| Wylie | e-texts produced with BDRC’s OCR application |
ཟབ་མོའི་གླུ་རྣམས་བླངས་ཏེ་མཁའ་འགྲོ་མ་དམའ་ཝེ་དབང་གིས་གླུ་བླངས་པ།། གཙུག་ཏོར་ཆེན་པོའི་སྐུ་མངའ་བ།། བླ་མ་བརྒྱད་ཅུ་རྩ་བཞི་བདོག། མཐོང་བ་འམ་ནི་ཐོས་པ་ཡིན།། ཕུང་པོ་ཁམས་སོགས་རྣམ ་བྱརརྱ་དག། འཇིགས་ཆགས་འཁོར་བའི་རང་བཞིན་ནི།། ལམ་གྱི་དུས་ན་བདེ་བ་ཆེ།། ཆོས་སྐུ་རི་བོ་ལྟ་བུར་གདའ།། འོད་གསལ་རང་བཞིན་མེད་པར་རྟོགས།། ཨ་མ་ངོ་མཚར་པཎྜི་ཏ།། ཞེས་གསུངས་སོ།། མཁའ་འགྲོ་མ ་ཀོ་ཀྐི་ལས་གླུ་བླངས་པ། སཱ་ལའི་དུར་ཁྲོད་བྱང་སེམས་ཤིང་།། གྲུབ་ཐོབ་རྡོ་རྗེ་སེམས་དཔའི་སྐུ།། རྟོགས་ཚོགས་སེམས་དཔའ་སེམས་མའི་འཁོར།། རྣམ་འཕྲུལ་ཡེ་ཤེས་རང་བཞིན་ཅན།། འདོད་པའི་ཡོན་ཏནྡ་ཡིད་བཞིན་སྐྱོད ་རྒྱལ་པོའི་ཕོ་བྲང་དེ་ལྟ་བུ།། གར་ནི་སྐྱེ་ཤི་ནོགས་ཚལ་རྩེ།། སྒེག་མོ་མཛེས་པའི་མེ་ཏོག་བཀོད།། ཟས་སུ་དུག་གསུམ་རོ་ཏ་ཟ།། སྐོམ་དུ་ཡེ་ཤེས་ཆུ་བོ་འཐུང་།། ཁ་བའི་རོ་ནི་དེངར་བར་མྱོང་།། དེ་བཞིན་ཅི་ཡང་བསིལ་བར་འགྱུར།། ་ཆོས་སྐུའི་སྐྱེ་བ་འདི་བླངས་པས།། སྲེང་བའི་འཆིང་བ་རྣམ་པར་འཆད།། ཨེ་མ་ངོ་མཚར་པཎྜི་ཏ།། དུས་དང་ལང་བཙོའི་ཕར་ཕར་མཐོང་།། རྣལ་འབྱུར་མ་སུ་ཏཱིས་གླུ་བླངས་པ།། ལྷ་ལ་ལྷ་རུ་མཐོང་བ་བདོག། བྱིན་རླབས་རྒྱུན་མི ་འཆང་པོ་འབྱུང་།། ཐུན་བཞིར་མ་ཧེ་འཇོ་ཞིང་སྒོམ།། ནམྲ་ལངས་འགྲོ་བའི་འོད་གཅིག་འབྱུང་།། བསྟན་པ་མ་ཐོབ་ལ་མི་སྨྲ།། འབྲལ་བ་མེད་པའི་ཉམས་གཅིག་འབྱུང་།། སྣ་ཚོགས་ཡེ་ཤེས་མེ་ལྕེ་དེས།། རྟོགས་པའི་ནགས་ཚལ ་སྡོང་པོ་བསྲེགས།། སྣང་བ་ཐུག་ཕྲད་གདམ་ངག་བསྟན།། ལཱུ་ཡི་མཚར་ན་པཎྜི་ཏ།། དངོས་མང་སྒྲ་ལ་རྟོག་པ་མེད།། གྲོང་ཁྱེར་སྟོང་པའི་གདམ་ངག་བསྟན།། བིཪྻ་མཚར་ན་པཎྜི་ཏ།། འཁོར་པ་མྱ་ངན་འདས་པར་མཉམ།། དྲན་པ་གཅིག ་པའི་གདམ་ངག་བསྟན།། ས་རཱ་ཧ་ལ་ངོ་མཚརཱ་བདོག། མཉམ་པར་རྟོགས་དང་པཱཎྜི་ཏ།། ཟས་ཟླ་གྲོས་གྱོན་གདམ་དགྲ་བསྟན།། མི་ན་པཱ་ལ་ངོ་མཚར་བདོག། ཕྱི་ནང་ལྟ་བ་དྲུག་ཏུ་བསྟནྡ།། ཤཱནྟི ་པ་ལྔ་ངོ་མཚར་བདོག། ཏིལླི་ཀུན་མ་མཁས་པཱ་ཡིན།། བདག་གི་དུག་གསུམ་རྩང་ནས་ཕྱུང་།། ཕྱི་ནང་ཟད་པའི་མི་དགེ་བྱས།། ཚིམ་པར་གྱུར་ཅིག་ཏིལླི་པ།། རྔ་མོའི་མགྲིན་པོ་ལྟ་བུ་ཡིས།། འཁོར་བའི་འཕྲེང ་འདི་ཤིན་ཏུ་རིང་།། ཟད་པར་གྱུར་ཅིག་ཏིལླི་པ།། བདེ་བ་ཤིན་ཏུ་འཚེ་བ་མེད།། ལེགས་པར་ཚོངས་ཤིག་པཎྜི་ཏ།། ཞེས་གླུ་བླངས་སོ།། ་