐར་བྱན་པས།། ང་རྒྱལ་མི་བཅག་མཐོ་མི་བརྩམ།། ཀུན་རྫོབ ་གཟུག་སུ་གནས་ནས་ནི།། དེ་རྣམས་བདེ་གཤེགས་རིགསུ་འགྱུ་རེ། ཞེས་བྱ་བ་ནི་ཚུལ་དེ་ལྟར་ན་སྐྱེས་བུ་དང་མི་མོ་འདི་དག་ཐམས་ཅད་ཀྱང་རྒྱལ་བ་རིགས་ལྕི་དང་དྲུག་ལྀ་སོགས་པས་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར། ཕན ་ཚུན་དུ་ཞི་འགྲས་པ་དང་། སྡང་བར་མི་བྱ་སྟེ། ཐམས་ཅད་དཔའ་བོ་རྣམས་ཀྱིས་རང་བཞིན་གྱི་ཡོན་ཏན་དང་ལྡན་པར་ཐེ་ཚོམ་མེད་པའོ།། བསྡུས་པའི་རྒྱུད་འདི་ཉིད་ལས་ཀྱང་ཇི་སྐད་དུ། སེམས་ཅན་གནོད་པ་ཙམ་གྱིས་ནི།། ཕྱག ་རྒྱུའི་དངོས་གྲུབ་ཐོབ་མི་འགྱུ་ཞེས་བྱ་བ་གསུངས་སོ།། གཞན་ཡང་རྡོ་རྗེའི་རིགས་ནི་གཙུག་ཏོར་རོ།། སྣང་མཛད་རིགས་ནི་དཔྲལ་བར་རོ།། རཱིན་ཆེན་རིག་ས་ནི་མགྲིན་པར་རོ།། དོན་ཡོད་རིགས་ནི་སྙིང་ཀའོ།། རིན་ཆེན་རིགས་ནི་ལཱྀ ་བོའོ།། སེམས་དཔའི་རིགས་ནི་གསང་བའོ།། དེ་བཞིན་དུ་སྙིང་ཀའི་པདྨ་འདབ་མ་བརྒྱད་ལས། ཤར་ནི་དོན་ཡོད་རིག་སོ།། ལྷོ་ནི་རིན་ཆེན་རིག་སོ།། ནུབ་དུ་ནི་རྣམ་སྣང་རིག་སོ།། བྱང་དུ་ནི་དཔག་མེད་རིགས་སོ།། དབུས་སུ་ནི་མི་བསྐྱོད ་རིགས་སོ།། དེ་བཞིན་དུ་ཨ་ནི་དབུས་སུའོ།། ཨི་ནི་ཤར་དུའོ།། རྀ་ནི་ལྷོར་རོ།། ལཾ་ནི་ནུབ་ཏུའོ།། ཨུ་ནི་བྱང་དུའོ།། གཞན་ཡང་རླུང་ནི་ཤར་དུའོ།། མེ་ནི་ལྷོའོ།། ས་ནི་ནུབ་བོ།། ཆུ་ནི་བྱང་ངོ་།། ན་མཁའ་དབུས་སུ་རིག་པར་བྱའོ།། བུད་མེད་རྣམས ་ཀྱི་མཚན་ཉིད་འདི།། ཇི་ལྟར་སྐྱེས་པ་དེ་བཞིན་ནོ།། ཞེས་བྱ་བ་ལ་ཇི་ལྟར་སྐྱེས་པ་རྣམས་ལ་བལྟོས་ནས་དཔའ་བོ་རྣམས་ཀྱི་མཚན་མ་དང་། ཁ་དོག་ཇི་ལྟ་བ་དེ་ལྟ་བུར་བུད་མེད་རྣམས་ཀྱི་བསྟན་པར་བྱའོ།། དེ་བསོ་དེའི་ཕྱིར་སྐྱེས་པ ་འམ་བུད་མེད་གང་ལ་ལས་ཀྱི་ཕྱག་རྒྱ་དངོས་གྲུབ་པར་འདོད་པ་རྣམ་པ་དང་རྟག་དང་མཚན་མ་གང་བསྟན་པ་དེ་དག་རིག་པར་བྱས་ལ་གཟུང་བར་བྱ་བ་ནི་དེ་བཞིན་གཤེགས་པའི་གདམས་ངག་གོ།། ཀུན་རྫོབ་ཐ་སྙད་ཚུལ་ལོས་ནི། ་དེའི་རིག་སུའང་དེ་འགྱུར་རོ།། ཞེས་པོ་ནི་ཀུན་རྫོབ་ཏུ་རང་བཞིན་དང་ཡོནྡྲ་ཏན་གྱི་དབང་གིས་གང་དང་གང་ལ་དེ་དང་དེའི་རིགསུ་གཟུང་བས་འགྲུབ་པར་འགྱུརརོ།། བྷ་ག་ལིང་ག་འོ་མཛད་ནས།། དེ་ལ་རྡོ་རྗེ་ཆེ་མཉེས་ནས།། བདག་མེད་མའི ་གོ་མཛད་པ།། ལྷ་མེ་རབ་ཏུ་མཆོད་པ་ཉོན། ཞེས་བྱ་བ་ནི་གོང་དུ་བསྟན་པའི་ཕན་ཚུན་གྱི་རིགས་དེ་འདྲ་བ་གཅིག་གིས་གཅིག་རྟོགས་པར་བྱས་ལ་ཕྱག་རྒྱ་ཆེན་པོའི་གནས་མཆོག་བཙལ་བར་བྱ་བ་བསྟན་པར་བྱ་ཡིས་ཉོན་ཅིག་ཅེས་བྱ་བའི ་དོན་ཏོ།། ལྷ་མོ་འདོད་པའི་དངོས་གྲུབ་ཐམས་ཅད་བྷོ་ག་དང་ལིང་ག་མཉམ་པར་སྦྱར་བའི་ཆོ་ག་ལས་བྱུང་བས་བྷ་ག་དང་ལིང་གའི་ཆོ་གའི་ཐབས་ཀྱི་སྦྱོར་བ་ལ་མཁས་པར་བྱའོ།། ཞེས་རྩ་བའི་རྒྱུད་ལས་ཀྱང་གསུངསོ།། གཞན་ཡོང་དེ ་ཉིད་ལས་ཇི་སྐད་དུ། སེམས་ཅན་རྣམས་ཀྱི་རང་བཞིན་ནི།། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ།། དེ་ལྟ་དེ་ལྟར་སེམས་ཅན་དོན།། འདོད་ཆགས་ལ་སོགས་རྣམ་དྲག་བྱ་ཞེས་པ་དང་། གཞན་ཡང་སེམས་ཅན་ལ ་རྣམས་ལ་ཕན་ཕྱིར་དང་།། སངས་རྒྱས་རྣམས་ཀྱིས་བསྟན་པའི་ཕྱིར།། སེམས་ཅད་ཐམས་ཅད་བསོད་ཀྱང་ནི།། སྡིག་གིས་གོས་པར་མི་འགྱུར་རོ་ཞེས་པ་དང་། འདོད་ཆགས་འདྲ་བའི་བདེ་བ་མེད།། རྒྱལ་བ་ལ་ནི་དེ་ཕུལ་ལ།། གཞན ་གྱི་ཆུང་མ་སེམས་ཅན་ཕྱིར།། བསྟོན་པས་བསོད་ནམས་ཐོབ་པར་འགྱུར།། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ།། དེ་བས་ན་རིགས་དང་ལྡན་པའི་བཙུན་མོ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཙལ་བར་བྱ་བའི་ཕྱིར་འཁྲིག ་ཐབས་ཀྱི་སྦྱོར་བ་རྣམས་ཀྱང་བྱ་སྟེ། ཚལ་དང་སྐྱེ་བོ་མི་གནས་དང་། བདག་གི་ཁྱིམ་གྱི་ནང་དུ་ཡང་།། གཙར་བུ་ཕྱག་རྒྱ་ཆེ་བྱས་ནས།། རྣལ་འབྱོར་རིག་པས་རྟག་ཏུ་མཆོད། ཅེས་བྱ་བ་སྟེ། གནས་འདི་རྣམས་སུ་བསྟོན་ལ་ནམ ་ཡེ་ཤེས་མ་སྐྱེས་པ་དེ་སྲིད་དུ་བསྟེན་པར་བྱ་སྟེ་སྤྲོས་པ་དང་བཅས་པའི་སྤྱོད་པས་སོ།། གཞན་དུ་ན་མ་དང་ལྡན་པ་བརྒྱད་སྤངས་ལ།། ཟས་དང་གོས་སོགས་བལྟོས་མེད་པར།། རང་གི་ཁྱིམ་འམ་གཞན་པ་རུ།། ཡེ་ཤེས ་འདི་ནི་རྟག་པར་དམིགས། ཞེས་བྱ་བ་རྩ་བའི་རྒྱུད་ལས་གསུངས་པ་དོན་ཁོང་དུ་ཆུད་པར་བྱའོ།། གཞན་ཆགས་པའི་བསྟོན་ཆོས་ཀྱི་མཚན་ཉིད། འོ་དང་འཁྱུད་པ་བྱས་ནས་ནི་ཞེས་པ་ནས། སྟེང་དང་འོག་ཏུ་བལྟ་བ་ཉིད། ཅེས ་པལ་སོགས་པ་ཚིགསསུ་བཅད་པ་ཕྱེད་དང་གསུམ་གྱི་དོན་རྒྱས་པ་འདོད་པའི་བསྟན་བཅོས་མཱུ་ལའི་ཚུལ་དུ་བྱ་བ་ཡིན་ལ། མཐར་ཐུག་པ་མེད་པས་འདིར་མ་སྨོས།། དཔའ་བོ་དང་དཔའ་མའི་དབང་ཕྱུག་མ་རྣམས་ལ་བཟོད་པར་གསལ།། ་དངོས་གྲུབ་རྒྱས་པ་ཐོབ་པ་སྟེ།། སངས་རྒྱས་ཀུན་དང་མཉམ་པར་འགྱུར།། དེ་རུ་ག་བུར་བ་ཏུང་བར་བྱ། ཞེས་བྱ་བ་ནི་རྡོ་རྗེའི་རིགས་ལ་སོགས་པའི་བཙུན་མོ་གང་ཡིན་པ་དེ་རྣམས་ལ་བརྟེན་པས་དྲི་མ་མེད་པའི་ག་པུར་བཏུང་བར་བྱའོ།། ་དྲི་མ་དང་བཅས་པས་མ་ཡིན་ཏེ། དེས་དངོས་གྲུབ་མེད་དོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ག་བུར་རྒྱུ་ཡི་ཕྱིར།། ཤི་ནི་བཟའ་བ་ཉིད་དུ་བྱ།། ཁྱད་པར་དུ་ཡང་ཆད་ཉིད་དོ།། ཅེས་བྱ་བ་ནི་དྲི་མ་མེད་པའི་ག་བུར་ཀུན་ཏུ་བསྐྱེད་པར་བྱ་བའི་ཕྱིར་ཤོ་ཐམས ་ཅད་དང་ཆང་ཐམས་ཅད་དང་། སྦྱང་བ་དང་། རྟོགས་པར་བྱ་བ་དང་། སྦར་བ་དང་། བདུད་རྩི་བྱས་ལ་སྤྱད་དེ། དེས་ག་བུར་རྒྱས་པར་འགྱུར། ཞེས་པའི་དོན་ཏོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། ལྷན་ཅིག ་སྐྱེས་པའི་ལེའུ་ཡི་རྒྱ་ཆེར་བ་ཤ་པ་སྟེ། བཅུ་གཅིག་པོའོ།། ། ཡོད་མིན་མོང་མིན་ཡོད་མེད་མིན།། མུ་བཞི་ལས་གྲོལ་བདག་ཕྱག་འཚལ།། བཞི་པོའི་རྒྱས་པར་བཤད་བ་ནི།། རྡོ་རྗེ་སྙིང་པོས་འབད་དེ་བྲི།། དེ ་ནས་རྡོ་རྗེ་ཅན་གྱི་དབང་བཞིའི་དོན་ཉིད་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དོན་འདི་ཡང་རྩ་བའི་རྒྱུད་འབུམ་ཕྲག་ལྔ་པ་ཉིད་ན་གསལ་བས་དེ་ལ་འཇུ་བར་བྱའོ།། འཇིག་རྟེན་འཇིག་རྟེན་འདས་དབྱེ་བས།། དབང་ནི་རྣམ ་པ་གཉིས་སུ་བརྗོད།། འདོད་པའི་འབྲས་བུ་རྣམ་པ་གཉིས།། བཞི་འདི་ལས་ནི་འབྱུང་བར་བཤད།། སྐུ་གསུང་ཐུགས་སུ་ཕྱེ་བ་ལས།། བུམ་པ་གསང་བ་ཞེས་བྱ་དང་། ཤེས་རབ་ཡེ་ཤེས་ཞེས་བྱ་བ།། མངོན་པར ་དབང་བསྐུར་གསུམ་དུ་བསྟན།། སྐུ་གསུང་ཐུགས་དང་ཡེ་ཤེས་ཕྱིར།། མངོན་པར་དབང་བསྐུར་རྣམ་པ་བཞི།། བུམ་པ་གསང་བ་ཤེས་རབ་དང་།། ཡེ་ཤེས་དབང་དང་བཞི་རུ་བཤད།། ཅེས་གསུངས་སོ།། དེ་བས་ན་བདུད་དང་བཅུ་དང ་བཅུ་གཅིག་སོགས།། དང་པོ་སངས་རྒྱས་རྒྱུད་ཆེན་དང་།། འབུམ་ཕྲག་ལྔ་སོགས་རྒྱུད་ཆེན་རྣམས།། གང་ཡིན་དེར་བསྟན་འདིར་བསྡུས་ཙམ།། དེ་བས་ན་དབང་བཞི་དང་བཅུ་གཅིག་ལ་སོགས་པའི་གོ་རིམས་དང་དགོས་པ་དང་རྣམ་པར ་དག་པ་རྣམས་རྒྱུད་ཆེན་པོ་དེ་དག་ན་གསལ་ལ། འདིར་ནི་དོན་མདོར་བསྡུས་ཏེ་བསྟན་པ་ཙམ་ཡིན་པས་དེ་དག་རྟོགས་པར་བྱའོ།། དེ་ལ་བཞི་པ་ཞེས་བྱ་བ་ནི་དྲང་བ་དང་ངེས་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་གཉིས་ཀ་ལ ་ཡོད་ལ།། གསུང་འདི་ནི་ངེས་པའི་དོན་འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་ལ་བཞི་པ་ཞེས་གསུངས་ཏེ། རྒྱུ་ངོ་འདི་ཉིད་ལས་དེ་ལྟར་ཐམས་ཅད་བཞི་བཞིའོ།། ཞེས་གསུངས་པའི་ཕྱིར་རོ།། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད།། ་ཆ་དང་དྲིལ་བུ་ཚན་པོ་ཟུང་།། དེ་རིང་རྡོ་རྗེ་སློབ་དཔོན་འགྱུར།། སློབ་མ་བསྡུ་བ་ཉིད་དུ་གྱིས། ཞེས་པ་ནི་རྩ་བའི་རྒྱུད་ན་གསལ་བས་དེ་ལ་འཇུག་པར་བྱའོ།། ཇི་སྐད་དུ། སྟོང་ཉིད་སྙིང་རྗེས་ཁྱོད་བྱིན་བརླབས།། སྟོང་པ་སྙིང་རྗེ་རྒྱུད་མི ་འཆང་།། རྡོ་རྗེ་དྲིལ་བུ་མཚན་མར་ཟུང་།། ཇི་ལྟར་དེ་ལྟར་གཞན་ལ་བསྟན།། ཁྱོད་ནི་ཡོངས་རྫོགས་སློབ་དཔོན་ཏེ།། གནས་བརྟན་རྒན་པོའང་ཁྱོད་ཉིད་ཡིན།། ཁྱོད་ནི་གསིལ་འགྱུར་རྙོག་པ་མེད།། དགེ་སློང་དགྲ་བཅོམ་ཟག་པ་ཟད།། འཛག ་པའི་འདོད་ཆགས་རབ་སྤངས་པས།། ཁྱོད་ཀྱིས་ཟུག་རྔུ་མ་ལུས་བཏོན།། གཞན་ཡཱ་ཕན་པའི་གང་ཟག་མཆོག། ཁྱོད་ནི་མངོན་སུམ་སངས་རྒྱས་སྲས།། ཞེས་གསུངས་པ་ལས་དོན་རྟོགས་པར་བྱའོ།། ཇི་ལྟར་འདས་པའི་སངས་རྒྱས ་ཀྱིས།། བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར།། བདག་གིས་གསང་ཆེན་དབང་གིས་ནི།། ཁྱོད་ཀྱིས་སེམས་རྒྱུན་དབང་བསྐུར་ཏོ།། ཞེས་བྱ་བ་ནི་ཇི་ལྟར་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་སྲས་བྱང་ཆུབ་སེམས་དཔའ་རྣམས ་ལ་སངས་རྒྱས་རྣམས་ཀྱིས་གསང་ཆེན་བཞི་པས་དབང་བསྐུར་བ་ལྟར། བུ་ཁྱོད་ཀྱི་སེམས་ཀྱི་རྒྱུད་རྡོ་རྗེ་ལྟ་བུར་དབང་བསྐུར་ཏེ།། ཞེས་བྱ་བའི་དོན་ཏོ།། ལྷ་མོ་དགའ་སྟེར་གནས་སྟེར་མ།། སྣ་ཚོགས་གཟུགས་ཅན་ཡིད་འོང་མ།། ་ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། ཁྱེར་ལ་མཆོད་པ་དག་ཏུ་བྱོས།། ཞེས་བྱ་བ་ལ་དགའི་སྟེར་གནས་སྟེར་ནི་རང་གི་རིག་པའི་སྟོང་པོ་ཉིད་དོ།། སྣ་ཚོགས་ནི་སྟོང་པ་ཉིད་ཀྱི་རྡོ་རྗེའི་ལམ་འདི་ལ་གནས་ནས་གཟུགས་སྣ་ཚོགས ་དོང་།། སྒྲ་སྐད་སྣ་ཚོགས་པ་ཡིད་དུ་འོང་པོས་ཆོས་སྟོན་པསོ།། ཁྱོར་ཅིག་ཅེས་པ་ནི་དེ་ཡིད་ལ་ཟུང་ཞིག་པའོ།། མཆོད་པ་གྱིས་ཞེས་པ་ནི་དེའི་དབང་གིས་བདག་མེ་རིགས་ལྡན་མ་དྲི་ཆེན་དྲི་ཆུ་ལ་སོགས་པ་འབྱུང་བ་མེད་པས་མཚོ། ་པའོ།། ཡེ་ཤེས་འདི་ནི་ཆེས་པྲ་ཞེས་པ་ནི་བྱིས་པའི་སྐྱེ་བོ་དབང་པོ་གཉིས་ཀྱི་བདེ་བ་འབའ་ཤིག་ལ་ཆགས་པ་རྣམས་ཀྱིས་རྟོགས་པར་དཀའ་སྟེ། དཔེར་ན་རྡོ་རྗེ་ན་མཁའི་དཀྱིལ་དང་མཚུངས་ཞེས་བྱ་བ ་ནམ་མཁའ་དབྱིབས་དང་རྫས་དང་བྲལ་བ་རྟོགས་པར་དཀའ་བཞིན་ནོ།། འཛག་པ་ལ་སོགས་པའི་ཉོན་མོངས་པའི་དྲི་མའི་རྡུལ་བསལ་ཏེ་ཞི་བའི་གོ་འཕང་སྤེལ་བས། རྡུལ་བྲལ་མཐར་བྱིན་ཞི་བ་ཉིད་དོ།། རང་གིས་རང་གཽ ་སེམས་སོ་སོར་རྟོག་པའི་མཐའ་ལས་བྱུང་བས་ན། ཁྱོད་ཉིད་ཀྱང་ནི་དེ་ཡི་པ་ཞེས་བྱའོ།། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པ་ནི། ཐ་མལ་པའི་བྷ་ག་དང་ལིང་ག་ངག་མི་ཤིག་པོའི་རང་བཞིན་དུ་བྱིན་གྱིས་བརླབ་པ་སྟེ། རྐྱང་མ ་དང་རོ་མ་དག་མི་ཤིགས་པ་ཀུན་སྤངས་པའི་ལམ་དུ་བྱིན་གྱིས་བརླབ་པའོ།། ཨོཾ་ནཽ་དབུགས་སྡུད་པའོ།། པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁ་རཏ། ཞེས་པ་ནི་འཛག་པའི་རང་བཞིན་གྱིས་མི་གོས་པ་སྟེར་བའི་ཕྱིར་རོ།། ཙོ་ཏུ་རཱ ་ནནྡ་བཱ་ག་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀཱུ་རཱ་ཡ~ཾ་ཀུ་རུ་ཥྭ་མེ། དྲི་མ་མེད་པའི་དགའ་བཞིའི་དབང་གིས་འགྲོ་བ་ཐམས་ཅད་ལ་རིག་སྣ་ཚོགས་པའི་ཆོས་ཀྱི་འཁོར་ལོ་སྟོན་ནུས་པའི་ཕྱིར་རོ།། ཨོཾ་བཛྲ་མ་ཧཱ་དཱ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡ་ཀ། ཞེས་པ ་ནི་ཐ་མལ་པའི་ཞེ་སྡོང་བཅོམ་ནས་ཞེ་སྡང་རྡོ་རྗེ་ཆེན་པོར་དགའ་བ་བཞིའི་དོན་སྟོན་པས་སོ།། ཁ་ག་མུ་ཁཻ་ཀ་རཱ་སེ་ནཱི་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀཱ་ར་ཡཾ་ཀུ་རུ་ཥྭ་མཱ། ཞེས་པ་ནི་གོང་བ་ཐམས་ཅད་ཀྱི་དགེའ་བ་ན་མཁྱེའ་ལ་འགྲོ་བའི་གན ་ཅན་འདུས་ཤིང་རོ་གཅིག་པས། སྲིད་པ་གསུམ་གྱི་མགོན་དང་། སྐྱབསུ་འགྱུར་བའི་ཕྱིར་དང་། བདག་ལ་བྱ་བ་མཛོད་ཅེས་པའི་ཕྱིར་རོ།། སྤྱི་བོར་ཨོཾ་གྱི་རྣམ་པ་ཞེས་པ་ནི་སྐུའི་རྡོ་རྗེ་སྟེ་ཟླ་བ་རྒྱུ་བའི་རྩའོ།། སྙིང་གར་ཧཱུཾ་གི་རྣམ་པ ་ཞེས་པ་ནི་ཐུགས་ཀྱི་རྡོ་རྗེ་སྟེ། གཅན་འཛིན་རྒྱུ་བའི་ནཱའོ།། ཟེ་འཕྲུལ་ཨཱ~ཾ། རྣམ་པ་ཞེས་པ་ནི་གསུང་གི་རྡོ་རྗེཉི་མ་རྒྱུ་བའི་རྩའོ།། དེ་ལྟར་ཐམས་ཅད་སྐུ་གསུང་ཐུགས་སུ་བསྡུ་བའི་ཕྱིར་གཞན་ལ་ལས་དོན་བཙལ་བར་མོ་བྱེད་པར ་སྟོན་པའོ།། རིགས་བྱེད་ཆུ་དང་མེ་ཏོག་དུ་ར་བའི་རྩ།། བྲམ་ཟོས་སྤྱི་ཐུགས་སངས་རྒྱས་སཔས་མོ་འབྱུང་།། དབང་བསྐུར་སྔགས་སོགས་ཉམས་ཀྱིས་འཛེག་དོགས་པས།། གནས་ངན་ལ་སོགས་རིགས་ལའང་བཏུང་མི་བྱ།། ་ཀྱེའི་རྡོར་འབུམ་ལྔའི་བདག་ཉིད་དང་།། མཆོག་གི་དང་པོའི་རྒྱུད་ཚེ་ན་དང་།། རྒྱུད་འབུམ་མངོན་བརྗོད་ལ་སོགས་པའི།། དོན་བཤད་རྡོ་རྗེ་སྙིང་པོས་བྲི།། འདི་བཤད་པལ་ཚར་རྩ་བ་ཡི།། སོ་སོར་བཤད་པས་རྒྱུད་འདི་ཡང་།། བརྟག ་པ་གང་དང་གང་བསྟེན་པ།། དེ་དང་དེ་ཡིས་གསལ་བར་བསྟན།། ཉན་ཐོས་སྐྱེ་བོ་རྣམས་ལ་ངས་འདི་ཡོངས་མ་བསྟན།། དེ་བཞིན་རང་རྒྱལ་ཕྱིར་མིན་མུ་སྟེགས་ཅན་ལའང་མིན།། མ་རུངས་རྒྱལ་པོ་ངན་དང་གསང་ཚོན་སྨོད་ལའང ་མིན།། རྒྱལ་སྲས་བླ་མ་སྤྱོད་ལ་འདི་མ་བསྟན།། གསང་བ་མཆོག་ལ་རབ་མོས་ཤིང་།། མངའ་བདག་བླ་མ་ལ་གུས་ལ།། རང་གི་དེ་ཉིད་སྤྲོས་ཤེས་ན།། གང་ཡིན་དེ་ལ་བསྟན་གྱིས་བསྟན།། ས་བཅུ་པ་ཡི་དབང་ཕྱུག་མཆོག། ་དཔལ་ལྡན་རྡོ་རྗེ་སྙིང་པོ་ང།། དཔའ་བོ་དཔའ་མོས་ལེགས་བསྐུལ་ནས།། རྣལ་འབྱོར་ལམ་བླང་ཕྱིར་འདི་བཤད།། རྙེད་དཀའ་དཔལ་ལྡན་ཀྱེ་ཡི་རྡོ་རྗེ་རིན་པོ་ཆེ།། འབུམ་ཕྲག་ལྔ་པ་རྩ་རྒྱུད་ལས་འདི་ལེགས་པར་བསྡུས ་དེ་འགྲེལ་ངེས་དོན་རྒྱ་ཆེར་བཤད་པ་ཞེས་བྱ་བ།། ལེགས་བྲེས་དགེ་བ་དྲི་མེད་གང་ཐོབ་དེ་ཡིས་ནི།། ཀྱེ་རྡོར་གསད་པ་ལེགས་རྟོགས་དམ་ཚིག་ཡོངས་ལྡན་ཞིང་།། འདི་སྟོན་བླ་མའི་རྗེས་འབྲངས་རྡོ་རྗེ་སྤུན་ལ་སོགས།། ཕན་ཚུན ་ལེགས་པར་སྨྲ་ཞིང་ཁོན་དུ་མི་འཛིན་དང་།། དམ་ཚིག་རྡོ་རྗེས་གླེང་སློང་དེལ་གྱིས་གནས་པར་ཤོག། མ་འདུས་དམ་འདྲལ་ངན་པའི་ལས་བྱེད་ཅིང་།། རྣལ་འབྱོར་ཆད་དུ་མི་གཉེར་སྐྱེ་བོ་གང་།། དེ་དག་མི་འབྲོགས་དེ་ཡིས་མི་མཐོང ་དང་།། རང་སྡུག་བླ་མ་རྡོ་རྗེ་མཆོད་པར་ཤོག། རྩོད་ལྡན་དུས་སུ་གསང་ཆེན་སྟོན་བྱེད་དང་།། མུ་སྟེགས་སྐྱེ་བོ་དྲན་པའི་ལྷ་འཇོམས་ཤིང་།། གང་དེའི་ལྟ་བོ་དབྱིངས་ནས་འདོན་བྱེང་པའི།། དེ་དག་འདུལ་བའི་དེད་དཔོན་དེ་བྱང ་ཤོག། རྣམ་པ་བཤད་པ་འདི་ལས་གཞན་པའི།། བཤད་པ་དེ་ཁོ་ན་མ་མཐོང་བའི་སྐྱེ་བོ་འདོད་རྒྱལ་རྣམས་ཀྱིས། བྱས་པ་ལ་ཡིད་བརྟན་པར་མི་བྱ་ཡི། འདི་དང་འདི་ལྟ་བུའི་འབྲེལ་བ་རྩ་བའི་རྒྱུད་མེ་ཐེའ་དག་གི་ངེས་པ་དང ་དྲང་བ་ལེགས་པར་གཏན་ལ་འབེབས་པ་ལ། ཡིད་བརྟན་དེ་ལ་གནས་པར་བྱའོ།། ཀྱེའི་རྡོ་རྗེའི་ངེས་པའི་དོན་གྱི་རྒྱ་ཆེར་བཤད་པ་ལས། ས་བཅུའི་དབང་ཕྱུག་ཆེན་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པ་རྫོགས ་སྱཱཕྱགས་མལྡན་པ་ཟླུམ་ཆེན་པ་དྡཱ་ངྱས་པ། རང་གྲོལ་ཆུབ་བྱུང་དག་སློང་ཤེས་བྱུ་གྲགས་པསུ་མང་དུགས་པ་བགྶཧྨ་བཱནས། ལགས་པར་བསྟན་ཏུ་བསྒྱུར་ག། ར་བ་སྒྲུས་པཱ་རཱ་ཏྣ་། ་ཀྱིརྒྱུ་ཆེར་བཤད་པ། བྱང་ཆུབ་སེམས་དཔ་རྡོ་རྗེ་སྙེད་པས་མཛད་པ། རྙེད་པར་དཀར་བ་འདི་སྟོན་དེ་ཁོ་ན་ཉིད་ཀྱི་ལེརུ་ཡན་ཆད་ཀྱི་འགྲེལ་བ་ལས་མ་འགྱུར་བ་ལས། སྐྱེ་བོད་ཀྱི་བལ་པོའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་རོལ ་ནེས་བྱ་བ་ནས། འབྲི་དགེ་སྦྱོང་ལོ་ཙྪ་བས། པཎྜི་ཏ་མཾ་ཏྲཾ་ཞབས་ལ་རྙེད་དེ། བོད་ཡུལ་དུ་དཔེ་སྤྱན་དྲངས་ནས། དགེ་སློང་རྣལ་འབྱོར་སྤྲིད་པ་དབང་ཕྱུག་གྲགས་པས་གསལ་བ་བཏབ་སྟེ་བསྒྱུར་ཟེརོ། རྒྱུ་གཱར་ཡུལ་དུ་དཀར ་ལས་ཆེར་མཛད། དག་ཤེས་ལོ་ཙཱ་བ་ལ། ཡུལ་དབུས་སུ་བྱིན་ནས། བདག་། ས་གསོལ་བ་བཏབ་ནས། པོ་ལས་བགྱིས་ཏེ་བྱང་ཆུབ་སེམས་དཔའི་འགྲེལ་པོ་བཙོ་སྦྱར། ནཚོ་བམ་ནས་ཉིད་ལ་བཅཝ ་པ་ལགས་ཏེ་དགྱེས་པར་དགོངས།། ་