CLOSE WINDOW

GT3100: dpal sha ba ra'i bstod pa rin po che
Wyliee-texts produced with BDRC’s OCR application

མྦྷ་སུ་། ས་མན་ན་ཨུ་སྨྲ་ན་ཏུ ་མཔའི་དབུནས་པཱ་ཀུན་ཏུ་ཡང་རང་བཞིན།། འདོད་པ་སྲེས་པ་ན་ཡིག་གིས་ད་ག།། རྒྱལ་འབྱོར་དབང་བྱུག་དཔལ་ལྡན་ཁྱོད་འདྲེད།། མྦྷཥྚཱ་ཀ་ཟོ་འིང་ཡོང་མ་མྱོང་བ་ཡི།། རྡོ་ནའི་སྟ་མམཿ་ན ་འཛིན་པ་ཡང་དག་བརྗོད་དུས་ན།། སྐྱེན་ནུ་བ་རྗོད་རྒྱུ་རྨུགས་བྱུང་བ་བྷྱོ་འ་རྒྱལ་པོ་སྐྱེས་མཆོག་རྣཾས་ཀྱིགས་ཅན་ས།། དུ་ན། ་ཨོཾ་ཨོཾ་ག~ཾ་ས་ནི་དྨོ་མྱུ་ཕྱུ།། རྡུལ་འབྱོར་བྱུང་པོ་མཅིག་ཏུ་གླགས་པྱུཤྨི་བ~ཾམྦྷིའོ།། ཡིག་གསམྦྷ་ན་པར་ལ་ར~ཾ་བརྒྱད་ནས།། པནྡ་དྷུན་ནུ་གཏེར་སྨྱནག་གིས་ནི་ཥྚཙྪ་ངྠ་བར་རྣཾས།། བློན་བྱུང་བདྲུག་ནི་དྷཱས་སྤྱོང ་ད་དབང་གིས།། བསྟོད་པར་འདོད་པ་དེ་སྐད་པོ་སྟོད་པར་བགྱི་བ་ལགས།། འགྲོ་བོར་གཏོགས་པ་རྣམས་ཀྱི་ཐོག་མ་མོང་དུས་ནས།། ཉེ་བར་བསགས་པའི་སྡིག་རྣམས་ཡོངས་སུ་སྦྱང་བའི་ཕྱིར།། རབ་ཏུ་སྦ་ཞིང་མི་ཕྱེད་ཐབས་ཀྱི་རྒྱུ་དོང ་ཤེས་རབ་གཞུ་ནི་མངོན་སུམ་དག་ཏུ་ལེགས་བསྡམས་ཤིང་།། ལྷན་ཅིག་སྐྱེས་པ་བདག་མེད་མངོན་སུམ་རིང་ཉིད་ཀྱི།། ཉམས་སུ་མྱོང་བའི་མདེའ་ནི་རྣ་བའི་བར་བཀོད་ནས།། ཉོན་མོ་ཞེས་བྱའི་བློའི་སོགས་འཛིན ་བསྣུན་པ་ནི།། ཕུགས་པ་ལགས་ཏེ་ཀྱཻ་བརྟན་པོ་ཁྱོད་ནི་ཨ་ལ་ལའོ།། བདག་མེད་ཉིད་ཀྱི་རྡོ་རྗེ་ཅན་ཏེ་ཡང་དག་མཐའི།། འཁོར་ལོའི་ཁྱོད་ཀྱི་དཔྲལ་བའི་མཐར་ནི་མཛེས་བྱས་ཤིང་།། ཨེ་མའོ་གཞན་དོན་བདུད ་རྩི་དག་ལ་ཆེར་སྲེད་པ།། ཁྱོད་ནི་དགྲ་མེད་དཔའ་བོའི་དབང་ཕྱུག་མ་ལགས་སམ།། འདོད་ཆགས་དང་ནི་གཞན་པ་སྡང་བྱེད་གཏི་མུག་སྟེ།། གསུམ་པོ་འདི་དག་འཇིག་རྟེན་དུག་ཏུ་རབ་ཏུ་གྲགས།། དེ་དག་མ་ལུས་ཀུན་ནས་བསལ་བར ་གྱུར་པ་ལས།། དགྲ་བོ་དྲུངས་ཕྱུང་དཔའ་བོའི་ངར་དཔྱངས་བཅིངས་སམ་སྙམ།། གང་ཞིག་འདོད་ལ་ཆགས་བྲལ་གཏམ་གྱིས་དམན་གྱུར་ཅིང་།། སྲ་བའི་དྲེགས་པས་ཆེ་ར་མཐོ་ཚིག་ལས་རྣམ་གྲོལ་བ།། གསུང་གི་རྡོ་རྗེ་རྣམ་དག་རྣ་བའི་རྒྱན ་གྱི་མཆོག། སྙན་ཟུང་ལ་ནི་འཆང་བ་དེ་ལ་ཕྱག་བགྱིའོ།། ནམཁའི་རང་བཞིན་རྡོ་རྗེ་མི་རུས་ཕྲེང་བ་དང་།། འགྲོ་བ་རྒྱས་བྱེད་རིན་ཆེན་མཆོག་གི་མགུལ་རྒྱན་དག། ཐུགས་རྗེའི་བདག་ཉིད་གང་གང་གི་མགུལ་པའི་རྒྱན་ཉིད་དེ།། རྣལ་འབྱོར ་དབང་ཕྱུག་བླ་མ་དེ་ལ་ཕྱག་བགྱིའོ།། སྲོག་གཅོད་པ་དང་བྲལ་བས་ཁྱོད་ཀྱི་ཕྱག་དག་ལ།། དཔལ་ལྡན་དེ་བཞིན་གཤེགས་པའི་གྷ་དུ་བུ་ངེས་བཅིངས་ཤིང་།། སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་དྲུག་རྣམས་དག་པས།། མཱ་རུའི་ཕྲེང་བྲོ་དྲུག ་ཀྱང་དཀྲིས་པར་གྱུར་པོ་ཉིད།། བཅན་ཐབས་ལས་ནི་མ་དག་འདོད་ཆག་སོ་ངེས་བསལ་ཞིང་།། རེག་པ་རྣམ་པར་དག་པའི་སྒྲ་ཡི་སྲིངད་བུ་ནི།། འཁོར་དང་མྱ་ངན་འདས་པ་རྣམ་དག་ཟུང་ཉིད་ཀྱིས།། རང་གི་ལྟེ་བའི་འཁོར་ལོ་དཀྲིས་འི་ནི ་བཅིངས་པ་ལགས།། སྐྱེ་བོ་སྐྲག་པས་ཉམས་ཐག་པ་དང་མི་རྣམས་ཀྱི།། རང་ལ་གནོད་བྱེད་ཁྲོས་པའི་རྣམ་པས་རབ་ཞིའི་སླང་།། ཁྱོད་ཞབས་ཆུ་སྐྱེས་རྩ་བར་ཞབས་གདུབ་དེ་ཉིད་ལས།། གཡེར་ཁའི་གདུ་བུ་ཟུང་དག་བཅིངས་པར་འདོད་པ་ལགས།། ་གྱུར་མེད་སེམས་ཀྱི་ཐལ་བས་སྐུ་ཡི་བ་སྤུ་ནི།། མ་ལུས་ངེས་པར་ཁྱབ་ཅིང་གང་བར་མཛོད་པ་ཉིད།། དེ་སླད་ཁྱོད་སྐུ་མེ་ལོང་གཟུགས་བརྙན་ལྟ་བུ་སྟེ།། རྡོ་རྗེ་སྐུ་ཅན་དཔལ་ལྡན་བླ་མ་ཁྱོད་ལ་འདུད།། ཕུང་པོར་གཟུང་བའི་ལུས་ལ་དགའ་བར་གྱུར། ་པ་ཡི།། ཆགས་པ་སོགས་རྣམས་ཀྱང་སྦྱང་བར་བྱ་བའི་ཕྱིར།། ཐལ་བ་དག་གིས་སྐུ་ལ་ཡང་དག་བྱུགས་པ་ཉིད།། དཔལ་ལྡན་ཁྱོད་ལ་བདག་ནི་སྐྱབས་སུ་སོང་བར་གྱུར།། རལ་པ་རིང་གཉིས་ཁྱོ་ཤུགས་ཟུང་སྟེ་བདེ་ཆེན་གྱི།། འཁོར་ལོར ་གནས་པའི་རལ་པ་རིང་པོ་འདི་དག་ནི།། གསལ་པོར་རབ་ཏུ་ཕྱེ་སྟེ་བསྟན་པ་གང་ཡིན་པ།། འོད་གསལ་རང་བྱིན་བརླབ་པ་ཟུང་དུ་འཇུག་པ་ཉིད།། ཇི་ལྟར་སེང་གེས་འཇིགས་པར་བྱེད་པའི་སྒྲ་བསྒྲགས་པས།། གླང་པོ་རྣམས་ནི ་ཆེར་སྐྲག་འཇིགས་ཤིང་ཉམས་ཐག་པ།། གཞོམ་མེད་བདག་ཉིད་སྒྲ་ཡིས་རང་བཞིན་རྭ་ཡི་ནི།། སྐད་ཀྱིས་བགེགས་རྣམས་དགྲ་ལ་དགོན་ཁྱོད་དེ་འདྲའོ།། ཁྱོད་ཀྱི་མ་དུའི་ཕྲེང་པོའི་རྒྱན་ནི་རྨད་བྱུང་བ།། ཀུན་རྫོབ་བདེན་པ་ཉིད ་ཀྱིས་འདི་ཡི་ཕྱེད་དམར་ཞིང་།། ཕྱེད་ནགས་པ་ཡང་དོན་དམ་བདེན་པའི་ངོ་བོ་ཉིད།། དེ་དག་ཅིག་ཏུ་བསྟར་བ་གང་ལགས་རབ་ཏུ་ཤིས།། དེ་བཞིན་གཤེགས་པ་ཀུན་གྱི་བཅོས་མ་མིན་དེ་ཉིད།། ལྷན་ཅིག་སྐྱེས་པའི་རང་བཞིན ་བདེ་བ་རྒྱས་གྱུར་པ། དེ་སྤྱད་ཁྱོད་ཀྱི་སྐུ་ལ་རྣམ་པར་བཀྲ་བ་ཡི།། རྨ་བྱའི་སྒྲོ་མདོང་འཆང་བ་རྨད་བྱུང་ཆེན་པོ་ལགས།། སུམ་བཅུ་རྩ་གཉིས་རྩ་འདི་དག་དང་གྲངས་མཚུངས་པའི།། ཆུན་པོའི་དབང ་ཕྱུག་མཆོད་ཕྱིར་ཐོགས་པ་རྣམས་འཆང་བ།། ཞི་བ་དེའི་ས་བོན་རོང་གི་སྙིང་གའི་ཕྱོགས་སྟེ།། ཤ་བ་རོ་དཔལ་ཁྱོད་ལ་རྟག་ཏུ་ཕྱག་འཚལ་ལོ།། རྟོགས་པའི་བྱང་ཆུབ་ཕུན་སུམ་ཚོགས་པའི་གཏེར་གྱི་མཆོག། དམ་པའི་སྐུ་ཡི་རྡོ་རྗེ་ཡང་དག་ལྡན་ན། ་ཡང་།། དེ་ལས་ཁྱོད་ཀྱི་གཅིག་ཏུ་སེམས་ཅན་ཕན་གྲུབ་ཕྱིར།། སྣ་ཚོགས་བྱེད་པ་འདི་རྣམས་ངེས་པར་གཟུང་བ་ལགས།། ཁོ་ཡིག་གིས་ནི་ཨ་ཡི་བདུད་སྡེ་དུམ་བུར་མཛད།། དེ་ནས་ཁ་ཡིག་སེམས་ཡོངས་ཤེས་པས་མཁའ་ལ་གཤེགས།། ་གཏི་མུག་ཚོགས་སོགས་སེལ་སླད་ཁ་དང་ག་དག་གིས།། ན་མཁའི་སྐུ་སྟེ་མཁའ་འགྲོ་ཡང་ནི་ཁྱོད་ཉིད་དོ།། མུ་སྟེགས་ངན་པ་ཀུན་གྱིས་བསྒོས་པའི་འདོད་པ་བཅོམ།། མི་རྣམས་བདེ་བར་བསྐྱོད་པའི་གནས་ལ་གནས་པར་མཛད།། དམ ་ཆོས་སྦྱར་བ་རབ་ཏུ་བསྟན་པས་ཕན་པ་ནི།། མྱ་ངན་འདས་གཏད་བདེ་གཤགས་དམ་པའི་ལམ་གྱིས་སོ།། རྫུ་འཕྲུལ་རྣམ་འཕྲུལ་བརྒྱ་ཕྲག་གནས་ལ་རྩེ་གཅིག་པས།། ཀུན་གྱིས་བསམ་པའི་བུམ་པ་གང་བའི་སྐལ་བཟང་བྱས།། ་ཨེ་མའོ་ཕུལ་དུ་བྱུང་བའི་གཞན་གྱི་དོན་བསགས་པ།། རྒྱལ་བ་རི་ཁྲོད་ཁྱོད་ཞབས་ལ་ནི་བདག་འདུད་དོ།། དེ་ལྟར་བླ་མ་དམ་པ་ཤ་པ་ར་བསྟོད་པ་ནི།། རིན་ཆེན་བརྟུལ་ཞུགས་དམ་པ་ནགས་ཀྱི་རིན་ཆེན་གྱིས་བྱས་འདིར།། དགེ་བ ་གང་ཐོབ་དེ་ཡིས་སྲིད་པའི་ཆུ་གཏེར་བྱིང་བ་དག། ཕྱུང་ནས་ཀུན་གྱི་ལྷན་སྐྱེས་བདེ་འབྱོར་མྱུར་དུས་ཐབ་ཤོག། འདི་ནི་དཔལ་ཤ་བ་རའི་ཞབས་ཀྱི་བསྟོད་པ་རིན་པོ་ཆེ་ཞེས་བྱ་བ་དཔལ་ནགས་ཀྱི་རིན་ཆེན་ཞབས་ཀྱི་མཛད་པ ་རྫོགས་སོ།། ། པཎྜི་ཏ་ཆེན་པོ་དེ་ཉིད་དང་། འགོས་ལོ་ཙ་བ་དགེ་སློང་གཞོན་ནུ་དཔལ་གྱིས་བསྒྱུར་བ་ལས། སླད་དུ་རྗེ་བཙུན་གྱི་ཞལ་སྔ་ཉིད་ལ་ལགས ་པབཔར་མཉན་ཞིང་དོན་ཁོང་དུ་ཆུད་པར་བགྱིས་ནས། དགེ་སློང་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བས་ཅུང་ཟད་བཅོས་ཏེ་གཏན་ལ་ཕབ་པའོ།། །། ། དཔལ་གྲ་བདག་ཅིང་ཆེན་པོའི་བརྟན་བཅོས་བཞུགས་ལ ་