CLOSE WINDOW

GT3095: bdag gi rnal 'byor zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨཱཏྨ་ཡོ་ག་ནཱ་མ། བོད་སྐད་དུ། བདག་གི་རྣལ་འབྱོར་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་སྤྱོད་ལ་མཁས་པ་ཡིས།། སེམས་ཅན་རྣམས་ལ་རྗེས་བརྩེ་བས།། དངོས ་གྲུབ་ཆེད་དུ་ལས་སྒྲུབ་ཐབས།། དེ་ནས་དེ་ལས་ཡང་དག་བཤད།། འཇིག་རྟེན་ཐར་ལ་བརྟེན་ཕྱིར་ཡང་།། འཁོར་ལོ་དྲུག་གི་ཆོ་ག་ཡང་།། དེ་བཞིན་ལས་སྦྱོར་ཆོ་ག་ཡོས།། ལས་ཀྱི་སྒྲུབ་ཐབས་མཆོག་པའོ།། གང་ཞིག་རྣམ་པར་ཤེས་ཙམ་གྱིས།། ་སངས་རྒྱས་ཉིད་ནི་ངེས་པ།། བདག་ཉིད་ཀྱི་ནི་སྒྲུབ་ཐབས་མཆོག། དེ་ཕྱིར་དེ་ལས་བཤད་པར་བྱ།། དང་པོར་རེ་ཤིག་བཤད་ལམ་ནས།། སུམ་མདོ་རུ་ནི་དགུག་བྱ་སྟེ།། སྒོ་བཞི་མདབ་མེ་བཞི་པ་ལ།། གོ་སྲར་རྒྱན་གྱི་དགེ་བྱས་པ།། དེས་དབུས་ན ་ངེས་ཕྱུང་བའི།། བན་དྷུ་ཀ་མཚུངས་ས་བོན་དམར།། དེ་ནས་འཁོར་ལོ་ལ་གནས་ལྷ།། ནག་པོ་འཇིགས་སུ་རུང་བའི་གཟུགས།། འཇིགས་བྱེད་ཅེས་བྱར་བསྒྲགས་པ་ནི།། འཇིགས་པ་འཇོམས་པས་འཇིགས་བྱེད་དོ།། གོཉིས་པ་ལྟེ་བའི་དབུས ་གནས་ཤིང་།། ལག་འགྲོའི་རྣམ་པར་རབྱ་ཉལ་བ།། དེ་ལ་འཁྱིལ་པར་བསྒྲགས་པ་སྟེ།། འཆར་དང་ནུབ་པའི་རྒྱུ་ཡིན་ནོ།། མེ་ཡི་ས་བོནྡ་རོ་ཕྲོས་ཀྱང་།། གྲུ་གསུམ་པ་ཅན་མེ་ཡི་ལྷ།། ཁ་དོག་དམར་ཞིང་ལུས་ཆེ་བོ།། འབར་བའི་ཕྲེང་བའི་འོད ་འཁྲིགས་པའོ།། གསུམ་པ་སྙིང་ཁའི་འཁོར་ལོ་ནི།། སུམ་ཅུ་རྩ་དྲུག་མདབ་མར་ཁྱབ།། པདྨའི་སྣལ་དང་འདྲ་ཞིང་།། ཉི་མ་དང་མཉམ་གཟི་བརྗོད་ཅན།། སྣ་ཚོགས་པདྨ་མདཔ་བརྒྱད་ཀྱི།། ལྟེ་བའི་ཟེའུ་འབྲུ་ལ་གནས་པ།། ནཱང་ཐིག་ལེར་ཡང་དག་ལྡན།། ་ས་ཅ་རྡུ་ཞན་གཤགས། ན་ཕྱཝ་མཐུན་བྱལ་གནས་པའོ།། རྔ་མ་ཆགས་རྒྱས་ཨཱམྦྷ་ནི།། རྣམས་ཐམས་ཀྱད་ཚུགས་པའོ།། དྷཱུ་འཕྲུ་ལ་ལགས་སྤྱ་ཡུལ་ལོ།། རྦ་ངྱས་ཟླ་བའི་ཟེའུ་འཕྲུལ།། གསུང ་རྗེ་དེ་བཞིན་གཤེགས།། རྐན་དང་མགྲིན་པ་རྣམ་དག་ཕྱེང་།། ཁ་དོག་དམར་པོ་དཔལ་ལྡན་ཆེ།། ལྔ་པ་ཚངས་པའི་བུག་པར་ནི།། དུམ་གསུམ་ན་མཁའི་སྤྱོད་ཡུལ་སྟེ།། ན་མཁའ་ལས་འདས་མཆོག་ཏུ་ཕྲ།། ཐིག་ལེའི་གཟུགས་ཅན་དབྱིངས་དབང་ཕྱུ ་འཁོར་ལོའི་ངེས་པ་དྲུག་པ་རྐན།། ལྷ་རྣམས་ཀྱིས་ཀྱང་རྙེད་དཀའ་ཞིང་།། ཟླ་བ་ཆུ་ཤེལ་དང་མཚུངས་པ།། འཛག་པ་ཞེས་བྱ་བསམ་པར་བྱ།། སོ་གཉིས་བདུད་རྩིའི་ཆ་ཤས་རིགས་ཀྱི་ནི།། འཁོར་ལོར་གནས་པ་སྐུ་ཡི་རྡོ་རྗེ་སྟེ།། དེ་བཞིན་པ ་པ་ཁ་དོག་དཀར་པོ་ཆེ།། རལ་པའི་ཚོང་པན་ལ་བརྒྱན་དཔལ་ལྡན་ནོ།། དེ་བཞིན་སྤྱི་བོའི་རྩ་བར་ནི།། འཁོར་ལོ་ཟླ་བ་ཟླུམ་པོའོ་བརྒྱན།། ཆོས་ཀྱི་དབྱིངས་དང་དེ་བཞིན་ལྷ།། ཐིག་ལ་ཡི་ནི་གཟུགས་རང་བཞིན།། ཡེ་ཤེས་རྣམ་ཤེས་སྦྱོར་བ་དང་།། སུམ་ཅུ ་དབང་ཕྱུག་ཁྱབ་བྱེད་དེ།། རྫུ་འཕྲུལ་དངོས་གྲུབ་སྦྱིན་པ་དང་།། ཐར་པའི་ལམ་སྦྱིན་དོ་ཞེས་བྱའོ།། བདག་གི་རྣལ་འབྱོར་ཞེས་བྱ་བ།། རྟོག་རྩེ་བའི་ཞབས་ཀྱིས་མཛད་པ་རྫོགས་སོ།། ་རྒྱགར་ཤར་ཕྱོགས་པ་རྣ་ག་རིའི་མཁས་པ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་སྤྱན་སྔར། དགེ་སློང་ཆོས་སྨྲ་བ་བསོད་ན་མོས་རྒྱ་མཚོའི་སྡེས་བསྒྱུར་བའོ།། ། ཤུ་བྷ་མསྟུ། ་