| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། པྲ་ཎི་དྷ་ནཱ་རཏྣ་རཱ་ཛ་ནཱ་མ། བོད་སྦྲང་དུ། སྨོན་ལམ་རིན་པ་ཆེའི་རྒྱལ་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཇི་སྲིད་དུ་ནི་དུས་གསུམ་གྱི། ་སེམས་ཅན་ཐམས་ཅད་མ་ཟད་པ།། དེ་སྲིད་སངས་རྒྱས་ཞིང་རྣམས་ནི།། རྡུལ་གྱི་བྱུར་བུར་གང་བ་ཡི།། རྡུལ་རྣམས་རེ་རེ་དག་ལོ་ཡང་།། དེ་ཡི་རྡུལ་མཚུངས་ཞིང་གནས་པའི།། ཞིང་དང་ཞིང་གི་སངས་རྒྱས་ལ།། རྡུལ་དེའི་གྲངས་ཀྱི་ལུས་རྣམས ་ཀྱིས།། དེ་རྡུལ་སྙེང་དུ་ཕྱག་བྱས་ནས།། གཞན་ཡང་རྒྱལ་རྣམས་བསྟོད་བགྱི་ཞིང་།། རྡུལ་དེ་དང་མཉམ་བསྐལ་པ་རུ།། གནས་ཏེ་རྩེ་གཅིག་རྟག་མཆོད་བྱ།། སྲས་བཅུས་སངས་རྒྱས་ཆོས་ལ་ཕྱག་བགྱི་ཞིང་།། དེ་དག་རྣམས་ལ་རྟག་པར ་ས་སུ་མཆི།། ལུས་དང་ཡོངས་སུ་གཟུང་མེད་མེ་ཏོག་དང་།། རིན་ཆེན་དེ་རྣམས་ལ་ཡང་རྟག་ཏུ་དབུལ།། སྡིག་པ་ཐམས་ཅད་སོ་སོར་བཤགས་བགྱི་ཞིང་།། ཀུན་ནས་སྡིག་དང་རྣམ་པར་བྲལ་པོར་བགྱི།། བསོད་ནམས་ཀུན་ལ་ཡིད་རང་བདག ་གི་ནི། དགེ་བས་འགྲོ་ཀུན་མཆོག་གི་བྱང་ཆུབ་གྱུར།། ཁྱད་འཕགས་དམ་ཆོས་རབ་སྟོན་དུས་ཀུན་ཏུ།། རྫོགས་སངས་རྒྱས་བཞུགས་དམ་བཅའ་འབྲས་བཅས་གྱུར།། རྒྱལ་བ་རྣམས་ལ་རྟག་ཏུ་མཆོད་བགྱི་ཞིང་།། འགྲོ་ལ་ཕན་ཕྱིར ་སངས་རྒྱས་ཉིད་གྱུར་ཅིག། ཕྱོགས་བཅུ་ན་མཁའི་མཐས་ཀླས་པའི།། སེམས་ཅན་ཀུན་གྱི་དོན་སྒྲུབ་ཆེད།། ཇི་ལྟར་འཛམ་དཔལ་སྤྱད་པ་སྤྱོད།། བདག་སྤྱོད་དེ་དང་འདྲ་གྱུར་ཅིག། ཤེས་རབ་ཟབ་མོ་ཉིད་དུ་གྱུར་པས་བདག། འཇམ་དཔལ ་དང་ནི་མཚུངས་གྱུར་མཐའ་ཡས་པའི།། འགྲོ་བ་ཉམས་ཐག་ཞི་བྱེད་བརྩེ་བ་ཡི།། ངང་ཚུལ་འཇིག་རྟེན་དབང་ཕྱུག་འདྲ་བར་ཤོག། ཀུན་ཏུ་བཟང་པོའི་འགྲོ་བ་རྣམས་ཀྱི་ཡིད།། དགའ་བྱེད་ཀུན་ཏུ་བཟང ་པོ་དང་འདྲ་ཞིང་།། བྱམས་པ་ལེགས་པར་འཕེལ་ལས་བློ་གྲོས་ནི།། བྱམས་པ་ཇི་བཞིན་ཉིད་དུ་འགྱུར་བར་ཤོག། སྦྱིན་པས་ན་མཁའི་མཛོད་དང་ཚུལ་ཁྲིམས་ཀྱིས།། རྣམ་འཕྲུལ་བློ་གྲོས་མཚན་རེ་བཟོད་པ་དང་།། གུས་པར་སྦྱོར་བས ་བརྩོན་པའི་བརྩོན་འགྲུས་ཀྱིས།། གདུང་བས་འཕགས་པའི་བརྩོན་འགྲུས་བཞིན་གྱུར་ཅིག། བསམ་གཏན་གྱིས་ནི་རྣམ་པར་འགྱུར་བ་དང་།། བྲལ་བའི་བློ་གྲོས་སྲིང་མོ་སྟོབས་དག་གིས།། ལག་ན་རྡོ་རྗེ་དང་མཚུངས་ཤཱཀྱ་ཐུབ།། སྟོན་པར ་ཤེས་པ་རྡོར་སྙིང་འདྲ་བར་ཤོག། བདེ་བར་གཤེགས་ལ་ཡོངས་སུ་དྲི་བ་ནི།། སྒྲིབ་པ་རྣམ་པར་སེལ་བ་བཞིན་གྱུར་ཏེ།། ལྷག་པའི་བསམ་པ་ཕུན་ཚོགས་བརྟན་པའི་བློ།། རྟག་ཏུ་བརྟན་པའི་བློ་གྲོས་ལྟ་བུར་ཤོག། རྫུ་འཕྲུལ་ཡང་ནི་གཞན ་དུ་མི་འགྲོ་དང་།། ཐབས་ལ་མཁས་པ་དྲི་མེད་གྲགས་དང་མཚུངས།། སེམས་ཅན་རྣམས་ལ་སྨན་དགེ་ཤིན་ཏུ་དགའ།། རྟག་པར་ཤིན་ཏུ་དགའ་བ་ལྟར་གྱུར་ཅིག། ཕ་རོལ་ཕྱིན་སོགས་རབ་ཏུ་འབྱེད་པ་ལ།། བློ་གྲོས་མི་ཟད་པ་དང་མཚུངས ་གྱུར་ཅིང་།། དཔག་མེད་ཕུན་ཚོགས་དབྱངས་ཀྱི་ངེས་སྟོན་པ།། རྒྱུ་དང་མི་རྒྱུའི་བློ་ལྡན་ཇི་བཞིན་ཤོག། རྟག་ཏུ་དགེ་བའི་བཤེས་གཉེན་བསྟེན་པ་ལ།། སྐྱོ་མེད་ཡིད་ནི་ནོར་བཟང་ལྟ་བུ་དང་།། དཔེ་མེད་ན་མཁའི་ཆོས་རྣམས་ཉེར་སྟོན་པ ་ནམ་མཁའི་སྙིང་པོ་ལྟ་བུར་བདག་གྱུར་ཅིག། ས་བཞིན་འགྲོ་བའི་ཉེར་འཆོར་གྱུར་པ་ལས།། འགྲོ་ལ་མཉམ་པར་ཕན་བྱེད་ས་སྙིང་དང་།། སློང་བ་རྣམས་ཀྱི་སྡུག་བསྔལ་གཞིལ་ལ་བདག། རྟག་ཏུ་ཛམྦྷ་ལ་དང་འདྲ་བར་ཤོག། རིན་ཆེན་ཆོས་སྟོན ་པ་ཡིས་མི་ངལ་བ།། བདག་ནི་ཚིས་འཕགས་ལྟ་བུར་འགྱུར་བ་དང་།། ཤེས་རབ་ཕ་རོལ་ཕྱིན་པ་ཚོལ་བ་ལ།། བྱང་སེམས་རྟག་ཏུ་ངུ་དང་མཚུངས་པར་ཤོག། གཞན་ཡང་ཡོངས་སུ་བསྔོ་བ་བདུན་དག་ལ།། མཁས་པ་རྡོ་རྗེ་རྒྱལ་མཚན ་བུ་དང་དང་།། མ་ལུས་བདུད་རྣམས་ཡོངས་སུ་རྫོགས་པ་ལས།། རྟག་པར་རིང་བ་རྒྱལ་བ་བཞིན་གྱུར་ཅིག། དེ་ལྟར་ལྷག་པའི་བསམས་པས་ཡོན་ཏན་རྫོགས།། སྐྱོ་མེད་བསྒྲགས་པ་དང་དེ་ལས་ནི།། སྲས་བཅས་རྒྱལ་རྣམས་རབ་ཏུ་དགྱེས ་པ་དང་།། འགྲོ་བ་ཐམས་ཅད་རྟག་ཏུ་ཞི་གྱུར་ཅིག། རྒྱལ་བ་སྲས་བཅས་པ་ཡི་ཡོན་ཏན་རྣམས།། མངོན་པར་འདོད་ལས་ཡང་དག་དགེ་ཐོབ་པ།། ཤིན་ཏུ་འཕེལ་བ་དེ་ཡིས་མཐའ་ཡས་པའི།། འགྲོ་བ་རྣམས་ཡོན་ཏན་ཚོགས་ངེས་རབ ་གནས་ཤོག། སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ།། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་ཤར་ཕྱོགས་ཀྱི་པརྞ་ག་རའི་པཎྜི་ཏ་ཆེན་པོ་གནས་བརྟན་ནགས་ཀྱི ་རིན་ཆེན་གྱི་ཞལ་སྔ་ནས་དང་།། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས། དཔལ་བསམ་གྲུབ་རྩེའི་ཕོ་བྲང་དུ་བསྒྱུར་བའོ།། འདིས་ཀྱང་འགྲོ་བ་མཐའ་དག་སྨོན་ལམ་རིན་པོ་ཆེའི་རྒྱལ་པོའི་མཐར་ཕྱིན་པར་གྱུར་ཅིག། ཤུ་བྷ་མ་སྣ ་