| Wylie | e-texts produced with BDRC’s OCR application |
དས་རྣསེམས་ང་ནི་སྦུབ་མས་བཞུགས་སོ།། རྒྱ་གར་སྐད་དུ། ཤྲཱི་བཛྲ་སཏྭ་སཱ་དྷ་ནཾ། བོད་སྐད་དུ། སེམས་དཔའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཆོ་ག་ཐམས་ཅད་ཇི་ལྟ་བ་བཞིན ་དུ་སྤྱད་ནས། བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ།། ཕྱག་གཡས་པའི་དང་པོས་རྡོ་རྗེ་གསོར་བའི་ཚུལ་དུ་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་སྟེན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་གཡོན་ནས ་འཁྱོད་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འཛུམ་པ་དང་།། བཞད་པ་དང་། རབ་ཏུ་དགོས་པའི་སྤྱན་གསུམ་གདངས་པ། ད་ར་ལ་དཀར་པོའི་ན་བཟའ་དང་། དར་ཁྲ་བོའི་སྨད་གཡོ་གས་གསོལ་བ། བསམ ་པ་གཡོས་པས་སྒེག་པ་ད་བཅས་ཤིང་། དབུ་གཡོན་དུ་ཅུང་ཟད་དུད་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ།། ཨོཾ་བཛྲ་དྷ་ཏྲཱི་ཤྭ་རཱི་ཨ་བྷི་ཥིཉྩ་ཨོཾ། ཨོཾ་སཏྭ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཨོཾ་ཧཱ་བཛྲ་མ་བྷི་གཱི་ཏཱཾ། ཨོཾ་དྷ་མཛེས་ཀྱི་ཧྲཱིཿ ་བཛྲ་ཨ་བྷི་ཥིཉྩ་ཨ། ཅེས་པ་ནི་དབང་བསྐུར་བའི་སྔགས་སོ།། ཨོཾ་བཛྲ་སཏྭ་ཧཱུཾ། ཅེས་པ་ནི་སྙིང་པོའོ།། དཔལ་རྡོ་རྗེ་སེམས་དཔའི་སྦུབས་རྫོགས་སོ།། ། གསར་འགྱུར་རོ།། ་རྒྱ་གར་སྐད་དུ། ཤྲཱི་བཻ་རོ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ།། དང་པོ་རེ་ཞིག་སྔོན་དུ་བཤད་པའི་ཆོ་གས་ཚོགས་བསག་པའི་སྦྱོར་བརྩམས་ཏེ་སྟོང་པ ་ཉིད་བསྒོམ་མོ།། ཕྱི་ནས་ཟ་བ་ལ་གནས་པའི་ཁཾ་གི་ཡི་གེ་ལས་གྲུབ་པ། དཔལ་རྡོ་རྗེ་རྣམ་པར་སྣང་མཛད་དུ་བདག་ཉིད་བསམ་པར་བྱའོ།། སྐུ་མདོག་ནི་དཀར་ལ་སེལ་བའི་མདངས་དང་ལྡན་པ། གསེར་དང་མཚུངས་པའོ།། ཞལ ་མདུན་མ་ནི་དཀར་བའོ།། གཡས་པ་ནི་སེར་བའོ།། གཡོན་པ་ནི་དམར་བའོ།། རྒྱུ་བ་ནི་ལྗང་ཁུའོ།། གཡས་ཀྱི་ཕྱག་དང་པོ་ནི་འཁོར་ལོའོ།། གཉིས་པ་ན་རལ་གྲིའོ།། གཡོན་གྱི་དང་པོ་ན་དྲིལ་བུའོ།། གཉིས་པ་ན་ཐོད་པ་བདུད ་རྩིས་གྲང་བའོ།། མདུན་དང་རྒྱབ་དང་། གཡས་དང་། གཡོན་གྱི་འདབ་མ་ལ་ནི། ངུར་སྨྲིག་གི་བླ་གོས་དང་། གླེགསུ་བཾ་དང་། ལྷུང་བཟེད་བདུད་རྩིས་གང་བ་དང་། མཁར་གསོལ་ལོ།། བཅོམ་ལྡན་འདས་ཀྱི་སྐུ་ལཱ་ནི་དུར ་སྒྲིསྨྲིག་གིས་ཁ་བསྒྱུར་བའི་སྟོང་གཡོགས་དང་། སྨད་གཡོགས་དང་། རིན་པོ་ཆེའི་རྒྱན་དུ་མས་རྣམ་པར་བརྒྱན་པའོ།། ཨོཾ་ཤྲཱི་བྱཻ་རོ་ཙི་ན་ཧཱུཾ་ཧཱུཾ་ཧཱུཾ་ཨོཾ་ལ་ལ་ཧོ་སྭཱ་ཧཱ། ཅེས་པ་ནི་སྙིང་པོའི་སྔགསོ།། ཨོཾ་བྷཱུ་ཁཾ་ཙས་པ་ནི་ཉེ་བའི ་སྙིང་པོའོ།། དཔལ་རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་རྫོགས་སྷོ།། ། གསར་འགྱུར་རོ།། ། རྒྱ་གེརརེ་སྐད་དུ། ཤྲཱི་བཛྲ་དཱི་བ་ཀ་ར་ཧཾ་རཎྜ་སཱ་དྷཱ་ནཾ། བོད་སྐད་དུ། ་དཔལ་རྡོ་རྗེ་སྣང་བྱེད་གསེར་ཞེས་བྱ་བའི་སྒྲུབ་ཐབས། དཔལ་རྡོ་རྗེ་ཉི་མ་ལ་ཕྱག་འཚལ་ལོ།། འདོད་པ་ཐམས་ཅད་རབ་སྩོལ་བ།། ཡིད་བཞིན་ནོར་བུ་སྦྱིན་པའི་སྟོབས།། གང་བ་རྒྱས་པ་སྟུག་པོ་སྟེ། དེ་ལ་བཏུད་ནས་བཤད ་