CLOSE WINDOW

GT3103: 'jig rten mgon po zhal bcu gcig pa'i sgrubs thabs
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨེ་ཀ་ད་ཤ་བཀྵ་ལོ་ཀ་ནཱ་ཐ་སཱ་དྷ་ན། བོད་སྐད་དུ། འཇིག་རྟེན་མགོན་པོ་ཞལ་བཅུ་གཅིག་པའི་སྦུབས་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། སྒྲུབ་པ་པོ་ཡིད་དང་མཐུན་པའི་གནས ་ཁྲུས་ཀྱི་བྱ་བ་སྔོན་དུ་འགྲོ་བས། བདག་དང་གནས་དང་རྣལ་འབྱོར་བསྲུང་བ་བྱས་ནས། མཆོད་པ་ལ་འཇུག་པར་བྱའོ།། ཏདྱ་ཐཱ། ཨཱི་ལི་མི་ལི་བི་ལི་ཏི་ལི་ཙི་ལི་ཧི་ལི་སྭཱ་ཧཱ། ཅེས་པ་ནི་བསྲུང་བའི་སྔགས་སོ།། དེ་ནས་ཡང་དག་པའི་མཆོད་པ ་རྣམ་པ་ཤམས་ཏེ། ཆོག་ཇི་ལྟ་བར་སྨོན་ལམ་བཏབ་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། ཏདྱ་ཐཱ། རྒྱས་རྒྱས་དྷིས་དྷི་སཱ་དྷུ་སྭཱ་དྷུ་སྭཱཿཅེས་ལན་ཉི་ཤུ་རྩ་གཅིག་གིས་བསྔགས་པར་བྱའོ།། དེའི་འོག་ཏུ་སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདུན་དུ་སྤྱན་དྲངས་ཏེ། ཏདྱཱ་ཐཱ། ཧཱ་ཧཱ་ཧཱ་ཧ། ཨི་ལི་མི་ལི་ཙི་ལི་ལི་ཁི་ལི་ཧི་ལི་སྭཱ་ཅེས་བཟླས་པས་མཆོད་ཡོན་དང་ན་བཟའ་དབུལ་བར་བྱའོ།། ་ཏདྱ་ཐཱ། དྷུ་རུ་དྷུ་རུ་ཧ་ཧ་ཧ་ཧ་སྭཱ་ཧཱ། བདུག་སྤོས་དང་མར་མོ་ལ་བཏབ་སྟེ་དབུལ་བར་བྱའོ།། ཏདྱ་ཐཱ་སི་ལི་སི་ལི་དྷི་ལི་དྷི་ལི་སི་ལི་དྷི་ལི་སྭཱ་ཧཱ། མེ་ཏོག་དང་དྲིའི་བྱུག་པ་དང་ཕྲེང་བ་ལ་བཟླས་ཏེ་དབུལ་བར་བྱའོ།། སྔགས་དེ་དག་ཀྱང་ལན་བདུན ་བདུན་ཡོངསུ་བཟླས་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་དང་། འཕགས་པ་སྤྱན་རཾས་གཟིགས་དབང་ཕྱུག་གི་བསྟོད་པ་ལན་གསུམ་དུ་བསྔགས་ནས། བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མཆོད་པར་བྱའོ།། ཏདྱ་ཐཱ། བེ་ཊེ་བེ་ཊེ་། ཏི་ཊ ་ཏི་ཊེ། ཙི་ཊེ་ཙི་ཊེ། བིད་ཏེ་བིད་ཏེ། ཀ་ཙ་ཀ་ཙ། བྷ་ག་བཱན། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། སརྦ་སྭསྠཱ་ན་སྭཱ་ཧཱ། ཅེས་པ་འདིས་རང་གི་གནས་སུ་སླར་ཡང་གཤེགས་པར་བྱའོ།། ཆུ་ལ་ཡོངས་སུ་བཟླས་ནཱས་ཕྱོག ་ཀུན་ཏུ་གཏོར་བར་བྱའོ།། དེའི་འོག་ཏུ་ཚངས་པའི་གནས་པ་བཞི་བསྒོམ་པར་བྱ་ཞིང་། ཆོ་ག་བཞིན་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སེམས་གནས་པར་བྱའོ།། པདྨ་དཀར་པོ་དང་ཟླ་བ་ལ་གནས་པའི་ཡི་གེ་ཧྲཱིཿའི ་གཟུགས་ཡོངསུ་གྱུར་པ་ལས། འཇིག་རྟེན་མགོན་པོའི་གཟུགས་སུ་བདག་ཉིད་བསམ་པར་བྱ་སྟེ། ཕྱག་ཡོན་ན་ནི་པདྨ་དམར་པོ་དང་། རིལ་པ་སྤྱི་བླུགས་དང་པོ་ཏྲིའོ།། གཡས་ན་ནི་བགྲང་འཕྲེང་དང་། མི་འཇིགས་པ་དང་། དབྱུ་གུ་རྩ་གསུམ ་པའོ།། ཡང་ན་ནི་ཐལ་མོ་སྦྱར་བ་དང་། ལྕགས་ཀྱུ་དང་། རྔ་ཡབ་འཛིན་པའི་ཕྱག་སྟེ། ཕྱག་བཙོ་པར་བྱའོ།། ཡང་ན་ནི་ཕྱག་གཉིས་པ། ཡོད་ན་ནི་ཕྱག་བཞི་པ། ཡང་ན་ནི་ཕག་བརྒྱད་པ། ཡང་ན་ནི་ཕྱག་སྟོང་གི་བར་དུ་སྦྱར་བར་བྱའོ།། ་ཡང་ན་ནི་ཕྱག་གི་མཐིལ་ནི་པད་མ་ལྟ་བུའི་སྤྱན་རྣམས་སོ།། སྐུ་མདོག་དཀར་པོ། འོག་གི་ཞལ་བཞི་ནི་དཀོར་བའོ།། དེའི་སྟོང་གི་ཞལ་གསུམ་ནི་སེར་པོའོ།། དེའི་སྟེང་གི་གསུམ་ནི་སྔོ་སངས་སོ།། མདུན་གྱི་གདོང་གསུམ་ནི་རབ་ཏུ་ཞི་བ་ཡིན་ནོ།། ་གཡས་ཀྱི་གསུམ་ནི་ཞལ་གདངས་པས་ཁྲོས་པ། མཆེ་བ་འབྱུང་བའི་མཚན་ཉིད་ཅན། གཡོན་གྱི་གསུམ་ནི་ཁྲོ་བའི་མཚན་མ་ཅན།། ཡ་སོས་མ་མཆུ་གནན་པའོ།། རྒྱབ་ཀྱི་གཅིག་ནི་ལྗང་ཁུ་ཞལ་རྣམ་པར་འགྱུར་བའོ།། ཐམས་ཅད ་ཀྱི་སྤྱི་བོའི་སྟེང་དུ་སངས་རྒྱས་ཀྱི་གཟུགས་ཀྱི་ཞལ་ལོ།། དབུ་རྒྱན་གྱི་ནང་དུ་སངས་རྒྱས་ཀྱི་གཟུགས་སྣ་ཚོགས་པས་མཛེས་པ། སྣ་ཚོགས་པའི་གོས་དང་། སྣ་ཚོགས་པའི་དོ་ཤལ་དང་། སྣ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་མཛེས་པའོ།། ་དེ་ལྟར་བསམས་ནས་སྔགས་བཟླས་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཛྙཱ་ན་སཱ་ག་ར་པ་རོ་ཙ་ན་བྷཱུ་ཧཱ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཏེ་སམྱཀྶཾ་བུདྡྷ་ཡ། ན་མོ་སརྦ་ཏ་ཐཱ་ག་ཏ་བྷཿཪྴ་ཏེ་བྷྱཿསཾ་མྱག་སུཾ་བུདྡྷེ་བྷྱཿན་མོ་ཨཱརྱ ་ཨ་བ་ལོ་ཀི་ཏེ་ཤྭ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཅེས་པའི་ཕྱག་འཆིལ་བ་ནོ་ཐམས་ཅད་ཀྱི་མིགོ་ལ་སྦྱར་བར་བྱའོ།། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷཱི་རི་དྷི་རི། དྷུ་རུཾ་དྷུ་རུ། ཨིཊྚེ་བནྡྷི། ཙ་ལེ་ཙ་ལེ ་པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི། ཙེ་ཏཱི་ཛྭ་ལ་མ་པཱ་ན་ཡ་ཤུདྡྷ་ཏེ་སྭཱ་ཧཱུ~ཾ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སྭཱ་ཧཱ། འབུམ་ཕྲག་གཅིགཽ་ཏུ་བཟླས་པས་འཚམས་མེད་པ་ལྔ་བྱེད་པ་རྣམས་ཀྱང་འགྲུབ་པར་འགྱུར་པ་ཡིན་ན། ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་གྱི་དལ་དུ་དམ་བཅས་པ་ཡིན་པའི་ཕྱིར། འདི་ལ་ཐེ་ཚོམ་མི་བྱའོ།། གལ་ཏེ་ལ་ལ་ཞིག ་སྡིག་པ་ཆེན་པོ་དང་ལྡན་པར་གྱུར་ཀྱང་། ཡེ་ཤིང་དང་། མེ་ཏོག་སྣ་ཚོགས་དང་། ཤ་ཊེ་ཞེས་བྱ་བའི་མེ་ཏོག་གི་ཤིང་། འོ་མ་དང་། ཞོ་དང་། མར་དང་། སྦྲང་རྩི་དང་། ཤ་ཁ་རིའི་ནང་དུ། ཞགས་གཅིག་ལོན་པར ་སྤང་སྟེ། སྦྱིན་སྲེག་ལན་སུམ་ཅུ་སུམ་ཅུ་འབུལ་བར་བྱའོ།། ཏཱདྱ་ཐཱ། མ་སི་ཏ་སི། ཧུ་རུ་ཧུ་རུ། ཙུ་རུ་རུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ་སྭཱ་ཧཱ། ཅེས་པ་ནི་སྲེགས་བླུགས་ཀྱི་སྔགས་སོ།། དེ་ལྟར་ཚེས་གཅིག་ནས་བཙོ ་ལྔའི་བར་དུ་སྲེག་བླུགས་སྤྱད་པས། དེའི་སྡིག་པ་མ་ལུས་པ་བྱང་བར་འགྱུར་ཏེ། དེ་ནས་ནི། ཇི་སྐད་བཤད་པའི་ལས་ཐམས་ཅད་འགྲུབ་པ་ལ་ཐེ་ཚོམ་མེད་དོ།། འཕགས་པ་འཇིག་རྟེན་མགོན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་རྫོགས ་འདི་གསར་འགྱུར་ཁོ་ན་ཡིན་ནོ།། ། ཨོཾ་ལོ་ཀ་ནཱ་ཐ་ཤཱ་ཝ་ར་སཱ་དྷ་ན། བོད་སྐད་དུ། འཇིག་རྟེན་མགོན་པོ་རི་ཁྲོད་པའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལོ།། ་