| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཾ་ཤྲ་བ་ཎ་སཱ་དྷ་ན། བོད་སྐད་དུ།། རྣམ་ཐོས་ཀྱི་བུའི་སྒྲུབ་ཐབས། ཀཱ་ར་རྒྱས་ལ་ཕྱག་འམ་ལྡན་སུ་ང་ལྕེ་སྒྲུབ་ཐབས་པ ་སྟེ། སློབ་དཔོན་ལས་ནི་ཡང་དག་མནོས།། དེ་ལས་དམ་ཚིག་འགྲུབ་པར་འགྱུར།། དེ་ལ་བགེགས་མཐར་བྱེད་ལ་སོགས་པ། ཁྲོ་བོ་ཆེན་པོ་ཡོངས་སུ་བཟླས་པས་འདི་འསྒྲུབ་པར་བྱའོ།། ཀྱི་ཀྱི་ལྷ་ཚོགས་དང་། དེ་བཞིན ་གཤེགས་པ་རྣམས་དང་། ལུས་ངན་ཆེན་པོ་མདུན་དུ་ལྟས་ལ། མཆོད་པ་རྣམས་ཀྱིས་མཆོད་ཅིང་། བསྟོད་པ་རྣམས་ཀྱིས་བསྟོད་ལ། སྡིག་པ་བཤགས་པ་འ་སོགས་སོ་བྱའོ།། བྱམས་པ་ལ་སོགས་པ་སྔོན་དུ་འགྲོ་བས ་སྟོང་པ་ཉིད་ཀྱི་རྗེས་སུ། ནུས་པའི་ས་བོན་པ་ཡིག་ལྡེང་ཁུ་འོད་ཟེར་རབ་ཏུ་འབར་བའི་རྣ་བ་བས་བྱས་ཏེ། ཕྱི་ནས་དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་གྲ་ནཱད་སྦྱིན་གྱི5སྐུ་མདོག་ལྗང་ཁུ། ཕྱར། གཡས་ན་ནི་རྡོ་རྗེ་བེ་ཅོན། ་གཡོན་ན་ནཱི་མཆོག་སྦྱིན་དང་བཅས་པའི་རིན་པོ་ཆེའོ།། གཡས་ཀྱི་གཉིས་པ་ན་ནི་རལ་གྲིའོ།། གཽཡོན་གྱི་གཉིས་པ་ན་ནཱི་ན་ཀུ་ལེ་འཛིན་པའོ།། སེང་གེའི་ཁྲི་ལཱྀ་རོལཱ་པས་གནས་པ། ལུས་སྤྱོམ་ཞིང་རྒྱན་ཐམས་ཅད་དང་ལྡན་པ ་རིན་པོ་ཆེའི་ཅོད་པན་དང་། དེ་བཞིན་གཤེགས་པ་ལྔས་དབུ་ལ་བརྒྱན་པ། གཡོན་གྱི་ཕྱོགས་ནས་ནོར་གྱི་དབང་མོ་དམར་མོས་བརྟེན་པ། དེ་ནི་ཕྱག་གཅིག་གིས་རིན་པོ་ཆེའི་བུམ་པ་འཛིན་པའོ།། སྙིང་གར་ཡང་ཡི་གེ་བཾ ་ཞེས་བྱ་བའོ།། ཨོཾ་ཨཱ་བཾ་ཧཱུཾ། ཉེ་བའི་སྙིང་བྱའོ།། ཨོཾ་བཛྲ་བྷཻ་ར་ཝ་བྷྲཾ་སྭཱ་ཧཱ། སྙིང་བའོ།། ཨོཾ་བྷེ་ཤྲ་བ་དྷཱ་ཡ་ཡཀྵ་ཨ་དྷཱི་པཱ་ཏཱ་ཡེ་སྭཱ་ཧཱ། སརྦ་ཤཱན་ཏཱ~ཾ་ཀུ་རུ། སརྦ་བུཥྚིཾ་ཀུ་རུ ་མེ་སརྦ་བ་ཤ་མ་ནཱ་ཡ། སརྦ་དུཥྚཱན་ཧཱུཾ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། འཕྲེང་བའི་སྔགས་སོ།། འབུམ་ཕྲག་བདུན་གྱིས་སྡང་བ་ཐམས་ཅད་འཇོམས་པར་བྱེད་པ་དང་། འཇིག་རྟེན་གསུམ་ཡང་དབང་དུ་བྱེད་པར་འགྱུར་རོ།། གང ་འདིས་གཏོར་མ་དང་སྲེག་བླུགས་ལ་སོགས་པས་ཡོངས་སུ་མཉེས་པར་བྱེད་པ་དེ་ནི། ནོར་དང་། བདེ་བ་དང་། མཆོག་དང་། ཕྲ་མོ་ཙ་ཡང་ཞིག་ཐོབ་པར་འགྱུར་བ་ལ་ཐེ་ཚོམ་མེད་མོད་ཀྱི། དཔལ་ལྡན་རྣམ་ཐོས་ཀྱི ་བུ་ཉིད་ཀྱི་རྟོག་པ་ལས་གསལ་བའི་ཕྱིར་གཞུང་འདིར་རྣམ་པར་མ་ཕྱེའོ།། རྣམ་ཐོས་བུའི་སྒྲུབ་ཐབས་རྫོགས་སོ།། ། གསར་འགྱུར་ཡིན་ནོ།། རྒྱ་གར་སྐད་དུ། མུ་ཧཱ་ཀུ་བཱི་ར་སཱ་དྷཱ་ན། བོད་སྐད ་