| Wylie | e-texts produced with BDRC’s OCR application |
འདི་གསར་འགྱུར་ཁོ་ན་ཡིན་ནོ།། ། ཨོཾ་ལོ་ཀ་ནཱ་ཐ་ཤཱ་ཝ་ར་སཱ་དྷ་ན། བོད་སྐད་དུ། འཇིག་རྟེན་མགོན་པོ་རི་ཁྲོད་པའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལོ།། ་འདིར་སྔོན་དུ་བཤད་པའི་ཆོ་གས་ཚངས་པའི་གནས་པ་བཞི་དང་། སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བར་བྱའོ།། ཕྱི་ནས་ཡི་གེ་ཧཱུཾ་ལས་སྐྱེས་པ། རྡོ་རྗེ་ཁྲོ་བོ་ཆེན་པོ་སྤྲོ་བྱ་སྟེ། ཨོཾ་ཨཱཿཧྲིཿཀུ་མ་ར་ཀྵོ་དྷ་སརྦ་དུཥྚཱན་ཧ་ར་ཧ་རོ་ཀུ་མ་ར ་རཀྵ་རཀྵ་ཧཱུཾ་ཕཊ། ཞལ་གསུམ་པ་ལ་ཕྱག་དྲུག་པ།། དམར་པོ་སྔོ་དང་སེར་བའི་ཞལ།། རྡོ་རྗེ་དགུ་སྟ་རལ་གྲི་དག། གཡས་པའི་ཕྱག་གིས་བསྣམས་པ་ཡིན།། གཡོན་ན་དྲིལ་བུ་ཞགས་པ་དང་།། དེ་བཞིན་ཚངས་པའི་མགོ་བོ་བསྣམས། ་ཕྱོགས་རྣམས་བཅིང་པར་བྱེད་པའི་མཆོག། འོད་ཟེར་རྡོ་རྗེའི་དྲ་བ་དང་།། མགོ་ཐོད་སྐམ་པོས་ཡོངས་སུ་བསྐོར།། རྡོ་རྗེ་ཕུར་བུས་གདབ་པར་བྱ།། དེའི་དབུས་སུ་རི་བོ་དང་ནགས་ཚལ་གྱི་ནང་ན། ལོ་མ་དང་རྩ། ངག་གི་ཁང་པ་རབ ་ཏུ་ཡང་པའོ།། དེའི་དབུས་སུ་ཟླ་བ་དང་\ུ0f7fཧྲི་ལས། བདག་ཉིད་འཇིག་རྟེན་མགོན་པོ་རི་ཁྲོད་པ་སྐུ་མདོག་དཀར་པོ་ལོ་བཅུ་དྲུག་ལོན་པ་ལྟ་བུ། ཕྱག་གཉིས་ན་ནི་མདའ་དང་གཞུ་འཛིན་པ། སྦྲུལ་གྱི་དོ་ཤལ་དང་ལྡན་པ། ཟླ་བའི་ངལ ་གྱིས་དབུ་ལ་བརྒྱན་པ། མེ་ཏོག་དང་འབྲས་བུ་སྤེལ་མའི་འཕྲེང་བ་ཅན། དར་ཕྲ་མོའི་སྤྱད་དཀྲིས་དང་། སྟོད་གཡོགས་དང་། རིན་པོ་ཆེ་སྣ་ཚོགསོ་པས་བརྒྱན་པའོ།། གཡས་སུ་དཔྱིད་ཀྱི་ལྷ་མོ་ན་མཁའ་ལྟར་སྔོ་སངས། དེའི་གཡས་སུ་དབྱར ་གྱི་ལྷ་མོ་དཀར་པོའོ།། དེ་གཉིས་ནི་ཞགས་པ་དང་ལྕགས་ཀྱུ་བསྣམས་པ་ལོ་མའི་གོས་ཅན་ནོ།། གཙོ་བོའི་གཡོན་དུ་ནི་སྟོན་གྱི་ལྷ་མོ་སེར་མེའོ།། དེའི་ཡང་གཡོན་དུ་ནི་དགུན་གྱི་ལྷོ་མོ་དམར་མོའོ།། དེ་དག་ནི་མདའ་དང་གཞུ་ཐོགས་པ་རྨོ་བྱའི ་སྤྲོསྒོའི་གཤམ་བུ་ཅན་ནོ།། མགོན་པོ་རི་དགས་ལྤགས་པ་ཡིས།། སྟོང་གཡོགས་ལྤགས་པའི་གདུན་ལ་བཞུགས།། འདོད་ཆགས་རྡོ་རྗེས་སུ་ཆགས།། འོད་དཔག་མེད་པས་དབུ་ལ་བརྒྱན།། རྡོ་རྗེ་གསུམ་ཡང་དག་པར་བྱིན་གྱིས་བརླབསོ ་དང་། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་ཡོངས་སུ་བསྲེ་བར་བྱས་ནས། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་ཡང་དག་པཱར་དབང་བསྐུར་བར་བྱའོ།། ཨོཾ་ཨཱརྱ་ཧྲཱིཿཀཱ་ཡ་བཛྲ་ཧཱུཾ། ཨོཾ་ཨཱཿཧྲཱིཿཝ་ཀ་བཛྲཱ་ཧཱུཾ། ཨོཾ་ཨཱཿཧྲཱིཿཙིཏྟ་བཛྲ་ཧཱུཾ། སྐུ་དང ་གསུང་དང་ཐུགས་བྱིན་གྱིས་བརླབས་པའི་སྔགས་སོ།། ཨོཾ་ཨཱཿཧྲཱིཿཧཱུ་ཧོ་ཕོཊ་སྭཱཏྨ། ཛྷཻཾ་ཤྲི་བྷྲྀ་གཱི་ཛིཿཧཱུཾ་བཾ་ཧེ་ཅེས་པ་ནི་སྙིང་པོའོ།། ཨོཾ་ཨཱཿཱཿཱཿཧྲཱི་ཛཱཿཛྲཱྀཾཿདྷུ་ཧཱུཾ་ཧཱུ~ཾ་ཕཊ། ཉེ་བའི་སྙིང་པོའི།། ཨོཾ་ཨཱཿཧྲཱི་ཧོཿོཾ་ཤཱ ་ཨོཾ་ཨཱཿཧྲཱིཿཧཱུཾ། ཨོཾ་ཨཱཿཧྲཱིཿཕཊ། ཕྱོགས་བཞིར་བསྐོར་ཏེ་མངའི་དྲ་བ་བྱེད་པ་ནི་བསྲུང་བའོ།། ཨོཾ་ཨཱཿཧྲིཿསརྦ་བྷཱུ་དྷི་པ་ཏི་པྲ་ཧ་ན་ཧཱུཾ་ཕཊ་སྭཱ་ཧཱ། རང་དང་གཞན་གྱི་ནད་ཐམས་ཅད་ཉམས་པར་བྱེད་པའི ་སྔགས་སོ།། ཨོཾ་ཨཱཿཧྲིཿམཾ་ན་ག་བི་ཥཱ་ཧཱུཾ་ཕཊ་སྭཱ་ཧཱ། དུག་ཞི་བར་བྱེད་པའི་སྔགསོ།། ཨོཾ་ཨཱཿཧྲིཿཛཿཧཱུ~ཾ་འབུམ་བཟླས་སོ།། ཕྱི་ནས་མེ་ཏོག་དམར་པོའི་ཁུ་བས་གདོང་བཀྲུས་ལཱ། ལྕེ་ལ་སྦྲང་རྩི་བཞག་སྟེ། ཨོཾ་ཨཱཿཧྲཱིཿཀྲི་ལོ་ཀི་ནཱ་ཐ་མ་ཧཱ ་ཀ་རུ་ཎི་ཀ་ཧོཿས་མ་ཡ་ཧཾ་ཨ་མུ་ཀཾ་ཙིཏྟ་མ་ཧཱ་སནྣེ་ཙ་ལ་ཙཱ་ལ་པྲ་ཙ་ལོ་པྲེ་ཙ་ལ་ཛཱཿཛཿཛཿཙས་བཟླས་པས་སྒྲུབ་བྱ་མཐའ་དགོ་དབང་དུ་བྱེད་པར་འགྱུར་རོ།། ཨོཾ་ཨཱཿཧྲཱིཿཕེཾ་ཕེཾ་ཕེཾ། ཨོཾ་ཨཱཿཧྲཱིཿརཾ་རཾ་རཾ། ཨོཾ་ཨཱཿཧྲཱིཿཛཿཛཿཛཿཧྲིཿཧོཿ ་ཨོཾ་ཨཱཿཧྲཱིཿཛཱཿཛཱཿཛཱཿཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟེ། མདའ་འཕང་པའི་སྔགས་སོ།། སྒྲུབ་པ་པོ་གལ་ཏེ་སྒོམ་པས་སྐྱོ་བར་གྱུར་ན། རིག་པའི་བརྟུལ་ཞུགས་ཀྱི་སྦྱོར་བས། སྤྱོད་ཡུལ་དུ་རྒྱུ་བར་བྱ་སྟེ། འགྲོ་བ་ཀུན་གྱི་ཉོན ་མོངས་པའི་འདམ་རྫབ་ཆེན་པོ་དེ་དག་སྲོག་ཆགས་ཀྱི་གཟུགས་སུ་རབ་ཏུ་བསྒྱུར་བར་བྱ་སྟེ། ང་རྒྱལ་གླང་པོའི་གཟུགས་ཡིན་ཏེ།། གཏི་མུག་ཕག་གི་རྣམ་པར་བྱ།། ཞེ་སྡང་སྦྲུལ་གྱི་གཟུགས་ཡིན་ཏེ། གནོད་སེམས་སྟག་གི ་གཟུགས་སུའོ།། བྱ་གག་གཟུགས་ནི་འདོད་པ་སྟེ།། བས་ནི་ཕྲག་དོག་གཟུགས་ཀྱིས་གནས།། རྣམ་གཡེངས་རི་དགས་གཟུགས་སུ་བརྗོད།། འདི་དག་གཏོར་མར་བྱ་བ་ཉིད།། མངའ་འཕངས་པ་ཡི་སྦྱོར་བས་ཏེ།། ཡི་གེ་གསུམ ་གྱིས་སྤྱད་པར་བྱ།། དུས་བཞི་རབ་ཏུ་སྦྱོར་བ་ཡིས།། རྡོ་རྗེ་བཞི་དང་མཉམ་པར་ལྡན།། ལྷ་མོ་བཞི་དང་མཉམ་སྦྱོར་བ།། དགའ་བ་བཞི་ཡི་དེ་ཉིད་མཆོག། ཨོཾ་ཨཧྲཱིཿཤྲི་ལོ་ཀ་ནཱ་ཐ་སརྦྦ་བུདྡྷ་བོ་དྷི་སཏྭཱ་པད་མ་བི་ཤུཿ ་སསྐྲྀ་ཏ་ཏཱི་ཛ་བྷོཀྵ་ཏྱཱ་ཁོ་ཁཱ་ཁཱ་ཧིཥཱ་ཙི་ཨོཾ་ནེ་ཀ་ས་ཏཱརྠ་ས་མྦྷ་ཡ་སིདྡྷི་སྥ་ར་སྥ་ར་ཧཱུཾ་ཧཱུ~ཾ། གཏོར་མ་དང་ཟས་ཀྱི་བྱེ་བའི་སྔགས་སོ།། ཨོཾ་པད་མ་པད་མ་ཧྲྀ་ཧྲྀ་ཞེས་གླུ་བླངས་ཤིང་།། གར་གྱི་མཆོད་པས་མཆོད་པར་བྱའོ།། ་འཇིག་རྟེན་མགོན་པོ་རོ་ཁྲོད་པའི་སྒྲུབ་ཐབས་རྫོགས་སོ།། ། གསར་འགྱུར་ཁོ་ན་ཡིན་ནོ།། ་