| Wylie | e-texts produced with BDRC’s OCR application |
ཆེན་གྲགས་པས་བསྒྱུར་བའོ།། རྒྱུ་དཔེ་མ་རྙོད་འགྱུར་རྙིང་ཟངས་མའོ།། ། རྒྱ་གར་སྐད་དུ། ཤྲཱི་མཉྫུ་བཛྲ་སཱ་དྷཱ་ན། དྲོད་སྐད་དུ། དཔྲལ་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། བཅོམ་ལྡན་འདས་དཔལ་རྡོ་རྗེ ་ས་དཔའ་ལ་ཕག་འཚལ་ལོ།། རིན་ཆེན་པདྨ་ར་ག་ལྟར།། ཤེས་རབ་མཆོག་ལྡན་མདངས་གསལ་བ།། འཇམ་པའི་རྡོ་རྗེ་ལ་བཏུད་ནས།། དེ་ཡི་སྒྲུབ་ཐབས་འདི་རྩམ་པ།། དང་པོ་མལ་ནས་ལངས་ནས།། གདོང་དག་ལ་སོགས་པ ་བྱས་ནས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྒོམ་སྟེ། དེ་ལས་བྱུང་བའི་འོད་ཟེར་གྱིས་བགེགས་རྣམས་ཕྱོགས་བཅུར་བསྐྲད་པར་བྱ་སྟེ། གསང་སྔགས་ནི་འདིའོ།། ཨོཾ་ཨ་མྲྀ་ཏི་ཀུཎྜ་ལི་ཧཱུཾ་ཕཊ། དེ་ནས་ན་མཁའ་ལ་གནས་པའི ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གསལ་བར་དམིགས་ཏེ། ཡིད་ཀྱིས་མཆོད་པ་བྱ་སྟེ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་སྤྱན་དྲང་བར་བྱའོ།། ཨོཾ་ཨ་ཧྱེ་ཧཱི་བྷ་གཱ་བཱན་མཉྫུ་བཛྲ་མ་མ་ཤཱ་རཱི་རེ། ཨ་དྷིཥྛ་ནཾ་ཀུ་རུ་སྭཱ་ཧཱ། དེ་ནས ་སྙིང་གའི་ཟླ་བའི་ངལ་གྱི་སྟེང་དུ། འཇམ་པའི་རྡོ་རྗེ་སྐུ་མདོག་དམར་པོའོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་འཆང་བ། རྨ་བྱའི་ཁྲི་ལ་རྡོ་རྗེའི་སྐྱིལ་མོ་ཀྲུངས་ཀྱིས་འཇོ་སྒེག་དང་བཅས་བཞིན་པར་བཞུགས ་པའོ།། མོ་ཧཱ་ཀུ་མ་རཱི་དང་། རཱ་ག་ཀུ་མ་རཱི་དང་། ཨིཙྪི་ཀུ་མ་རཱི་དང་། ཀུ་ལ་ཀུ་མ་རཱི་སྟེ། ལྷ་མོ་བཞིའི་འཁོར་གྱིས་ཡོངས་སུ་བསྐོར་བར་བསམ་པར་བྱའོ།། དེ་དག་ཀྱང་ཕྱག་གཉིས་ན་རྡོ་རྗེ་དང་རལ་གྲི་བསྣམས་པ། རྨ་བྱའི་ཁྲི་ལ་རྡོ་རྗེ ་བྱོ་མོ་ཀྲུང་གིས་བཞུགས་པ།། སྐུ་མདོག་ནི་བཅོམ་ལྡན་འདས་དང་མཚུངས་པར་བསམ་པར་བྱའོ།། ཨོཾ་ཧྲཱིཿམཾ་པཾ་ཧོཿམཾ་ཧཱུཾ། དེ་དག་ནི་འཇམ་པའི་རྡོ་རྗེའི་ཡི་གེ་དྲུག་པའི་གསང་སྔགས་སོ།། ཨོཾ་བྷྲཱུཾ་ལཾ་ཧཱུཾ། ཨོཾ་ཏྲཾ་ཧཱུཾ་ཧཱུཾ། ཨོཾ་ཧྲིཾ་མཾ་ཧཱུཾ། ་ཨོཾ་ཁོ་ར་ཧཱུཾ། དེ་དག་ནི་ལྷ་མོ་བཞིའི་ཡི་གེ་བཞིའི་གསང་སྔགས་སོ།། མཆོད་པའི་དུས། ཕྱི་རོལ་ཏུ་པདྨ་འདབ་མ་བཞི་པ་བྱས་ཤིང་དམིགས་ཏེ། དབུས་ཀྱི་ལྟེ་བ་ལ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཇི་ལྟ་བ་བཞིན་པ་དང་། ཤར ་ལ་སོགས་པའི་འདབ་མ་བཞི་ལ། ལྷ་མོ་བཞི་ཇི་ལྟ་བ་བཞིན་བསམས་ལ། སྔགས་གོང་མ་རྣམས་ཀྱིས་རིམ་པ་བཞིན་མཆོད་པ་བྱའོ།། དེ་ནས་གསང་སྔགས་འདིས་འབྱུང་པོ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ།། ་སྦྱིན་གྱི་ཕྱག་རྒྱ་དང་སེ་གོལ་ལན་གསུམ་གཏོག་ཅིང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ། ཨ་དྱ་ནུཏྤན་ཏཱཏ། ཅེས་བྱ་བའི་སྔགས་འདིས་སྦྱིན་པར་བྱའོ།། དེ་ནས་སྨོན་ལ་འདི་ལན་གསུམ་བརྗོད་པར་བྱའོ།། ཕྱོགས་བཅུ་ན་མཁའི་མཐས་གཏུགས ་པོའི།། སེམས་ཅན་རྣམས་ནི་རབ་གྲོལ་ཞིང་།། འཇམ་དབྱངས་སྤྱོད་པ་ཇི་བཞིན་དུ།། དེ་བཞིན་བདག་ནི་སྤྱོད་གྱུར་ཅིག། བཅོམ་ལྡན་འདས་འཇོམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་རྫོགས་སོ།། ་ལོ་ཆེ་བ་པ་རིས་བསྒྱུར་བའོ།། རྒྱང་པེ་མ་རྙེད་འགྱུར་རྙིང་ཟང་སོ་མའོ།། རྒྱ་གུར་དུ། ཨོཾ་ཌི་ཡ་ཎོ་བྷ་ཝཱ་མཉྫུ་ཛཱ་སཱ་དྷ་ནཾ། བོད་སྐད་དུ། ཨོཾ་རྒྱུན་ལས་འབྱུང་བའི་མཇམ་པའི་རྡོ་རྗེའི་སྒྲུབ་ཐབས། འཇམ ་