CLOSE WINDOW

GT3134: 'dus pa las byung ba chu sbyin dbang po'i sgrub thabs
Wyliee-texts produced with BDRC’s OCR application

ན་རྒྱ་གར་སྐད་དུ། ས་སྱཱ་ཛ་ནི་ཤྩཱ་ར་ཛྭ་ལནྡྲ་སཱ་དྷ་ནཱ། བོད་སྤྱད་དུ། འདུས་པ་ལས་བྱུང་བ་ཆུ་སྦྱིན་དབང་པོའི་སྒྲུབ་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། དཔལ་ལྡན་པ་དེ་ཆེན་སྣཿ། ་དུ་བཟང་པོ་ཡི།། འོད་འཕྲོ་ཤིན་ཏུ་རྣམ་དག་དྲི་མ་མེད།། མཐའ་མེད་ཐུབ་པའི་ཚོགས་ཀྱི་དཀྱིལ་འཁོར་ཅན།། འབར་བས་མཛེས་པ་འཇམ་དཔལ་དེ་ལ་འདུད།། བློ་བཟང་འདུས་པའི་དོན་ལ་མཉམ་གཞག་པ། རྡོ་རྗེ ་སློབ་དཔོན་པ་རབ་མཉེས་བྱས།། ཆོ་ག་བཞིན་དུ་རྗེས་སུ་གནང་བ་ཐོབ།། གང་འདི་བསྒྲུབས་པས་འཁོར་ལོ་སྒྱུར་གནས་ཐོབ།། སྡིག་པ་དག་ནི་བཤགས་པ་ལ་སོགས་དང་།། སྙིང་རྗེས་འཇིག་རྟེན་འདི་ནི་མ་ལུས་པ།། ་ངན་པའི་རྟོག་པས་མ་རུངས་བྱས་ལ་རྩེ།། ཡང་དག་བྱང་ཆུབ་སེམས་ནི་མཉམ་མེད་པ།། སྒོམ་ཞིང་སྔགས་ཀྱིས་བྱིན་རབས་ཆོ་ག་བྱ།། རྡོ་རྗེའི་རང་བཞིན་གུར་དག་བསམ་བྱས་ཏེ།། ཆོས་འབྱུང་ཞེས་བྱའི་ཕྱག་རྒྱའི་དབུས ་གནས་པ།། གཞལ་ཡས་ཁོང་པ་དེ་ནི་བསམ་པར་བྱ།། བཅུ་དྲུག་ཆ་དང་ཚོགས་ལས་བྱུང་བ་ཡི།། ཟླ་བའི་དཀྱིལ་འཁོར་དག་གིས་དབུས་ཉིད་དུ།། དཔལ་མཆོག་དང་པོ་ལས་བྱུང་རྡོ་རྗེ་བཟུང་།། ཐུབོ་པའི་འོད་ཚོགས ་འཕྲོ་བ་ལས་བྱུང་བ།། ཀུན་ཏུ་བཟང་པོ་རིག་པ་དམ་པས་འཁྱུད།། རིག་མའི་ནང་བཅུག་དཀྱིལ་འཁོར་སྤྲུལ་པ་ལས།། བློ་ཡིས་འགྲོ་བ་མ་ལུས་གཞུག་པར་བྱ།། པདྨའི་ནང་ཞུགས་ཡི་གེ་ལྔ་འོད་ཀྱི།། ཟླ་བ་ལྟ་བུར ་ཞུ་བ་ཉིད་གྱུར་པ།། ལྷ་མོ་རྣམས་ཀྱིས་སྒྲ་ཡིས་བསྐུལ་བར་བསམ།། དེ་ཐོས་སྒྱུ་མ་ལྟ་བུར་ཡང་ངཀ་རིག། རང་གི་སྔགས་ཀྱི་ལུས་སུ་རང་ཉིད་གྱུར།། དེ་ཡིས་འོད་ཟེར་མ་ལུས་པ་རྣམས་ཀྱིས།། ་རང་མཚུངས་ཐུབ་པ་དཔག་མེད་ནང་བཅུག་པས།། རྡོ་རྗེ་གནོད་གནས་གཟུགས་སུ་རང་ཉིད་གྱུར།། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན་པ་ཉིད།། སེར་པོ་ནག་པོ་དཀར་པོ་འོད་ཀྱི་ཞལ།། རྡོ་རྗེའི་སྐྱིལ་ཀྲུངས་ཟླ་བའི་དབུས་ན་གནས།། ་ཕྱག་གཉིས་ཤེས་རབ་དམ་པ་འཁྱུད་པ་ཉིད།། གཡས་ནཱ་བི་ཛྲ་པུ་ར་རལ་གྲཝ་དང་།། ནོར་བཟང་འབབ་པའི་ནིའུ་ལཾ་པདྨ་ནི།། གཡོན་པའི་ཕྱག་དག་གིས་ནི་རབ་ཏུ་འཛིན།། དྲི་མེད་ཛམ་བུ་ནོན་དའི་གསེར་འོད་འདྲ།། སྣ་ཚོགས ་རྐྱེརྒྱན་གྱིས་རྣམ་པར་བརྒྱན་པ་ཡི།། འོད་ཆེན་སྐུ་ནི་ཅུང་ཞིག་སྦོམ་པར་བསྒོམ།། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཏྨ་ཀོ&ཧཾ། སྒྱིང་ནང་ས་བོན་འོད་ཀྱིས་ཡང་དག་བསྐུལ།། བདེ་བར་གཤེགས་རྣམས་ལྕགས་ཀྱུས་དྲང་བྱས་ནས། ་སྔགས་ཀྱིས་བསྲུང་དང་མཆོད་ཡོན་བཟང་སོགས་འབུལ།། མཐར་བྱེད་ལ་སོགས་རྣམས་ཀྱིས་རབ་ཏུ་གཞུག། རང་གི་མིག་སོགས་ཀྵིཾ་ཡིག་ལ་སོགས་པས།། ཇི་བཞིན་བཀང་ནས་སྙིང་གར་ཐུགས་ཀྱི་ནི།། རྡོ་རྗེ་དགོང་བྱཱ་ཁཱ ་དང་མགོ་བོ་ལ།། གསུང་དང་སྐུ་ཡི་རྡོ་རྗེ་བསམ་པར་བྱ།། དེ་ལ་ཕྱོགས་བཅུའི་སངས་རྒྱས་རིག་བཅས་པ།། རྡོ་རྗེ་གསུམ་གནས་ཚུལ་དུ་གཞུག་པར་བྱ།། སྙིང་གར་དཔལ་ལྡན་རྡོ་རྗེ་འཆང་བ་སྟེ།། དེར་གནས་སྙིང་པོའི ་འོད་ཀྱིས་ཡང་དག་བསྐུལ།། རིག་པའི་ཚོགས་རྣམས་ཕྱག་ན་བུམ་བསྣམས་ཏེ།། ཡེ་ཤེས་ཆུ་ཡིས་མངོན་པར་དབང་བསྐུར་བས།། ཐུགས་ཀྱི་རྡོ་རྗེ་ཅོད་པན་ཉིད་དུ་གྱུར།། པང་ནང་རང་གི་ས་བོན་འོད་རྣམས་ཀྱིས།། གཟུགས ་ལ་སོགས་པ་ཐམས་ཅད་དྲང་ནས་ནི།། ཡང་དག་བྱང་ཆུབ་ཡིད་ཀྱི་ངོ་བོ་ནི།། འོད་ཀྱི་དཀྱིལ་འཁོར་དག་ཏུ་བསྒོམ་པར་བྱ།། འོད་ཀྱི་སྣང་བས་སྤྲུལ་པ་སྣ་ཚོགས་པའི།། མཆོད་པའི་སྤྲིན་གྱི་དྲ་བ་ཁྱབ་པར་སྤྲོ།། བློ་དང ་ལྡན་པའི་དབྱངས་ཀྱིས་དེ་ནས་བསྟོད།། རང་སྙིང་འོད་ཀྱིས་སངས་རྒྱས་ལ་སོགས་པ།། ལུས་ནང་བཅུག་སྟེ་ཤེས་རབ་ཡན་ལོག་སྤྲོས།། སྣ་ཚོགས་རྡོ་རྗེ་དང་ནི་ཟླ་དབུས་གནས།། དཔལ་ལྡན་གནོད་གནས་དེར་ནི་རབ་ཏུ་བསམ།། ་སངས་རྒྱས་ཡེ་ཤེས་དེ་ནང་ཆུད་བྱས་ནས།། ཛཱ་མ་བྷ་ལ་ནི་གནོད་སྦྱིན་དེ་ལ་གཞུག། མིག་དང་སྐུ་སོགས་བྱིན་གྱིས་བརླབས་ནས་ཀྱང་།། ཕྱོགས་བཅུ་ཀུན་ན་གནས་པའི་རྫོགས་སངས་རྒྱས།། འོད་བྱུང་རིག་མའི་ཆོ་གས ་ཀྱི་དབང་བསྐུར་བས།། ཐུགས་ཀྱི་དབང་པོས་སྤྱི་བོ་བརྒྱན་པར་གྱུར།། རྒྱལ་པོའི་བདག་པོ་ཀུན་ལས་བསྒྲུབསྔོ་པ་ཡི།། བྱང་ཆུབ་སེམས་ཀྱི་བདུད་རྩིའི་རྒྱུན་འབུལ་ལོ།། ཨོཾ་ཨཱཿཛ་དྷ་ན་དཽ་ཧི་ཧཱུཾ། ཡངྐ་ན་རང་གི་ལག ་གནས་འང་མི་སྐྱེས་རྩེར།། ཟླ་བ་མུ་ཤེལ་ལྷོར་དཀོར་དྲི་མ་མེང་།། རྩེ་མོ་ལྔ་ལྡན་ལྟེ་བའི་ནང་ཆུང་བ།། ཤིན་ཏུ་རྒྱས་པའི་དཀྱིལ་འཁོར་འཁོར་ལོ་འམ།། ཤེས་རབ་ཡན་ལག་གིས་འཁྱུད་རྡོ་རྗེ་འཛིན།། ཡུན་རིང ་བསམ་ནས་སྙོམས་པར་ཞུགས་པ་ལས།། བྱང་ཆུབ་བདུད་རྩིའི་ཆུ་རྒྱུན་རབ་ཏུ་བྱུང་།། སྔོན་གྱི་ཆོ་གས་རབ་བྱུང་གནོད་སྦྱིན་བདག། དེ་ལ་ཁྱོར་ཆུ་ཡང་ཡང་སྦྱིན་པར་བྱ།། ཨོཾ་ཨཱཿ ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་ཧཱུཾ་སྭཱ་ཧཱ། སྨིན་མཚམས་མཛོད་སྤུ་ལ་གནས་འོད་ཟེར་ཆོགསོ།། གསེར་གྱི་ཁ་དོག་མཚུངས་སྤྱི་ཡི་གེ་ཛཾ།། སྒྲུབ་པོ་ལ་ནི་རབ་ཏུ་འགེངས་པར་མཛད།། ཕྱི་རོལ་གྱི་ནི་ཆོ་ག་མཆོག་འོད་ཡིས།། འབྱོར ་དང་ལོངས་སྤྱོད་ཐོབ་འགྱུར་སྔོན་དང་མཚུངས།། འཇིག་རྟེན་ཁམས་རྣམས་མ་ལུས་མྱུར་བཀུག་ནས།། དེ་ཡི་ལུས་ཀྱི་ནང་དུ་ཡང་ཡང་བཅུག། དྲི་བྲལ་རྒྱ་མཚོ་བདུན་དང་མཚུངས་པ་ཡི།། ནོར་བུའི་ཆུ་བོ་རླབས་ལྗོན ་དབབ་པར་བྱ།། གང་ཞིག་འདི་དོན་བསྒོམ་དང་བཟླས་པ་ལ།། བརྩོན་ལྡན་དེ་དག་གཏེར་གྱི་མཆོག་ཐོབ་བོ།། ཡང་ན་སཾ་ཆེན་དབང་གི་རྒྱལ་པོར་འགྱུར།། མིགེ་སྨན་བྱུག་པ་དང་ནི་གནོད་སྦྱིན་མོ།། མུ་ཏིག ་གསེར་དང་གཡས་སུ་འཁྱིལ་བ་དང་།། མཆོག་གྱུར་དངུལ་ཆུ་བུད་མེ་མཆོག་ཐོབ་ཅིང་།། རྟག་ཏུ་གོམས་ལ་བདེ་བར་གཤེགས་པ་ཡིས།། ཕུན་ཚོགས་མ་ལུས་པ་ཡ་བ་སྦྱིན་གྱུར་ན།། འདི་ལ་གཞན་ལྟ་བརྗོད ་པའི་གོ་སྐབས་ཅི།། ཤེས་རབ་ཀྱིས་ནི་རབ་ཏུ་དཔྱད་གྱུར་ན།། བདག་དང་གཞན་དུ་སྣང་བ་འགའ་ཡང་མེད།། རྒྱུ་དང་མི་རྒྱུའི་དངོས་པོ་མ་ལུས་པ།། དྲི་ཟའི་གྲོང་ཁྱེར་དག་དང་མཚུངས་པར་ལྟ།། དེ་ལྟར་རབ་ཏུ ་རྣམ་བསམ་དངོས་གྲུབ་ཐོབ།། ཡང་ན་དཀྱིལ་འཁོར་ཐུགས་ཀྱི་བདག་པོ་ལས།། གནོད་སྦྱིན་ཆེན་པོའི་ཆོ་ག་མདོར་བསྡུས་པ།། ནང་དང་ཕྱི་རོལ་རིམ་པས་མཆོད་གྱུར་ན།། དལྟ་པའི་དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད།། བློ་གྲོས་མཆོག ་གྱུར་ཤིན་ཏུ་རྒྱས་པ་ལ།། མངོན་འདོད་གང་ཡིན་གནོད་སྦྱིན་དཀྱིལ་འཁོར་ཆེ།། མངོན་པར་འདོད་ལ་རབ་གསལ་གང་ཡིན་པ།། དེ་ཉིད་གཞན་དུ་བཤད་ལས་ཤེས་པར་བྱོས།། འདིར་ནི་མདོར་བསྡུས་ཙམ་དུ་མངོན ་བརྗོད་པ།། ཉམས་ཆུང་བློ་ཅན་རྗེས་སུ་བཟུང་ཕྱིར་ཏེ།། འདི་ཙམ་གྱིས་ཀྱང་བྱང་ཆུབ་སེམས་དཔའ་ཆེ།། འོད་ཆེན་གནོད་གནས་དེ་དང་མཚུངས་པར་འགྱུར།། གང་ཞིག་བསྟན་པས་སྡུག་བསྔལ་རྒུད་པ་ཀུན།། སྐད་ཅིག ་རེ་རེ་ལ་ཡང་ཡོངས་ཟད་ནས།། དཀའ་བ་མོད་པར་མཆོག་བདེ་དམ་པ་ནི།། ཐོབ་འགྱུར་འདི་ལ་ཅི་ཕྱིར་འཇུག་མི་བྱེད།། ལས་ཀྱི་རྒྱུ་བོའི་ཤུགས་དྲག་འཁོར་བ་ལས།། འདོད་པའི་སེམས་ཀྱིས་རྣམ་མང་བྱ་བ་ཡང་།། སྣ ་ཆོགརྩ་འབྲས་བུ་མེད་ལ་བློ་བཟློག་སྟེ།། དོན་ཡོད་ཚུལ་འདིར་འབད་ན་བདེ་བར་འགྱུར།། རིག་སྔགསོ་སྟེར་བའི་སློབ་དཔོན་དྲིན་ལས་ནི།། དམ་པའི་གསུང་དང་མཐུན་པར་སྒྲུབ་པའི་ཐབས།། འདི་བརྣམས་དགེ་བསོ་སྲིད་གསུམ ་འགྲོ་བ་ཀུན།། ནང་གི་ཕུན་ཚེགས་ཐུབ་དབང་ཉིད་ཐོབ་ཤོག།། འདུས་པ་ལས་བྱུང་བ་ཆུ་སྦྱིན་དབང་པོའི་སྒྲུབ་ཐབས་རྫོགས། གསར་འགྱུར་ཡིན་ནོ།། ་