| Wylie | e-texts produced with BDRC’s OCR application |
ཨུ་རྒྱན་གྱི་རྡོ་རྗེའི་གནས་ནས་ངེས་པར་བྱུང་བའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས་སོ།། ། པ་ཚབ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ་རྒྱ་གར་སྐད་དུ། སཾ་ཀྵི་པ་ཏ་བཛྲ་ཝ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། མདོར་བསྡུས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ།། དང་པོར་རེ་ཤིག་རྣལ་འབྱོར་པས། དུར་ཁྲོད་ལ་སོགས་པ ་ཡང་དགའ་བའི་གནས་སུ། རང་གི་སྙིང་གར་ཟླ་བ་ལ་ཡི་གེ་ཨོཾ་གྱི་འོད་ཟེར་སྤྲོས་པས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ་མདུན་དུ་དམིགས་ཏེ། མཆོད་པ་དང་། སྡིག་པ་བཤགས ་པ་ལ་སོགས་པ་རྣམས་བྱས་ལ། ནམ་མཁའ་དང་མཚུངས་པར་ཁམས་གསུམ་རྣམ་པར་བསམ་སྟེ། ཧཱུཾ་ལས་རྡོ་རྗེའི་རྣམ་པར་གྱུར་པའི་ས་གཞིར། དུར་ཁྲོད་བརྒྱད་ཀྱི་དབུས་སུ་ཆོས་འབྱུང་གི་ནང་དུ་ཆུད་པའི་པདྨའི་ལྟེ་བ་ལ ་ཟླ་བ་ལ་གནས་པའི་ཉི་ཟླ་ཁ་སྦྱར་བའོ།། དེ་ལ་གནས་པའི་ཡི་གེ་བཾ་ལས་རྡོ་རྗེའོ།། དེའི་ས་བློན་ལས་ལོགས་པར་བྱུང་བའོ་བཅོམ་ལྡན་འདས་མཱ་རྡོ་རྗེ་ཕག་མ་སྭཱ། བསྲོག་པའི་བསྐམ། ་པབའི་མེ་དང་ཁ་དོག་མཚུངས་པ། ཞལ་གཅིག་ཕྱག་གཉིས་མ། གཡོས་པས་ནི་ཕྱོགས་ཐམས་ཅད་དུ་འགྲོ་བ་མ་རུངས་པ་རྣམས་ལ་སྡིགས་འཛུབ་མཛད་ཅིང་རྡོ་རྗེ་བསྣམས་པ། ཡང་ན་ནཱ་ཅིང་ཏེའུ་འཛིན་པའོ།། གཡོན་པས ་ཐོ་པ་དང་། ཁ་ཊྭཱཾ་ག་བསྣམས་པ། འཇིགས་བྱེད་དུས་མཚན་བརྐྱང་བསྐུམ་གྱིས་མནན་པ། ཞལ་ཕྱོགས་རྣམས་སུ་གཟིགས་པ། སྐྲ་ལྷུག་པར་གྱུར་ཅིང་། ཐོད་པའི་དུམ་བུའི་འོག་པག་དང་ལྡན་པ། ཞལ་མཆེ་བ ་རྣམ་པར་གཙིགས་མ། སྤྱན་གསུམ་མ། ཞལ་རྣམ་པར་འགྱུར་མོ།། སྤྱི་བོ་ན་སྣ་ཚོགས་རྡོ་རྗེ་དང་ལྡན་ཞིང་།། ཐོད་པའི་འཕྲེང་བས་མཛེས་པ་མ། མགོ་བོ་བརྒྱུས་པའི་འཕྲེང་བས་འཇིགས་ཤིང་སྐུ་མཛེས་པ། རྒྱན་ཐམས ་ཀྱིས་སྐུ་བརྒྱན་པའོ།། སངས་རྒྱས་ཐམས་ཅད་དབང་བསྐུར་གནས།། རྣམ་པར་སྣང་མཛད་རིགས་བྱུང་བའི།། དངོས་གྲུབ་ཐམས་ཅད་རབ་སྦྱིན་མ།། སྐུ་ནི་སྤྲོ་དང་བསྡུ་བར་ཏེ།། མཆོད་བསྟོད་བདུད་རྩི་མྱང་བ་ཡང་།། རྣལ་འབྱོར ་མཉམ་པར་བཞག་པར་བྱ།། གུས་དང་བཅས་པས་རྟག་བསྒོམས་ན།། སངས་རྒྱས་ཉིད་ནི་བླ་མོར་ཐོབ།། སྒོམ་པ་བྱས་ལ་དགོད་བྱ་ཞིང་།། རྣལ་འབྱོར་རིག་པས་གཏོར་མ་བཏང་།། ཨོཾ་བཻ་རྡོ་རྗེ་ཕག་མོ་ནི་ལྟེ་བར་རོ།། ་ཧཱུཾ་ཡོ་ཡ་མི་ནཱ་ནོ་སྙིང་གར་རོ།། ཧཱུ~ཾ་མྱོ་མུགས་བྱེད་མོ་མི་ཁ་ལྭའོ།། ཛཱ་ཏྲཱ~ཾ་ཀུན་དུ་སྐྱོང་མ་ནི་མགོ་བོ་ལའོ།། ཧཱུ་ཧཱུཾ་ཀུན་དུ་སྐྲག་བྱེད་མ་ནི་སྤྱི་བོ་ལའོ།། ཕཊ་ཕཊ་གཏུམ་མཽ་ནི་ཡན་ལག་ཐམས་ཅད་ལ་མཚོན་ཆར་རོ།། ལྟེ་བ་སྙིང་ག ་དེ་བཞིན་ཁ་དང་ནི།། མགོ་བོ་སྤྱི་བོ་མཚན་ཚོ་ཉིད་ཀྱང་ངོ་།། རྩེ་མོ་མདུད་བྱས་གུང་མོ་ངེས་པར་རྩེ་སྤྱད་ཅིང་།། མཐེ་བོ་ངོ་རྡོ་རྗེ་དག་ནི་བརྟན་པར་ལེགས་བརྩིར་ཏེ།། དཔྲལ་བའི་དབུས་སུ་ལེགས་པ་ཉིད་དུ་བཞག་བྱས་ལ། ་ཀུན་ནས་སྐོར་བའི་སྐོར་བྱེད་པས་བསྐོར་བར་བྱ།། རྐང་པ་མནན་ཅིང་གྱེན་དུ་ལྟ་བྱེད་པས།། སྤྱི་ནས་ཕྲེཾ་གཱི་སྒྲ་ནི་བརྗོད་བྱ་ཞིང་།། ཕྱོགས་བཅུ་འཇིག་རྟེན་ཁམས་ན་གནས་པ་ཡི།། དཔའ་བོ་རྣལ་འབྱོར་མ་རྣམས་བོད ་པར་བྱ།། ཨོཾ་ཡོ་ག་གུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷཿཧཾ། ཨོཾ་ཨེ་རེལླི་ཧོཿཛཿཧཱུཾ་\ུ0f7fབཛྲ་ཌཱ་ཀི་ནཱི་ས་མ་ཡེ་སྟཱུ་དྲི་ཤྩཿརྡོ་རྗེའི་སྒྲིམྦྷ་པ་གྱེན་དུ་ཁ་ཕྱེ་ལ། ནུམ་ཕྱེད་ན་ནི་གཏོར་མ་སྦྱིན་པོར་བྱའོ།། ཨོཾ་ཁཱ་ཁ ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་སརྦ་བྷུ་ཏ་པི་ཤཱ་ཙ། ཨུནྡི་ད་ཡ། ཨ་པསྨ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨོཾ་མཾ་བ་ལིཾ་གྲིཧྞ་ཏུ་ས་མ་ཡ་རཀྵནྟུ་མ་མ་སིདྡྷིམྨེ་པྤ་ཡཙྪེནྣ་ཡ་ཐི་བཱཾ་ཡ་ཐེཥྚཾ་བྷུཾ་ཛ་ཐ། པི་བ་ཐ། ཛྲྀ་གྷཱ་ཐཾ། མ་ཏཱི་ཀྲཱ ་མ་ཐ་མ་མ་སརྦ་ཀརྷ་ཡ་སད་སད་སུ་ཁ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ།། ཨོཾ་བཛྲ་བེ་རོ་ཙ་ནཱི་ཡཻ་སྭཱ་ཧཱ། སྙིང་པོའི་སྔགས་ཡི་གེ་བཅུ་པའོ།། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་བརྞྞ་ནཱི་ཡེ ་ཧཱུ་ཧྱཱ་ཕཊ་དྷཱཥྚ། ཉེ་བའི་སྙིང་བྱ་བ་ག་ཉི་ཤུ་རྫྫ་གཅིག་པའོ།། ཨོཾ་སརྦ་ག་སུ་ནི་སྱཱརྦ་དྷཱརྨྨ་ཀ་དྷཱ་རཱ། དུ་ཎྱ་ཛྙཱཎཱ་རྦཱ་སྭཱ་ནྟུ། ཟས་ཐམས་ཅང་སྐྱོང་བར་བྱུང་། ་པའི་སྔགས་སོ།། ཡང་ན་གདམ་ངག་གིས་རང་གི་སེམས་བརྟན་པར་བྱེད་འདོད་པས། རང་གི་ལྟེ་བའི་པདྨའི་སྟེང་དུ་ཟླ་བ་ཁ་སྦྱོར་གྱི་ནང་ན་གནས་པའི་ཡི་གེ་བོ་ཡུངས་ཀར་ཕྲ་མོའི་ཚད་ཙམ་ལས་ངེས་པར་བྱུང ་བའི་པདྨའི་དེ་ཁོ་ན་ཉིད་ཀྱི་རྣམ་པའི་འོད་ཟེར་བསྒོམ་པར་བྱའོ།། ཁམས་གསུམ་འོད་གསལ་ཞིང་བང་བ་ཆེན་པོའི་རྣམ་པར་མཐོང་བར་འགྱུར་རོ།། འདི་ནི་མདོར་བསྡུས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས ་པ་ཡིན་ནོ།། །། སློབ་དཔོན་ཨ་བྷ་ཡའི་ཞལ་སྔ་ནས་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ་