CLOSE WINDOW

GT3122: shes rab kyi pha rol tu phyin pa'i man ngag
Wyliee-texts produced with BDRC’s OCR application

རྫོགས་སོ།། ། རྔོག་འགྱུར་གཙང་མ་ཡིན་ནོ།། ། རྒྱ་གར་སྐད་དུ། པྲཛྙཱ་པ་ར་མི་ཏ་ཨུ་པ་དེ་ཤ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག། སངས་རྒྱས་ལ་ཕྱག་འཚལ ་རྟོག་པ་ཀུནྡ་ལས་ངེས་གྲོལ་གང་།། མཚན་མྱེད་སྟོང་པ་ང་བ་ཅན།། དགེ་ས་དེ་ལ་ཕྱག་འཚལ་ནས།། དེ་ཉིད་གསལ་བར་བྲི་བར་བྱ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་འ ་ལྔ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རབ་ཏུ་དབྱེ་བ་དག་ཤེས་པའི་སྒོ་ནས། ཁོང་དུ་ཆུད་དགོས་པ་ཡིན་ན།། དེ་ཡང་ཕལ་ཆེ་བའི་སྤྱོད་ཡུལ་མ་ཡིན་པས། སྒྲ་ལོས་འདས་པའི་རིམ་པ་འདི་བསྟོན་ནོ།། དང་པོར་སེམས ་མི་གཡོ་བར་འདུག་པ་སློབ་པར་འདོད་པསོ། ལུས་སེམས་ངོལ་དུབ་མེད་པར་བྱས་ནས། གནས་བདེ་བར་གནས་པར་བྱའོ།། དེ་ནས་རང་གི་སྙིང་དབུས་སུ།། ཆུ་སྐྱེས་དཀར་པོ་འད་བ་བཞིའི་དབུས།། པྲཾ་ནི་དཀར་པོ་བསམ་པར་བྱ།། ་བརྟན་འགྱུར་རིམ་པས་སྒྲ་ལ་དམིགས།། དེ་ནས་པདྨ་འདབ་བརྒྱད་དང་།། བརྒྱ་ཡོ་བར་དུ་སྤྲོ་བསྡུ་བྱ།། དེ་ནས་མི་གཡོ་བརྟན་གྱུར་ན།། དམ་པ་རྣམས་ལ་རྙེད་བཀུར་གྱིས།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་རྫོགསོ ་སོ།། ། རྒྱ་པོ་མ་རྙེད་རྔོག་འགྱུར་གཙང་མོ་ཡིན།། ་