CLOSE WINDOW

GT3145: gshin rje mthar byed kyi sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཡ་མཱན་ཏ་ཀ་སཱ་དྷཱ་ནཱ། བོད་སྐད་དུ། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས། དཔལ་ཁྲོ་བོ་ཆེན་པོ་ལ་ཕྱག་འཚལ་ལོ།། སྔོན་དུ་བཤདངྒ་པའི་ཆོ་གས་སྟོང་པ་ཉིད ་བསྒོམ་སྟེ། བསྲུང་བའི་འཁོར་ལོའི་ནང་དུ། སྲིན་པོ་དང་རོ་ལིངས་དག་ཕེཾ་ཕེཾ་གྱི་སྒྲ་སྒེག་པ་དང་བཅས་པའི་དུར་ཁྲོད་ཆེན་པོ་དང་ལྡན་པས་བསྐོར་བའི་དབུས་སུ།། ཡི་གེ་ཧཱུཾ་གི་སྦྱོར་བ་དང་། ཡི་གེ་བཅུ་པའི་སྔགས ་དྲན་པ་ལས། སྒྲུབ་པ་པོ་བདག་ཉིད་བསམ་པར་བྱ་བ་ནི། ཁྲོ་བ་འཁྲུགས་པས་འཇིགས་མཛད་པ།། སྐུ་ནི་མཾ་ལྕེ་འབར་བ་འདྲ།། གཟི་བརྗིད་ཆེར་འཕགས་བསམ་པ་ནི།། སྐུ་མདོག་སྟང་ཟིལ་བཅག་འཕྲོ་འདྲ།། དུས་ཀྱི ་གཟུགས་ནི་མུན་པ་ལྟ།། ཞལ་དྲུག་སྒྲ་ཡང་ཁམ་པོར་འདུག། ཞལ་གྱི་དབྱིབས་ནི་དུ་མ་སྟེ།། སྐྲ་ནི་རྒྱ་མཚོ་འཁྲུགས་པ་འདྲ།། སྨིན་མ་ཁམ་པ་མིག་ཀྱང་སེར།། ཞལ་གཅིག་བཞད་ཅིང་ཞལ་གཅིག་ཞི།། ཞལ་གཅིག་བགྲང ་ཅིང་འཇིགས་པའི་ཞལ།། ཞལ་གཅིག་ཞལ་ནི་གདུངས་པ་སྟེ།། ལྗགས་ཀྱང་བསྐྱེད་པར་མཛོད་པ་དང་།། ཞལ་གཅིག་ཀྱང་ནརྀ་མཆེ་བ་གཙིགས།། གཅིག་ནི་སྟེང་གྲི་ཕྱོགས་སུ་ལྟ།། ཞལ་ནི་དེ་དག་རེ་རེ་ལའང་།། སྤྱན ་གསུམ་དམར་ཞིང་ཟླུམ་པ་སྟེ།། ཕྱག་ནི་བཅུ་གཉིས་པ་ཡི་གཟུགས།། རྩེ་གསུམ་རལ་གྲི་དབྱུག་དགྲ་སྟེ།། སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་བ།། ལྕགས་ཀྱུ་ཡི་ནི་མཚོན་ཆ་དག། གཡས་པའི་ཕྱག་ན་དེ་བཞིན་བསྣམས ་དེ་བཞིན་གཡོན་པ་དྲུག་པོ་ཡང་།། ཐོད་པ་ཁྲག་གི་གང་བ་དང་།། མདུང་ཐུང་མདའ་བོ་ཆེ་དེ་བཞིན།། ཞགས་པ་བསྣམས་པའི་སྡིག་འཛུབ་དང་།། ཐོང་དབྱུག་ཕྱག་ན་བསམ་པར་བྱ།། ཞབས་དྲུག ་གིས་ནི་མཛེས་པར་བྱས།། དེ་བཞིན་ཡི་དགས་སྟེང་ན་བཞུགས།། མི་མགོ་རློན་དང་སྐམ་པོ་དང་།། མི་རོའི་འཕྲེང་བས་རྣམ་པར་བརྒྱན།། སྟག་གི་པགས་པའི་ན་བཟའ་གསོལ།། སྐུ་ཡང་སྦོམ་ལ་གསུས་ཁྱིམ་ཚེ།། དེ་ལྟར ་བདག་ཉིད་རྣམ་བསྒོམ་ནས།། ཁྲོ་བེ་ཆེན་པོ་སྤྱན་དྲང་ངོ་།། ཨོཾ་ན་མོ་བུདྡྷ་དྷརྨྨ་སང་གྷེ་བྷྱཿཀྲོ་དྷ་བ་ར། བཱི་ར་སརྦྦ་མ་ཡེ་ན། ཨཱ་ཀཙྪ་ཨཱ་གཙྪ། ཨོ་ཨཱཿཧཱུཾ། ཨི་དམ་པྲེ་ཏ་ཨཱ་ས་ནཻ་པྲེ་ཏ་ཨུཏྶཱ་ཊ་ན་རཀྵ་རྀཀྵ་སྭཱ་ཧཱ། དགུག་པ ་དང་། གཞུགས་པ་དང་། བཅིང་པ་དང་། མཉེས་པར་བྱས་ནས། ཨོཾ་ཨཱཿཧཱུ~ཾ་ཞེས་བཟླས་པས་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་ཛྭ་ལ་ཛྭ་ལི་ཏ་པི་གྲ་ཧཱ་ཧཱུཾ་ཕཊ། ཀུན་ཏུ་ཆ་གོ་ཆའོ།། ཨོཾ་ཀཱ་ལཱ་ཧཱུཾ་ཕཊ། མགོ་བོ་ལའོ།། ་ཨོཾ་ཡ་མཱུནྟ་ཀ་ཨེ་ཀཱ་བཱི་རྱཱ་ཧཱུཾ་ཕཊ། སྤྱི་གཙུག་ཏུའོ།། ཨོཾ་བཽ་བ་སྭ་ཏཱན་ཏ་ཀ་ཙྪ། ཡན་ལགུ་ཐ་མསྟོ་ཙྪད་ལ་མཚོན་ཚྭའོ།། ཨོཾ་ཨེ་ཀཱ་ཊྚི་ལ་ཉྩ་ཀ་དྷིས་སྭཱདྡྷ་མཆོད་ཡོན་གྱི་སྒྲོགས་སོ།། ཨོཾ་བྷི་མཱནྟ་ཀེ་ཏེ་ཛཱ་བ་ལྀ་སྭཱ་ཧཱུ། བཤོ ་གཅིང་གི་རྫོམས་པ།། མི་ཝཾ་མ་བ~ཾ་ཝ་\ུ0f7fཱ། རྗེ་ཚུག་པའི་སྔགས་།། མཽ་དབྱིགས་3། མེ་ཏིག་འབུལ་བའི་སྔགས་སོ།། ཚོ་མ་ཁྲི་བཱཛྲ། བདུན་པ་ཀྱི་རྫོགས ་ཨོཾ་དི་དྷེ་ཛྱོ་ཏི་ཏིཥྛ་ཏེ་སྭ་ཧཱ། མར་མེའི་སྔགས་སོ།། ཨོཾ་དི་བྱཱ་ནཱན་བྷྱོཿཛི་མེ་ཧཱ་ར་ཧཱ་ར་དྲྀ་བྲི་གཱ་གྲཱ་བཱ་ཏི་སྭཱ་ཧཱ། གཏོར་མའི་སྔགས་སོ།། ཨོཾ་ཨཱཿཀྲོ་དྷྲྀ་ཀ་ཡཱ་མཱནྟ་ཧཱ་ནཱ། ཧ་ན་མ་ཐ་བྷཱུཉྫ་ཧཱུཾ་ཕཊ། ཡི་གེ་བཅུ་བདུན་པ་གསང་སྔགས ་ཀྱི་རྒྱལ་པོ་སྟེ། རྟག་ཏུ་བཟླས་པས་ལས་ཐམས་ཅད་བྱེད་པའོ།། སརྦྦ་ཨ་མི་ཤི་བྷྱཿཔྲ་ཧ་རི་ཎེ་སྭཱ་ཧཱ། ལྷག་མའི་གཏོར་མ་སྦྱིན་པའི་སྔགས་སོ།། རིག་པའི་རྒྱལ་པོ་འབུམ་ཕྲག་ཡོངས་སུ་བཟླས་ནས་ཕྱིས་ནི་དཀྱིལ་འཁོར་བྲིས ་ཏེ། དེར་ཡོངས་སུ་ཞུགས་ནས། སྒྲུབ་པ་བརྩམ་པར་བྱ་སྟེ། དེའི་ཆོ་ག་རྒྱས་པ་ནི་རྩ་བའི་རྟོག་པ་ཉིད་ལས་ཤེས་པར་བྱའོ།། དཔལ་གཤིན་རྗེ་མཐར་བྱེད་ཀྱི་སྒྲུབས་ཐབ་ཁྲོ་བོ་རྣམ་པར་རྒྱལ་བའི་རྟོགས་པ་དང་མན ་ངག་གི་རྗེས་སུ་འབྲངས་པ་རྫོགས་སོ།། གསར་འགྱུར་རོ།། རྒྱོ་གཱར་སྐད་དུ། ཀྲཱིཥྞ་ཡ་མཱ་རི་སཱ་དྷི་ནཾ། བོད་སྐད་དུ། གི་ཤིན་རྫོག་ཤང་ནག་པོའི་སྒྲུབ་ཐབས། ་