| Wylie | e-texts produced with BDRC’s OCR application |
རྒྱ་གར་རྨད་དུ། རཏྣ་མཱུ་ལ་ནཱ་མ། བོད་སྐད་དུ། རིན་ཆེན་འབྲང་བ་ཞེས་བྱ་བ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ།། དབུ་སྐྲ་ཁམས་ནག་རྒྱུན་དུ་བརྫུས།། སྤྱན་ནི་མཐོན་མཐིང་ཨུཏྤལཱ་མདོག། ་འཇིགས་པའི་དཱ་རོ་དྲག་པོའི་སྐུ། མི་གཡོ་མགོན་ལ་རབ་བཏུད་ནས།། མངོན་དགའི་ཞིང་དུ་ལྷག་པ་ཡི།། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ལས།། དྷ་མ་དྷུ་མས་ལེགས་སྤྱད་པས།། མཐོང་ཐོས་ལ་སོགས་འདི་མ་བཀོད།། གནོད་སྦྱིན་མོ་ལ ་གདམས་པ་ཡི།། རིན་ཆེནི་འཕྲེང་བ་བཤད་པར་བྱ།། དངོས་མེད་རྒྱུན་མི་འཆད་པ་རུ་།། ། མཐའ་དབུས་མེད་པར་ཁྱབ་བྱས་པའི།། དངོས་པོ་དེ་ཉིད་རབ་ཏུ་ཟབ།། མ་ལ་ཡའི་མེ་བཞིན་དུའོ།། ཁྱོད་ནི་ཇི་ལྟར་དངོས་པོ་ཡིསོ།། མཚོ་ལས ་སྐྱེས་ཤིང་འདམ་ལ་ཞེན།། བུད་པ་སྦྲང་རྩི་མེ་ཏོག་དང་།། མི་ལྡན་པ་ནི་ཅི་ཞིག་མྱོང་།། ཕྱི་ནང་སྣོད་བཅུད་ཚངས་པ་དང་།། དུས་ཀྱི་དྲོད་དང་ཁོ་རྩི་དང་།། ཡུངས་ཀཱར་ལས་ནི་མར་བཞིན་དུ།། ངེས་པར་རྟོགས་ན་ངེས་པར་ཡིན།། མི ་མངོན་མི་སྣང་གསལ་བ་རུ།། ན་མཁའི་དེ་ཉིད་སྟོན་པར་བྱེད།། གྲོང་ཁྱེར་ཐམས་ཅད་སྟོང་པ་ལ།། ཁམས་གསུམ་སྲིད་གསུམ་ལུས་དྲུག་གིས།། བྱེད་བློ་གང་ཡིན་བདག་ལ་དྲིས།། བདག་གི་བདག་ཉིད་སྟོང་པ་སྟེ།། གང་གི་མཐའ ་ལ་མི་གནས་སོ།། གྲོང་ཁྱེར་ཐམས་ཅད་སྟོང་པ་ལ།། དངོས་པོར་གྲུབ་པ་ག་ལ་ཡོད།། སྣང་གྲག་སྟོང་པའི་གྲོང་ཁྱེར་ལ།། གཟུང་བ་དང་ནི་འཛིན་པ་ཡི།། སྲིན་བུ་ཡི་ནི་ཁ་ཆུས་བསྡམས།། མ་བཟུང་བཏང་ན་བདེ་བར་འགྱུར།། མི་སྤོང་བ་དང ་མི་ལྡན་པར།། ཤེས་པར་གྱུར་ན་གྲོང་མི་འཇུག། དཔའ་བོས་ནོར་བུའི་འོད་བཞིན་དུ།། གྲོང་ཁྱེར་བདེ་བ་ཆེན་པོར་འགྱུར།། གང་ཞིག་ཆོས་རྣམས་ཅི་སྨྲ་བ།། སྨྲ་བ་དེ་དག་དྲན་པ་སྟེ།། ཇི་ལྟར་མྱ་ངན་འདས་སྨྲ་བཱ། ་དྲན་པའི་དབང་པོ་མ་ཡིན་ནམ།། ས་ཆུ་མེ་རླུང་གང་སྣང་བ།། སྟོང་པ་ཉིད་དུས་མཉམ་འགྱུར།། ཡེ་ཤེས་སྣང་བ་ལམ་མེ་བ།། དྲན་པ་གཅིག་པ་ཉིད་དུ་འགྱུར།། ཉི་ཟླ་གཉིས་སྦྱོར་མ་ཤེས་པས།། ཆུ་ཡི་རླབས་ལྟར་སྣང་བ་མང་།། དེ་ཉིད ་གཅིག་ཏུ་གྱུར་པས་ན།། འདི་ལ་ཐ་དད་བྱ་བ་མེད།། འདི་ལ་ངེས་པ་རྡུལ་ཙམ་མེད།། སྦྱོར་བས་བྱུང་བ་མ་ཡིན་ནོ།། མི་རྟོག་པ་ཡི་རྒྱ་མཚོ་ལ།། རྟོག་པའི་རི་བོ་རྣམ་པར་ནུབ།། འཛིན་པའི་སྣང་བ་ཆོས་ཉིད་ལ།། གཟུང་བའི་རྟོག་པ ་གང་ལ་ཡོད།། བུམ་པའི་ལུས་ལ་འབྱུང་པོའི་འོད་།། སྟེང་དུ་ལྷ་ཡི་བདུད་རྩི་ཞུ།། ཆོས་ཉིད་འོད་ཀྱི་གོང་བུ་ལ།། ཚོགས་དྲུག་རྟོག་པ་རྣམ་པར་ཟད།། རིགས་དྲུག་རྟོག་པ་སྣ་ཚོགས་པ། ལོག་སྲེད་རྟོགས་པའི་མཐུ་ལས་བྱུང་།། དེ་བཟློག ་རིགས་པའི་མཐུ་ལས་ནི།། སངས་རྒྱས་ཡིན་ཕྱིར་གང་འདོད་འབྱུང་།། ཡུལ་དང་རྐྱེན་དང་འགག་པ་མིན།། ཆུ་ལས་ཆུ་བུར་ཇི་ལྟ་བུརྱ།། རྗེས་ཀྱི་གཉེན་པོས་བཟློག་པ་སྟེ།། ཆུ་ཡི་དབྱུག་པ་དེ་ལྟ་བུར།། གཞོན་ནུ་མཛེས་པའི ་ས་བོན་ཅན། འགྲོ་བ་ཀུན་ལ་ཁྱབ་པར་གནས།། དབང་པོ་རང་སྣང་འཛིན་པར་འགྱུར།། ཡེ་ཤེས་གཅིག་གི་སྣང་བ་ཡིན།། ནམ་མཁའ་སྤྲིན་གྱི་གཟུགས་བྱད་བཞིན།། མེ་ལོང་ལས་ནི་གཟུགས་བརྙན་བཞིན།། རང་གིས་རྟོགས་ན་དེ ་དེ་ལྟ་བུར།། མུན་པས་སྣང་བའི་དོན་བྱེད་མེད།། དེ་ཡང་གསང་བའི་སྟོབས་ཀྱིས་སྦྱང་།། ཡེ་ཤེས་གསལ་བའི་ཕྱག་རྒྱ་ནི།། ཕྱོགས་གཅིག་ལུས་ཀྱི་གནད་ལ་བཅས།། སྒྱུ་མའི་འཁྲུལ་འཁོར་དེ་ལས་ནི།། དབང་པོའི་ནུས་པ་བརྟས་པ ་བྱེད།། ན་རི་ཀེ་ལའི་ཤིང་བཞིན་དུ།། ཤ་དང་རུས་པ་རྐང་མར་རྣམས།། བསྐྱེད་པོར་བྱེད་པ་གང་ཡིན་པ།། དེ་བཞིན་ས་དང་རླུང་རྣམས་སོ།། རྒྱུ་མེད་འབྲས་བུ་མེད་པ་རུ།། ཀུན་གྱི་གསལ་བ་སྟོན་པར་བྱེད།། དཔེ་ཡིས་མ་ཡིན་ཐ་སྙད ་ཡོང་། མ་བྲལ་བ་ལ་གསལ་ཅི་དགོས།། ཤོར་དང་གྲོལ་བས་མ་བསྐྱེད་པ།། འཁྱམས་མེང་ལྡེངས་པ་དེ་ལས་ལོག། སྐྱེས་ནས་མ་ཤིའི་བར་དྲོ་རུ།། རྣམ་སྨིན་ལུས་ཀྱི་རྟོགས་པ་ལ།། འདོད་ཆགས་འོད་གསོལ་ངག་ཏུ་འགྱུར།། བླ་མའི ་གདམ་ངག་ངོ་ཚར་ཆེ།། སྦྱོར་བ་དང་ནི་དངོས་གཞི་ལས།། གཟུང་བ་དང་ནི་སྦྱང་བ་དང་།། སྒྱུ་མར་བསླབ་ཅིང་ཡང་མེད།། དེ་ཉིད་མི་འདའ་སྒོམ་པར་བྱེད།། རྣམ་ཤེས་བརྒྱུད་པའི་བར་དོ་རུ།། བག་ཆགས་ལུས་ཀྱི་ཀུན་ནས་སླང་།། ་འཚམས་སྦྱོར་སྔོན་དུ་རྨི་ལམོ་སྦྱང་།། གཏི་མུག་འོད་གསལ་ཉིད་དུ་འགྱུར།། མདུན་པ་དྲག་པོས་རབ་ཏུ་སྦྱོར།། རྣམ་སྨིན་ལུསྲི་ཞིག་པ་ན།། བག་ཚོགས་དང་བཅས་ཡིད་ཀྱི་ལུས།། འདོད་ཆགས་འོད་གསལ་མངོན་དུ་བྱ།། ཕ་མ་ལ ་སོགས་ཆགས་པ་སྤོང་།། དུས་དོང་ལུས་ཀྱི་བཅའ་བ་དང་།། ཡུལ་དང་དབང་པོའི་སྦྱོར་བ་སྟེ།། གཏུམ་མོའི་གནང་ནི་རླུང་བཞིར་བཤད།། འོད་གསལ་བཞི་རུ་འདོད་པ་སྟེ།། འཆི་བ་བསླ་བར་མི་ནུས་ན།། འཕོ་བ་རྣམ་པ་གསུམ་ཡིན་ཏེ།། ་དང་པོ་སྙིང་ཁ་ལྟེ་བའོ།། དང་པོ་སྦྱོར་བ་སྒོ་དགུ་འགག། ཁྭ་དོག་གསེར་འོད་འབད་པ་ཡི།། ཀ་བ་ཉིས་འགྱུར་ཡི་གེ་ནཱི།། དྲང་པོར་ལྡན་པའི་ས་བློན་གྱིས།། ཚངས་པའི་སྒོ་རུ་དེ་བསྲུང་ངོ་།། དྲིལ་བུ་ཡི་གེ་མིག་ལའོ།། ་སྟོང་པའི་ས་བོན་ལྡན་པ་ནི།། རྣ་བ་སྣའི་དབང་པོར་བཞག། བདུད་རྩི་ཆུ་ཡི་ས་བོན་གྱིས།། ལྕེའི་དབང་པོ་རྩེ་མོར་གཟུང་།། སེང་གེའི་ས་བོན་བརྩེགས་པ་ཡིས།། སྣ་ཡི་སྒོ་ཡང་བསྲུང་བར་བྱེད།། སྟག་མོའི་ས་བོན་གཙིགས ་པ་ཡིས།། མཐོང་དཀའ་ཀུན་ཏུ་བཞག་པར་བ།། ལྕེ་སྐྲངས་བོན་བརྩེགས་པ་ཡཾས།། སྙིང་གའི་གནས་སུ་བཞག་པར་བྱ།། གནད་ཚིག་པ་ཡི་ལྟ་བ་རུ།། ཕྱུགས་ཀྱི་ས་བོན་གྱིས་བསྲུང་ངོ་།། དེ་ནས་འོག་གི་སྒོ་ཡང་བསྲུང་།། ་ཆུ་ཡི་ས་བོན་དཀར་སེ་རོ།། ཆུ་དང་ཆུ་མིན་པ་ཡིས་ནི།། དེ་ཡཱི་ས་བོན་འབྱུད་པར་བྱེད།། ལུས་ལ་རླུང་གི་སྔ་བོན་དང་།། སེམས་ཀྱི་རླུང་ནི་དཀྱིལ་འཁོར་ལ།། བན་བུན་རླུང་མཐའི་རྩ་བྲར་ནི།། ཐིག་པ་དྲོ་བོར་ལྡན་པ་ཡིས།། སེམས་ཀྱི་དེ་ནི་དྲན ་བར་བྱ།། མ་ལུས་ཀུན་གྱི་མངོན་རྟོགས་ནི།། གནོད་སྦྱིན་མོ་ཡི་དོན་ཕྱེད་དུ།། དྷ་མ་དྷུ་མས་ལེགས་སྤྱད་པས།། འགྲོ་རྣམས་རྫོགས་པའི་ས་ཐོབ་ཤོག། མན་ངག་རིན་ཆེན་འཕྲེང་བའི་གཞུང་ཆུང་ངུ་རྫོགས་སོ།། ། ་