CLOSE WINDOW

GT3096: thams cad grub par byed pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སརྦ་སདྡྷི་ཀ་རོ་ནཱ་མ། བོད་སྐད་དུ། ཐམས་ཅད་འགྲུབ་པར་བྱེད་པ་ཞེས་བྱ། གྲུབ་པ་མཆོག་ལ་ཕྱག་འཚལ་ལོ།། བཀྲ་ཤིས་ལ་སོགས་རིམ་པས་ཀྱང་།། རྣལ་འབྱོར་བལྟང་མ ་རབ་བརྗོད་བྱ།། དང་པོར་བཟའ་བཀྲ་ཤིས་ཤ་ར་བའི་དུས་སུ། རླུང་ཆུ་ཚོད་གཉིས། མེ་ཐུན་ཚོད་གཅིག། ས་ཆུ་ཚོད་གཅིག་དང་ཆུ་ཚོད་གཉིས། ཆུ་ཆུ་ཚོ་དོ་གཉིས། མཚན་མོའི་དང་པོ་མེ་ཐུན་ཚོད་གཅིག། ས་ཐུན་ཚོང་གཅིག། ས་ཐུན ་ཚོ་གཅིག་དང་ཆུ་ཐུན་ཚོང་གཉིས། ཆུ་ཆུ་ཚོད་གཉིས་རླུང་ཆུ་ཚོད་གཉིས་མེ་ཆུ་ཚོད་གཉིས་སོ།། གཟའ་ལྷག་པ་ཤར་བའི་དུས་སུ།། ས་ཐུན་ཚེད་གཅིག། རླུང་ཆུ་ཚོད་གཉིས། མེ་ཐུན་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས།། ས་ཐུན་ཚོང ་གཅིག་གོ།། མཚན་མོ་ཆུ་ཆུ་ཚོང་གཉིས། ས་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། རླུང་ཆུ་ཚོད་གཉིས། མེ་ཆུ་ཚོང་གཉིས་སོ།། ལྷའི་བླ་མ་ལ། རླུང་ཆུ་ཚོད་གཉིས། མི་ཐུན་ཚོད་གཅིག་དང་ཆུ་ཚོད་གཉིས། ས་ཐུན་ཚོད་གཅིག་དང་། ཆུ་ཆུ་ཐུན་ཚོད་གཉིས ་རླུང་ཆུ་ཚོད་གཉིས་སོ།། མཚན་མོ་མཐུན་ཚོང་གཅིག་དང་ཆུ་ཚོང་གཉིས། སྱ་ཐུན་ཚོང་གཉིས་དང་ཆུ་ཚོད་གཉིས། ཆུ་ཆུ་ཚོད་གཉིས། རླུང་ཆུ་ཚོད་གཉིས་སོ།། གཟའ་བ་སངས་པ་ལ། མེ་ཐུན་ཚོད་གཅིག། ས་ཐུན་ཚོད་གཅིག་དང་ཆུ་ཚོང ་གཉི་ས། ཆུ་ཆུ་ཚོང་གཉིས། རླུང་ཆུ་ཚོང་གཉིས། ས་ཆུ་ཚོད་གཉིས་སོ།། མཚན་མོ་ས་ཐུན་ཚོང་གཅིག། མུ་མུ་ཚོད་གཉིས། རླུང་ཆུ་ཆེང་གཉིས། མེ་ཐུན་ཚོང་དྲུད་ཆུ་ཚོད་གཉིས། ས་ཆུ་ཚོད་གཉིས་སོ།། བཟའ་སྤེན་པ་ཤར་བ་ན། ཆུ་ཆུ་ཚོང ་གཉིས། རླུང་ཆུ་ཚོང་གཉིས། མེ་ཐུན་ཚོང་གཅིག། ས་ཐུན་ཚོང་གཅིག་དང་ཆུ་ཚོང་གཉིས། ཆུ་ཆུ་ཚོད་གཉིས་སོ།། མཚན་མོ་རླུང་ཆུ་ཚོད་གཉིས། མེ་ཐུན་ཚོང་གཅིག། ས་ཐུན་ཚོང་གཅིག། ཆུ་ཆུ་ཚོད་གཉིས་སོ།། བཟའ ་ཉི་མ་ཤར་བ་ན། ཆུ་ཆུ་ཚོང་གཉིས། རླུང་ཆུ་ཚོད་གཉིས། མེ་ཐུན་ཚོང་གཅིག་དང་ཆུ་ཚོང་གཉིས། ས་ཐུན་ཚོང་གཅིག། ཆུ་ཆུ་ཚོད་གཉིས་སོ།། མཚན་མོ་རླུང་ཆུ་ཚོད་གཉིས། མཐུན་ཚོད་གཅིག་དང་ཆུ་ཚོང་གཉིས། ས་ཐུན་ཚོད་གཅིག། ཆུ་ཆུ ་ཚོད་གཉིས། རླུང་ཆུ་ཚང་གཉིས་སོ།། གཟའ་ཟླ་བ་ཤ་ར་བ་ན། མ་ཐུན་ཚོད་གཅིག། ས་ཐུན་ཚོང་གཅིག་དང་ཆུ་ཚོད་གཉིས། ཆུ་མུ་ཚོང་གཉིས། རླུང་ཆུ་ཚོད་གཉིས་སོ།། མཚན་མོ་ས་ཐུན་ཚོད་གཅིག། ཆུ་ཆུ་ཚད་གཉིས། རླུང་ཆུ་ཚོད་གཉིས། ས ་ཐུན་ཚོད་གཅིག་གོ།། རྣལ་འབྱོར་པས་འདི་ལྟར་བྱ་སྟེ། རླུང་དང་མ་གཉིས་སྤང་བར་བྱའོ།། མེ་འཕེལ་བའི་བདག་ཉིད་དང་རླུང་གིས་བྱ་བ་ཐམས་ཅད་རྨོངས་པར་འགྱུར་ཞིང་ཆུ་དང་ས་ཡི་ལས་བརྒྱད་པོ་མཐའ་དག་ཤེས་པར་བྱ་སྟེ། ་དེ་ལྟར་ཤེས་ནས་མེ་དང་རླུང་སྤང་བར་བྱའོ།། རྒྱལ་པོ་དབང་བསྐུར་བ་དང་ཁྲོན་པ་དྲུ་བོ་དང་བག་མ་བྱ་བ་དང་རབ་ཏུ་གནས་པའོ་ལས་རྣམས་ལ་ས་གཙོ་བོའོ།། མིག་སྨན་དང་རིལ་བུ་དང་འཆིལ་ལྷམ་གཉིས་དང་རལ་གྲི་དང་མཆོད་ཡོན ་དང་ཞབས་བསིལ་དང་གཡུལ་དང་བོསད་པ་དང་ཟས་དང་མཛོད་དང་དགོན་པ་བྱ་བ་རྣམས་ལ་ས་གོཙོ་བོའོ།། དཀའ་ཐུབ་ཀྱི་ལས་དང་སློང་བ་དང་ལ་མེ་གཙོ་བོའོ།། བསྐྲད་པ་ལ་རླུང་གཙོ་བོའོ།། རེངས་པ་དང་འགུག་པ་ལ་གཙོ་བོ ་སྟེ་ཞི་བའི་ལས་དང་རྒྱས་པ་ལ་ས་གཙོ་བོའོ།། བལྟང་མོ་དང་བསྟན་བཅོས་རྩོམ་པ་དང་གཙང་བར་བྱེད་པ་ཡང་ངོ་།། ལས་ཐམས་ཅད་འགྲུབ་པར་བྱེད་པ་རྫོགས་སོ།། ། ་ཙརཱ་ཌིའི་ཞབས་ཀྱིས་མཛད་པའོ།། དགེ་སློང་རྒྱ་མཚོའི་སྡེས་བསྒྱུར་བ ་