CLOSE WINDOW

GT3097: zhal lung rin po che'i phreng ba
Wyliee-texts produced with BDRC’s OCR application

རྒྱ་གར་ཤར་ཕྱོགས་པཪྵ་ག་རིའི་མཁས་པ་ཆེན་པོ། མཆོག་གྲུབ་པའི་དབང་ཕྱུག་ཤྲཱི་བ་ན་རཏྣའིཞལ་གྱི་ལུང་། ཆེད་དུ་གདམས་པ་ཁ་མཐོར་བ་དང་བཅས་པ་གནས་སྐབས་ཡང་རུང་བ་རྣམས་སུ་ཐོས་པ་ལ། ་སྲིད་པར་སྐྱེ་བའི་ཉོན་མོངས་རྙོག་པ་རྣམས།། རབ་ཏུ་བཀྲུས་ལས་མངོན་སུམ་ཆགས་བྲལ་བ།། གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་ལ།། སྲིད་པ་ཞི་བྱེད་སྐྱེ་བོས་གུས་བསྟེན་ཀྱེ།། པཎྜི་ཏ་ཆེན་པོ་ལའི་ཉི་མས་ཆེད་དུ་བརྗོད་པའོ།། ཇེ་རང་པོར་ཐུན ་མོངས་མ་ཡིན་པའི་བཤེས་གཉེན་བསྟེན་ཚུལ་ལ་གདམས་པ། ཡིད་ནི་དོན་ལ་མངོན་པར་ཞེན་པའི་རྒྱུ་ལས་འཁོར་བའི་འཁོར་ལོ་རྣམ་པར་བཀྲ་བར་བྱེད་པོའི་བློ།། གང་ཡིན་དེ་ནི་རྗེ་བོ་གང་གི་དྲིན་ལས་སྤྲོས་པ་མེད་པའི་རང་གི་ས་ལ་རབ་ཏུ་འཇུག། ་དེ་ཡང་རྟོག་པའི་དྲ་བ་ལས་གྲོལ་ཡང་དག་བདེ་བར་འཆར་བ་སོ་སོ་རང་གིས་རིག་བྱ་བ།། བླ་མ་དམ་པ་དེ་ཡི་ཞབས་ཀྱི་པདྨར་དུལ་བར་བཅས་པའི་མགོ་བོས་རྟག་ཏུ་ཕྱག་བགྱིའོ།། ཀླུ་གྲུབ་ཞབས་ལ་ཤེ་པར་དབང་ཕྱུག་གིས་སོ།། 2དེ་ནས་མི ་རྟག་པ་ཉིད་ཀྱིས་ངེས་པར་འབྱུང་བའི་གནས་ལ་གདམས་པའི་ཕྱིར། བསང་བྱའོ་སྐྱེས་བུ་མེ་ཏོག་ཐོད་ཅན་རོལ་མོ་དང་ལྡན་སྐྱེ་བོ་མང་པོས་ཡོངས་བསྐོར་བ།། གསོད་པའི་གནས་སུ་འགྲོ་བཞིན་པ་ནི་གོམ་པ་རེ་རེས་ཉམས་པར་ལྷུང་བ་ཇི ་ལྟ་བར།། ལོངས་སྤྱོད་གནས་བཅས་རྣམས་ཀྱི་འདི་ལྟར་ཉིན་རེ་ཉོན་རས་འཆི་བོ་ལ་ནི་ངེས་བརྟུན་ཏེ།། མངོན་པར་ཆས་པ་ཁྱེད་རྣམས་ལོངས་སྤྱོད་དག་གིས་ཡིད་ལ་ཁེངས་པ་འཐུང་བར་འགྱུར་བ་ཅི།། པཎྜི་ཏ་བྷརྠ་ཧ་རིའི་གཞུང་ལས་སོ།། ་མ་བརྟགས་པར་བསོད་ཉམས་ཀྱི་ཆགས་པ་དག་ལས་ཁྱད་པར་ཡིང་འབྱུང་བར་བྱ་བ་ལ་གདམས་པ། མི་རྣམས་ཆེ་ཆང་ལོ་བརྒྱ་ཉིད་ནའང་མཚན་མོ་རྣམས་ཀྱིས་དེའི་ཕྱེང་སོང་།། དེའི་ཕྱེད་ནི་བྱིས་པ་ཉིད་དེ ་གཞན་ཕྱེད་རྒན་པོ་ཉིད་ཀྱིས་འདས།། ལྷག་མ་ཕྲད་དང་འབྲལ་བའི་སྡུག་བསྔལ་ནང་བཅས་རེ་བ་འབྲས་བུ་མོད།། སྲོག་ནི་ཆུ་ཡི་བརླབས་ལྟར་གཡོ་ནཱ་མི་རྣམས་ཅི་ཕྱིར་ཤིན་ཏུ་བདེ།། འཕྲོག་བྱེད་དོན་འཛིན་གྱི་གཞུང་ལོས་སོ།། དེ་ལྟར ་ཤེས་པོ་ལས་བདེ་བར་གཤེགས་པའི་བསྟན་པ་བདུད་རྩི་ལྟ་བུ་ལ་བརྟེན་པར་གདམས་པ། ཇི་ལྟར་སུ་ཡང་རུང་བའི་སྐྱེས་བུ་མར་དོན་གཉེར་བ་ཡིས།། ཆུ་ནི་མངོན་པར་བསྲུབས་ཀྱང་མར་རྙེད་འགྱུར་བ་མ་ཡིན་པ།། དེ་བཞིན་བདེ་བར ་གཤེགས་པའི་མི་འདི་ལ་ཡང་མི་བརྟེན་པའི།། མི་ཡིས་རྣམ་པར་གྲོལ་བ་རྙེད་པར་འགྱུར་བ་མ་ཡིན་ཉིང་།། ཁོ་བོ་ན་ལྔ་སྤྲིངས་པ་ཞལ་ལས་སོ།། ཐུན་མོང་མ་ཡིན་པའི་ཕྱི་ནང་གི་ཁྱད་པར་བསྟན་པ་ལས་རྣམ་པར་གྲོལ་བའི་བསྟན་པའི་སྙིང ་པོ་ལ་གདམས་པ།། སངས་རྒྱས་པ་དང་མུ་སྟེགས་ཀུན་ནས་མཚུངས་ཉམ་དུ།། རྣམ་དབྱེ་བྱེད་པོ་མེང་ལས་གལ་ཏེ་འདིར་དབྱེ་བ།། ཆེན་པོའི་བློ་དང་ལྡན་པས་ཞིབ་མོར་མཐོང་བ་གང་།། མཐར་ཐུག་པ་ནི་སྟོང་ཉིད་གཅིག་པུར་གསུངས ་པའོ།། ལ་བ་པའི་སྣང་བའི་ཕྲེང་བ་ལས་སོ།། དེ་ལྟ་བས་ན་གང་ཤིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།། དེ་ཡི་སྐྱེ་བ་རང་བཞིན་ཡོད་མ་ཡིན།། རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད།། གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་པའོ།། ་ཞེས་པ་མདོ་ལས་སོ།། སྟོང་པ་ཉིད་དེ་ཡང་ན་མཁའི་མེ་ཏོག་དང་མོ་ཤམ་གྱི་བུ་ལྟ་བུ་གཏན་མེད་པའི་མཚན་ཉིད་ཅན་གྱི་དགག་པ་ནི་མ་ཡིན་ནོ་ཞེས་གདམས་པ། ངོ་བོ་ཉིད་ཀྱིས་དངོས་སྐྱེ་མེད།། མཁའི་མེ་ཏོག་བཞིན་མ་སྐྱེས་མིན། ་སྐྱེ་བ་མེད་པའི་རང་བཞིན་གྱིས།། སྐྱེ་བ་མེད་པའི་རང་བཞིན་གྱིས།། སྐྱེ་བ་སྟོང་པའི་བཞེད་པ་ཡིན།། ལ་བའི་ན་བཟའ་ཅན་གྱིས་སོ།། དེའི་ཕྱིར། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱང་། ངེས་པར་མེད་ན་མོ་ཤམ་བུ་ཇི་བཞིན།། ཐ་སྙད་དུ་ཡང ་མེད་པ་ཉིད་འགྱུར་ཏེ།། རང་བཞིན་ཉིད་ཡོང་འདི་ལས་དེ་རྣམས་ཡོད།། དཔལ་ལྡན་ཟླ་བའི་འོ།། ཡོད་པ་དེ་ཡང་མེད་པའི་ཟླས་དྲངས་པར་ནི་མ་ཡིན་ནོ་ཞེས་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་གྱི་ཚུལ་ལ་གདམས་པ། སྐྱེ་མེད་ཉིད་ཕྱིར། ་རང་བཞིན་མེད།། འགག་པ་མེད་ལས་རྟེན་འབྱུང་བ།། ཡོད་དང་མེད་པའི་ཉམ་འདི་ལས།། ཟུང་འཇུག་ཉིད་སྐྱེ་བར་འགྱུར།། ཨ་དཱ་ཡ་བཛྲ་གྱིའོ།། མཚན་ཉིད་དེ་དག་དང་ལྡན་པའི་མཚན་གཞི་ནི་སེམས་ཀྱི་རང་བཞིན་གྱི་ཚུལ་ལས་གཞན ་མ་ཚན་ན་ཞེས་གང་མས་པ། སྨྱེ་ད་ན་སྒྱོག་གོས་སྟོང་རྟེན་འབྱུང་བ།། སྣོད་པའི་རང་བཞིན་གྱིས་ནི་དངོས་པོར་མྱེད།། ཆང་མིན་བཱཀྵ་བྷ་སེམས་ཀྱི་བོར་གཅི། གཟུགས་སོགས་རྡུལ་བ་རྣམས་སྦྲུལ་གྱུར་ཚིག། སཱུ་ཏྲཱ~ཾ་ཞབས་། ་དེ་ཉིད་ནི་ལྷན་ཅིག་སྐྱེས་པ་བད་པ་ཆེན་པོ་བརྗོད་པ་དང་བྲལ་བའི་དེ་ཁོ་ན་ཉིད་མཐུན་དྲུག་པ་སྟེ། ཐ་མས་བརྗོད་པ་དེ་ཡང་མ་ཡིན་ཞིང་།། དེ་ནི་སློབ་མས་གོ་པའམ་ཐོབ་པ་མེད།། ལྷན་ཅིག་སྐྱེས་པའི་བདེ་བ་བདུད་རྩི་དཾ།། སུ་ལ་སུ་ཞིག་གིས ་ནི་བརྗོད་པར་བྱེད།། ས་ར་ཧའི་ཞབས་ཀྱི་གྲུའོ།། 12འདི་ཉིད་བརྟན་གཡོའི་ཁྱ་དག་རྩི་རྡོ་རྗེ་འཛིན་པའོ་ཞེས་ཁྱད་པར་གྱི་གནས་ལ་གདམས་པ། གང་ཞིག་རི་དང་རྒྱ་མཚོ་ཆེན་པོ་བརྒྱད།། གླིང་དང་དམྱལ་སོགས་དབྱེ་བ ་མས་ཅད་དང་།། བརྟན་པ་དང་ནི་གཡོ་བ་ཐམས་ཅདང་གང་།། དེ་དེ་གཞན་མིན་རྡོ་རྗེ་འཛིན་རང་ཉིད།། ཀླུ་གྲུབ་ཀྱི་ཞལ་སྔ་ནས་སོ།། 13འོ་ན་དོན་གཞན་དུ་སྣང་བ་ཅི་ཞེ་ན། གསུངས་པ། སྟོང་ཉིད་བག་ཆགས་ཀྱིས་བསྒོས་ན།། སྟོང་པ ་ཉིད་ནི་དངོས་པོར་འགྱུར།། རླུང་གིས་དཀྲུགས་ལས་བརྟན་པོར་ནི།། གྱུར་པས་ཆུ་ཉིད་ཆབ་བྲོམ་མོ།། ནཱ་ག་བོ་དྷིའོ།། 10དེ་ལྟ་མོད་ཀྱི་རང་བཞིན་གཞན་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་ལམ་གྱི་ཤེས་པ་ཡེ་ཤེས་ཀྱི་ཕྱོག ་ཉིད་ལ་དཔེས་གདམས་པ། ཇི་ལྟར་བྱིས་པས་འདི་ལ་དཀར་པོ་ཉིད།། འོང་སྙམ་སོལ་བ་བླངས་ནས་བརྡར་བ་ཡི།། ཟད་པར་སོང་མོད་དཀར་པོར་མི་འགྱུར་བ།། བྱིས་བློ་བརྫུན་པའི་མངོན་རློམ་དེ་བཞིན་ནོ།། ཨཱརྱ་ཀླུའི་ཞབས་ཀྱིའོ།། 1དེའི ་ཕྱིར་རང་བཞིན་ཁོ་ན་ལམ་གྱི་སྙིང་པོར་བྱ་བ་སྟེ།། བྱང་ཆུབ་ཉོན་མོངས་ལས་གཞན་མིན།། བྱང་ཆུབ་ཉོན་མོངས་ལས་མ་བྱུང་།། ཉོན་མོངས་རང་བཞིན་ཉིད་ལས་ནི།། ཁྱོད་ཀྱིས་བདུད་རྩི་བརྙེས་པ་ལགས།། ཀླུ་གྲུབ་ཀྱི་ཞལ་སྔ་ནས་སོ།། ་རང་བཞིན་ལས་གཞན་དུ་ཉམ་འགྱུར་ནི་མེད་བཞིན་དུ་སྣང་བ་བརྫུན་པ་ཁོ་ན་སྟེ། ཨེ་མའོ་བདེན་པའི་དོན་ནི་ཆོ་གས་རྟོགས་ཀྱང་འཁྲུལ་པའི་བློ་དག་ལ།། མཉམ་དང་མི་མཉམ་མཐོ་སྨའི་འགྲོ་བ་སྣ་ཚོགས་བཀྲ་བ་རྣམ་བཀོད་པ།། སྲིད་པ ་གསུམ་གྱིས་བསྡུས་པའི་ཕྱིར། ཀུན་དུ་རྟོག་པ་བརྫུན་པ་ཡིས།། ཐོག་མ་མེད་པའི་འཁོར་བར་སྙིང་གི་ན་མཁའི་ཁོངས་སུ་བྲིས་པ་བཞིན།། ལ་བ་པའི་ཞབས་ཀྱིས་སོ།། 15དེ་ཉིད་ཀྱིས་ན་རང་བཞིན་བདེ་བ་ཆེན་པོ་སོ་སོ་རང་གིས་རིག་པའི ་ངོ་བོ་ཉིད་དུ་མངོན་དུ་བྱ་བའི་རྣམ་པར་མི་རྟོག་པའི་སྒོ་ཐུན་མོང་མ་ཡིན་པ་ལ་གདམས་པ། བདག་པོ་ཉོན་མོངས་པ་ས་བོན་གྱིས་མཐོ་དབང་པོའི་སྟོབས་དང་དེ་རྣམས་ཉིད་ཀྱིས་སྒྲོལ་ལྡན་པར།། ཡིད་ནི་རབ་ཏུ་འཇུག་པ་ལྔ་པོ་རྣམས ་ཀྱིས་སྐད་ཅིག་ཡུལ་འདི་རྣམ་ཏེ་དེ་ཉིད་ནི།། ཕྱག་འོས་བླ་མ་དཾ་པའི་ཞབས་ཀྱི་ཆུ་སྐྱེས་རྡུལ་ལ་རང་ཉིད་རེག་པའི་དབང་གང་ལས།། བདག་གི་སྙིང་པོ་ཞེས་བྱ་དེ་ཁོ་ན་ཉིད་བདུད་རྩིར་སོན་པར་གྱུར་པ་ཨ་ལ་ལ།། དཽ་ཌཱི་སྲ་བནྡྷ་ལས་སོ། 1 ་དེ་ལས་ཇི་ལྟར་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་གནས་ལ་སོན་པ་གསལ་བར་འདོམས་པ། བདེན་དང་ཀུན་ཏུ་བརྫུན་མིན་དེ་དག་སྐྱེ་དང་འཇིག་པའང་མ་ཡིན་པོ།། རང་བཞིན་སྤྲོས་མེད་དབུ་མའི་བློ་ནི་ཀུན་དུ་ཐམས་ཅད་བྱེད་པོ་མཆོག། བརྟན ་གཡོའི་འགྲོ་བའི་དེ་ཁོ་ན་ཞེས་རྒྱལ་བ་སྟོན་པ་ཉིད་ཀྱིས་ཏེ།། དེ་ནི་བདེ་བའི་རྡོ་རྗེར་གྱུར་ལ་སོ་སོ་རང་རིག་ལྷ་མོ་རྒྱལ།། རི་ཁྲོད་ཞབས་ཀྱིའོ།། 18བདེ་བ་དེ་རང་གིས་རིག་ན་རང་ལ་བྱ་བྱེད་སྲིད་པར་ཐལ་ཆེས་པ་ཉིད་དུ་དོགས་པ་ལ།། ་གསུངས་པ། བདེ་དེ་གང་གིས་ཤེས་སྙམ་ན།། ཡིད་ཀྱི་རིག་པར་བྱེད་མོད་ཀྱང་།། རང་བཞིན་མེད་ཕྱིར་རིག་བྱ་དང་།། རིག་བྱེད་གྱུར་པའི་སྐྱོན་མེད་དོ།། འཕགས་པ་ཀླུ་གྲུབ་ཞ་བོས་ཀྱིས་སོ།། 5སོ་སོ་རང་རིག་གིས་རེག་བྱའི་ལྷ་མོའི ་ངེས་པ་གསུངས་པ། བདག་ཉིད་མེང་ཕྱིན་ངེས་པར་ཆོས་ཀྱི་དབྱིངས།། རྣམ་པར་དག་པས་རོ་དག་ཉལ་བའི་གནས།། ཤིན་ཏུ་རྣམ་དག་ཆོས་དབྱིངས་རང་བཞིན་གྱིས།། དེར་ནི་བཞེངས་འདི་འགྲོ་བ་གཅིག་པའི ་སྐུ།། བརྩོན་འགྲུས་དཔལ་བ་ཤེས་གཉེན་གྱིས་སོ།། 56དེ་ཉིད་ཀྱིས་ན་རང་བྱིན་གྱིས་བརླབ་པའི་གནསོ་ལ་གདམས་པ། མ་འཁྲུལ་པ་ཡི་དེ་ཉིད་ཐོབ།། ལོངས་སྤྱོད་རྫོགས་པའི་སྐུ་ཞེས་དྲན།། ཧཱུཾ་ཕཊ་ཡི་གེ་ལས་གྲོལ་བ།། སེམས་དཔའི་གཟུགས ་བརྙན་ཞི་བ་མཆོག། ཛཱ་ལནྟ་རི་པའིའོ།། 22དིའི་ངེས་པ་ཁོ་ནར་རྒྱུ་འབྲས་ཀྱི་ཙིཎྜ་ལཱི་དང་ལྷན་ཅིག་སྐྱེས་པ་གཉིས་ཀྱི་ངེས་པ་ལ་གདམས་པ། གཏུམ་མོའི་འོད་ཀྱི་རོལ་པས་རང་གི་གནས་ལས་གཡོ་བའང་རང་འབྱུང་བདེ་བ་ཆེར།། ཐིམ་ལས་རྒྱ་ཆེར ་ཁྱབ་ཅིང་གསལ་བཞིན་ས་ལ་རང་ཉིད་རྟོགས་པ་ཤར་པ་གང་།། ཆུ་སྐྱེས་རྩེ་མོར་སོན་པའང་འཕེལ་བ་གང་གི་མྱང་འདས་གོ་འཕངས་ཐོབ་པ་ཡང་།། རི་གཉིས་དག་ལ་ཤར་བའི་ལྷན་ཅིག་སྐྱེ་དགའི་སྐད་ཅིག་མ་སྟེ་བདག་འདུད་དོ།། བཱིརྱ ་ཤྲཱི་མི་ཏྲའིའོ།། 22དེའི་ཕྱིར་མངོན་པར་གསལ་བའི་རྒྱུས་འབྲས་བུ་ལ་ཇི་ལྟར་འཚམས་སྦྱོར་བའི་ངེས་པ་གསུངས་པ། ཀུན་དུ་ཕྱག་རྒྱ་གཅིག་སྦྱོར་དང་།། ཕྱག་རྒྱ་བཞི་ལ་སྦྱོར་བའམ།། བཙུན་མོའི་གྲོང་དུ་འཇུག་པའང་རུང་།། སྒྱུ་མའི ་ལུས་ནི་རྗེས་དྲན་བྱ།། ཨཱརྱ་དེ་བའིའོ།། རཿདེ་ཇི་ལྟར་རྗེས་སུ་དྲན་པར་བྱ་བའི་བཙན་ཐབས་ཀྱི་སྦྱོར་བ་ལ་གདམས་པ། ཤེས་རབ་ཀྱི་ནི་ཀཀྐོ་ལར།། ཐབས་ཀྱི་བཽ་ལླ་རབ་བཞོག་ནས།། ཡང་ཡང་བསྲུབས་གྱུར་སྒྲ་སྒྲོགས་པར།། དེར་ནི ་སྙིང་རྗེ་ཅིས་མི་སྐྱེ།། 24སྐབས་དེར་ཤ་ནི་བཟའ་བྱ་ཞིང་།། རྒྱུན་ཏུ་ཆང་ཡང་བཏུང་བར་བྱ།། ཀྱེ། སྐལ་ལྡན་ཕྱི་རོལ་མི་བཏང་བར།། དེ་རུ་སྐལ་མེད་སྤང་བར་བྱ།། ས་བཞི་མཉམ་གླ་རྩི་སི་ཧཱ།། ཨེ་མའོ་ག་བུར་དང་ལི་ཤི། མཱ་ལ་ཡ་སྐྱེས ་བུད་ཤིང་གིས།། སཱ་ལི་ཇི་ཙམ་འདོད་དེར་བཟའ།། 22་ཡོངས་བརྟགས་དུམ་བུ་གཅིག་ཉིད་པ།། དག་དང་མ་དག་ཡིད་མི་བྱ།། མི་རུས་ཕྱག་རྒྱ་ལུས་ལ་གདགས།། དེར་སྐྱེ་མདའ་ནི་ཕྱི་རོལ་བཏང་།། 2མ་ལ་ཡ་སྐེས་འཁྲིག་སྦྱོར་བས།། ་འཇུག་བྱ་རིག་ངན་དར་མི་སྤང་།། རྡོ་རྗེ་གླུའི་སྦྱོར་བ་ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོར་རོ།། དེ་ཉིད་ཀྱི་རྩ་བའི་ངེས་པ་མཐར་ཐུག་པ་ལ་གདོམས་པ། ཆགས་པའི་མཐར་ནི་ཚོགས་བྲལ་དང་པོ་འཇུག་པའི་དུས་སུ་འཇོག་པ་ཡི་ནི་ཡིད་གང ་ཞིག། ཟླ་བའི་རང་བཞིན་གནས་པ་ན་ནི་གཞོན་ལ་རབ་ཏུ་འཇུག་སྟེ་རླུང་གི་རྒྱུ་བ་འགག། དེའི་དུས་སུ་བདེ་བ་གང་ཞིག་འབྱུང་བ་གཞན་མིན་མངོན་སུམ་པ་ཡི་གོ་འཕང་མཆོག། དེ་ནི་གང་གིས་རྟག་པར་ཡང་ཡང་ཉམས་སུ་མྱོང ་ལས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྱུར།། ད་ཌ་པྲ་བནྡྷ་ལས་སོ།། 8་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རང་བཞིན་གསུངས་པ། འདི་ལྟར་འོད་གསལ་བའི་སེམས་ལས།། སེམས་ཅན་དོན་དུ་རྫོགས་ལོངས་སྤྱོད།། སྤྲུལ་པའི་སྐུ་དག ་སྨོན་ལོམ་དང་།། རྟེན་ཅིང་འབྲེལ་པ་འབྱུང་ལས་འཇུག་པ། དེ་རྣམས་ཀྱང་ནི་དེ་དག་གི། རང་བཞིན་ལས་གཞན་མ་ཡིན་ནོ།། ཟུང་འཇུག་གསལ་བ་ལས་སོ།། 2དེའི་ཕྱིར་སེམས་ཅན་སྒྲོལ་བའི་ཁུར་ཁྱེར་པོའི་ལྷག་པའི་བསམས ་པ་ཅན་བདག་ལེགས་སུ་འདོད་པ་དག་གིས་གནས་འདི་ཁོ་ན་ལ་ཡིད་གཅིག་ཏུ་བྱ་བར་གདམས་པ། གང་དུའང་མཆོག་གི་གོ་འཕང་ལ།། ཡིད་གཅིག་པ་ཡིས་བསམས་བྱས་ན།། དེ་ལས་དངོས་གྲུབ ་རྙེད་འགྱུར་ཏེ།། བྱ་མང་བརྩོམ་ལ་འབྲས་བུ་ཅི།། ཞལ་བྱུང་ངོ་།། 1\ུ0f7fདེ་ལྟ་བས་ན་འཆི་བ་མེད་པ་ཉིད་ཀྱི་གནས་ལ་ཡང་ངོ་ཞེས་གདམས་པའི་ཕྱིར། སེམས་ཀྱང་སྟོང་པ་ཉིད་དུ་གསུངས།། ཕྱག་རྒྱ་ཆེན་པོའི་བདག་ཉིད་གསུངས།། ་དེ་ཡང་རྟག་ཏུ་སྒོམ་པ་ལས།། འཆི་བ་བསླུ་བར་འགྱུར་བ་ཉིད།། བི་རུ་པཀྵའི་འོ།། 28་དེ་ལྟར་ཤེས་ནས་སྒྲུབ་པ་ཁོ་ན་སྙིང་པོར་བྱ་བའི་ཕྱིར་ནགས་སུ་གནས་སྐབས་ཀྱི་ཕན་ཡོན་ལ་གདམས་པ།། མི་རྣམས་ཁ་ནས་གྱ་གྱུར་སྨྲ་བ་མི་ཐོས་ཤིང་།། དམན། ་པ་རྣམས་ཀྱི་ཁེངས་པ་མཐོང་བ་མིན་པ་དང་།། གཉེན་གྱི་སྐྱེ་བོའི་མྱ་ངན་མཐོང་བ་མ་ཡིན་པས།། ནགས་སུ་གནས་ན་མི་རྣམས་ཤིན་ཏུ་ལེགས་པ་ཉིད།། ཞལ་བྱུང་ཉིད་དོ།། 2འཆགས་སྡང་གི་རྐྱེན་སྤངས་པ་ལ་སོགས་པས་ཆགས་བྲལ་གྱི་ངེས་པ ་ལ་གནས་པ་ཉིད་ཀྱང་ཆགས་པ་ཆེན་པོའི་ངེས་པ་ལ་མི་སྟོན་ན་སླར་ཞིང་སྲེད་པ་རྟས་པའི་རྒྱུའོ་ཞེས་བྱ་བའི་ཚུལ་གྱིས་སྲེད་པ་ལས་ངེས་པར་འབྱུང་བ་ལ་ཁྱད་པར་དུ་གདམས་པ། བགྲོང་དཀའི་ཡུལ་ནི་མང་པོར་འཁྱམས་ནས་བདག་གིས་ཅུང་ཟད་ཀྱང ་ནི་མེ་རྙེད་པར།། ཚུལ་ཁྲིམས་རིགས་ཀྱི་ང་རྒྱལ་དོར་ནས་ཕྱུག་པོ་བསྟེན་པར་བྱས་ཀྱང་འབྲས་བུ་མེད།། གུས་པ་སྤངས་པའི་གཞན་གྱི་ཁྱིམ་དུ་བྱ་རོག་ལྟ་བུར་དོགས་དང་བཅས་ཤིང་ཟོས།། ད་དུང་ཚིམ་པར་མ་གྱུར་སྡིག་པའི་ལས་ལ་དགའ་བའི ་དགྲ་བོ་སྲེད་པ་ཀྱེ།། བྷཱ་ར་ཧ་རིའོ།། 25་ཁྱད་པར་གྱི་སྲིད་པ་ལ་ངེས་པར་འབྱུང་བ་ལ་འདིར་ཉེས་དམིགས་ཀྱི་སྒོ་ནས་བླ་ལྷག་ཏུ་གདམས་པ། གཅིག་མཐོང་བ་ནས་བརྒྱ་མཐོང་ཞིང་།། བརྒྱ་ཕྲག་ལྔ་དག་མཐོང་ནས་ནི།། ཤིན་ཏུ་སྲིང་པའི་སྐྱེས ་བུ་ཡི།། མགོ་བོ་ལ་ནི་འཁོར་ལོ་འཁོར།། འཛ་མོའི་བུའི་རྟོགས་པ་བརྗོད་པ་ལསོ།། 9དེ་ལྟ་བུའི་བསྐྱོད་པ་གཅིག་པའི་ལམ་གྱི་གཙོ་བོའི་སྣོད་ཀྱི་ཁྱད་པར་ལ་གདམས་པ། གང་ཡང་དགེ་སློང་དངོས་གནས་དང་།། མི་གང་རྟོག ་གེལ་དགའ་དང་།། གང་ཞིག་རྒན་པོའི་དངོས་གནས་པ།། དེ་ལ་དེ་ཉིད་བརྟན་མི་བྱ།། ཤ་བ་རཱ་སྱཱ་ཡཾ། དེ་ལྟར་ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་མཐར་ཐུག་པའི་སྙིང་པོ་བརྙེད་ནས་རྒྱལ་བའི་བསྟན་པའི་སྙིང་པོ་ལ་སྟོན་པ་ཉིད་ཀྱིས ་ཡོན་ཏན་ཤེས་པས་དེ་ཁོ་ནའི་ཆེད་དུ་རང་དང་གཞན་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་སྦྱོར་བ་གཅིག་པའི་ལྷག་པའི་བསམ་པ་བླ་ན་མེད་པ་ལ་གདམས་པར་བཞེད་པས་དེ་ཡུན་དུ་གནས་པ་ལས་བརྩམས་པའི་མཆོག་ཏུ་ཤིས་པ་བརྗོད་པ། ་སྡུག་བསྔལ་ནད་ཆེན་ལྡན་པའི་སྲིད་པ་རྣམས་ཀྱི་གྲུབ་པའི་སྨན།། བསོད་ནམས་ཀྱི་ནི་བདག་ཉིད་རྣམས་ལ་རྣ་བའི་བཅུད་ལེན་མཆོག། ཀུན་དུ་ཡིད་ཀྱི་དྲི་མ་འཁྲུད་པར་བྱེད་པའི་ཆུ་གཅིག་པུ།། ཟས་གཙང་སྲས་པའི་གསུང་རབ་རྣམས་ནི ་ཡུན་དུ་རྒྱལ་གྱུར་ཅིག། སློབ་དཔོན་ཆེན་པོ་དཔའ་བོའི་འོ།། 32འཛམ་བུའི་གླིང་གི་མཁས་པ་མཐའ་དག་གི་ཐིག་ལེ་མཚན་བརྗོད་པར་དཀའ་བའི་གྲུབ་པའི་དབང་ཕྱུག་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས། མདོ་སྔགས་ཀྱི་བསྟན ་བའི་སྙིང་པོ་ལས་དོ་གལ་དུ་ཡི་དམ་དུ་བྱ་བའི་གནད་ཆེ་ལོང་ལ་གདམས་པའི་གཞུང་ཞལས་འབྱུང་བའི་ཤས་འགའ་ཞིག་ཟིན་པ་རྣམས། པཎྜི་ཏཱ་ཆེན་པོ་དེ་ཉིད་ཀྱི་བཀའ་དྲིན་གྱིས་འཚོ་བའི་དགེ་སློང ་རྣལ་འབྱོར་སྤྱོད་པ་རྒྱ་མཚོའི་སྡེ་ཞེས་བྱ་བས་བརྒྱད་པར་འཕངས་པོ་ཁོ་ནའི་ལྷག་པའི་བསམ་པས་བཞེད་པ་ཇི་ལྟ་བར་བསྒྱུར་ཞིང་རིན་པོ་ཆེའི་སྙིང་པོ་དམ་པའི་ཕྲེང་བ་ལྟ་བུར་བསྒྲིགས་ཏེ་ཡི་གེར་སྤེལ་བ་རེ་ཤིག་གོ།། ་