| Wylie | e-texts produced with BDRC’s OCR application |
འ་ཚཀྲ་བརྟི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱིར་བཟློག་ཆེན་པོའི་སྔགས་སོ།། གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྒྲུབ་ཐབས་རྫོགས་སོ།། ་གསར་འགྱུར་ཡིན་ནོ།། ། རྒྱ་གར་སྐད་དུ། ཨུཥྞཱི་ཥ་བི་ཛ་ཡ་ཨཱརྩ་ན། བོད་སྐད་དུ། གཙུག་ཏོར་རྣམ་པར་རྒྱལ་བ་མཆོད་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ།། དང་པོར་རང་གི་ལྷའི་རྣལ་འབྱོར ་ཇི་ལྟལྟ་བ་བཞིན་བྱས་ལ། ལྕི་བ་ཆུ་དང་བཅས་པས་ས་ཕྱོགས་བྱུག་པར་བྱའོ།། དེའི་རྗེས་ལ་ལྷ་གྲངས་དང་རྗེས་སུ་མཐུན་པའི་མེ་ཏོག་གི་ཚོམ་བུ་བཀོད་ལ། དབུས་སུ་པཾ་ལྀས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང ་དུ་བྷྲཱུཾ་དཀར་པོ་བསམ་ལ། དེའི་འོད་ཀྱིས་ཡེ་ཤེས་ཀྱི་ལྷོ་དགུ་སྤྱན་དྲངས་ལོ་དེ་ཉིད་དུ་བཅུག་སྟེ། དེ་ཡོངས་སུ་གྱུར་པ་ལས་ལྷ་དགུའི་འཁོར་ལོ་བསམ་ལ། རང་གི་སྙིང་གའི་འོད་ཟེར་གྱིས། ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ་བཅུག ་ལྔ། དངོས་སམ་ཡིད་ལས་བྱུང་བའི་མཆོད་པས་མཆོད་ལ། བསྟོད་ཡང་བྱས་ཏེ། བདུན་ཡོངས་སུ་དག་པར་བྱས་ནས། ཅི་ནུས་པའི་བཟླས་པ་བྱས་ལ། འདོད་པའི་དོན་ལ་གསོལ་བ་བཏབ་བོ།། དེ་ནས་གཡོན་པའི ་སྲིན་ལག་ས་ལ་རཾག་ཅིང་མུཿམུཿམུཿཞེས་པས་ཡེ་ཤས་སེམས་དཔའ་གཤེགས་སུ་གསོལ།། དམ་ཚིག་སེམས་དཔའ་རང་གི་ས་བོན་ལ་བསྡུས་ཏེ། སྲིན་ལག་རང་གི་དཔྲལ་བ་ལ་སོགས་པར་གཏུགས་པར་བྱའོ།། དེ་ནས ་བདག་གི་དགེ་བའི་ལས་རྣམས་འདི་དག་གིས། ཞེས་བྱ་བ་ལ་སོགས་པས་དགེ་བའི་རྩ་བ་བསྔོ་བར་བྱའོ་རྫོགས་སོ།། ། བ་རི་བའི་འགྱུར་ཁོ་ན་ལའོ།། ་རྒྱ་གར་སྐད་དུ། བ་ལི་བི་དྷི། བོད་སྐད་དུ། གཏོར་མའི་ཆོ་ག། གཙུག་ཏོར་རྣམ་པར་རྒྱལ་བ་ལོ་ཕྱག་འཚལ་ལོ།། བསོད་ནམས་ཚོགས་ནི་བསག་པ་དང་།། བར་ཆད་ཉེ་བར་ཞི་བའི་ཕྱིར།། དེ་བཞིན་གཤེགས་ལ་ཕྱག ་འཚལ་ནས།། དེ་ཡི་གཏོར་མའི་ཆོ་ག་བཤད།། བཟའ་དང་བཅའ་དང་འཇིབ་དང་བཏུང་།། འབྲས་ཚོན་མངར་གསུམ་འོ་མ་དང་།། ཟས་མཆོག་སྣ་ཚོགས་ཆུར་བཅས་པ།། རིན་ཆེན་ལ་སོགས་སྣོད་དུ་བཞག། གཏོར་མ ་ལ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པོ།། དེ་ལ་དང་པོར་རེ་ཞིག་ལྷའི་རྣལ་འབྱོར་ཇི་ལྟ་བཞིན་བྱས་ལ།། རངཏྣ་གཱི་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་གཙུག་ཏོར་རྣམ་པར་རྒྱལ་བ་ལ་སོགས་པ་མདུན་དུ་ཡང་དག ་པར་བཞུགས་སུ་གསོལ་ལ། ཡི་གེ་གསུམ་གྱི་སྔགས་ཀྱིས་ཅི་ནུས་པར་བྱིན་གྱིས་བརླབས་ཏེ། སྙིང་པོ་འམ་ཉེ་བའི་སྙིང་པོ་འམ། རྩ་བའི་སྔགས་གང་ཡང་རུང་བ་ལན་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་གམ ་བརྒྱ་རྩ་བརྒྱད་བཟླས་པས་དབུལ་བར་བྱའོ།། དེའི་རྗེས་ལ་མངོན་པར་འདོད་པའི་དོན་གསོལ་བ་བཏབ་ལ། རང་གི་གནས་སུ་གཤེགས་སུ་གསོལ་ལོ།། གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་ཀྱི་གཏོར་མའི་ཆོ་ག་རྫོགསོ ་