| Wylie | e-texts produced with BDRC’s OCR application |
གསར་འགྱུརརྒྱུ་གར་གའི་དུ། ཡེ་སཱི་སྠུ་དྷཱ་ནེ། བོད་སྐད་དུ། གཤིན་དྷྲྀག་ཤེད་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དཔལ་ལྡན་མཐའ་མཛད་ཞུགས ་རྗེའི་རང་བཞིན་ཅན།། འགྲོ་པོའི་དོན་དུ་ཕྱི་རོལ་གཏུམ་པོའི་སྐུ།། མགོན་པོ་གཤིན་རྗེ་གཤིང་ལ་མགོས་བཏུད་དེ། དེ་ཡི་སྒྲུབ་ཐབས་འདོད་པའི་དོན་དུ་ནི།། སྔགས་པ་དང་པོ་སེམས་ཡོངས་མགུ་བ་དང་། བདེ་བའི་སྟན ་གནས་འོག་ཏུ་དམ་བཅའ་བྱས།། སྙིང་གོར་ཧཱུཾ་བཀོད་པ་ལས་མཆོད་པའི་ཚོགས།། སྣ་ཚོགས་པ་ཡི་མགོན་ལ་མངོན་པར་མཆོད།། དེ་ཡི་སྤྱན་སྔར་སྡིག་པ་བཤགས་པ་སོགས།། བྱས་ཏེ་སྟོང་ཉིད་ཡོངས་སུ་བསྒོམ་ནས་ནི ་དང་པོར་རླུང་གི་དཀྱིལ་འཁོར་ཡཾ་ལས་བྱུང་།། དུ་བའི་མདོག་འདྲ་གཞུ་ཡི་དབྱིབས་ཅིན་ལ།། རཾ་གྱི་ས་བོན་ལས་བྱུང་མེ་ཡི་ནི།། དཀྱིལ་འཁོར་གྲུ་གསུམ་མདོག་ཀྱང་དམར་བ་ཡིན།། བཾ་ལས་བྱུང་བའི་ཆུ་ཡི་དཀྱིལ་འཁོ ་ནི། བུམ་པ་འདྲ་ཞིང་དཀར་ལ་འཐུར་ལྟས་པོ།། ལཾ་ལས་བྱུང་བའི་དབང་ཆེན་དཀྱིལ་འཁོར་ནི།། ཟུར་བཞི་པ་ལ་ཀུན་ནས་རབ་ཏུ་སེར།། ཧཱུཾ་སུཾ་ཧཱུཾ་ལས་བྱུང་བའི་རི་རབ་ནི།། རི་རྒྱལ་རྩེ་མོ་བརྒྱད་པ་གོ་རིམ་བཞིན།། སྔར ་བཤང་རླུང་ལ་སོགས་པའི་དཀྱིལ་འཁོར་རྣམས།། གོང་ནས་གོང་མའི་རིམ་པ་བསམས་ནས་ནི།། དེ་འོག་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ས།། ར་བ་དྲ་བ་དམ་པ་དབུས་ཀྱི་ཆར།། ཨ་ལས་བྱུང་བའི ་ཟླ་བའི་དཀྱིལ་འཁོར་གྱི།། དབུས་ན་དྷཱིཿལས་བྱུང་བའི་འཇམ་རྡོ་རྗེ།། དཔའ་བོ་ཕྱག་གཡས་རལ་གྲི་མཛེས་པ་དང་།། གཞོན་ནུའི་གཡོན་ནི་ཐུགས་ཀར་གླེགས་པ་བསྣམས།། སྐུ་ནི་དམར་སེར་ཟུར་ཕུད་ལྔ་གནག་ཅིང་།། རྡོ་རྗེ ་སྐྱིལ་ཀྲུངས་མཆོག་བཅས་ཤིན་ཏུ་ཞི།། བསམས་ལས་སླར་ཡང་དེའི་ཐུགས་ཟློ་བར་གནས།། དྷཱིཿལས་བྱུང་བའི་ཉི་མ་འཆར་ཀའི་གཟུགས།། ཀུན་ནས་འོད་ཟེར་ནག་པོ་འཕྲོས་པ་ཡིས།། ཁམས་གསུམ་ཁྱབ་ནས་རྒྱལ ་པོ་བྱང་ཆུབ་སེམས།། ཁྲོ་བོ་རིག་པ་གནས་ན་ལེགས་ཞུགས་རྣམས།། ཡང་དག་བསྐུལ་ཏེ་བཀུག་ནས་ཉི་གཟུགས་ལ།། བཅུག་ཅིང་དེར་ནི་གཅིག་ཏུ་གྱུར་པ་ནི།། སླར་ཡང་ཉི་མས་ཉིད་དུ་གྱུར་པ་ལས།། འོད་ཟེར་དམར ་པོཔོ་རོབ་ཏུ་རྒྱ་ཆེ་བ།། ཤིན་ཏུ་འབར་བ་སྤྲོ་ནས་དེ་རུ་ནི།། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཁ་གྱེས་ནག། ལྟེ་བར་ཧཱུཾ་བཅས་སྣ་ཚོགས་འོད་འཕྲོ་བ།། དེ་ལས་རྒྱལ་དང་བྱང་ཆུབ་སེམས་དཔའ་སྤྲོས།། སླར་ཡང་དེ་ཡིས་འགྲོ་བ་དྲུག་ལ་གནས།། ་སེམས་ཅན་བཏུལ་ཏེ་བྱང་ཆུབ་མཆོག་བཀོད་ནས།། བཀུག་སྟེ་ཐམས་ཅད་རྡོ་རྗེ་ལ་རབ་བཞག། དེ་འོག་རྡོ་རྗེ་སྔོན་པོ་ཡོངས་གྱུར་ནས།། གཤིན་རྗེ་གཤེད་པོ་ཞལ་གཅིག་ཕྱག་གཉིས་བསམ།། ཕྱག་གཡས་རྡོ་རྗེའི་དབྱིག ་བ་འཕྱར་བ་དང་། ཕྱག་གཡོན་སྡིགས་འཛུབ་རྡོ་རྗེ་ཞགས་པ་ཅན།། གཤིན་རྗེའི་མ་ཧེའི་སྟེང་ན་གན་རྐྱལ་གནས།། གཡོས་བརྐྱང་གནོན་པ་ཡིས་ནི་གནོན་པར་མཛད།། མིའུ་ཐུང་ཞལ་ནི་རྣམ་འགྱུར་མཆེ་བ་གཙིགས ་གསུསོ་ཁྱིམ་ཆེ་ལ་ལྡོགས་ནི་རྣམ་པར་བསྐྱོད།། དབུ་སྐུ་མིན་མཱ་སྨ་ར་དམར་སེར་ནི།། གྱེན་དུ་བརྫེས་ཤིང་སྤྱན་གཉིས་རྣམ་པར་དམར།། གནག་ཅིང་ཁྲོ་བཅས་གཉེར་དཔྲལ་བར་བསྡུས།། ཕུས་འདེབས་ཀླུ་བརྒྱད ་ཀྱིས་ནི་ཡན་ལག་བརྒྱན།། སྟག་ལྤགས་པོ་སྣམས་ཤིང་ཐོད་པའི་རྩེ་བྲན་ཅན།། མགོ་བོའི་ཕྲེང་བའི་དོང་ཤལ་འའོཕྱང་མཛད་ཅིང་།། དུས་མཐའི་མེ་ལྟར་འཇིག་འོད་རྣམ་པར་འབར།། འཇིགས་པར་བྱེད་པའང་འཇིགས་པ ་སྐྱེད་པར་མཛད།། གཏུམ་ཞིང་གཤིན་རྗེ་གཤེད་ཚོགས་སངས་རྒྱས་འཕྲོ།། འཇིག་རྟེན་ལྷ་མཆོག་ཚོགས་ཀྱིས་ཕྱག་བྱས་ཤིང་།། ཧ་ཧར་བཞད་པས་ལྷ་དང་ལྷ་མིན་ཚོགས།། ཀུན་ནས་ཡོངས་སུ་སྐྲག་པར་མཇིད ་པའོ།། ས་གསུམ་དག་ནུ་ཡོད་པའི་བདུད་ཀྱི་ཚོགས།། མ་ལུས་པ་ཡང་རྣམ་པར་འབྱོར་བར་མཛད།། དེ་ལྟ་རོ་བསོམ་གཏན་ལ་བརྩོན་གནས་པ་སྟེ།། དོགས་པ་མེད་པར་ཉིན་མཚན་སྔགས་བཟློས་ཤིང་། ་དེ་ཉིད་སྦྱོར་བས་དུར་ཁྲོད་སོགས་པར་གནས།། དམ་ཚིག་རྣམ་དག་ངེས་པར་འགྲུབ་པོར་འགྱུར།། ཨོཾ་ཧྲཱིཿཀཱ་ལ་རུ་པ་ཧཱུཾ་ཁཾ་ཞེས།། མི་རུས་འཕྲེང་བ་བླངས་ཏེ་བཟླས་པ་བྱ།། དེ་ལྟར་སྒྲུབ་ཐབས་འདི་ནི་ལེགས ་བྲིས་ལས།། ད་དག་གིས་བསོད་རྣམས་གང་ཐོབ་དེས་འཇིག་རྟེན།། གཤིན་རྗེ་གཤེད་མཉམ་འགྲོ་ཀུན་སྡུག་བསྔལ་ནི།། མི་བཟང་ཚོགས་ཐར་བདུད་ཚོགས་སྐུར ་ཟད་ཤོག། གཤིན་རྗེ་གཤེད་ཀྱི་སྒྲུབ་པ་པས་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་དཱི་པི་ཀ་ར་ཤྲཱི་ཛྙཱ་ནི་དང་། བུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ་