CLOSE WINDOW

GT3102: dam tshig gsum bkod pa'i rgyal po yi ge brgya pa'i sgrub thabs
Wyliee-texts produced with BDRC’s OCR application

རྒྱ་གཱར་སྐད་དུ། ཏྲེ་ས་མ་ཡ་བྷཱུ་ཧ་རཱ་ཛ་ཤ་ཏ་ཨ་ཀྵ་ར་སཱ་དྷ་ན། བོད་སྐད་དུ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ཡི་གེ་བརྒྱ་པའི་སྒྲུབ་ཐབས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས ་ཅད་ལ་ཕྱག་འཚལ་ལོ།། གང་འདིར་ངན་འགྲོའི་རྒྱུན་གཅོད་ཅིང་།། མངོན་མཐོ་དངོས་གྲུབ་ཀུན་འབྱུང་གནས།། སྔོན་བསགས་སྡིག་པ་དག་བྱའི་ཕྱིར།། བླ་མར་གྱུར་པ་ཀུན་ལ་འདུད།། དེ་ལ་དང་པོར་རྣལ་འབྱོར་པ།། བྱང་ཆུབ ་ཏུ་ནི་སེམོས་བསྐྱེད་ཅིང་།། སེམ་ཅན་ཀུན་ལ་སྙིང་རྩེ་བ།། ཡིད་དང་རྗེས་མཐུན་གནས་སུ་ནི།། འཇམ་པའི་སྟན་ལ་ལེགས་འདུག་ནས།། སེམས་དཔོའི་སྐྱིལ་མོ་ཀྲུངས་བཅས་ཏེ།། ཁྲོ་བོ་འདོད་པའི་རྒྱལ་པོ་ཡི།། སྔོགས་ཀྱིས་བགེགས ་རྣམས་གཞོམ་པར་བྱ།། ན་མཿས་མཱནྟ་ཀ་ཡཱ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ་ཨོཾ་ཊཀྐི་ཧཱུཾ་ཛཿདེ་ནས་ལུས་ཀྱི་ཆུ་གསུམ་བསྲུང་བར་བྱ་སྟེ། ཨོཾ་བྷུ་རཱ་སྭཱ་ཧཱ། ཨོཾ་བྷུ་ཝ་སྭཱ་ཧཱ། ཨོཾ་བྷུར་བྷཱུ་ཝ་སྭཱ་ཧཱ། རིགས་ཀྱི་སྙིང་པོ་ལེག་བཟླས་ཤིང་། གསར་ཞིང ་གྲུགས་ཀུ་ཤ་ཡི།། བདག་བྱེད་སོར་ནི་བཅུ་གཉིས་ཚང་།། སྲིནཱི་ལག་ལ་ནི་གདགས་པར་བྱ།། ཨོཾ་ཨཱཿཛི་ན་ཛིག། དམར་སེར་བ་ཡི་འོ་མ་དང་།། བ་ཡི་ཞོ་དང་བ་མར་དང་།། བ་ཡི་ཆུ་དང་ལྕི་བ་རྣམས།། ཤར་བལྟས་མི་སྨྲ་ཅོག ་ཙོག་པོར།། འདུག་སྟེ་སྦྱར་ལོ་སྲང་གསུམ་ཙམ།། པ་ལ་ཤ་ཡོ་འདབ་མས་བཏུང་།། ཨོཾ་བཱག་བི་ཤུདྡྷེ་སྭཱ་ཧཱ། དེ་ནས་ཆུ་ངོགས་སུ་ཕྱིན་ལ།། ལུས་ཐམས་ཅད་དམ། ཡང་ན་ཡན་ལག་ལྔ་བཀྲུས་ཏེ། ཆུའི་བགེགས་བཟློག ་པ་ནི་གཡས་པའི་ཁྱོར་བས་ཆུ་བཅུས་ཏེ། གཡོན་པའི་སྡིགས་འཛུབ་བསྒྲེངས་ལ། ཨོཾ་དྷཱུ་བི་དྷུ་བི་ཀཱ་ཡ་བྷུ་པཾ་སྭཱཧཱ། ཞེས་བཟླས་པས་ལུས་ལ་གཏོར་བར་བྱའོ།། ལུས་ཐམས་ཅད་འཁྲ་བའི་སྔགས་ནི། ཨོཾ་པྲ། ་ཀྲི་ཏི་པ་རི་ཤུདྡྷ་སརྦ་དྷརྨཱཿཔྲ་ཀྲི་ཏི་པ་རི་ཤུདྡྷོ&ཧཱུཾ། དེ་ནས་ལག་པ་གཡས་པའི་ཁུ་ཚུར་བཅངས་པའི་མཐེ་བོ་བསྒྲེངས་ཤིང་འཛུབ་མོ་བཀུག་པས་སྙིང་ག་དང་། ལྐོག་མ་དང་། སྤྱི་གཙུག་དང་། དཔུང་པ་གཉིས་ཏེ་གནས་ལྔར ་གཏུག་ཅིང་། ཁྲོ་བོ་བཅང་རྨེ་མེད་པའི་སྔགས་ཀྱིས་བདག་ཉིད་བསྲུང་སྟེ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཛཿལག་པ་གཡས་པའི་གུང་མོ་དང་སྲིན་ལག་བཀུག་སྟེ། ཨོཾ་ཤུད་དྷུན་ཏུ་ཤོ་དྷེ་ནཱ~ཾ་ཡ་སྭཱ་ཧཱ། དེ་ནས་སེམས་མ་ཡེངས་པར་བསམ ་གཏན་གྱི་ཁང་པར་སོང་སྟེ། བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་འོག་ནས་འཆད་པ་བཞིན་འཁོར་དང་བཅས་པ་མདུན་གྱི་ནམ་མཁའ་ལ་མིགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་དུ་བ་ན་ད་ནཾ་ཀཱ་རོ་མི་ཞེས་པས་ཞབས ་ལ་ཕྱག་བགྱིའོ།། ཨོཾ་པྲ་ཝ་རཱ་སད་ཀཱ་ར་པྲེ་ཏཱིཙྪ་སྭཱ་ཧཱ། ཞེས་པས་ཞབས་བསིལ་འབུལ་བ་དང་། ཇི་ལྟར་རྙེད་པའི་མཆོད་པ་ལྔ། ཨོཾ་བཛྲ་པུཥྚིཾ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་ནཻ་ཝེདྱ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ། ་ཞེས་པས་གོ་རིམ་ཇི་ལྟ་བ་བཞིན་དུ་མཆོད་པ་དབུལ་བ་དང་སྡིག་པ་བཤགས་པ་དང་། ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་བསྐུལ་བ་དང་། གསོལ་བ་གདབ་པ་དང་། དགེ་བའི་རྩ་བ་བསྔོ་བས། དེ་ལྟར་ཚེགས ་བསགས་པས། བརྟན་པ་དང་། གཡོ་བ་ཐམས་ཅད་སྟོང་པ་ཉིད་དུ་བལྟས་ནས། དེ་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱའོ།། ཨོཾ་སསྭ་བྷཱ་ཝཱ་ཤུདྡྷ་སརྦྦ་དྷརྨཱ་ས་བྷ་\ུ0f7f་ཤུདྡྷཱནཱཧཾ། དེ་ནས་སྤོང་པའི་དང་ལས་མ་ལྗང་ཁུ་ལས ་བྱུང་བའི་པདྨ་འདབ་མ་བརྒྱད་པ། ལྟེ་བ་དང་ཟེའུ་འབྲུམ་གྱིས་མཚན་པ་དང་བཅས་པ་བསམས་ལ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཏྲཾ་ལས་བྱུང་བའི་བཅོམ་ལྡན་འདས་དམ་ཚིག་གསུམ་བཀོད་པའི ་རྒྱལ་པོ་སྐུ་མདོག་གསེར་བཅོམ་ལྟ་བུ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དུ་བདག་ཉིད་བསྒོམས་ལ། དེའི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་སྟོན ་ཀའི་འདམ་བུ་ལྟར་སྐྱེར་སྐྱེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་བཟུང་ནས་སྙིང་ཁར་ཐལ་མོ་སྦྱར་བའོ།། གཡོན་དུ་བྱང་ཆུབ་སེམས་མ་རྡོ་རྗེ་འཛིན་ཆེན་མོ།། སྐུ་མདོག་སོར་པོ།། གཡས་ན་ནོར་བུ་བཟང ་བསྣམས་པ། གཡོན་པོས་དུང་ངམ་རྡོ་རྗེ་བཟུང་བ། རྒྱན་ཐམས་ཅད་ཀྱིས་སྤྲས་པའོ།། གཡས་ནི་མདུན་རོལ་ཏུ་ཁྱེའུ་མཐའ་ཡས་ཁྲོ་བོའི་ཚེ་བྱད་ཅན།། སྐུ་མདོག་མེ་ཏོག་པ་ལ་ཤ་ལྟ་བུ། གཡས་ན་ཟངས་གྲི། གཡོན་ཀ་པཱ ་ལ་མེ་ཏོག་གི་ཚོགས་ཀྱིས་བཀང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྦྲུལ་དཀར་པོ་མཆོད་ཕྱིར་ཐོགས་པ་འཆང་བའོ།། གཡོན་གྱི་མདུན་རོལ་དུ་བུ་མོ་མཐའ་ཡས་ཞི་བའི་ཆ་བྱད་ཅན། སྐུ་མདོག་དུར་བའི་མྱུ་གུ་ལྟ་བུ་གཡས ་པའི་ཐལ་མོས་རང་གི་གཅ་བ་ལ་ཕྱག་འཚལ་བ། གཡོན་པས་པདྨ་ཡུ་བ་དང་བཅས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམས་པར་བྱའོ།། དེ་ནས་རང་གི་སྙིང་གའི་ཟླ་བའི་སྟེང་དུས་བོན ་གྱི་ཡི་གེ་ཏྲཱཾ་ལས་འོད་ཟེར་ཁ་དོག་ལྔ་པ་ཤིན་ཏུ་གསལ་བ་སྤྲོས་པས། བཅོམ་ལྡན་འདས་འཁོར་དང་བཅས་པ་མདུན་གྱི་ན་མཁའ་ལ་སྤྱན་དྲངས་ཏེ། མཆོད་པ་རྣམ་པ་ལྔ་ཕུལ་ནས། དེའི་སྐྱོན་སྔར་འཁོར་བ་ཐོག་མ་མེད་པས་ནས་བསགས་པའི ་སྒྲིབ་པའི་ཚོ་གས་དག་པར་བྱ་བའི་ཕྱིར། ལྷའི་སྐུ་སྒྱུ་མ་ལྟ་བུ་དེ་ཉིད་ལ་དམིགས་ཏེ་བཟླས་བརྗོད་བྱའོ།། བཟླས་བརྗོད་བྱེད་ཚེ་མེ་དལ་མི་མྱུར་ཞིང་།། ཧ་ཅང་ཚེ་མིན་ཧ་ཅང་ཆུང་བའང་མིན།། སྒྲ་བཞིན་མ་ཡིན་གཞན་དུ་ཡངས་བཞིན་མིན།། གུག ་སྐྱེད་ཀླད་སྐོར་ཚེགས་དྲག་ཉམས་པས་མིན།། འཕགས་པ་ཡི་གེ་བརྒྱ་པ་ཡི།། རྟོག་པའི་རྒྱལ་པོའི་ཆོ་གར་བཤད།། སྔགས་ཀྱི་མཐུ་ནི་བསམ་མི་ཁྱབ།། མཐུ་ནི་རྣམ་པ་དུ་མ་མཐོང་།། བཟང་སྤྱོད་ཡིད་དམ་བཅས་པ་ཡིས།། ཆོ་ག་ཡིས་ནི་འདི་བཟླས ་ན།། ཐར་པའང་ངེས་པར་བསྐྱེད་བྱེད་ན།། འཆི་བ་བསླུ་བ་སྨོས་ཅི་དགོས།། ཨོཾ་ན་མསྟྲཻ་ཡ་དྷི་ཀཱ་ན། སརྦ་ཏཱ་ཨ་པྲ་ཏི་ཧ་ཏཱ་བ་ལི་ནཾ། ཨོཾ་ཨཾ་ས་མ་ས་མནྟ་ཏོ་ཨ་ནན་ཏ་བསྟི་ཤཱ་ས་ནི་ཧ་ར་ཧ་ར། སྱཱ་རཽ་སྥ་ར་ཎ་བི་ག་ཏ་རཱ་ག། བུདྡྷ་དྷརྨ་ཏེ། ས་ར་ས་ར། ་ས་མ་བ་ལཱ། ཧ་ས་ཧ་ས། ཏྲོ་ཡོ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལ། ཀྵ་ནེ་ཛྭ་ལ་ཛྭ་ལ་ན་སྭཾ་ག་རོ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིའོ།། ཨོཾ་བཾ་བཛྲ་རཱ་ཡེ་སྭཱ་ཧཱ། ཨོཾ་མཾ་མཧཱ་བཛྲ་དྷ་རོད་བྷ་ཝཱ་སྭཱ་ཧཱ། ཨོཾ་ཊ་ཊཀྐི་ཡེ་སྭཱ་ཧཱ། ཨོཾ་ནེ་ནནྡི་ཀཱ་ཡཻ་སྭཱ་ཧཱ། འཁོར་རྣམ ་ཀྱི་སྔགས་སོ།། འདིའི་ཆོ་ག་ནི་ཡར་གྱི་ངོ་ཆོས་བརྒྱད་རྒྱུ་སྐར་བཟང་པོ་དང་ལྡན་པའི་ཞག་ནས་བརྩམས་ཏེ། རང་ཉིད་ཁྲུས་དང་བསྲུང་བ་ལ་སོགས་པ་སྔར་སྨོས་པ་བཞིན་བྱས་ལ། ཙན་དན་དཀར་པོའི་ཆུས་ཉེ་བར་བྱུགས་པའི་མཎྜལ་བྱས་ནས། འདོད ་པའི་ལྷའི་གྲངས་དང་མཉམ་པའི་མེ་ཏོག་གི་ཆོམ་བུ་ལེགས་པར་བཀོད་ནས། དང་པོར་བསྙེན་པ་བརྩམས་པར་བྱ་སྟེ། དེའི་འོག་ཏུ་ནི་ལས་ལ་སྦྱར་བར་བྱའོ།། རྟོག་པའི་རྒྱལ་པོ་ལ་བརྟན་ནས།། བླ་མའི་མན་ངག་ཇི་བཞིན་དུ། གོ་རིམ་རྡོ་བཞིན་བྱིས་པ་ལ། ་མཁས་པ་རྣམས་ཀྱིས་བཟོད་པའི་རིགས།། སྔོན་དུ་བསྙེན་པ་བྱས་ནས་ནི།། སྔགས་འདི་ཡིས་ནི་ལས་རྣམས་ཀུན།། བརྩོན་ལྡན་ཐེ་ཚོམ་མེད་པ་ཡིས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི ་བརྒྱ་པའི་སྒྲུབ་པའི་ཐབས་སློབ་དཔོན་ཆེན་པོ་ཀེ་ལ་དྷ་ར་ནན་དེས་མཛད་པ་རྫོགས་སོ ་རྒྱ་གར་གྱི་མཁན་པོ་དཱི་པངྐ་ར་ཤྲི་ཛཱ་ན་དང་བོད་ཀྱི་ལོ་ཙ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། འགྱུར་རྙིང་ལ་རྒྱ་དཔེ་དང་བསྡུར་བའི་ཞུས་དག་ཅན་ནོ།། ་