CLOSE WINDOW

GT3089: grub thob brgyad cu rtsa bzhi'i rnam thar
Wyliee-texts produced with BDRC’s OCR application

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། དུས ་གསུམ་སངས་རྒྱས་རྣམས་དང་། བརྒྱུད་པའི་བླ་མ་མཁས ་xxx ་xxx ་xxx ་གཅིག་ལ། རྒྱལ་སྲིད་ཀྱང་རྣམ་ཐོས་ཀྱི་བུ་དང་མཉམ་པ། རྒྱལ་པོའི་ཁང་བཟང་ཐམས་ཅད་ནི་རིན་པོ་ཆེ་དང་། མུ་ཏིག་དང་གསེར་དངུལ་ལ་སོགས་པས་བརྒྱན་པ་ཡོད་ལ། སྲས ་ཀྱང་གསུམ་མངའ་བ་ལས། ཡབ་རྒྱལ་པོ་གྲོངས་ནས་དུས་རེ་ཞིག་གི་ཚེ། རྩིས་མཁན་ལ་སྲས་གང་གི་རྒྱལ་སྲིད་ཟིན་པ་རྩིས་བྱས་པས། དེ་ན་རེ། སྲས་བར་པས་རྒྱལ་སྲིད་གཟུང་ན ་ཆབ་སྲིད་བརྟན་པ་དང་། འཁོར་འབངས་སྐྱིད་པ་ལ་སོགས་པའི་སྟོན་ཡོད་དོ་ཞེས་ཟེར་བ་དང་། ཡབ་ཀྱིས་རྒྱལ་སྲིད་དེ་ལ་གཏད། གཅེན་དང་གཅུང་དང་འབངས་ཐད་ཀྱིས་ཀྱང་རྒྱལ་ཚག ་དུ་དབང་བསྐུར་བ་དང་། དེས་མ་འདོད་ནས་འབྲོས་པར་བརྩམས་པ་ལས། གཅེན་གཅུང་འབངས་རྣམས་ཀྱིས་དེ་གཟུང་ནས་གསེར་སྒོག་གི་ལྕགས་ས་བཅག་པ་དང ་ས་།། རྒྱལ་བུ་དེས་འཁོར་དང་བཙོན་བསྲུངས་ཀུན་ལ་གསེར་དང་དངུལ་ལ་སོགས་པའི་བྱ་དགའ་སྦྱིན་ནས། མཚན་ལ་གོས་ཚེམ་བུ་ཅན་གྱོན་སྟེ། སྐྱེལ་མ་ལའང་གསེར་ལ་སོགས་པའི་བརྔན་པ་བྱིན་ནས། རྒྱལ་པོ་རཱ ་མ་ལྱའི་ཡུལ་མེ་ཤྭ་རར་ཕྱིན་པ་དང་། སྟན་དུར་ཟབ་ལས་བྱས་པ་བོར་ནས། ཀྲྀཥྞ་སཱ་རའི་སྟན་ལ་འདུག། གནས་རྒྱལ་ས་སྤངས་ནས་ཐལ་བའི་ནང་དུ་ཉལ་ལོ།། རྒྱལ་བུ་དེ་གཟུགས་བཟང་ཞིང་ལྟ་ན་སྡུག་པས། ཀུན་གྱིས་བཟའ་བ་དང་བཅའ་བ ་ལ་སོགས་པ་མི་བྲེལ་པོ་སྦྱིན་ནོ།། དེ་ནས་རྡོ་རྗེ་གདན་དུ་བྱིན་པས་མཁའ་འགྲོ་མས་རྗེ་སུ་གཟུང་སྟེ་གདམས་པ་བསྟན་ནོ།། རྒྱལ་པོ་རང་གི་བཞུགས་པ་སཱ་ལི་པཱུ་ཏྲར་བྱོན་པ་དང་། མི་ཀུན་གྱིས་ཟས་བྱིན་པ་ཟ་ཞིང་དུར་ཁྲིད་དུ་ཉལ་གིན་འདུག་པ་ལས ་ཚོང་འདུས་སུ་བྱོན་ནས་ཆང་ཚོང་མའི་གནས་སྨྲ་ཕྱིན་པ་དང་། ཆང་ཚོང་མའི་གཙོ་མོ་དེ་ནི་འཇིག་རྟེན་གྱི་མཁའ་འགྲོ་མ་གཅིག་ཡིན་པས། དེས་རྒྱལ་བུ་ལ་ལྟས་ནས། འདིའི་འཁོར་ལོ་བཞིའི་དྲི་མོ་ལ་སོགས་པ་ཐམས་ཅད་ནི་ངག་ནས་འདུག་པ ་ལ། སྙིང་ཀ་ནི་སྲིན་མ་ཙམ་གཅིག་གི་རིགས་ཀྱི་རྟོག་པ་མ་དག་པར་འདུག་གོ་ཟེར་རོ།། དེ་ནས་བུད་མེད་དེས་རྫ་མའི་ནང་དུ་ཟས་རུལ་པ་བླུག་ནས་བྱིན་པ་དང་། རྒྱལ་བུས་དེ་སྦྱར་བས་མཁའ་འགྲོ་མ་དེ་འཁྲོས་ནས། ཁྱེད་ཀྱིས་ཟས་བཟང་ངན་གྱི་རྣམ ་པར་རྟོག་པ་མ་སྤངས་ན། ཆོས་ག་ལ་འོངས་ཞེས་སྨྲས་པས། རྒྱལ་བུ་དེས་རྣམ་རྟོག་དང་མཚན་མ་ནི་བྱང་ཆུབ་ཀྱི་གེག་སུ་འདུག་སྙམ་ནས། རྣམ་རྟོག་དང་མཚན་མ་སྤངས་ཏེ། ཉ་པས་གངྒཱ་ནས་ཉ་བསད་པའི་རྒྱུ་མ་ས་ལ་སྦྱར་བ་རྣམས་བླངས་ནས། དེ ་ཟ་ཞིང་ལོ་གཅུ་གཉིས་ཀྱི་བར་དུ་བསྒྲུབས་ཏེ། ཧའི་རྒྱུ་མ་ཟ་བ་ཉ་ཚོང་མའི་བུད་མེད་ཀུན་གྱིས་མཐོང་ནས། ཐམས་ཅད་ཀྱིས་ལཱུ་ཡི་པ་ཞེས་སྨྲས་པ་དང་། ཕྱོགས་མཚམས་ཐམས་ཅད་དུ་ལཱུ་ཡི་པ་ཞེས་གྲགས་ཏེ་དེའི་མིང་དང་དངོས་གྲུབ་ཐོབ་བོ།། འདིའི ་འཕྲོས་དཱ་རི་ཀཱ་བ་དང་། རྙི་པའི་སྐབསུ་ཡང་ཕྱུང་ངོ་།། གྲུབ་ཆེན་ལཱུ་ཡི་བའི་རྣམ་པར་ཐར་པ་རྫོག་སོ།། ། @#། སི་ལ་ཚའི་ལ་རྒྱུད་བཞུག་གོ།། གུ་རུ་ལི་ལ་བའི་ལོ་རྒྱུས་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ ་གཅིག་སེང་འི་ཚ་ས། གེའི་ཁྲི་ལ་བཞུགས་པའི་ཚེ། ཡུལ་གཞན་ཞིག་ནས་རྣལ་འབྱོར་པ་ཞིག་དེའི་ཐང་དུ་བྱོན་པ་དང་། རྒྱལ་པོ་ན་རེ། ཁྱོད་རྒྱལ་ཁམས་ཐམས་ཅད་དུ་འཁྱམ་པ་ཉོན་རེ་མོངས་གསུངས་པས། བདག་མི་སྡུག་སྟེ་ཡིས་རང་ཉོན་མོངས ་དེ་ཅིས་ཏེ་ན། ཉིད་རྒྱལ་སྲིད་ཤོར་གྱིས་དགོས། འབངས་རྣམས་མ་འགུའི་དོགས་པས་ཉིད་རང་སྡུག་བསྔལ་ལོ།། བདག་ནི་མེའི་ནང་དུ་འཆོངས་ཀྱང་མི་འཚིག། དུག་ཟོས་ཀྱང་མི་འཆི། རྒས་པ་དང་འཆི་བའི་སྡུག་བསྔལ་མེད་དེ་བཅུད་ལེན་གྱི ་གདམ་ངག་ཡོད་གསུངས་པས། རྒྱལ་པོ་དང་ནས། དངོས་ཀྱི་ཉིད་བཞིན་དུ་རྒྱལ་ཁམས་འགྲིན་པ་ནི་མི་ནུས། འོན་ཀྱང་རང་གི་རྒྱལ་སར་སྟན་ལ་འདུག་ནས་བསྒོམ་པར་ནུས་ན། དངོས་ལ་ཉིད་ཀྱིས་གདམས་ངག་ཅིག་ཞུ་བྱས་ནས་ཕྱག་བྱས་པས། ་གནང་སྟེ། ཀྱེའི་རྡོ་རྗེའི་དབང་བསྐུར། གདམ་ངག་སྦྱིན་ནས་དྲན་པ་ཅིག་པའི་ཏིང་འཛིན་བསྒོམ་དུ་བཅུ་གོ། དེ་ནས་རྒྱལ་པོ་རང་ཉིད་ཀྱིས་སེང་གེའི་ཁྲི་ལ་ཟ་འོག་ལ་སོགས་པའི་སྟན་ནང་ཚངས་ཅན་དང་། རྗེས་ལ་སོགས་པའི་སྟེང་དུ། བཙུན ་མེ་དང་སྦྱིན་པའི་ཚོགས་དང་། རོལ་མའི་བྱེ་བྲག་སྣ་ཚོགས་པས་བསྐོར་ནས་བསྒོམས་བྱས་མཐུན་ཡོད་ལོངས་སྤྱོད་པའམ། སྒེག་པ་ལ་སོགས་པས་ལི་ལ་པ་ཞེས་གྲགས།། གདམ་ངག་དངོས་ནི་ཕྱག་གཡས ་པའི་སོར་གདུབ་ལ་མ་ཡེངས་པར་བསྒོམ་པའོ།། དེ་མི་འགྱུར་བར་འདུག་བྱས་པས། དེའི་ནིང་དུ་དགྱེས་པ་རྡོ་རྗེའི་ལྷ་ཚེགས་བསྒོམ་པོའི་གདམ་ངག་བྱིན་པ་དང་། དེ་ཡང་མི་རོལ་བ་འགྱུར་བར་འདུག་གོ་ཟེར་ནས། བསྐྱེད་རྫོགས་ཟུང ་འཇུག་ཏུ་བསྒོམས་པས་རྟོགས་པ་རང་ཤུགསུ་ཤར་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་ནོ།། དེས་ན་བླ་མའི་གང་མ་ངག་རང་གི་བརྩོན་པ། སྔོན་མོའི་ལས་འཕྲོ་དང ་གསུམ་འཇོམས་ན་འདོད་ཡོན་མ་སྤངས་ཀྱང་གྲོལོ།། དེས་ཀྱང་འགྲོ་དོན་དཔག་ཏུ་མེད་པ་མཛད་ལ། མིང་དུ་ཡང་ལི་ལ་པ་ཞེས་ཕྱོགས་མཚམས་ཐམས་ཅད་དུ་གྲགས་ཤིང་མཐར་མཁའ་སྤྱོད་དུ་གཤེག་སོ།། གུ་རུ་ལི་ལ་པའི་ལོ་རྒྱུས་རྫོག་སོ།། ་པི་རུ་བའི་ལོ་རྒྱས་བཞུག་སོ།། གུ་རུ་བི་རཱུ་པའི་ལོ་རྒྱུད་ནི། ཤར་ཕྱོགས་རཱ་ཛ་དེ་ཝ་ཕ་ལའི་ཡུལ་ཏྲེའུ་རར་སྐུ་འཁྲུངས་པ། རྒྱ་གར་ལྷོ་ཕྱོགས་སཽ་མྦྷ་པཱུ་རི་ཞེས་བྱ་བའི་གཙུལ་ལག་ཁང་། དགེ་འདུན་སྟོང་གི་སྐུ་མ་ཚེ་ཡོད་པའི་ཆོས་འཁོར ་ཆེན་པོ་གཅིག་ཡོད་པ་ལ། བི་རཱུ་བ་རྟེན་དགེ་སློང་ཡིན་ཡང་དབང་བསྐུར་ཞུས་ནས། རྡོ་རྗེ་ཕག་མོའི་བཟླས་པ་ལོ་བཅུ་གཉིས་ཀྱི་བར་དུ་འབུམ་ཕྲོག་བརྒྱ་ལམ་གཉིས་བཟླས་པས། རྨི་ལམ་གྱི་རྟགས་ཙམ་ཡང་མ་བྱུང་བས་ཐུགས་མུག་སྟེ་འཕྲེང ་བ་འཆག་ཁང་དུ་སྦྱར་ནས་ཅི་བདེར་བཞུགས་པའི་དགོངས་ཁ་མཆོད་པའི་དུས་སུ་འཕྲེང་བ་མེད་པའི་རྟོག་པ་བྱུང་བ་དང་། ཌཱ་ཀཱི་མས་འཕྲེང་བ་ལག་པར་བྱིན་ནས་གསུང་གི་སྣང་བ་འདི་ལྟར་བྱིན་སྟེ། རིགས་ཀྱི་བུ་ཁྱོད་ཡི་མ་མུག་པ་བྱིན་གྱིས་བརླབས་ཀྱི། ་རྣམ་རྟོག་དང་མཚན་མ་ཐམས་ཅད་སྤངས་ལ་བསྒྲུབ་པ་གྱིས་ཤིག། སེམས་ཉིད་གཉུག་མར་གནས་པ་དེ། རྡོ་རྗེ་ཕག་མའི་ངོ་བོ་ཡིན།། རབ་ལ་ཡོད་ཀྱང་གཞན་ལ་རེ།། ཤིན་ཏུ་མི་མཁས་བྱིས་པའི་དང་།། སེམས་ཉིད་ཡིད་བཞིན་ནོར་བུ་དེ།། ་རྣམ་པར་རྟོག་པས་མ་གོས་པར།། ཆོ་ག་ཤེས་བསྒྲུབ་པ་དམ་པ་ཡིན།། ཅེར་ཟེར་རོ།། དེ་ནས་ཡང་ལོ་བཅུ་གཉིས་བསྒྲུབས་པས་དངོས་གྲུབ་ཐོབ་ནས། གྲཡོག་པོས་ཤ་དང་ཆང་ཉོས་ཤིང་དྲངས། དེ་ནས་གཙུག་ལག་ཁང་གི་ཕུག་རེན་ཡོ་བསད ་ནས་ཟོས་པ་དང་། ཕུག་རོན་རྣམས་ཟད་ནས་དགེ་འདུན་གྱིས། དེས་ཀྱི་མཆོད་གནས་སུས་ཟོས་བྱས་པས། བཙུན་པ་ཀུན་གྱིས་ངེད་ཀྱིས་མ་ཟོས་ཟེར་བ་དང་། བྲན་ཁང་ཀུན་ཏུ་ལྟས་ནས། བི་རུ་བའི་བྲན་ཁང་ལྟར་བཏང་བ་དང་། སྐར་ཁུང་ནས ་ལྟས་པས། དེ་ཆང་ཐུང་ཞིང་ཕུག་རོན་གྱི་ཤ་ཟ་བ་མཐོང་ནས། དགེ་འདུན་གྱིས་གཎྜཱི་བརྡུངས་ཏེ་གནས་ནས་དབྱུང་བར་བྱས་པ་དང་། བི་རུ་པས་ཆོས་གོས་དང་ལྷུང་བཟེད་སྐུ་གཟུགས་ཀྱི་སྤྱན་སྔར་ཕུལ། ཕྱག་བྱས་ཏེ་ཕྱིན་པ་དང་། གཙུག ་ལག་ཁང་དེའི་རྩན་མཚོ་ཆེན་པོ་གཅིག་ཡོད་པ་ལ། དགེ་སློང་གཅིག་གི་ཁྱོད་ལམ་གང་ལ་འགྲོ་བྱས་པ་ལ། ང་ཁྱེད་ཀྱིས་བགྲང་བ་ལ་ལམ་བཟའ་གཏད་ཅི་ཡིད་གསུང་ནས། ཆུ་དེའི་ཐོག་ན་ཕར་པདྨའི་འདབ་མོ་ལ་ཞབས་བཞག་ནས་པདྨའི ་མེ་ཏོག་ཆུར་མ་ནུབ་པ་སྤྱད་ནས། སངས་རྒྱས་ལ་མཆོད་པ་བྱས་ཏེ་ཕ་མཐར་སོང་ངོ་།། སཽ་མ་པཱུ་རོའི་མོ་ཀུན་འགྱོད་པ་སྐྱེས་ནས་ཞབས་ལ་འཇུས་ཏེ་ཕྱག་བྱས་ནས། ཁྱོད་ཀྱིས་ཕུག་རོན་ཅི་ལ་བསང་བྱས་པས། ངས་མ་བསད་པ ་ཡོད་ཟེར། གཡོག་པོས་ཕུག་རོན་གྱི་གཤོག་པའི་དུན་བུ་རྣམས་ཁྱེར་འོངས་པ་དང་། སློབ་དཔོན་གྱིས་སོ་གོལ་གཅིག་རྟོག་མཛད་པས་ཕུག་རོན་ཉིད་དུ་སོང་ནས། དེ་ཡང་སྦར་བས་ཀྱང་ཆེ་བ་དང་བཟང་བ་བྱས་ཏེ་ན་མཁའ་ལ་འཕུར་ནས་སོང་བ་ཀུན ་གྱིས་མཐོང་ངོ་།། དེ་ནས་བི་རུ་བས་དགེ་སློང་གི་རྟགས་བསྒྱུར་ནས་རྣལ་འབྱོར་པའི་སྤྱོད་པ་མཛད་དེ། གངྒཱའི་འགྲམ་དུ་ཕྱིན་ནས་གངྒཱའི་ལྷ་མོ་ལ་བཟའ་བཏུང་བླངས་པས་མ་སྟེར་བས། སློབ་དཔོན་ཁྲོས་ནས་ཆུ་ཡར་མར་དུ་རྦད་ཀྱིས་བཅད་ནས་ཕ་མཐར ་གཤེག་སོ།། དེ་ནས་ཀ་ནཱ་ས་ཏའི་གྲོང་ཁྱེར་དུ་ཆང་འཚོང་མི་ལ་ཆང་ཉོས་པ་དང་། དེས་ཆང་པོར་པ་གང་དང་འབྲས་སྡེར་མ་གང་སྦྱིན་པ་ལ་ལོངས་སྤྱད་དོ།། དེ་ནས་ཞག་ཕྱེད་གསུམ་གྱི་བར་དུ་ཉི་མ་འགྲོར་མ་འདོད་པ་དང་། དེའི་རྒྱལ་པོ་ཧ་ལས་འདི ་འདྲ་བ་སུའི་རྫུ་འཕྲུལ་ཡིན་ཞེས་ཡོངསུ་སྒྲོགས་པར་བྱས་པ་དང་། ཉི་མའི་ལྷ་མོས་རྒྱལ་པོའི་རྨི་ལམ་དུ་རྣལ་འབྱོར་པ་གཅིག་གིས་བདག་ཆང་འཚོང་མ་ལ་གདམ་ར་བཅུག་ནས་ཡོད་ཞེས་ལུང་བསྟན་པས། རྒྱལ་པོ་དང་སྐྱེ་བོའི་ཚོགས་ཀྱིས་ཆང ་རིན་བརྩིས་པས་བྱི་བར་སོང་བ་སོ་སོར་བཙལ་ནས་བི་རུ་པ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། དེ་ནས་ཨིནྡྲ་ཞེས་བྱ་བའི་མུ་སྟེགས་ཀྱི་ཡུལ་དུ་ཕྱིན་པ་དང་། དེའི་ཡུལ་ན་དབང་ཕྱུག་ཆེན་པོའི་སྐུ་ཁྲུ་བརྒྱད་ཅུ་རྩ་གཅིག་པོ་ཅིག་འདུག་པ་ལ་ཕྱག་གྱིས་ཟེར་བ ་ལ། ང་ཕོ་བོ་ཡིན་པ་ལ་ནུ་བོ་ལ་ཕྱག་འཚལ་བའི་ལུགས་མེད་བྱས་པས། འོ་ན་ཁྱོད་གསོད་པ་ཡིན་ཞེས་དེའི་རྒྱལ་པོ་ལ་སོགས་ཀུན་ཟེར་བ་དང་། སློབ་དཔོན་རེ། ངས་འདི་ལ་ཕྱག་བྱས་ན་སྡིག་པ་འོང་བས་ཕྱག་མི་བྱེད་པ་ཡིན་ཞེས་སྨྲས་པ་དང་། རྒྱལ ་པོས་དེའི་སྡིག་པ་ང་ལ་ཤོག་ཙོག་ཟེར་ནས། སློབ་དཔོནི་གྱོས་ཕྱག་ཐལ་མོ་བྱས་པས་མ་ཧཱ་དེ་བའི་སྟན་ཕྱེད་ཚལ་དུ་གས་པ་དང་། པར་སྣང་ནས་སྐྲ་གཅིག་བྱུང་ནས། ད་ནི་དམ་བཅས་པ་བཞིན་དུ་ཉོན་ནོ་ཟེར། འོ་ན་མནའ་བོ་རོ་བྱས་པས། མནའ ་བོར་བས་ལྷགས་པ་ཡང་སླར་འབྱར་རོ།། དེ་ནས་མ་ཧཱ་དེ་བའི་རྟེན་གྱི་མཆོད་པའི་ཡོ་བྱད་རྣམས་སློབ་དཔོན་ལྀ་ཕུལ་ནས། དེ་ནང་པ་སངས་རྒྱས་པ་གཞན་གྱི་འཚོ་པ་བྱས་ནས་ད་དུང་ཡོད་ཟེར་རོ།། དེ་ནས་སློབ་དཔོན་གྱི་རྒྱ་གར་ཤོར་ཕྱོགས་དེ་ཞི ་ཀོ་ཊིར་བྱོན་པས་ཡུལ་དེའི་མི་ཐམས་ཅད་ཕ་མེན་མར་སོང་ནས། ཕྲ་མན་མ་གཙོག་ལམ་ཁར་སྡད་ནས་ཕྲ་མེན་གྱི་སྔགས་ཀྱི་སྟབ་ཀྱིན་སྟོང་འཆོས་ལུགས་ཡིན་པ་ལ། སློབ་དཔོན་གྱིས་སྔོན་ལ་བྱིན་སྟེ་གཙུག་ལག་ཁང་ཝཾ་གི་ལྷ་མོ་མ ་ཏུ་ཉལ་བར་བྱས་ནས་འདུག་པ་དང་། བྲམ་ཟེའི་ཕྲུ་གུ་ཞིག་ཕྱི་ནས་འོང་བ་ལ་སྔགས་བཏབ་ནས་བཏང་བས། གྲོང་དེར་ཟས་ནི་རྙེད་ལ་ཉ་ལས་ནི་མ་རྙེད་པ་དང་། དེར་ནང་པ་སངས་རྒྱས་པ་གཅིག་དང་ཕྲད་ནས། དེས་བྲམ་ཟེའི་ཕྲུ་གུ་ལ ་སྨྲས་པ། ཡུལ་འདི་ན་ཐམས་ཅད་ཕྲ་མེན་མར་སོང་ནས་མཽ་མེད་ཅིང་། ངེས་ཀུན་གྱི་བར་ཆད་བྱེད་པ་ཡིན་པས། གཙུག་ལག་ཁང་པ་གིར་སོང་ལ་འདུག་ཟེར་ནས་དེར་ཕྱིན་པ་དང་། སློབ་དཔོན་བི་རུ་པས་བྲམ་ཟེ་དེ་ལ་སྔགས་དང ་བྱིན་རླངས་བྱས་ཏྲེ་བོར་བ་དང་། ཕྲ་མེན་མ་ཀུན་འཚོགས་ནས་མཆོད་པའི་ཡོ་བྱད་ཅི་ཡོད་ཟེར་བ་ལ།། ཤྲ་སྣའི་ཚོགས་གཞན་ཀུན་ཡོད་དེ་ཤ་ཆེན་མ་རྙེད་ཟེར་བཱ་ལ། དེའི་ནང་ནས་གཅིག་ན་རེ། དུས ་ཤ་ཆེན་གཉིས་ཁུགས་ནས་ཡོད་ཟེར། ཁྱེར་ལྔ་ཤོག་ཟེར་བས་ལེན་པར་རྩམས་པ་ན། བྲམ་ཟེའི་ཕྲུ་གུ་ལ་བྱིན་རླབས་མཛད་པ་དེས་འཁོར་མ་ནུས། ལེན་པར་ཡང་ཡང་བཏང་བས་བི་རུ་པ་ཤིང་འགལ་གཅིག་གི་སྟེང་ན་ཡོད ་པྲ་ཤིང་དང་བཅས་པ་ཁྱེར་ནས་འོངས་པ་ལྀ། ཕྲ་མེ་ན་མ་ཀུན་གྱིས་ཕྱག་ཚང་བྱེད་དུ་བྱུང་བ་དང་། བི་རུ་པས་ཁོ་བོའི་ཆང་ཀུན་འཐུངས། ཕྲ་མན་ཀུན་གྱིས་བི་རུ་པ་བསང་བར་བྱ་སྙམས་ཐམས་ཅད་ཀྱི་གང་རྒྱངས་ཀྱི་སྒྲ་སྐྲག་པ་དང་། ་སློབ་དཔོན་གྱིས་ཁྲོ་བོའི་རྐེང་མོ་བཅུ་གཉིས་རྒུད་པས། པྲ་མིནྡྲ་ཐམས་ཅུད་བརྒྱལ་པོར་བྱས། ཕྱིསྣ་བླ་མེན་ཐམས་ཅད་དམ་ལ་བརྟགས་ན་ས་ཕྱིན་ཆུད་སྐྱབས་འགྲོ་བྱེད་པ་དང་། དྲིལ་དད་པའི་སེམས་ཅན་ལ་གནོད་འཚོ་མ་བྱེད་པར ་འདུག་ཅིག། སྐྱབས་འགྲོ་དང་སེམས་སྐྱེད་མི་བྱེད་པའི་ལུས་ལ་མི་གནོད་པའི་ཁྲག་ཁྱོར་བཻ་རོ་ཙམ་འཐོང་ཅིག། རྒྱུ་ལ་དམ་ལས་འདས་ན་འཁོར་ལོ་འདིས་རྐེ་ཆོད་ཅིང་། བྱང་གོ་གནོད་སྦྱིན་འདིས་ཁྲག་འཐུངས་ཞིག་གསུངས་པས། དེ་ལྟར་ཡང ་གནོད་སྦྱིན་དང་འཁོར་ལོའི་གཟུགས་ན་མཁའ་ལ་ཡོད་དོ།། བསྲུངས་མའི་འཁོར་དུ་བྱས་ནས་དམ་ལ་བཏགས་ཏེ་སློབ་དཔོན་གཞན་དུ་གཤེག་སོ།། སླར་ཡང་ཕྱིར་ལོག་ནས་དེ་ཝཱི་ཀཽ་ཊི་རྀ་བྱོན་པ་དང་། ལམ་ཁར་མ་ཧཱ་དེ་ཝ་དང་། ལྷ་མོ་ཨུ་མ ་གཉིས་ཀྱིས་སྤྲུལ་པའི་གྲོང་ཁྱེར་འབུམ་ཚོ་ཕྱེང་དང་ལྔ་ལེགས་པར་སྤྲུལ་ནས། བྲི་རུ་པ་ལ་སུམ་ཅུ་རྩ་གསུམ་ལ་སོགས་པ་ལྷའི་གནས་ཐམས་ཅད་ནས་ཞལ་ཟས་བླངས་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་སོ།། དེ་ནས་ཚིགས་སུ་བཅད་པ་གསུངས་པ ་སོ་མ་པཱུ་རིའི་ཙུག་ལག་ཁང་ཆེན་དུ།། རབ་བྱུང་བསྙེན་རྫོགས་འདུལ་ཁྲིམས་ལེགས་པར་བསྐྱངས།། སྔ་མའི་ལས་འབྲེལ་དབང་གི་སྤྲུལ་པ་ཡི།། དབང་བསྐུར་བྱིན་རླབས་གདམས་པ་ཡང་དག་སྣང་།། རྣམ་པར་རྟོག་པས་ལོ་ནི་བཅུ་གཉིས་སུ།། ་སྒྲུབས་པོས་རྨི་ལྟས་ཙམས་ཡང་མ་བྱུང་ནས།། ངལ་བའི་སེམས་ཀྱི་གཤེ་ཞིང་ཕྲེང་བ་སྦྱར།། དེ་ནས་མཁའ་འགྲོའི་གསུང་གིས་སྣང་བ་སྦྱིན།། དེའི་རྐྱེན་གྱིས་ཁམས་ཀྱི་ནུས་པ་བརྟས།། འཁོར་བའི་མཚན་ཉིད་ཡང་དག་ལགས་རྟོགས་ཏེ། ་རྟོག་མེང་སྟོང་བ་དག་གིས་སྤང་བྱས་པས།། ཡོད་པར་སྨྲ་བའི་དགེ་འདུན་ཀུན་གྱིས་ཀྟང་།། འཁྲུལ་བཅས་དག་ཏུ་རྟོགས་ནས་གནས་ནིས་བྱུང་།། དེ་དག་ཀུན་གྱི་རྟོག་པ་འཇོམས་སྐད་དུ།། ཆུ་ལ་བྱིང་བ་མེད་པར་བསམ་གཏན་བྱས།། གངྒཱ་གྷན ་ལ་བསྒྱུར་ནས་སྣ་ཚོགས་ཟོང་།། ཉི་མ་གཏིང་པར་བཅུག་ནས་འདོད་ཡོན་སྤྱད།། ཕྱི་བའི་ལྷ་རྟེན་བཀས་ནས་ང་རྒྱལ་བཅག། དེ་ཝཱི་ཀོ་ཊར་ཕྲ་མན་ཚོགས་རྣམས་བཏུལ།། མ་ཧཱ་དེ་ཝས་ཡོན་ཏན་མངོན་ཕྱུང་ནས།། གྲོང་ཁྱེར་སྤྲུལ་ནས་བདག་ལཾ ་བསྙེན་ཀུར་བྱས།། དེ་ཙམ་སྤྱོད་པ་དག་གི་མ་སྤྱད་ན།། མཚན་བཅས་ཆོས་ལ་མོས་པར་ག་ལ་འགྱུར།། ཅེས་གསུངས་ཏེ་མཁའ་སྤྱོད་དུ་གཤེས་སོ།། གྲུ་རྱེ་བི་རཱུ་པའི་ལུ་རྒྱས་རྫོགས།། ་བའི་ལོ་རྒྱུས་བཞུགས་སོ།། ་གུ་རུ་ཌོམྦཱི་བའི་ལོ་རྒྱུས་ནི། ཡུལ་མ་གྷ་དྷུ། རིགས་རྒྱལ་རིགས། དངོས་གྲུབ་པགྱེས་པ་རྡོ་རྗེ་ལས་བརྙེས་སོ།། དེ་ཡང་བླ་མ་བི་རུ་བས་དབང་བསྐུར། གདམ་ངག་གནང་ནས་དོན་ཉམ་སུ་བླངས་པ་དང་། འབངས་རྣམས་ལ་བུ་གཅིག་པའི ་བསམ་པ་བཞིན་དུ་དགོངས་པས། མི་རྣམས་ཀྱིས་རྒྱལ་པོ་ཆོས་ཀྱི་སྒོར་ཞུགས་པ་ནི་མཚོར། རང་བཞིན་གྱིས་འབངས་རྣམས་ལ་བྱམས་པར་འདུག་པ། རྒྱལ་པོ་འདི་ནི་ཆོས་པ་འདྲ་བ་གཅིག་འདུག་ཞེས་འགྲངས་ཐམས་ཅད་མཐུན་པར་སྨྲའོ།། ་དེའི་དུས་རྒྱལ་པོས་བློན་པོ་ལ་སྨྲས་པ། འོ་ཀོལ་གྱི་ཡུལ་འདིར་ཀུན་མོ་དང་འཇིགས་པས་ཀུན་ལ་འཕྲོག་འཇོམས་བྱེད་པ་དང་། རང་གི་བསོད་ནམས་ཀྱི་ལས་འཕྲོས་དབུལ་བ་དང་འཕོངས་པ་ཤིན་ཏུ་མང་བས། འདི་ཀུན་འཇིགས་པ་དང་འཕོངས་པ་ལས ་སྒྲུབ་པའི་ཕྱིར་ལྕོང་ཆེན་པོ་བརྡུངས་ལ་ཤིང་གི་སྡོང་པོ་ཆེན་པོ་ལ་ཐོགས་ལ་ཞོག་ཅིག། གནོད་པ་དང་འཕོངས་པ་མཐོང་ན་ཅོང་དེ་བརྡུངས་ཤིག། དེ་མ་ཡིན་པར་མ་རྡུང་ཞིག། ཅེས་རྒྱལ་པོས་བློན་པོ་ལ་སྨྲས་ནས། བློན་པོས་ཀྱང་དེ་བཞིན་དུ་བྱས་ཏེ། མ ་གྷཾ་དྷཱར་འཕོངས་པ་དང་འཇིགས་པ་དང་འཛེགས་པ་ཐམས་ཅད་རྒྱུན་ཆད་པར་བྱས་སོ།། དུས་རེག་ཤིག་ན། རྒྱལ་ས་རཱི་རིག་ངན་གྱི་གླུ་མཁན་ཆེན་གཅིག་འོངས་ནས། རྒྱལ་པོ་ལ་གླུ་དང་རོལ་མོ་འབུལ་ཅིང་འདུག་པ་དང་། གླུ་མཁན་དེ་ལ ་བུ་མོ་ལོ་བཅུ་གཉིས་ལོན་པ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། བཞི་ནི་སྡུག་ཅིང་ཁ་དོག་ལེགས་པ། ལྟ་ན་སྡུག་ཅིང་ཡོད་དུ་འོང་བ། པདྨ་ཅན་གྱི་ཡོན་ཏན་ཐམས་ཅད་ཚང་བ་གཅིག་འདུག་པ་ལ། རྒྱལ་པོས་རིགས་ངན་གླུ་མཁན་དེ་ལ་གསུངས་པ། ་ཁྱོད་ཀྱིས་བུ་མོ་འདི་ང་ལ་བྱིན་ཅིག། དེ་ན་རེ། ཉི་མ་གྷ་དྷའི་རྒྱལ་པོ་གྲོང་ཁྱེར་འབུམ་ཚེ་བརྒྱད་ལ་དབང་བྱེད་ཅིང་། རྒྱལ་པོའི་འབྱོར་པས་འབྲེལ་པ་མེད་པའི་རྒྱལ་པོ་ཆེན་པོ་ལགས་ན། དངོས་ཅག་རིགས་དམན་ཞིང་སྐྱེ་བོའི་ཚོགས་ཐམས ་ཅད་ཀྱིས་དམས་ཅིང་སྤང་བར་བྱ་བ་ཉིད་ན། དེ་འདྲའི་བཀའ་བསྔལ་གྱི་གནས་མ་ལག་སོ།། ལྕེ་གུས་པ་དང་། རྒྱ་རྫོ་ག་གྷི་ཕུན་ཀ་རྒྱལ་པོས་བུ་མོ་དང་མཉམ་པའི་གསེར་བགར་ནས་ཕ་ལ་བྱིན་སྟེ་བུ་མོ་རྒྱལ་པོས་ཁྱེར་རོ།། དེ་ནས་བཅུ་གཉིས་ཀྱི་བར་དུ་ཕྱག་རྒྱར ་བསྟེན་པ་མིས་མ་ཚེར་བ་ལ། བཅུ་གཉིས་ནས་ཚོར་ཏེ། རྒྱལ་པོས་རིགས་ངན་མ་བླངསོ་ཞེས་མ་གྷ་དྷའི་ཕྱོགས་ཐམས་ཅད་དུ་བསྒྲགས་པ་དང་། རྒྱལ་པོས་སྲས་ལ་སོགས་པ་ལ་རྒྱལ་སྲིད་གཏོད་ནས་རིགས་ངན་མ་དང་གཉིས་ནག་བསིབ་དུ ་བསྒྲུབས་པ་ལ་ལོ་བཅུ་གཉིས་ལོན་པ་དང་། སྲས་དང་འབངས་རྣམས་ཀྱིས་རྒྱལ་སྲིད་མ་ཟིན་པར་ཡུལ་ཁམས་སྔར་བས་བསོད་ནམས་འགྲིབ་པ་ལས། མི་ཀུན་གྱིས་གྲོས་བྱས་ཏེ་སྔར་གྱི་རྒྱལ་པོ་ཉིད་བཙལ་ལ་རྒྱལ་སྲིས་བྱེད་དུ་གཞུག་དགོས ་ཟེར་ནས། མི་འགའ་ལྟར་བཏང་ནས་དེའི་བཞུགས་སར་ཕྱིན་ནས་ལྟས་པ་དང་། རྒྱལ་པོ་ནི་ཤིང་སྡོང་གཅིག་གི་དྲུང་ན་བཞུགས་པ་ལ། བུ་མོ་དེ་ཆུ་ལེན་དུ་སོང་བ་ན་མཚེའི་ཁ་ལ་པདྨའི་འདབ་མའི་སྟེང་ན་ཆུ་ལ་མི་ནུབ་པར་ཕྱིན་ནས་ཆུ་འདོམ ་བཅོ་ལྔ་ཙམ་གྱི་འོག་ནས་ཆུ་བླངས་ཏེ། རྒྱལ་པོ་ལ་དྲངས་པོ་དང་། མི་དེ་ཀུན་ངོ་མཚོར་སྐྱེས་ནས་ཡུལ་དུ་ལོགས་ཏེ་དེའི་གཏམ་བྱས་པ་དང་། རྒྱལ་འབངས་ཀུན་གྱིས་སྤྱན་འདྲེན་བཏང་ནས་སྤྱན་དྲངས་པས། ནགས་ནས་ཡོབ་ཡུམ་གཉིས ་སྟག་གྲུས་མ་ལ་ཞོན། དུག་སྦྲུལ་ལ་ཅག་བྱས་ཏེ་འོངས་པས་མི་ཀུན་ངོ་མཚར་སྐྱེད་ནས་ཉིད་ཀྱིས་རྒྱལ་སྲིད་གཟུང་ན་ཟིན་པས་གཟུང་འཚལ་ཅེས་ཞུས་པས། རྒྱལ་པོ་ན་རེ། ང་རིགས་ངན་ཡིན་པས་རྒྱལ་སྲིད་བྱེད་དུ་ག་ལ་རུང་། འོན་ཀྱང་ཤི་ཕན་ཆད ་རིགས་བཟང་ངན་གྱི་རྟོག་པ་ཚད་པ་ཡིན་པས། མེར་བསྲེག་ཞིག་དང་དེ་ནས་སྐྱེས་པ་དང་བཟོད་བྱ་ཟེར་ནས། ཡུལ་མི་རྣམས་ཀྱིས་ཙན་ངན་གཽ་ཤི་ཪྵའི་ཤིང་གི་ཡབ་ཡུམ་གཉིས་བསྲེགས་པས། ཤིང་རྨོངས་ནས་ཞག་བདུན་མ་མ་ཤིབ་དང་། ་དེ་ནས་བལྟས་ནྱེམྦ་ན་པདྨའི་སྡོང་པོ་གང་བུ་ཁ་བྱེ་བའི་ནང་ན་ཡབ་ཡུམ་གཉིས་རོང་བྱུང་གི་སྐུར་གྱུར་ནས་ཟིལ་ཕྲོམ་མེ་དགྱེས་རྡོར་ཡབ་ཡུམ་དུ་གྱུར་པ་མཐོང་བས་མ་གྷ་དྷ་པིའི་མི་ཐམས་ཅད་དད་ནས། མིང་དུ་ཡང་སློབ་དཔོན་ཌོམྦི་པ་ཞེས་བྱ་བར ་གྲགསོ། དེ་ནས་རྒྱལ་པོས་བློན་པོ་ལ་སོགས་པ་ཐམས་ཅད་ལ་སྨྲས་པ། ཁྱེད་ཐམས་ཅད་ཀྱིས་དེ་བཞིན་དུ་བྱེད་ནུས་ན་རྒྱལ་སྲིད་བྱེད། དེ་མི་ནུས་ན་མི་བྱེད་གསུངས་པས། ཐམས་ཅད་ཧ་ལས་ནས་འདི་འདྲ་བ་གར་ནུས་ཟེར་ནས་འདུག། ་སླར་ཡང་རྒྱལ་པོས་གསུངས་པ། རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་དམིགསོ་ཆེ་བར་འདུག་པས་ང་ནི་ཆོས་ཀྱི་རྒྱལ་སྲིད་བྱེད་པ་ཡིན་གསུང་ནས། དེ་ཉིད་ནས་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བའི་དོན་ལ་གཤེགས་སོ།། གུ་རུ ་ཌིམྦྷི་པའི་ལོ་རྒྱུས་རྫོགས་སོ།། ། ཤས་རའི་ལོ་རྒྱུས་བགྲུས་སོ།། གུ་རུ་ཤ་ཝ་རའི་ལོ་རྒྱུས་ནི། རི་མནྟ་བི་ཀྲ་མ་ཞེས་བྱ་བའི་ར་ལ ་ཤ་ཝ་ར་བ་བྱ་བའི་རྔོན་པ་གཅིག་ཡོད་པ་ལ། དེ་ལས་སུ་སྲོག་ཆགས་མང་པོ་བསད་ཅིང་། ཟས་སུ་ཤ་ཟ་བ། དུས་རྟག་ཏུ་འཚོ་བའི་ཕྱིར་སེམས་ཅན་མང་པོ་ལ་གནོད་ཅིང་འཚེ་བའི་སྡིག་པ་འབའ་ཞིག་བྱེད་པ་དེ་ལ། འཕགས ་པ་སྤྱན་རས་གཟིགས་ཀྱིས་གཟིགས་ནས་སྙིང་རྗེ་སྐྱེས་ཏེ། དེ་འདུལ་བའི་དོན་དུ་ཤ་ཝ་ར་པ་འདྲ་བའི་རྔོན་པ་ཞིག་ཏུ་སྤྲུལ་ནས། དེའི་གན་དུ་ཕྱིན་པ་དང་། ཤ་ཝ་ར་པཱ་དྲིས་པ། ཁྱོད་སུ་ཡིན། དེས་སྨྲས་པ། ང་ཡང་ཤ་ཝ་ར་བཽ་ཡིན་བྱས་པས། ཁྱོད ་ཀྱི་ཡུལ་གང་ཡིན་ཟེར་བ་ལ། ཐག་རིང་པོ་ན་ཡོད་བྱས་པས?། ཤ་ཝ་ར་པས་སྨྲས་པ། ཁྱོད་ཀྱི་མངའ་གཅིག་གིས་ཤ་ཝ་དུ་སོང་དྲིས་པོས། སྤྲུལ་པས་སྨྲས་པ། སུམ་བརྒྱ་གསོད་བྱས་པས། ཤཾ་ཝ་ར་པ་ན་རེ། འོ་ན་མངའ་དེ་འདྲོ་བ་ང་ལ་ཡང ་སློབས་ཤིག་ཟེར་བ་དང་། ནང་པར་སྤྲུལ་པས་ཤ་ཝཱ་ར་པ་ཁྲིད་དེ་ཐང་ཆེན་པོ་གཅིག་ལ་ཕྱིན་ནས། སྤྲུལ་པའི་ཤ་ཝ་ལྔ་བརྒྱ་ཙམ་བསྟན་ནས། དེ་ཤ་ཝ་ར་པས་མཐོང་བ་དང་། སྦྲུལ་པོ་ལ་དྲིས་པ། ཁྱོད་ཀྱི་མངས་ཤ་བ་དུ་སོང་། དེས་སྨྲས་པ། ལྔ ་བརྒྱ་པོ་ཐམས་ཅད་སོང། ཤ་ཝ་རི་བ་ན་རེ། བཞི་བརྒྱ་ཕེར་བོར་ལ་བརྒྱ་སོང་བྱས་པོས། སྤྲུལ་པས་ཤ་ཝ་བརྒྱ་མདའ་གཅིག་གིས་བསད་ནས། ཤ་ཝའི་རོ་ཙིག་ཤ་ཝཱ་ར་པ་ལ་བསྐུར་བྱས། དེ་མ་ཐེག་པར་ཤ་ཝ་ར་པ་ང་རྒྱལ ་ཆག་སྟེ། ཁྱིམ་དུ་འོངས་ནས་སྤྲུལ་པ་ལ་སྨྲས་པ། དེ་འདྲ་བའི་འཕོང་གི་སྟོབས་དེ་བདག་ལ་ཡང་སློབས་བྱས་པ་དང་། སྤྲུལ་པས་སྨྲས་པ། དེ་སློབ་པ་ལ་ཟླ་བ་གཅིག་ཤ་མི་ཟ་བ་གཅིག་དགོས་བྱས་པ་དང་། དེ་ནས་ཤ་ཝ་ར་བས ་སེམས་ཅན་ལ་གནོད་འཚེ་སྤངས་པ་དང་། སྤྲུལ་པས་ཞག་བདུན་ནས་དེའི་གམ་དུ་ཕྱིན་ནས་སྨྲས་པ། ཁྱེད་ཅག་གིས་ཅི་ཟོས། དེ་ན་རེ་ཤིང་ཐོག་ཟོས་ཟེར་རོ།། དེ་ནས་སྤྲུལ་པས་སྨྲས་པ། ད་ཁྱེད་ཅག་གིས་སེམས་ཅན་ལ་བྱམས་དང་སྙིང་རྗེ་བསྒོམས ་ཤིག་བྱས་ནས། ཟླ་བ་གཅིག་ལོན་པ་ན་དེར་གཤེགས་པ་དང་། ཤ་ཝ་ར་བི་ན་རཱི། ད་ཤ་ཝཱ་ག་ཤོར་བའི་ཆོས་བཤད་ཟེར་བཱ་ལ། སྤྲུལ་པས་དྭེ་ར་མཎྜ་ལི་ཞིག་མཛད་ནས་མེ་ཏོག་བཀྲམ་སྟེ་ཤ་ཝ་ར་བ་བཟའི་མི་གཉིས་ལ་ལྟོས་ཤིག ་དང་ཅི་མཐོང་དྲིས་པས། མཎྜལ་གྱི་ནང་དུ་དམྱལ་བ་ཆེན་པོ་བརྒྱད་དང་ཁོ་རང་གཉིས་ཀྱང་དེར་འཚེད་པར་མཐོང་ནས། འཇིགས་ཤིང་སྐྲག་ལ། དངང་ཤིང་འདོར་ནས་སྐད་མ་ཐོན་པ་ན། སྤྲུལ་བས་ཡང་དང་ཡང་དུ་དྲིས་པས། སེན་དམྱལ་བ་འདི་འདྲ་བ ་གདའ་ཞུས་པས་ཁྱེད་དེར་སྐྱེ་བ་ལ་མི་འཇིགས་སམ་གསུངས་པས། དེ་དག་ན་རེ། འཇིགས་ལགས་ཏེ་དེ་ལས་ཐར་པའི་ཐབས་མཆིས་ལགས་སམ་ཞུས་པས། དེ་ཡོད་ན་ཁྱོད་ཀྱིས་སྒྲུབ་ནུས་སམ་གསུངས་པས། ནུས་ཟེར་ནས་སྤྲུལ་པས་ཤཱ་ཝ་ར ་པ་བཟའ་མི་གཉིས་ལ་ཆོས་བཤད་དེ། སྲོག་བཅད་པའི་རྣམ་པར་སྨིན་པས་ནི་སེམས་ཅན་དམྱལ་བར་སྐྱེ་བ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་སྲོག་གཅོད་སྙིང་འདོད་པ་ཡིན་ཅིང་། དབང་གི་འབྲས་བུས་ནི་ཚེ་ཐུང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ ་ནི་གཟི་བརྗིད་ངན་པ་ཡིན་ནོ།། སྲོག་གཅོད་པའི་ལས་སྤངས་པས་བྱང་ཆུབ་ཐོབ་པ་ཡིན་ལ། བྱེད་པོ་རྒྱུ་མཐུན་ནོ་སྲོག་གཅོད་སྙིང་མི་འདོད་པ་དང་། དབང་གི་འབྲས་བུ་ནི་ཚེ་རིང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཟི་བརྗིད་དང་ལྡན་པ་ཡིན་ནོ།། ་ཞེས་སོགས་མི་དགེ་བ་བཅུའི་ཉེས་དམིགས་དང་། དགེ་བ་བཅུའི་ཕན་ཡོན་བཤད་པས། ཤ་ཝ་རཱ་པ་འཁོར་བ་ལ་སྐྱོ་བ་སྐྱེས་ནས། ཆོས་ལ་མི་བྱེད་པའི་དད་པ་བརྟན་པོ་ཐོབ་པར་གྱུར་ཏོ།། དེ་ནས་འཕགས་པ་སྤྱན་རས ་གཟིགས་ཀྱིས་གདམ་ངག་གནང་ནས་རི་བོ་དན་ཏིར་གཤེགས་པ་དང་། ཤ་ཝ་རས་ལོ་བཅུ་གཉིསུ་རྣམ་པར་མི་རྟོག་པའི་སྙིང་རྗེ་ཆེན་པོ་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། སྙིང་རྗེ་ཆེན་པོའི་ཆོས་ཉིད་ལས་ལོངས ་ཏེ། འཕགས་པའི་སྤྱན་ལམ་དུ་ཕྱིན་པ་དང་། འཕགས་པས་ཤ་ཝ་རཱ་ལ་སྟོན་གྱི་སྔགས་པ་དུ་མ་བརྗོད་ནས། རིགས་ཀྱི་བུ་རྩའི་མེ་ཤི་བ་དང་འདྲ་བའི་སྟེ་ཕྱོགས་གཅིག་གི་མྱ་ངན་ལས་འདས་པ་ནི་མཆོག་མ་ཡིན་ལ། ཁྱོད་ཀྱིས་སེམས ་ཅན་གྱི་དོན་དུ་འཁོར་བར་འདུག་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པའི་དོན་གྱིས་ཤིག་གསུངས་པས། ཤ་ཝ་ར་པ་རང་གི་ཡུལ་དུ་བྱོན་ནས་བཞུགས་སོ།། མཚོན་དུ་དཔལ་ཤ་ཝ་ར་པ་ཞེས་པ་འམ། རྨ་བའི་གཤོག་པ་གྱོན་ནས་འདུག ་པས་རྨ་བའི་གོས་ཅན་ཞེས་ཀྱང་བྱ་ལ། དུས་རྟག་ཏུ་རི་ལ་བཞུགས་པས་རི་ཁྲོད་མགོན་པོ་ཞེས་ཀྱང་ཟེར་ཏེ་མཚན་གསུམ་དུ་གྲག་སོ།། བསྐལ་པ་དང་ལྡན་པ་ལ་བརྡ་དང་མགུར་ལ་སོགས་པའི་དོན་མཛད་དེ། བྱམོས་པའི་བསྟན་པ་འཆར་གྱི ་བར་དུ་སྒོ་འདི་ཉིད་ཀྱིས་འཛམ་བུའི་གླིང་འདིར་བཞུགས་སོ།། གུ་རུ་ཤ་ཝ་ར་པའི་ལོ་རྒྱུས་རྫོགསོ།། ། ་ས་ར་ཧ་པའི་ལོ་རྒྱུས་བཞུགས་སོ།། ་གུ་རུ་སྭ་ར་ཧ་བའི་ལོ་རྒྱུས་ནི། རིགས་བྲམ་ཟེ་ཡུལ་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་རཱ་དྷཱི་ཞེས་བྱ་བའི་བྱེ་བྲགས་རོ་ལི་པ་བྱ་བ་ཡིན་ལ། མཁའ་འགྲོ་མའི་སྲས་ཡིན་ནོ།། བྲམ་ཟེ་ཡིན་ཡང་སངས་རྒྱས་པའི་ཆོས ་ལ་དད་ནས་སློབ་དཔོན་དཔག་ཏུ་མེད་པ་ལ་ཆོས་ཉོན་པས་གསང་སྔགས་ཀྱི་ཆོས་ལ་ཡིད་ཆེ་སོ་ནས། བྲམ་ཟེ་དང་སངས་རྒྱས་པའི་སྡོམ་པ་གཉིས་ཀྱི་སྲུང་བ་ལ། ཉིན་བྲམ་ཟེའི་ཆོས་ལུགས་བྱེད། མཚན་ལ་སངས་རྒྱས་པའི་ཆོས་ལུགས ་སུ་བྱེད། ཆང་ཡང་གསོལ་བ་ན་བྲམ་ཟེ་ཀུན་གྱིས་ཚོར་ནས་དེ་བསྒྲེས་པའི་ཕྱིར་བྲམ་ཟེ་ཐམས་ཅད་འདུས་ནས། རྒྱལ་པོ་རཉྫ་ཕ་ལ་ལ་ཞུས་པ། ཁྱེད་རྒྱལ་པོ་ཡིན་ན་ཡུལ་དུ་ཆོས་ལུགས་འཆོལ་བ་བྱེད་དུ་འཇུག་རིགས་སམ། ས་ར་ཧ་འདི ་ཡུལ་རོ་ལིའི་གྲོང་ཁྱེར་ཁྲི་ཚེ་ཕྱེངད་དང་གཉིས་ཀྱི་གཙོ་བོ་ཡིན་པ་ལ། ཚོང་འཐུངས་ནས་རིགས་ཉམས་པར་བྱས་པས་སྐྲོད་ཅིག་བྱས་པས། རྒྱལ་པོས་སྨྲས་པ། ཁྲི་ཚེ་ཕྱེད་དང་གཉིས་ལ་དབང་བྱེད་པ་འདི་བཀྲོད་དུ་མི་འདོད་མངས་བསྣུན་ཟེར ་ནས། རྒྱལ་པོས་ས་རྀ་ཧའི་གམཽ་དུ་བྱོན་ནས་སྨྲས་པ། ཁྱེད་བྲམ་ཟེ་ཡིན་པ་ལ་ཆང་འཐུང་བ་འདི་མ་ལེགསོ་བྱས་པས། ས་ར་ཧ་ནཱི་རེ། ངས་ཆང་འཐུངས་པ་མེད། འོན་ཀྱང་མདའ་འདོར་བ་ཡིན་པས། བྲམ་ཟེ་ཀུན་དང་མི་ཐམས་ཅད་བསྡུས ་ཤིག་ཟེར་ནས། ཐམས་ཅད་བསྡུས་པ་དང་། ས་ར་ཧ་བསོ། ངེས་ཆང་འཐུང་པར་གྱུར་ན་ལགས་པ་ཚིགས་ལ། མ་འཐུང་ན་མ་ཚིག་ཅིག་ཟེར་ནས། མར་ཁུ་ཁོལ་མའི་ནང་དུ་ལག་པ་བཅུག་པས་མ་ཚིག་པ་དང་། རྒྱལ་པོས་ཆང་འཐུངས་པ་བདེན ་xxx ་འཇུངས་པ་ཡིན་ལ། མ་ནུབ་པ་དེས་འཐུངས་པ་ཡིན་ཞེས་སྨྲས་ནས། བྲམ་ཟེ་གཞན་གཅིག་དང་གཉིས་ཆུའི་ནང་དུ་ཞུགས་པས་ན། ས་ར་ཧ་མ་ནུབ། གཅིག་ཤོས་ནུབ་པ་དང་། ས་ར་ཧ་བས་མ་འཐུངས་ཟེར་རོ།། ཡང་སྲང་ལ་སྐེར། གང་ལྕི ་བས་མ་འཐུངས་པ་ཡིན་ལ། ཡང་བ་དེས་འཐུངས་པ་ཡིན་ནོ་སྨྲས་ནས་དེ་བཞིན་བྱས་པས། ས་ར་ཧ་བ་ལཱི་ནས་ངས་མེ་འཐུངས་ཟེར་རོ།། དེ་བཞིན་དུ་མི་དང་ལྡིང་མཉམ་པའི་ལྕགས་ཀྱི་རྡོ་གསུམ་དང་བཀར་བས་ཀྱང་སར་ཧ་ལྗི་བ་དང་། དྲུག་ལས ་ཀྱང་སར་བ་སྟོམས། རྒྱལ་པོས་སྨྲས་པ། འདྲ་བ་ས་པ་སྐྱེ་ན་ནྱ་དྷཱ་ཛྙཱཛྷས་ན་བང་འབྱུང་ཅིག་ཅེས་སྨྲསྨྲ་པས། བྲམ་ཟེ་ཐམས་ཡ་ད་ཎྜལ་ས་རྩིག་བྱས་གངནས་པ་ཞུས་པས། རྒྱལ་པོ་དང་བཙུན་མོ་དང་ངས་ཐམས་ཅད་ལ ་མགུར་གསུངས་པས་དོ་ཏཀྐོར་གསྒྲམི་དུ་གྲག་སོ།། བྲམ་ཟེ་རྣམས་ཀྱི་རང་གི་ཆོས་ལུགས་སྦྱངས་ཏེ་སངས་རྒྱས་ཀྱི་བསྟན་པ་ལྟ་ཞུགས་ཤིང་། རྒྱལ་པོ་འཁོར་དང་བཙོས་པུས་དངོས་ཀླུང་ཐོབ་བོ།། ད~ཾ་ནསྭ་སཱ་རཱ་བྱས་ཐུན་མོ་ལོ་བཅོ་ལྔ་ལོན་པ་ཞིག ་ཡོད་པ་ཁྲིད་ནས་ཡུལ་གཞན་དུ་བྱོན་པ་དང་། དགོན་པ་གཅིག་ཏུ་འདུག་ནས། བྱས་སྒྲུབ་པ་བྱོད། ཆུང་མས་བྱན་བྱངས་ཀྱི་ནི་བསྩལ་བ་དང་། ཟངས་ཅིག་ལེ་དྲུག་གི་ཚོད་མེ་ཟོ་ཟེ་རེ་ནས་ཆུང་མས་མ་ཧེའི་ཞོ་དང་ལོ་བུག་སྦྱར་ནས་འདྲེན་དུ་བྱིན་པ ་དང་། ཏི་འཛིན་ལ་བཙུགས་འདུག་པས་མ་བྷཱ་ས་པར་ལོག། དེ་ནས་ས་རཧ་པས་ལོ་བཅུ་གཉིས་ཀྱི་བར་དུ་ཏིང་འཛིན་དེ་ལས་མ་ཞེངས། དེ་ནསུ་བཞེངས་ཏེ། ལ་ཕུག་གི་ཚོང་མ་ག་རེ་བྱས་པས། བཱན་མོ་ན་རེ། ཁྱེད་ལོ་བཅུ་གཉིས་སུ་ཏིང་འཛིན ་ལས་མ་བཞེངས་པས་ད་ལྟ་ག་ན་ཡོད། ད་ནི་དཔྱིད་ཀྱི་དུས་སུ་སོང་ནས་མེད་དོ་ཞེས་སྨྲས། དེར་ས་ར་ཧ་ས་ཆུང་མ་ལ། ང་རི་ལ་སྒྲུབ་པ་ལ་འགྲོ་བ་ཡིནི་སྨྲས་པས། ཆུང་མ་ན་རེ། ལུས་དབེན་པ་ནི་དབེན་པ་མ་ལག་སོ།། སེམས་མཚན་མ་དང་རྣམ་པར ་རྟོག་པས་དབེན་པ་ནི་དབེན་པའི་མཆོག་ལགས་ཏེ། ཁྱེད་ཀྱིས་ལོ་བཅུ་གཉིས་ཏིང་འཛིན་ལ་བཞུགས་ཀྱང་། མཚན་མ་ཕྲ་མོ་ལ་ཕུག་གི་རྟོག་པ་མ་ཆོད་ན་རི་ཁར་ཕྱིན་པས་ཅི་ལ་ཕན། ཞེས་སྨྲས་པས། ས་ར་ཧ་བས་བདེན་དགོངས་ཏེ། མཚན ་མདུ་ནམ་སྤྱན་རྟོག་པ་སུས་ཏེ། གཟུག་མ་འདོན་ཉམས་སུ་གྲངས་པས་ཕྱག་རྒྱ་ཆེན་པོ་མཆོག་གོ་ས་གྲུབ་ཐོབ་ནས་གྲོ་དོན་ག་མྱེད་མ་། རླུངས་དང་གཉིས་ཀ་མྦྷ་ཁ་སྤྱོད་དྷ་ག་ཤེགས་སོ།། ཀུ་རུ་ས་ར་ཧཱ་པ ་རྒྱུང་རྫོགས་སོ།། གུ་རུ་ཀཾ་ཀ་རི་ཤྲཱི་ལོ་རྞྞ་ནི། སྤེལ་མ་བྷཱུ་ཏྟཨཱརྱཱ། རིགས་དམཽད་རིག་སོ།། དེ་ཡང་ཡུལ་མྱ་གྷུ་དྷུ་འི་ཁྱིམ་ད། ་གིས་རང་གི་རིགས་དང་མཉམས་པའི་ཆུང་མ་བླངས་ནས། ཁྱིམ་དུ་འདོད་པའི་ཡོན་ཏན་གྱི་རོ་ཉམས་སུ་མྱོང་བར་བྱེད་ཀྱི་ན་འདུག་ལོ། ཐར་པའི་ལ་མི་དགེ་བའི་ཆོས་ལ་ནི་བློ་བག་ཙམ་ཡང་མ་ཞུགས་པར་འཇིག་རྟེན་འདི་འབའི་ཞིག་དོན་དུ་གཉེར ་ཞིང་འདུག་པའི་ཚེ། དེའི་ཆུང་མ་ལ་འདུས་བྱས་ཀྱི་ལས་ཀྱིས་སླེབས་ནས་ཤི་བར་གྱུར་པ་དང་། དེར་ཆུང་མའི་རོ་དུར་ཁྲོད་དུ་རྐྱལ་ནས་རོ་བློས་གཏོང་མ་ནུས་པར། རོའི་རྩེར་དུ་ཡིན་འདུག་པ་ལ། དེའི་གམ་དུ་ལེགས་པར་རྟོགས་པའི་རྣལ ་འབྱོར་པ་གཅིག་བྱོན་ནས། ཁྱིམ་བདག་དེ་ལ་ཁྱོད་དུར་ཁྲོད་འདི་ན་ཅི་བྱེད་ཀྱི་ན་འདུག་ཅེས་སྨྲས་པ་དང་། ཁྱིམ་བདག་ན་རེ། རྣལ་འབྱོར་པ་བདག་གི་སྒྱིད་སྡུག་འདི་ཉིད་ཀྱིས་མ་གཟིགས་སམ། མིག་སྟོན་པའི་ལོང་བ་ཁྱིམ་ཐབས་དང་བྲལ་བའི་དཔལ་ཟད་པ། འཇིག་རྟེན ་ནབདག་ལས་སྡུག་པ་སུ་མཆིས་ཞེས་ཞུས་པ་དང་། རྣལ་འབྱོར་པས་ཁྱིམ་བདག་ལ་སྨྲས་པ། སྐྱེས་པའི་མཐའ་འཆི་བ། འདུས་པའི་མཐའ་འཕྲུལ་པ། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན། འཁོར་བར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ་ཡིན་པས། འཁོར ་བསྡུག་བསྔལ་གྱི་རང་བཞིན་ལ་ཁྱོད་ལ་མི་སྐྱོ་འམ། ཁྱོད་མིས་རྡོ་འདྲ་བ་གཅིག་བསྲུངས་ནས་ཅི་བྱེད། དེ་བས་ཁྱོད་རང་ཆོས་ཀྱིས་ལ་སྡུག་བསྔལ་སྤོངས་བྱས་པས། རྣལ་འབྱོར་པ་འཁོར་བ་སྐྱེ་འཆིའི་སྡུག་བསྔལ་ལས་ཐར་པའི་ཐབས་ཡོད་ན་ཚོལ་ཅིག་ཟེར་བ་ལ། དེ་ལས ་ཐར་པའི་ཐབས་བླ་མའི་ཏན་ངགྲ་ཡོང་གསུངས་པས། དེ་བདག་ལ་སྣང་བ་ཞུ་ཟེར་ནས། རྣལ་འབྱོར་པས་དེ་ལ་དབང་བསྐུར་སྟེ་བདག་མིང་ཐིག་ལེའི་གོང་མ་ངག་བྱིན་པ་དང་། ཁྱིམ་བདག་ན་རེ། ཇི་ལྟར་སྒོམ་ཟེར་བ་ལ། ཤྲཱི་བའི་ཆུང་མའི་རྣམ་པར་རྟོགས་པ་སྤོངས ་ལ། བདག་མེད་པའི་ཆུང་མ་བདེ་བ་དང་སྟོང་པ་གཉིས་སུ་མེད་པར་སྒོམས་ཤིག་བྱས་ནས་སྒོམ་དུ་བཅུག་པས། ལོ་དྲུག་ན་ཐ་མལ་པའི་ཆུང་མའི་རྣམ་རྟོག་བདེ་བ་དང་སྟོང་པའི་ངང་དུ་སྟོར་ནས། དེའི་སེམས་ཀྱི་དྲི་མི་དག་སྟེ་བདེ་ཆེན་འོད་གསལ་གྱི་རྟོག་པའི་ཉམས་སྐྱེས ་པ་དང་། ཁྱིམ་བདག་དེས་དཔེར་ན་ལང་ཏང་གི་འདུག་དངས་པས་འཁྲུལ་པ་སངས་པ་ལྟ་བུར། མ་རིགས་འཁྲུལ་པའི་དུགས་དངས་པས་ཕྱིན་ཅི་མ་ལོག་པའི་བདེན་པའི་དོན་མཐོང་སྟེ། གྲུབ་པ་ཐོབ་ནས། མིང་ཡང་རྣལ་འབྱོར་པ་ཀཾ་ཀ་ལི་པ་བྱ་བར་ཕྱོགས ་མཚམས་ཐམས་ཅད་དུ་གྲགས་ལ། རང་གི་ཡུལ་གྷ་ཧུ་རིར་སྐྱེ་འགྲོ་དུ་མ་ལ་ཆོས་བསྟན་ནས་ལུས་དེ་ཉིད་ཀྱི་མཁའ་སྤྱོད་དུ་གཤེག་སོ།། གུ་རུ་ཀཾ་ཀ་ལི་པའི་ལོ་རྒྱུས་རྫོགསོ།། ་མིན་པའི་ལོ་རྒྱུས་བཞུག་སོ།། གུ་རུ་མི་ན་པའི་ལྀ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས། རིགས་ཉ་པ། བླ་མ་མ་ཧཱ་དེ་བ། དངོས་གྲུབ་འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ།། དེ་ཡང་ཀ་མ་རུ་པའི་ཕ་ཚད་ན་རྒྱ་མཚོ་ཨི་ཏ་བྱ་བ་ལ། ཉ་པ ་ཀུན་ཉ་གཤོར་ནས་དུས་རྟག་ཏུ་ཚོང་འདུས་སུ་འཚོང་པ་ཡིན་པ་ལ། ཉ་པ་གཅིག་གིས་རས་བལ་གྱི་སྲིད་བུ་ལ་ལྕགས་ཀྱུ་བཏགས་ནས། དེའི་རྩེ་མོར་ཤ་དང་བཅས་ཏེ་ཆུར་སྦྱར་བ་དང་། ཉ་ཆེན་པོ་ཅིག་ཟིན་ནས་ཐེན་པས། ཉེས་པར་གླུས་དེ་རྒྱ་མཚོར་ཉ ་པ་ནུབ་ནས། དེར་ཉ་པ་དེ་ཉ་ཆེན་པོ་ཅིག་གིས་མིད་པ་ལ། ལས་ཀྱི་དབང་གིས་དེར་མ་ཤི་བར་ཡོད་པ། དེའི་དུས་སུ་དབང་ཕྱུག་ཆེན་པོ་ལ་ལྷ་མོ་ཨུ་མས་ཆོས་ཞུས་པས། དབང་ཕྱུག་ཆེན་པོ་ན་རེ། ངའི་ཆོས་འདི་གང་རུང་ཆུ་ཤང་བ་མ་ཡིན་གྱི། ཤིན་ཏུ ་གསང་བ་ཡིན་པས་རྒྱ་མཚོའི་ནང་དུ་ཁང་པ་རྩིགས་ཤིག། དེར་གཤོད་ཁྱེར་ནས། དེ་བཞིན་དུ་བྱས་པ་དང་། དེའི་ནང་དུ་ལྷ་མོ་ཨུ་མ་ལ་ཆོས་བཤད་པས། དེའི་དུས་སུ་ཁང་པའི་འོག་ཏུ་ཉ་དེས་འོངས་པ་དང་། ཆོས་ཀྱི་འཕྲོ་ལ་ལྷ་མོ་གཉིད་ལོག་དང ་མཚུངས་ནས། དབང་ཕྱུག་ཆེན་པོས་ལྷ་མོ་ཨུ་མ་ལ་གོའམ་བྱས་པས། ཉ་བས་གོ་ལགས་བྱས་ཀྱི་ན་ཆོས་ཉན་པ་དང་། ཆོས་ཐོན་པ་དང་ལྷ་མོ་གཉིད་སད་དེ་ཆེས་བཤོད་བྱས་པས། དབང་ཕྱུག་ཆེན་པོ་ན་རེ།། ངས་ཆོས་བཤང་ཟིན་ཟེར། ་ལྷ་མོ་ན་རེ། དངོས་ཀྱིས་ཆོས་འདི་ཙམ་བར་དུ་ཐོས། དེ་ནས་གཉིད་ཀྱིས་མྱོས་ནས་མ་ཐོས་བྱས་པ་ལ། འོ་ན་ཐོས་ལགས་ཟེར་བ་དེ་སུ་ཡིན་ཟེར་ནས།། ལྷ་མོས་དེ་སྐད་ཟེར་བ་བདག་གིས་མེ་སྨྲས་ཟེར། དབང་ཕྱུག་ཆེན་པོས་མངོན་ཤེས་ཀྱིས་གཟིགས ་བས། ཁང་པའི་འོག་གི་ཉའི་ལྟོ་བ་ན་མི་གཅིག་འདུག་པ་དེས་ཆོས་ཉན་པར་མཐོང་ནས། དེར་བསམ་པ་ལ། འདི་ངའི་སློབ་མར་སོང་བས་དམ་ཚིག་གཅིག་པ་ཡིན་སྙམ་དུ་དགོངས་ནས། དེར་ཉ་བ་ལ་དབང་བསྐུར་ནས་ཉེ་བ་དེས་ལོ་བཅུ་གཉིས་ཉའི་ལྟོ་བར་སྒྲུབ ་བ་བྱས་པ་དང་། དེ་ནས་ཡུལ་ཤྲི་ཏ་པ་རི་ཞེས་བྱ་བའི་ཉ་པ་གཅིག་གིས་ཉ་ཆེན་པོ་དེ་གཟུང་ནས་སྟོན་པ་དང་། ཉ་པས་བསམས་པ། ཉ་ཆེན་པོ་འདིའི་ལྕི་ལུགས་ཀྱིས། འདིའི་ཁོག་པ་ན་གསེར་དངུལ་ལ་སོགས་པའི་རྫས་འགའ་འབྱུང་ཡང་སྲིད་སྙམ་སྟེ། ཉིའི་ལྟོ ་བོ་བཤགས་པས་མི་ཅིག་འདུག་ནས། ཁྱོད་སུ་ཡིན་བྱས་པ་ལ། དེ་ན་རེ། བདག་ཀྱང་ཉེ་བ་ཡིན་པ་ལ། རྒྱལ་པོ་འདི་ཞེས་བྱ་བའི་དུས་ཉ་འདིས་ཁྱེར་སྟེ་མེད་པ་ཡིན་ཟེར་ནས། མི་ཀུན་གྱིས་རྩིས་པས་ལོ་བཅུ་གཉིས་ལོན་འདུག་པས། མི་ཐམས་ཅད་ངོ་མཚར ་སྐྱེས་ཏེ། མིང་དུ་ཡང་རྣལ་འབྱོར་པ་མིན་པོ་ཞེས་བྱ་བར་གྲག་སོ།། དེ་ནས་མི་ཐམས་ཅད་ཀྱིས་མཆོད་པ་དང་། མིན་པས་ས་ལ་གར་བྱས་པ་དང་རྐང་པ་ས་ལ་མ་ནུབ་པ་དང་རྡོའི་སྟེང་དུ་གར་བྱས་པས་ཀྱང་འདམ་ལྟར་བྱིང་ནས་ཀུན་ངོ་མཚར་སྐྱེས་སོ།། དེ་ནས་མིན ་བའི་ཞལ་ནས། སྔར་བསགས་ལས་ཀྱི་འབྲེལ་པ་དང་། དུས་འདིར་ཆོས་ལ་མོས་པ་ཡིས། ཡོན་ཏན་ཕུན་ཚོགས་འདི་ལྟར་བྱུང་།། ཨེ་མ་རང་སེམས་རིན་པོ་ཆེ། ཅེས་གསུངས་ནས་ལོ་ལྔ་བརྒྱར་སེམས་ཅན་གྱི་དོན་མཛད་དོ།། མཚན་ཡང་མིན་པ། རྡོ་རྗེའི ་ཞབས། ཨ་ཙིནྡ་པ་ཏེ་གསུམ་དུ་གྲགས་ཤིང་། དང་པོར་འཇིག་རྟེན་གྱི་དངོས་གྲུབ་ཐོབ་ནས་རིམ་གྱིས་ས་ལམ་བགྲོད་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེག་སོ།། གུ་རུ་མི་ན་བའི་ལོ་རྒྱུས་རྫོག་སོ།། ་ཀྲོ་ཙཱ་མོལོ་རྒྱུས་བཅུག་གོ།། གུ་རུ་གོ་རུཀྵའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ན་རྒྱལ་པོ་ལྷ་སྐྱོང་ཞེས་པ་ལ་སྲས་གཅིག་བལྟམས་པ་ལས། དེས་ལོ་བཅུ་གཉིས་ལོན་པ་ན་ཡུམ་སྐུང་ནས་འགུམ་པ་ལ་ཐུབ་པཱི ་ཚེ། ཡུམ་གྱིས་སྲས་ལ་ཞལ་ཆེམས་གསུངས་པ། སྡོམཿ་སེན་གྱི་བདོ་སྡུག་ཐམས་ཅད་ནི་ལས་དགེ་སྡིག་ལས་འབྱུང་བས་ནི། སྲོག་ལ་བབ་ཀྱང་སྡིག་པའི་ལས་མ་བྱེད་ཅིག། ཞེས་གསུངས་ནས་གྲོངསོ།། དེ་ནས་ཡབ་རྒྱལ་པོ་ལ་འབངས་རྣམས ་ཀྱིས་ཞུས་པ། ཡུལ་གཞན་གྱི་བཙུན་མོ་གཅིག་བཞེས་དགོས་ཟེར་ནས། དེས་ཀྱང་བཙུན་མོ་བཞེས་ནས་ཞག་འགའ་ལོན་པ་ན། རྒྱལ་པོ་ནགས་བསེབ་དུ་སྐྱོ་གསང་ལ་གཤེགས་པའི་ཤུལ་དུ། རྒྱལ་མོས་ཁང་བཟངས་ཀྱི་སྟེང་དུ ་ཡོངས་ནས་བལྟས་པས། དེ་ན་རྒྱལ་བུ་བཞུགས་པ་མཐོང་ནས་ཆགས་པ་སྐྱེས་ཏེ། དེར་ཕོ་ཉ་བཏང་ནས་འདིར་གཤེགས་པར་ཞུ་བྱས་པས། རྒྱལ་བུས་དེ་མ་འདོད་པ་དང་། རྒྱལ་མོ་སྐྱེངས་ནས་བསམ་པ་ལ། འདིས་ང་ལ་བརྙས་པ་འདི ་ང་ལ་བརྙས་པ་འདི་བྱས་པ་འདི་བྱས་པ། དགྲ་ལས་སྙིང་ན་བ་འདི་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསད་དགོས་སྙམ་སྟེ། རང་གི་འཁྲོ་ཀུན་ལ་འདི་སོད་ཅིག་སྨྲས་པས། དེ་རྣམས་ན་རེ། འདི་བསད་པས་མི་ཡོད་སྟེ། རྒྱལ་པོའི་སྲས་ཀྱི་དམ ་པ་ཡིན་ཟེར་བས། མོས་སྒྱུ་བྱས་ཏེ། རང་གི་ལུས་ཐམས་ཅད་ལ་བླང་ནས་ཁྲག་བྱུང་། གོས་ཐམས་ཅད་བྲལ་ཏེ་མལ་དུ་ཞུགས་ནས་འདུག་པ་དང་། རྒྱལ་པོ་བྱོན་ནས་བཙུན་མོ་ལ་ཁྱོད་ཅི་ཉེས་དྲིས་པས། མོ་ན་རེ། ཉིད་ཀྱི་སྲས་ཀྱིས་མིའི་ལུགས་མ་ལེགས ་བ་བྱས་པས་འདི་ལྟར་གྱུར་ཏེ་ཟེར་ནས། རྒྱལ་པོ་ན་རེ། ཁྱོད་ལ་འང་འདྲ་བ་བྱས་ན་རྒྱལ་བུ་འདི་གསོད་ཟེར་ཏེ་གཤེད་མ་གཉིས་བསྐོས་ནས། འདི་ནགས་བསེབ་དུ་ཁྲིད་ལ་རྐང་ལག་རྣམས་ཆོད་ལ་ཤོག་གསུངས་པས།། གཤེད་མ་གཉིས་ཀྱིས་བསམས་པ། ་འདི་གསོད་པ་ནི་མ་ལེགས་ན། རང་གི་བུ་བསད་པ་འདི་གསོ་དགོས་སྙམ་ནས། རྒྱལ་བུ་ལ་སྨྲས་པ། ཉིད་གསོད་པ་ནི་བདག་གི་མི་ཕོད་ན། རང་གི་བུ་ཉིད་ཀྱི་དོན་དུ་བསོངོ་ཞེས་བྱས་པས། དེ་ན་རེ། དེ་ནི་མི་རུང་སྟེ། བདག་རང་བསོད་གཅིག། བདག་གི་ཡུམ་གྱི་ཞལ ་ཆེམ་སུ། ལུས་དང་སྲོག་གི་ཕྱིར་ཡང་སྡིག་པོའི་ལས་མ་བྱེད་གསུངས་པས། ཡབ་ཀྱིས་ཇི་ལྟར་བཀའ་སྩལ་པ་ལྟར་གྱིས་ཤིག་གསུང་བ་དང་། དེ་ནས་ཤིང་རྐང་པ་གཅིག་པའི་རྫར་རོལ་པས་གཤེད་མས་རྐང་ལག་བཅས་དེ་རང་གི་ཁྱིམ་དུ་སོང་ངོ་།། དེ་ནས་ས་ཕྱོགས ་དེར་རྣལ་འབྱོར་པ་ཆེན་པོ་ཨཱ་ཙྪིནྡྷ་བྱ་བ་གཅིག་གིས་རྒྱལ་བུ་དེ་ལ་དབང་བསྐུར་གདམ་ངག་སྦྱིན་ནས། རྒྱང་གྲགས་གཅིག་ཙམ་ན་བརྫི་རྣམས་ཀྱི་ནང་དུ་རྣལ་འབྱོར་པ་དེས་བྱོན་ཏེ། དེ་རྣམས་ལ་ཕ་ག་རི་བྱ་རྒོད་ལྡིང་བའི་འོག་ན་ཤིང་རྐང་གཅིག་པའི་དྲུང་ན་མོ་ཡན ་ལག་བཅད་པ་གཅིག་ཡོད་པས། དེའི་གན་དུ་སུ་འགྲེ་ནུས་གསུངས་པས། དེ་རྣམས་ཀྱི་ནང་ནས་སྤོས་འཚོང་གི་རིགས་ཀྱི་ཁྱེའུ་གཅིག་ན་རེ། བདག་གིས་ནུས་ཟེར་རོ།། འོན་ཀྱང་བདག་གིས་ཉིད་ཀྱི་བྱ་བ་བསྒྲུབ་ཀྱིས། དངོས་ཀྱིས་བྱ་བ་ཉིད་ཀྱིས་བསྒྲུབས ་གཅིག་ཟེར་ནས། བ་ལང་རྣལ་འབྱོར་པ་ལ་གཏད་དེ།། བྱ་རྒོད་ལྡིང་བ་མཚན་མར་བྱས་ནས་བྱིན་པས། ཤིང་རྐང་གཅིག་པོའི་དྲུང་ན་དེ་འདུག་པ་མཐོང་ནས་ལོག་ཕྱིན་ཏེ་རྣལ་འབྱོར་པ་ཨ་ཙིནྟ་ལ་འདི་བཞིན་དུ་འདུག་གོ་བྱས་པས། རྣལ་འབྱོར་པས་བ་ལང་རྫི་ལ ་ཁྱོད་ལ་བཟའ་བཏུང་ཅི་ཡོད་བྱས་པས། བདག་བ་ལང་འཚོ་བའི་དེད་དཔོན་གཅིག་གི་ནོང་ནུབ་བཟོའ་བཅའ་དུམ་རེ་སྟེར་བས། དེའི་བྱེད་ཁོ་ལ་སྐྱེལ་ལོ་ཞུས་པས། དེ་རུང་ཙཽ་རཱངྒ་བསྲེལ་གཅིག་གསུང་ནས། ཁོས་ཤིང་གི་འཁོར་དུ་ལོ་མའི་ཁང་པ་ཕུག། ཟས་སྦྱིན་ཞིང ་མི་གཙང་བའི་ལྗིན་རྫབ་ཐམས་ཅད་ལག་གིས་བླངས་ཤིང་བསལ་ཏེ། ལོ་བཅུ་གཉིས་སུ་དེ་ལྟར་བྱས་སོ།། དེ་ནས་དུས་གཅིག་གི་ཚེ་དར་ཕྱིན་པས། དེ་ལངས་ནས་འདུག་པ་མཐོང་བས། ངོ་མཚར་ནས་དྲིས་པས། དེའི་ཞལ་ནས། ཐབས་མཁས་བླ་མོ་དམ ་པ་ཡིས།། དབྱིངས་དང་རིག་པ་ངོ་སྤྲད་པས།། ཆོས་རྣམས་ངོ་བོ་གཅིག་ཏུ་རྟོགས།། བདེ་སྡུག་མེད་པ་ངོ་མཚར་ཆེ།། ཅེས་གསུངས་ནས། དངོས་འདི་བཞིན་དུ་རྐང་པ་དང་ལག་པ་གསར་དུ་སྐྱེ་སོ།། ཞེས་གསུངས་ཏེ། བར་སྣང་ལ་འཕགས་ནས་བ་ལང་རྫི་ལ། ངས ་གདམ་ངག་སྦྱིན་ནམ་བྱས་པས། བ་ལང་རྫི་ན་རེ། གདམ་ངག་མི་འདོད། བདག་གི་སློབ་དཔོན་ཞིག་ཡོད་པས། དེས་ཁྱེད་ལ་བསྙེན་བཀུར་གྱིས་གསུང་ནས་ཉིད་ལ་འདི་ཙུག་བསྙེན་བཀུར་བྱས་པ་ཡིནོ།། ཞེས་བྱས་སྟེ། བ་ལང་རྫི་དེ་སླར་ལོག་ནས་པ་ལང་སྐྱོང་གིན ་འདུག་པ་དང་། རྣལ་འབྱོར་པ་ཨ་ཙནྟིས་པ་ལང་རྫིའི་གོན་དུ་འོངས་པ་དང་། བ་ལང་རྗེས་སྔར་གྱི་གཏམ་བྱས་པས། ཤིན་ཏུ་དགྱེས་པར་གྱུར་ཏོ།། ཨ་ཙིནྟས་པ་ལང་རྫི་ལ་དབང་བསྐུར་གདམ་ངག་བྱིན་ནས་ཡུལ་གཞན་དུ་གཤེག་སཽ།། བ་ལུང་རྫིས ་ཀྱང་བསྒོམས་པས། ཕྱག་རྒྱ་ཆེན་པའི་དངོས་གྲུབ་ཐོབ་ནས་ཡོད་པའི་ཚེ། བླ་མ་དེར་བྱོན་ནས། ཁྱོད་སེམས་ཅན་འབུམ་ཕྲག་བོ་རྒྱ་ལ་གྲོལ་གྱི་བར་དུ་སངས་མ་རྒྱ་ཅིག་གསུངས་ནས། དེས་ཀྱང་སེམས་ཅན་བྱུང་ཚད་ལ་དབང་བསྐུར་བྱས་པས། མ་ཧཱ་དེ་ཝས། ཁྱོད་སེམས ་ཅན་བྱུང་ཚད་ལ་དབང་བསྐུར་མ་བྱེད་པར་གང་གསོལ་བ་འདེབས་པ་ལ་གྱིས།། སེམས་ཅན་མ་དད་པ་དང་ཤེས་རབ་མེད་པ་ལ་མི་རུང་བ་ཡིན་ཟེར་ནས། དེ་མན་ཆད་ལུང་བསྟན་པ་ལྟར་མཛད་དོ།། གདུལ་བྱ་མང་དུ་སྒྲོལ་ཤིང་བ་ལང་སྐྱོང་བྱེད་པ་ཡིན་པས་གཽ་རཀྵ ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། ད་ལྟ་ཡང་ལས་འཕྲོ་ཡོད་པ་ལ་དབང་བསྐུར་ལ། ལས་དག་པས་དུས་བཟང་ལ་ཌ་མ་རུའི་སྒྲ་ཙམ་ཐོས་ཤིང་། གཞན་གྱིས་ནི་མི་ཐོས་སོ།། ། ་གུ་རུ་གཽ་རཀྵའི་ལོ་རྒྱུས་རྫོགས་སོ།། ་ཙཽ་རཱངྒའི་ལོ་རྒྱུས་བཞུགས་སོ།། ་གུ་རུ་ཙཽ་རཱདཱའི་ལོ་རྒྱུས་ནི། གོང་དུ་བརྗོད་མ་ཐག་པའི་རྒྱལ་བུ་ཡན་ལག་བཅད་ཅིང་ཤིང་རྐང་གཅིག་པའི་དྲུང་དུ་གནས་པ་དེ་ཡིན། དེ་ལ་ཨ་ཙིནྟས་དབང་དང་རླུང་བུམ་པ་ཅན་གནང་། གྲུབ་པའི་དུས་ན་ལུས་ཀྱང་སྔོན་བཞིན་འགྱུར་རོ།། ་ཞེས་ལུང་བསྟན་ནས་གཤེགས།། ཆོམས་རྐུན་བ་དེས་ཀྱང་བསྒོམས་པས་ལོ་བཅུ་གཉིས་ལོན་པ་ནུ། རྒྱལ་པོའི་ཚོང་པ་མང་པོས། གསེར་དངུལ་མན་ཤེལ་སོགས་རིན་པོ་ཆེ་མང་དུ་ཁྱེར་ནས་འོངས་ཏེ། ས་དཾར་ཆོམ་རྐུན་སོགས་བྱུང་ངོ་།། མཚན་མོ་འོངས་ནས ་ཤིང་དེའི་རྩན་མར་ཕྱིན་པ་ན། རྒྱལ་བུ་དེས་རྐང་པའི་སྒྲ་ཐོས་ནས་སྨྲས་པ། དེ་སུ་ཞིག། ཚོང་བ་དེ་དག་ཆོམ་རྐུན་ཡིན་སྙམ་ནས། ངེད་རྣམས་སོལ་བ་བྱེད་པ་ཡིན་ནོ་སྨྲས་པ་དང་། རྒྱལ་བུ་དེས་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ།། དེ་ནས་ཚོང་པ་དེ་རྣམས་རང་གི ་གནས་སུ་ཕྱིན་པ་དང་། གསེར་སོགས་ནོར་གྱི་དངོས་པོ་རྣམས་སོལ་བར་གྱུར་པ་མཐོང་ནས། ཀུན་ཧ་ལས་ཏེ། འདི་ལྟར་གྱུར་པ་ནི་ཅི་ཡིན་སྙམ་དུ་སེམས་པར་བྱེད་དོ།། དེ་ནས་དེ་རྣམས་ཀྱི་ནང་ནས་བློ་དང་ལྡན་པ་ཞིག་གི་སྨྲས་པ། ནུབ་མོ་འོད་དུས་ལམ་དུ་སུ་ཡིནྡ་འདྲི་བ ་དེ་བདེན་ཚིག་འགྲུབ་པ་ཞིག་ཡིན་པར་གོར་མ་ཆག། དེ་འདྲ་བ་ཞིག་ལྟར་འདྲེད་ཟེར་ནས། སླར་དེ་རྣམས་ཀྱིས་དེར་ཕྱིན་པ་ན། ཤིང་གཅིག་གི་དྲུད་ན་ཡན་ལག་བཅད་པའི་མི་དེ་འདུག་པ་མཐོང་ནས། དེ་ལ་སྔར་གྱི་ལོ་རྒྱུས་རྣམས་བྱས་ཏེ་སླར་བདེན་པོའི་ཚིག་འདོར ་དུ་བཅུག་པས། རྒྱལ་བུ་ན་རེ། ངས་ལེན་པ་མིན་ནམ། ཡིན་ན་ཁྱེད་རྣམས་ཀྱི་ནོར་སྔ་མ་ཁོ་ན་ལྟར་གྱུར་ཅིག་ཅེས་བརྗོད་ནས། ཚོང་པ་རྣམས་ལོག་སྟེ་རང་གི་ནོར་རྣམས་སྔ་མ་ཁོ་ན་ལྟར་གྱུར་པ་མཐོང་སྟེ། ཡ་མཚན་སྐྱེས་ནས་རྒྱལ་བུ་དོ་ལ་མཆོད་པའི་ཕྱིར་ཕྱིན་ནས ་མ་རྒྱས་བྱས་པས། རྒྱལ་བུ་ངོས་སྟོར་གྱི་བླ་མས་ལུང་བསྟན་པ་དྲན་ཏོ།། དེ་ལྟན་བདག་གི་ལུས་ཀྱང་སྒྱུམ་ལྟར་རྒྱུ་ག་ཅས་བརྗོད་པས་དེ་ལྟར་གྱུར་ཏོ།། དངོས་གྲུབ་ཐམས་ཅད་ཐོབ་ནས་རྫུ་འཕྲུལ་བསྟན་ཏོ། གདམ་ངག་ལ་གནགས ་པས་འགྲོ་བ་ལ་ནི་མ་བསྟན་ལ། འོན་ཀྱང་ཤིང་ལ་བསྟན་པས་ཤིང་འཆི་མེང་དུ་གྱུར་པ་ད་ལྟ་ཡོད་ཟེའོ།། འཆི་མེད་བརྙེས་པའི་གུ་རུ་ཙཽ་རཱངྒའི་ལེ་རྒྱུས་རྫོགསོ།། ་ལོ་རྒྱས་བ་གུ་རུ་ཝིན་པའི་ལོ་རྒྱུས་ནི། ཟིན་པ་བྱ་བ་བསྒྱུར་ན་པི་ཝང་བརྡུང་བྱ་བའོ།། དེའི་ཡུལ་གྷཱ་ཧུ་ར། རིགས་རྒྱལ་རི་ཌ། བླ་མ་ནི་བྷཱུདྷཱུ་པ། དངོས་གྲུབ་ནི་དགྱེས་པ་རྡོ་རྗེ་ལས་ཐོབ་པ་ཡིན་ནོ།། དེ་ཡང་ཡུལ་གྷ་ཧུ་རའི ་རྒྱལ་པོ་ལ་སྲས་གཅིག་ཡོད་པ་ལས། ཕ་མ་དང་འབངས་རྣམས་ཤིན་ཏུ་གཅེས་པར་གྱུར་ནས། མ་མརྒྱད་ལ་སོགས་པ་ལ་གཏད་དེ་བསྐྱེད་བསྲིངས་པ་དང་། རྒྱལ་བུ་དེ་སྤྱི་སྐྱོང་འབུལ་བའི་རོལ་མོ་མཁན་དུ་མ་དང་རྟག་ཏུ་ལྷན་ཅིག་ཏུ་བསྡད་པས། ཤེས་པ ་གོམས་པའི་སྟོབས་ཀྱི་ཏམ་བུ་རའི་སྒྲ་ལ་བློ་རྗེ་གཅིག་ཏུ་ཞུགས་ཤིང་པི་ཝང་སྦྱང་བ་ལས། འཇིག་རྟེན་གྱི་བྱ་བ་གཞན་ལ་བློ་སྣང་ཡི་མི་འཇུག་པས། དེའི་ཡབ་ཡུམ་དང་། བློན་པོའི་ཚོགས་དང་འབངས་ཐམས་ཅད་ཀྱང་ཁ་ཟེར་བར་བྱེད། རྒྱལ་བུ་འདི་ནི ་ཡབ་རྒྱལ་པོའི་རྒྱལ་ཆེབ་ཀྱི་ཆེང་དུ་བསྐྱེད་བསྲིངས་པ་ཡིན་ལ། རྒྱལ་སྲིད་ཀྱི་བྱ་བ་མི་བྱེད་པར་པི་ཝང་གི་སྒྲ་ལ་ཆགས་པས་ཅི་བྱེད་ཅེས་གླེང་བ་ན། རྒྱལ་བུ་དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་བྷུདྡྷ་པ་བྱོན་པས། རྒྱལ་བུ་དད་པར་གྱུར་ཏེ་རྣལ་འབྱོར་པ་དེ་ལ་ཕྱག ་དང་བསྐོར་བ་བྱས་ནས། གསོང་པོར་སྨྲ་བའི་གཏམ་སྣ་ཚོགས་བྱས་ཏེ། རྣལ་འབྱོར་པ་དེས་རྒྱལ་བུ་དེའི་ཐད་དུ་ཅུང་ཞིག་བཞུགས་ནས། རྒྱལ་བུ་དེ་འདུལ་བའི་དུས་ལ་བབ་པར་གཟིགས་ནས།། རྣལ་འབྱོར་པས་རྒྱལ་བུ་དེ་ལ། རྒྱལ་བུ་ཁྱོད་ཆོས་མི་བྱེད་དམ་བྱས་པས། ་རྒྱལ་བུ་དེ་ན་རེ། རྣལ་འབྱོར་པ་བདག་ཆོས་བྱེད་པ་ལ་བདག་གི་རོལ་མོ་ཏམ་བུ་ར་འོདི་སྤོང་བར་མི་ནུས་པས། འདི་མི་སྤངས་པར་ཆོས་སྒྲུབ་པའི་ཐབས་མཆིས་ན་བདག་ཆོས་བགྱིད་ལགསོ།། ཞེས་ཞུས་པས། རྣལ་འབྱོར་པ་ན་རོ།། ཆོས་བྱེད་པའི་དད་པ་དང་བརྩོན་འགྲུས ་ཡོད་ན་ཏམ་བུ་ར་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་གདམ་དག་བདག་ལ་ཡོད་བྱས་པས། དེ་ཞུ་ཟེར་ནས། རྣལ་འབྱོར་པས་དེ་ལ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར། བསྒོམ་པའི་གདམ་ངག་ནི། རྒྱལ་བུ་ལ་འདི་སྐད་དུ། ཏམ་བུ་རའི་སྒྲ་རྣ་བར་གྲགས་པའི་རྣམ་རྟོག ་བོར་ལ། སེམས་ཀྱི་དམིགས་པ་དང་སྒྲའི་རྣམ་རྟོག་གཉིས་ཅིག་ཏུ་གྱིས་ལ་བསྒོམས་ཤིག་བྱས་ནས། དེས་བསྒོམས་པས་ལེ་དགུ་ནས་སེམས་ཀྱི་དྲི་མི་དག་སྙེ་མར་མེ་ལྟ་བུའི་འོད་གསལ་གྱི་ཉམས་སྐྱེས་ནས་ཕྱག་རྒྱ་ཆེན་པོ་ཐོབ། མངོན་པར་ཤེས་པ་ལ་སོགས ་པའི་ཡོན་ཏན་གྱི་ཆོས་དུ་མ་རྒྱུད་ལ་སྐྱེས་ནས། མིང་དུ་ཡང་རྣལ་འབྱོར་པ་ལྗིན་པ་ཞེས་བྱ་བར་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། གྷ་ཧུ་རིའི་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཆོས་དཔག་ཏུ་མེད་པ་བསྟན། མཐར་རྟོགས་པ་བརྗོད་པ་ལ་སོགས་པ་གསུང ་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་ཝིན་པའི་ལོ་རྒྱུས་རྫོགསོ།། ་ནྟི་བས་མོ་རྣས་བཟུས་།། གུ་རུ་ཤནྟི་བའི་ལོ་རྒྱུས་ནི། མ་གྷ་དྷའི་གྲོང་ཁྱེར་ན་རྒྱལ་པོ་དེ་ཝ་ཕ་ལ་རྒྱལ་སྲིད་མཛད་པའི་དུས་སུ། བི་ཀཱ་མ་ཤཱི་ལར་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་སློབ་དཔོན་ཆེན་པོ་རཏྣ་ཨཱ་ཀ་ར་ཤཱནྟི་ཞེས་བྱ་བ ་གས་པའི་གནས་ལྔ་ལ་མཁས་པའི་སློབ་དཔོན་ཆེན་པོ་གཅིག་བྱུང་སྟེ། དེ་མཁས་ཤིང་བཙུན་པའི་ཡོན་ཏན་གྱིས། སྙན་པ་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པར་གྱུར་པ་དང་། དེའི་དུས་སུ་སིངྒ་གླིང་གི་རྒྱལ་པེ་ཀ་བི་ན་བྱ་བ་རང་རང་གི་བསོད་ནམས ་འདོད་ཡོན་གྱི་བྲེལ་བ་མེད་པ་གཅིག་བཞུགས་པ་ལས། སིངྒ་གླིང་དུ་སངས་རྒྱས་ཀྱི་བསྟན་པ་སྔར་མ་བྱུང་ཞིང་འཇམ་བུའི་གླིང་གི་མི་འོངས་པ་ཀུན་ལས་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་ཐོས་ལ། ཆོས་སྟོན་པའི་གང་ཟག་དང་ནི་མ་ཕྲད་པའི་དུས་དེར། ་མ་གྷ་དྷ་ན་སློབ་དཔོན་པོ་ཤཱནྟི་བ་བྱ་བ་མཁས་པ་ཆེན་པོ་གཅིག་བཞུགས་ཟེར་བ་ཐོས་ནས། རྒྱལ་པོ་ཀ་བི་ན་ལ་སོགས་སིངྒ་གླེང་བའི་སྐྱེ་བོ་ཐམས་ཅད་ཀྱིས་སྐྱེས་དང་སྤྱན་འདྲེན་གྱི་ཕོ་ཉ་བཏང་སྟེ། བི་ཀཱ་མ་ལ་ཤཱི་ལར་མཐར་གྱིས་ཕྱིན་ནས། ཕོ་ཉ་བས་ནང་པར ་སློབ་དཔོན་ལ་ཕྱག་བྱས། སིངྒ་ལའི་རྒྱལ་བ་ལ་སོགས་པས་བསྐུར་བའི་སྐུ་སྐྱེས། གསེར་དངུལ་དང་མུ་ཏིག་དར་ཟབ་ལ་སོགས་པ་ཕུལ་ནས་འདི་སྐད་དུ། རྒྱལ་པོ་ལ་སོགས་པའི་ཞུ་བ། དངོས་ཅག་གླིང་བྲན་མཐའ་ཁོ་བ་དུ་ནི་སྐྱེས། མ་རིག ་པའི་མུན་པ་ནི་འཐིབས།། འདོད་ཆགས་ཀྱི་མེས་ནི་བསྲེགས། ཞེ་སྡང་གི་མཚོན་གྱིས་ནི་བཅོས། ལེག་པའི་རྙོག་པས་ཤེས་རབ་ཀྱི་སྣང་བ་ནི་གཡོགས། ཐེག་པ་ཆེན་པོའི་ཆེས་ཀྱི་ཐར་ལམ་ནི་བཏོར་ན། བདག་ཅག་རྣམས་ལ་ཐུགས་རྗེ་ཆེན་པོས ་དགོངས་ནས་སིངྒ་གླིང་འདིར་འགྲེ་ངན་ལ་མི་གཤེགས་མི་རུབ་ཅུ་ཡིན་པདལ་ཞེས་ཞུས་པས། སློབ་དཔོན་གྱིས་དགོངས་པ་མངོན་དུ་མཛད་ནས་གཤེགས་པར་ཞལ་གྱིས་པཞི་སོ།། དེ་ནས་སློབ་པ་ཨོཾ་ཤཱནྟི་པ་འཁོར་སློབ་མའི་རྫོགས་ཉིད་སྟོང་ཙམ་དང ་སྡེ་སྣོད་ཀྱི་གླེགས་བམ་རྣམས་རྟ་དང་གླང་པོ་ལ་སོགས་པ་ལ་བཀཁ་ནས་ཆས་ཏེ། ནཱ་ལནྡྷ་དང་། ཨེ་ཏནྡྷ་པཱུ་རི་དང་། རྒྱལ་པོའི་ཁབ་དང་། རྡོ་རྗེ་གདན་ལ་སོགས་པའི་གྲོང་རྣམས་རི་མུ་གྱིས་བགྱེད་ནས། སིདྡྷ་གླིང་གི་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང ་སྣརོན་ལ་ཕོ་ཉ་བཏང་སྟེ། ཕྱིན་ནས་སློང་དཔོན་འཁོར་དང་བཅས་པ་རྣམས་གྲུར་ཞུགས་ནས་བྱོན་པ་དང་། ཕོ་ཉ་བས་སློབ་དཔོན་ཕེབས་ཀྱི་ཡོད་དོ་བྱ་བའི་གཏམ་སྨྲས་པས། རྒྱལ་པོ་ཀ་བི་ན་བློན་པོ་དང་སྐྱེ་བོའོ་ཚིགས་ཐམས་ཅད་ཀྱིས་ས་དང་པོ ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ནས། དེ་ཐམས་ཅད་ཀྱིས་རང་རང་གི་འཇིག་རྟེན་གྱི་བྱེ་བ་ཀུན་ལོ་བྱ་བ་བློས་བཏང་སྟེ། རྒྱ་མཚོའི་ཕྱོག་སུ་ཡིད་བསྟ་ནསོ་ཞག་བདུན་ལོན་པ་ན། གདུགས་པ་གླང་པོ་ལ་སོགས་པོའི་རྟགས་ཐམས་ཅད་མཐོང་ནས་སྐྱེ་བམ ་ཚོགས་ཐམས་ཅད་རབ་ཏུ་དགའ་སྟེ། རང་གི་ཡུལ་ནས་རྒྱ་མཚོའི་བར་ཐམས་རྒྱུད་ནི་ཕྱག་ཁོ་དར་བྱས། དརརཱ་ལ་སོགས་པས་སྲ་གཞི་ཐམས་ཅད་གཡོགས་ནས། དེ་ལ་སློབ་དཔོན་ལ་སོགས་པ་ཐམས་ཅད་ཀྱིས་ཞབས་བཞག་ནུས་གཤེགས ་བ་ལ། རྒྱལ་པོ་ཀ་བི་ན་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མེ་ཏོག་དང་བདུག་སྤོས་ལྀ་སོགས་པོ་ཐམས་ཅད་ཀྱིས་རྒྱ་ཆེར་མཛོད་དེ། སློབ་དཔོན་དགྱེས་པའི་གནས་མལ་ལ་སོགས་པ་ཀུན་ཏུ་ཕུལ་ནས། ལོ་གསུམ་གྱི་བར་དུ་སྡེ་སྣོད་ཀྱི་ཆོས ་མང་དུ་བཤད་ནས། སློབ་དཔོན་ཤཱནྟི་པ་འཁོར་བཅས་ཡུལ་དབུས་སུ་ཆས་པ་དང་། རྒྱལ་པོ་ཀ་བི་ན་ལ་སོགས་པ་ཐམས་ཅད་ཀྱིས་རྟ་དང་གླང་པོ་དང་གསེར་དངུལ་དང་། མུ་ཏིག་ལ་སོགས་པ་དཔག་ཏུ་མེད་པ་ཕུལ ་ནས་ཡུལ་དབུས་སུ་ལོགས་པ་ལ་ལམ་གཉིས་ཡོད་པའི་རིང་ཤོས་ནས་ཆསོ།། དེ་ནས་ར་མ་ཤྭ་རི་བྱ་བ་རྒྱལ་པོ་རཱ་མ་ཎ་བ་ལ་ཀ་པཱུ་རིར་ཆུང་མ་འཚོལ་བའི་དུས་སུ། དབང་ཕྱུག་ཆེན་པོའི་རྟེན་གྱི་ལྷ་ཁང་བྱས་ནས་ཡོད་པས། དེའི་མིང་རཱ་མེ་ཤྭའི་ཡུལ ་ཞེས་བྱ་བ་དེར་ཕྱིན་པ་དང་། དེ་ནས་བར་ལ་མི་མེད་པའི་ལམ་ཞག་བདུན་ཡོད་པ་ལ། འཁོར་རྣམས་ལ་ཞག་བདུན་གྱི་ཆས་ཁྱེར་ཅིག་གསུངས་ནས། དེ་བཞིན་དུ་བྱས་ཏེ། ཞག་བཞིའི་ལམ་དུ་ཕེབས་པ་ན། སྐལ་ལྡན་ཏོག་ཙེ་པ་དང་འཇལ ་སྟེ། དེའི་ལོ་རྒྱུས་ཁོ་རང་གི་སྐབསུ་བཏོན།། སློབ་དབེན་འཁོར་དང་བཅས་པ་བི་ཀཱ་མ་ཤཱི་ལར་བྱོན་པ་དང་། སློབ་དཔོན་ཤིན་ཏུ་བགྲེས་པས་གྱུར་པས་སྤྱན་ལྗོང་ཞིང་ལུས་པོས་སྦྱོར་མི་བཟོད་ནས། སློབ་མ་རྣམས་ཀྱིས་མ་ཧེའི་ཞོ་དང་ཀ་ར ་བཏབ་ནས་འདྲེན་པ་ལས། གཞན་ཁ་ཟས་རག་པ་རྣམས་སྤངས་ནས་ཕྲ་བ་བསྟེན་ནོ།། ཡོངས་སུ་སློབ་དཔོན་གྱི་ལོ་བརྒྱ་རྩ་བ་ཞེས་པའི་དུས་སུ། སློབ་དཔོ་ནུ་ནི་ལོ་བཅུ་གཉིསུ་རྟོགས་པའི་ངང་ལ་གནས་ལ། རྟོག་རྩེ་པ་རྣམ་པར་མི་རྟོག་པ ་བསྒོམས་པས། ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་འགྲུབ་འགྲུབ་སྟེ་གཉུག་མའི་ཆོས་ཉིད་ལ་གནས་སོ།། དེ་ལས་བཞེངས་པ་ལས། སློབ་དཔོན་ཤཱནྟི་བ་ལ་ནི་སློབ་མ་རྣམས་ཀྱིས་བསྙོན་བཀུར་བྱེད་ལ། ཏོགས་རྩེ་བ་ལ་མཁའ ་འགྲོ་མ་ཀུན་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས། བདུད་རྩི་སྤྱི་བོ་ཚངས་པའི་བུ་ག་ནཱ་མར་བླུགས་ནས་ཚིམ་པར་བྱས་སོ།། ལྷ་དང་མཁའ་འགྲོ་མ་ཐམས་ཅད་ན་རེ། རྡོ་རྗེ་སེམས་དཔའ་དངོས་ཡིན་ཟེ་རོ།། ཏོག་ཙེ་བའི་བྱིན་རླབས་ཀྱིས ་ལྷའི་འདོད་ཡོན་ཐམས་ཅད་འཕེལ་བྱུང་ངོ་།། བླ་མའི་གདམ་ངག་མོ་ཐོབ་པར་ལ་ཕྱི་རོལ་གྱི་རི་བཀོས་ལ། ཐོབ་ནས་སེམས་ཀྱི་རི་བཀོས་ནས་དངོས་གྲུབ་ཐོབ་གསུང་ངོ་།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་སུམ ་ཙུ་རྩ་གསུམ་ལ་སོགས་པའི་ལྷ་གནས་སུ་སྤྱན་དྲངས་པ་ལ། ཏོག་ཙེ་བ་གཤེག་སུམ་བཞེད་དེ། བདག་ནི་བླ་མ་ལ་ཕྱག་འཚལ་བ་ཡིན་ཏེ། སངས་རྒྱས་བྱས་ཀྱང་བླ་མ་བཀའ་དྲིན་ཆེ་ལ། དེ་གསུང་ནས། ཡེ་ཤེས་ཀྱི་སྤྱན་གྱིས ་གཟིགས་ན་ཡུལ་གཉིས་ཀྱི་བར་ལ་ཟླ་བ་དྲུག་གི་ལམ་ཡོད་ཀྱང་།། སྐད་ཅིག་ལ་བི་ཀཱ་མ་ལ་ཤཱི་ལར་བྱོན་ནས།། ཡེ་ཤེས་ཀྱི་ལུས་ཀྱིས་བླ་མ་ལ་ཕྱག་བྱས་བསྐོར་བ་བསྙེན་བཀུར་མཛད་པ་བླ་མ་འཁོར་དང་བཅས་པས་མ་མཁྱེན་ནས ་ཏོག་ཙེ་བས་རྣམ་སྨིན་གྱི་ལུས་དངོས་སུ་བསྟན་ནས་ཕྱག་དང་བསྐོར་བ་གྲངས་མེད་པ་མཛད། ཞོབས་ལ་མགོ་བས་བཏུགས་པ་དང་། ཤཱནྟི་པཽས་སུཾ་ཡིན་དྲིས་པ་ན། བདག་བླ་མའི་སློབ་མ་ཡིན་ཞེས་ཞུས་པ་ན། བདག་ལ་སླེབ་མ ་དཔག་ཏུ་མེད་པ་ཡོད་པས་ངེས་མ་ཟིན་གསུངས་པསོ། སླར་བདག་རྟོག་ཙེ་བ་ལགས་ཞུས་པ་སློབ་དཔོན་གཉིས་བརྡས་འཇལ་ནས་ཡིད་ཕེབས་པའི་གཏམ་མང་དུ་མཛད་དེ། བླ་མས་སློབ་མ་ལ། ཁྱོད་ཀྱིས་ཡོན་ཏན་གྱི་ཆོས་ཅི ་ཐོབ་གསུངས་པས། དངོས་ཀྱིས་བླ་མའི་གདམ་དག་ཉམ་སུ་བླངས་པས་ཕྱག་རྒྱ་ཆེན་པོས་ཆོས་ཀྱི་སྐུ་མཆོག་ཐོབ་ནས་མཆི་ཞུས་པས། བླ་མའི་ཞལ་ནས། ངས་ནི་སྨྲ་བ་གཙོ་བོར་བྱས་ཤིང་སྒྲུབ་པ་གཙོ་བོར་མ ་བྱས་པས་དོན་དང་མ་ཕྲད་ན། ཁྱོད་ཀྱི་ནི་སྒྲུབ་པ་གཙོ་བོར་མ་བྱས་ཤིང་སྨྲ་བ་གཙོ་བོར་མ་བྱས་ནས་དོན་དང་འཇལ་ནས་འདུག་པ། ངས་ཁྱོད་ལ་གདམ་ངག་སྦྱིན་པ་ཡང་རྗེས་ནས་འདུག་པ། དག་དམ་པ་ཀ་ཡང་སྟོན། ཡོན་ཏན་གྱི་ཆོས་ཅི ་ཡོད་པ་ཡང་སྟོན་གཅིག་གསུངས་པས། རྟོག་ཙེ་བས་དབེན་པའི་ས་ཕྱོགསུ་བླ་མ་ལ་ཆོས་ཀྱི་སྐུའི་ཡོན་ཏན་དུ་མ་ཡང་བསྟན། སྔར་བླ་མ་རང་གི་གདམོ་དག་ཀྱང་ཕར་ཕུལ་བས། བླ་མས་ཀྱང་ལོ་བཅུ་གཉིས་སུ་གདམ་ངག་ཉམས ་བླངས་པས། བླ་མ་རཏྣ་ཨཱ་ཀ་ར་ཤཱནྟི་པས་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་བའི་དོན་མཛད་དེ་མཁའ་སྦྱོང་དུ་གཤེགསོ།། གུ་རུ་རུཏྣ་ཨ་ཀ་ར་ཤཱནྟི་པའི་ལོ་རྒྱུས་རྫོགསོ།། ་གུ་རུ་ཏནྟི་པོའི་ལོ་རྒྱུས་ནི། ཡུལ་སོནྟོ་ནཱ་གར་བྱ་བ་ན། ཐགས་མཁན་གཅིག་ལ་བུ་མོང་དུ་ཡོད་པ་ལས། དེ་རྣམས་ཀྱི་ཕྱས་ཡུལ་དེར་ཐགས་ཀྱི་ལས་བྱས་པསདེ་འབྱོར་པ་དཔག་ཏུ་མེད་པ་དང་ལྡན ་པར་གྱུར་ཏོ།། དེར་བུ་རྣམས་ལ་རིགས་དང་མཚམ་པའི་མནའ་མ་བསུས་ཏེ་འགྲོགས་པོས། ཡུལ་དེར་ཐགས་མཁན་གྱི་རིགས་རྒྱུད་དཔག་ཏུ་མེད་པ་འཕེལ་བར་གྱུར་ཏོ།། ཐགས་མཁན་དེའི་བྱན་མོ་ནི་ཤི། ཐགས་མཁན་རང་གིས་ལོ་བརྒྱད ་ཅུ་རྩ་དགུ་ལོན་པ་ན་རྒྱས་ཤིང་འཁོགས་པས་ལུས་ཀྱི་སྦྱོར་མི་བཟོད་པ་དང་། མནའ་མ་ཀུན་གྱི་གན་དུ་གསོ་རེས་བྱེད་ཅིང་ཡོད་པ་ལས། དེ་རྒས་པའི་སྤྱོད་ལམ་ལ་ཀུན་གྱིས་འཕྱ་ཞིང་། བཞད་རྒད་དུ་བྱེད་པ་དང་། དེའི་མནའ་མ་ཀུན་གྱིས་གྲོས་བྱས་པ། ་འི་སྐོལ་གྱི་གྱོས་པོ་རྒན་པོ་འདྲི་མིས་མཐོང་ན་ཞེ་ལྡོག་ལ། རང་རེ་ཀུན་ཀྱང་སྡིག་གསོག་པར་འདུག་པས། སྐྱེ་མོས་ཚུལ་དུ་རྩཝའི་སྐྱིལ་པོ་བྱས་ཏེ། དེར་བཞག་ལ་ཟས་རེས་ཀྱིས་བསྐྱལ་ཟེར་ནས་ཐམས་ཅད་མཐུན་ཏེ་དེ་བཞིན་དུ་བྱས་སོ།། དེས ་བླ་མ་ཛ་ལནྡྷ་ར་པ་བྱ་བ་མཐར་གྱིས་ཡུལ་དེར་བྱོན་པ་དང་། གས་མཁན་གྱི་བུ་ཆེ་ཤོས་ཀྱི་གམ་དུ་བྱོན་ནས་བདག་ལོ་ཟས་བྱིན་ཅིག་བྱས་པས། དེར་བཞུགས་ཤིག་ཟེར་ནས། ནང་དུ་གཡོས་སྣ་ཚོགས་བྱས་ཟིན་ནས་ཆུང་མ་ན་རེ། ཁྱོ་ལ་ད་ནང་དུ་སྤྱན་དྲོངས་ཤིང ་ཟེར་ནས་དེ་བཞིན་དུ་བྱས་ཏེ། བླ་མ་ནུང་དུ་བྱོན་ནས་ཟས་ཀྱི་བྱ་བ་གྲུབ་ཏེ། བླ་མ་ཛཱ་ལནྟ་ར་བ་གཞན་དུ་གཤེགས་པར་ཆས་པ་ལ། ཐགས་མཁན་གྱི་ཆུང་མ་སཱ་བླ་མ་གཞན་དུ་མ་གཤེགས་པར་གནས་འདིར་གཟིམས་པར་ཞུ་ཞུས་པས། བདག་མིའི་ནང་དུ ་མི་ཉལ་གསུངས་པས། འོ་ན་དངོས་ཅག་གི་སྐྱེད་མེས་ཚལ་དུ་གཟིམས་པར་ཞུ་བྱས་ནས། སྐྱེད་མོས་ཚལ་དུ་སྤྱན་དྲངས་ཏེ། ཐུགས་མཁན་གྱིས་མེ་མན་ལ་སོགས་པ་བསྐྱལ་ནས་དེར་བཞུགས་པ་ན། ཐགས་མཁན་རྒན་པོས་མིའི ་སྒྲ་ནི་ཐོས། སུ་ཡིན་ནི་ཆ་མེད་ནས་དྲིས་པ། དེ་ན་སྒྲ་གྲགས་པ་དེ་སུ་ཡིན། སློབ་དཔོན་གྱིས་བདག་འགྲོན་པོ་ཆེས་པ་གཅིག་ཡིན། ཉིད་རང་སུ་ཡིན་སྨྲས་པ་དང་། དེ་ན་རོ། བདག་ཐགས་མཁན་དེ་རྣམས་ཀྱི་ཕ་ལགས་ཏེ། བདག་གཞོན ་པའི་དུས་སུ་གནས་དང་ལོངས་སྤྱོད་ཀུན་གྱི་བདག་པོ་དངོས་ཡིན་ཀྱང་། ད་ལྟ་བུ་དང་མནའ་མ་ཀུན་གྱིས་བདག་ལ་འཕྱས་སྨོད་བྱེད་ཅིང་། གཞན་གྱིས་མཐོང་གི་དོགས་ནས་སྐྱེང་མོས་ཆལ་འདིར་སྦས་ནས་བཞག་པ་ཡིན ་ལགས།། འཁོར་བའི་ཆོས་ལ་སྙིང་པོ་མེད་པ་འདི་འདྲ་བ་ལགསོ་ཞེས་སྨྲས་པ་ལ། ཛཱ་ལནྡྷ་ར་པས་ཐགས་མཁན་ལ་གསུངས་པ། འདུས་བྱས་ཐམས་ཅད་མི་རྟག་པ། སྲིད་པར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ། ཆོས་ཐམས་ཅད་ནི་བདག་མེད་པ། ་མྱ་ངན་ལས་འདས་པ་ཞི་ཞིང་། བདེ་བ་ཡིན་པས། ཤི་རྒྱགས་ཀྱི་ཆོས་མི་དགོས་སམ་ཞེས་གསུངས་པས། དགོས་ཞུས་ནས། ཛཱ་ལནྟོ་ར་པས་ཐགས་མཁན་དེ་དགྱེས་རྡོར་གྱི་དཀྱིལ་འཁོར་དུ་དབང་བསྐུར་གདམ་ངག་བྱིན་ནས་སྒོམ་དུ་བཅུག་ཏེ་བླ ་མ་གཞན་དུ་གཤེགས་པ་ནུ། དེས་ཀྱང་བླ་མའི་གདམ་དྲག་ཡིད་ལ་བྱས་ཏེ། སྔར་བཞིན་མནའ་མ་ལ་སོགས་པ་ཀུན་ལ་ཁ་ཡང་མི་ཟེར་ངག་གདམ་བྱས་ནས་ལོ་བཅུ་གཉིས་སྒྲུབ་པ་བྱས་ནས་ཡོན་ཏན་མང་པོ་ཐོབ་པ་མཱི་མཽ་ཚོར་བ་ལ། དུས་གཅིག ་ན་བུ་ཆེ་བ་དེས་ཟ་འོག་བཟང་པོ་ཞིག་རྟགས་ནས། བཀྲ་ཤིས་བྱེད་པའི་བྱེ་བ་ལ་གཡེང་སྟེ་ཕ་ལྔ་ཟན་སྐྱེལ་བ་བརྗེད་པ་དང་། མཚན་མོ་མནའ་མས་དྲན་ནས་ཁྱོ་ལ་སོགས་པའི་མིས་མོ་ཚི་རྀ་བཱར་ཟས་སྐྱེལ་དུ་ཕྱིན་པ་ན། སྐྱིལ་པོའི་ནང་ནཱ་མ་མར་གྱི་གནང ་བ་ཆེན་པོ་དང་། བུ་མོ་བཅོ་ལྔ་ཙམ་གྱི་སྐོར། ཁ་ཟས་ཀྱི་རྣམ་པ་གྱ་ནོམ་པ་མང་པོ་དང་། མི་ཡུལ་དུ་མི་འབྱུང་བའི་གོས་དང་རྒྱན་མང་པོ་ཐོག་པར་མཐོང་ནས་རིང་བར་ལོག་སྟེ། ཁྱོ་ལ་ཉིད་ཀྱི་ཕར་རྒན་ལྡོང་བྱས་པསོ།། ཁྱོས་པ་ཤི་བ་ཡིན་སྙམ ་ནས་ངུས་པ་ན། མི་གཞན་ཡང་འོངས་ནས་སྐྱེད་མོས་ཚལ་དུ་ལྟར་ཕྱིན་པས། སྔ་མ་བཞིན་དུ་ཐམས་ཅད་ཀྱིས་མཐོང་ནས་ཡ་མཚན་སྐྱེས་ཏེ། ནང་དུ་ལོག་འོངས་ནས་སྔར་གྱི་གཏམ་བརྗོད་པས་བུ་ལ་སོགས་པའི་གཉེན་ཀུན་འདི་འདྲ་བ་མི་མ ་ཡིན། འདྲེ་གཅིག་འདུག་ཟེར་ནས་སྡུད་དོ།། ནང་པར་མི་ཀུན་གྱིས་ཐོས་ནས། སནྟོ་ན་ག་རའི་མི་ཐམས་ཅད་ཀྱིས་ལྟར་ཕྱིན་ནས་ཕྱག་བྱས་པ་དང་། དེ་ཕྱིར་བྱུང་བ་ན་ལུས་རྗེས་ཏེ་ལོ་བཅུ་དྲུག་ལོན་པའི་ན་ཚོད་དུ་གྱུར་ནས། སྐུ་ལས་འོད ་ཟེར་དཔག་ཏུ་མེད་པ་བྱུང་བས་མི་ཀུན་གྱིས་མིག་གི་ལྟར་མི་བཟོད་པ་དང་། ལུས་མེ་ལོང་གཡའ་དག་པ་ལྟར་སོང་བས་སྣང་བ་ཐམས་ཅད་འོད་དུ་ཤར་སྟེ། མིང་ཡང་ཏནྟི་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་འགྲོ་དོན་དཔག་མེད་མཛད་དེ། མཐར ་སནྟོ་ནཱ་ག་རའི་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། དེ་ནས་རང་གི་དང་གུས་དང་བླ་མའི་གདམ་ངག་ཉམས་སུ་བླངས་ནས། ན་ཚེད་རྒན་པ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས ་གྲུབ་ཐོབ་དུ་རུང་བ་ཡིན་གསུང་། གུ་རུ་ཏནྟི་པའི་ལོ་རྒྱུས་རྫོགས།། @#སའ་བའི་ལོ་རྒྱུམ་བཞུག་སོ།། གུ་རུ་ཙེ་མཽ་རི་པ་ཞེས་བྱ་བ་ལྷམ་མཁམ་དེ ་དེའི་ལོ་རྒྱུས་ནི་ཡུལ་རྒྱ་གར་ཤར་ཕྱོགས། བིཥྞུ་ནཱ་ག་ར་བྱ་བའི་གྲོང་ཁྱེར་ན། བཟོ་རིགས་མི་འདྲ་བ་བཅོ་བརྒྱད་ཚང་བར་ཡོད་པ་ལས། རིགས་ལྷམ་མཁན། རང་ཉིད་ཀྱང་བིཥྚ་ནཱ་ག་ར་ན་ལྷམ་གསར་སྙིང་གི་ཟོའི་ལས་བྱེད་ཅིང་། ལས་དེས་རྟག ་ཏུ་འདའ་བར་བྱེད་པ་ཡིན་པ་ལས། དེའི་གམ་དུ་རྣལ་འབྱོར་པ་ཞིག་འོངས་པ་ལ། དེས་ལྷམ་མཁན་གྱི་གཟོ་འཕྲོ་བོར་ནས་དགེ་སློང་དེའི་ཞབས་ལ་ཕྱག་བྱས་ཏེ་འབེལ་བའི་གཏམ་ལེགས་པར་བྱས་ནས། བདག་འཁོར་བ་ལས ་སྐྱོ་བ་སྐྱེས་ནས་ཆོས་གཅིག་བགྱིད་མཉམ་པ་ལ། དགེ་བའི་བཤེས་གཉེན་དང་མ་ཕྲད་པས་ད་དུང་ཆོས་སྒོར་མ་ཞུགས། ང་འདི་དང་ཕྱི་མ་གཉིས་ཀཎྜ་ཕན་པའི་ཆོས་གཅིག་ཞུ་ཞེས་ཞུས་པས། ཁྱོད་ཀྱིས་ཆོས་སྒྲུབ་ནུས་ནི་ངས་སྦྱིན་གྱི་གསུང་བ་ལ། ་ལྷམ་མཁན་དེས་རྣལ་འབྱོར་པ་ལ་བདག་རིགས་ངན་གྱི་ཁྱིམ་དུ་ཉིད་གཤོས་གསོལ་བར་གནང་ངམ་ཞུས་པས། རྣལ་འབྱོར་པ་དེས་དོ་ནུབ་མཚན་ལ་འོངས་ལ་ཟའོ་གསུངས་པས། དེས་ཆུང་མོ་སོགས་ཁྱིམ་གྱི་མེ་ཀུན་ལ་རྣལ་འབྱོར་པ་འབྱོན་པའི ་བརྡ་སྤྲད་དེ། དེའི་མཚོན་ལ་དེ་དེར་བྱོན་པས་ལྷམ་མཁན་གྱིས་སྟན་བཏིང་དེ་ཞབས་བཀྲུ་བ་ལ་སོགས་པ་བྱས་ནས། བཞེས་པ་གྱ་ནོམ་པ་དྲངས། ཆུང་མ་དང་བུ་མོ་ལ་སོགས་པ་ཡོ་བྱད་ཀུན་ཕུལ་སྟེ། བཀུ་སྟེ་ལ་སོགས་པའི་བསྙེན་སྐུར་བྱེད་དུ ་བཞུགས་པ་ན་རྣལ་འབྱོར་པ་དགྱེས་ནས། ལྷམ་མཁན་ཆུང་མ་དང་བཅས་པ་ལ་དབང་བསྐུར། གད་མོ་ངག་བྱིན་ཏེ། དེ་ཡང་། ཉོན་མོངས་རྣམ་རྟོག་ཀོ་བ་དེ། བྱམས་དང་སྙིང་རྗེའི་སྤང་ནང་དུ། བླ་མའི་གདམས་པའི་སྐང་དང་ནི།། ཆོས་བརྒྱད ་སྤངས་པའི་རྒྱུས་སྐུད་ཀྱིས།། ཡང་དག་ཉིད་དུ་བཙེམས་པ་ནི། ལྷུན་གྲུབ་འབྲས་བུའི་ལྷམ་འབྱུང་།། ངོ་མཚར་ཆེ་བའི་ཆོས་སྐུའི་ལམ། ལོག་པར་ལྟ་བས་དེ་མི་ཤེས།། དགའ་བ་དང་མི་དགའ་བའི། སྤང་བླང་མེད་པའི་སྐུད་པ་གྱིས། རྣམ་རྟོག་པ ་མཚན་མ་རྣམས་ཅད་གི་བར་བྱོས། བླ་མའོ་གདན་དྲུག་པ་རང་ཀཽ་མས་རྦྦ་རྨྨ་མཚམས་ལ་སྤྱན་བྷཱུ་ཆས་སྒྲའི་ལྷམ་སྤྱོད་པར་ཤོག་པའི་གྲདམ་པག་བག་བཱས། ནཱནྟ། དྭེ་མར་བསྒོམས་རྟག་ཎྜཱི་འབྱུང་ཞུས་པས།། ད་མར་ན ་བ་ལ་སྐྱེ་བའི་རྟགས་འབྱུང་བ། དེ་ནས་འབྱུང་བ་རྣམས་རིམ་པས་ཆོས་ཉིད་དུ་ཐིམ་པའི་རྟགས་འབྱུང་བ་ཡིན་ག་སྤངས་ནུས་རྣལ་འབྱོར་པ་དེ་མི་སྣང་བར་གྱུར་ཏེ། ལྷ་མཁན་གྱིས་རང་གི་ཁྱིམ་སྙིང་བ་སྤངས་ཏེ། དགོང་པར་གནས་པར་བྱས་ནས་བསྒོམས ་པས། བླ་མས་གདམས་པ་བཞིན་རྟགས་རིམ་པར་བྱུང་བ་དང་། དེ་ལ་རྟོགས་པ་འདི་ལྟ་བུ་སྐྱེས་ཏེ། རྩ་བློ་ཉོན་མོངས་པ་དྲུག་གཏི་མུག་དང་བཙོས་པ་དཔེས་རྟོགས་ནས་བླ་མའི་གཽདམ་དྲག་གི་ལྷམ་གྱོན་ཏེ། མ་རིག་པའི་ས་གཞི་ཐམས་ཅད ་ཁེབས་པར་བྱས་ནས་ལོ་བཅུ་གཉིསུ་སྐྱབས་པས། མ་རིག་པ་སོགས་དྲི་མ་ཐམས་ཅད་དོག་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ལ། ལོ་བཅུ་གཉིས་ཀྱི་བར་དུ་ཉིན་མཚན་མེད་པར་ལྷམ་བཟོའི་དམིགས་པ་དང་། བླ་མའི་མན་ངག ་གཉིས་མེད་དུ་བྱས་ནས་བསྒོམ་པས། ལྷམ་བཟོའི་ལས་ཐམས་ཅད་ནི་བི་ཤྭ་ཀརྨ་ལ་སོགས་པས་བྱས་པས། བིཥྞུ་ནཱ་ག་རར་ལྷམ་མཁན་བསྒོམ་སྒྲུབ་བྱེད་པ་ཡང་མ་ཚེར། ཡོན་ཏན་གྱི་ཚོགས་ཡོད་པ་ཡང་མ་ཤེས་པ་ན། དུས་གཅིག ་ཁོ་རང་གི་བཟོལ་མི་གཅིག་ལྟར་འོངས་པས། ལྷམ་མཁན་ནི་མཉམ་པར་གཞགས་ནས་འདུག། བཟོ་བི་ཤྭ་ཀརྨས་བྱེད་པར་མཐོང་ནས་ངོ་མཆེར་སྐྱེས་ཏེ། གཅིག་གིས་ཅིག་ལ་རྒྱུད་ནས་མཐར་ཀུན་གྱིས་མཐོང་། དེར་ཐམས་ཅད་འདུས ་ཏེ་གདམས་པ་ཞུས་པས། བླ་མ་བརྟེན་པའི་ཕན་ཡོན་ལ་སོགས་པ་གསུངས་ལ། བིཥྚ་ནཱ་ག་རར་སེམས་ཅན་ལ་ཆོས་མང་དུ་བཤད་ནས། མིང་དུ་ཡང་རྣལ་འབྱོར་པ་ཙ་མ་རི་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་འགྲོ ་དོན་དཔག་ཏུ་མེད་པ་མཛད་ནས། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེག་སོ།། གུ་རུ་ཙ་མ་རི་བའི་ལོ་རྒྱུས་རྫོགསོ།། ་རྣམས་རྒྱས་བགྲས་།། གུ་རུ་ཥཱནྡྷ་པིའི་ལྀ་རྒྱུས་ནི། ཥ་རཱུ་པོ་བྱ་བ་བསྒྱུར་ན་རལ་གྲི་པ་བྱ་བ་ཡིན་ལ། ཡུལ་མ་གྷ་དྷ་པ། རིགས་དམང་རིགས། བླ་མ་ནི་ཛོ་ཀི་ཙི་རཱ་ཏྲི། དངོས་གྲུབ་ནི་ཐུན་མོང་གི་རིལ་གྲིའི་དངོས་གྲུབ ་ཐོབ་པའོ།། དེ་ཡང་ཡུལ་མ་གྷ་དྷུ་ན་ཞིང་ལུས་ཀྱིས་འཚེ་བའི་ཁྱིམ་པ་ཞིག་གྱིས་པའི་ལས་བོར་ནས་རྐུ་བའི་ལྔས་དུས་རྟོག་ཏུ་བྱེད་པས། ཉིན་མཚན་དུ་རྐུ་བའི་བསམ་པ་རྩེ་གཅིག་ཏུ་གྱུར་པ་དང་། དུས་ཅིག་ན་ཁྱིམ་བདག་རྐུན་མ་དེས་མ་གྷ་དྷའི་གྲོང ་ཁྱེར་དུ་རྒུར་ཕྱིན་པས་ཅི་ཡང་མ་ཐོབ་ནས་ལོག་སྟེ་དུར་ཁྲོད་ཅིགོ་ནས་ཆུར་འོངས་པ་དང་། དུར་ཁྲོད་དོར་ཛཱ་ཀི་ཙཪྵེ་ཏྲི་བྱ་བ་དྲོང་ཕྲད་ནས། ཉིད་འདི་ན་ཙཾ་མཛད་ཀྱི་བཞུགས་ཤེས་སྨྲས་པས། འཁོར་བུའི་སྐྱེ་འཚོས་འཇིགས་ནས་འདི་ན་སྐོམ་བྱེད་ཅིང ་འདུག་པོ་ཡོན་བྱས་པས། རྐུན་མ་ན་རེ། སྒོམ་བྱས་པས་འབྲས་བུ་ཅི་འོད་བ་ཡིན་ཟེར་བས། ཛེ་ཀིས་བསྒོམས་པའི་འབྲས་བུ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་བདེ་བ་ཐོབ་པ་ཡིན་ན། ཁྱོད་ཀྱང་ཆོས་མི་བྱེད་དམ ་!་པ་དུན་ས་སྨྲ་། ང་ས་དྲུག་པ་སོ་སྤྱད་དོ། ཙྪག་ཏུ་ན་པ་ལས་བྱད་ངས་མན་ཟླ་བ་མ། ག་ལ་སྔགས་པ་ནཔར་ཤོག་སྨྲས་ནས་བ་སྲིང་། རྫསམྦྷ་ས་དཀུན་ད ་རྩོད་བྱུང་བས་དེ་ཀུན་གྱིས་མི་ཐུབ་པའི་དངོས་གྲུབ་ཅིག་ཞུ་བྱས་པས། རྣལ་འབྱོར་བས་རྐུན་མ་ལ་དབང་བསྐུར་གདམ་དག་བྱིན་སྟེ། དེ་ཡང་མ་གྷ་དྷའི་གྲོང་ཁྱེར་ན་གོངས་མཀྵུ་ཞེས་བྱ་བ། ཕྱི་མཆོད་རྟེན། ནང་ལྷ་ཁང་དུ་ཡོད་པོའི་ནང་ནི། འཕགས ་པ་སྤྱན་རས་གཟིགས་ཀྱི་སྐུ་བྱིན་རླབས་ཅན་གཅིག་བཞུགས་ཀྱི། དེ་ལ་ཁྱོད་ཀྱིས་ཞགེ་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་ལ་ཉིན་མཚན་ཀུན་ཏུ་ས་ལ་མི་འདུག་པར་བསྐོར་བ་གྱིས། ཟས་ཡང་ལོངས་ལ་ཟོ་གཅིག། སྐུའི་ཞབས་ཀྱི་འོག་ནས་སྤྲུལ ་གཅིག་འོངས་པར་མཐོང་ན་མི་འཇིག་པར་མགོ་ནས་གཟུང་གཅིག་དང་། ཁྱོད་ཀྱིས་དངོས་གྲུབ་ཐོབ་པ་ཡིན་ཞེས་གདམ་དགུ་བྱིན་ནས་སྒྲུབ་ཏུ་བཅུག་པས། རྐུན་མ་དེས་ཀྱང་རྣལ་འབྱོར་པས་བྱིན་པའི་གུདམ་ངག་ཉམ་སུ་བླངས་དེ་བཞིན་དུ་སྒྲུབ་པ ་བྱས་པས། ཞག་ཉི་ཤུ་རྩ་གཅིག་ནཱ་སྤྱན་རས་གཟིགས་ཀྱི་ཞབས་ཀྱི་འོགས་ནས་སྦྲུལ་ནག་པོ་ཆེན་པོ་གཅིག་བྱུང་ནས་དེའི་མགོ་བོ་ནས་གཟུང་བས། སྦྲུལ་རལ་གྲིར་སོང་ནས་ཡེ་ཤེས་ཀྱི་རལ་གྲི་འོད་དང་བཅས་པ་ཞིག་ལག་ཏུ་ཐོབ་སྟེ། རྐུན ་མའི་སེམས་ཀྱི་དྲི་མ་དག་ནས་རལ་གྲིའི་དངོས་གྲུབ་ཐོབ་པས། མིང་དུ་ཡང་རྣལ་འབྱོར་པ་ཥ་རྣ་བ་ཞེས་བྱ་བར་གྲགས་ལ། ཐུན་མོང་གི་དངོས་གྲུབ་བརྒྱད་ལས་རལ་གྲིའི་དངོས་གྲུབ་ཀྱང་ཐོབ། ལུས་ངག་ཡིད་གསུམ་གྱི་འཕྲུལ་པའི་དྲི་མ་ཐམས་ཅད ་ངག་ནས། མ་གྷ་དྷ་པའི་སེམས་ཅན་ཐམས་ཅད་ལ་ཞག་ཉི་ཤུ་རྩ་གཅིག་ཏུ་ཆོས་བསྟན། མཐར་རྟོགས་པ་བརྗོད་པ་ཡང་གསུངས་ནས་ལུས་དེ་ཉིད་ཀྱི་མཁའ་སྤྱོད་དུ་གཤེགསོ།། གུ་རུ་ཥ་ཟླ་བའི་ལོ་རྒྱུས་རྫོག་སོ།། ་ཀླུ་ཀླུས་ཀྱི་ལོ་རྒྱས་འགུལ་སོ།། གུ་རུ་ནཱ་གརྫུ་ན་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ཀཉྩི་ཞེས་བྱ་བའི་བྱེ་བྲག་ཀ་ཧེ་ར་བྱ་བ་ཡིན་ལ། རིགས་བྲམ་ཟེ། དངོས་གྲུབ་སྒྲོལ་མ་ལས་ཐོབ་པ་ཡིན་ནོ།། དེ་ཡང་ཀ་ཧོ་ར་ན་གྲོང ་ཁྱེར་ཁྲི་ཚེ་ཕྱེད་གཉིས་ཡོད་པ། ཀུན་ལ་འཇོམས་པ་དང་འཕྲོག་པ་བྱས་པས། བྲམ་ཟེ་ཀུན་འདུས་ནས། འདིས་འོ་སྐོལ་ཐམས་ཅད་ལ་མི་མཚམ་པ་བྱས་པས་འདི་དང་། འཐབ་པ་བས་ཡུལ་གཞན་དུ་འཁྱམ་དུ་འགྲོ་བ་གྲག་ཅེས་པའི་གྲོས ་བྱས་པའི་གཽ་ཏམ་དེ་སློབ་དཔོན་གྱིས་གསན་ནས། བྲམ་ཟེ་ཀུན་ལ་མཽ་བཏང་ནས་ཁྱེད་ཡུལ་གཞན་དུ་མ་འགྲོ་ཞིག། ཡུལ་གཞན་དུ་སྡུག་པར་འོང་བསོ་ཁྱེད་ཅག་ཀུན་ཁོ་བོའི་རྫས་འདི་རྣམས་ཁྱེར་ཅིག་གསུངས་ནས་ནོར་ཐམས་ཅད་སྦྱིན་པར ་བཏང་ཏེ། སློབ་དཔོན་ཀཱ་ཧོ་ར་ནས་བྲོས་ཏེ་བསིལ་བ་ཚལ་གྱི་ཕ་རོལ། ནཱ་ལནྡར་བྱོན་ནས་རབ་ཏུ་བྱུང་སྟེ་རིག་པའི་གནས་ལྔ་ལ་སྦྱངས་པས་མིཁས་པའི་མཐར་ཐུག་པར་གྱུར་ཏོ།། དེ་ནས་བཤད་པ་ལོ་སྐྱོ་ནས་སྒྲུབ་པ་མཛད་པས་སྒྲོལ་མའི་ཞལ་གཟིགས ་ཏེ། དཔལ་ནཱ་ལནྡ་པའི་ཆོས་སྐོར་དགེ་འདུན་བརྒྱ་བཞུགས་པའི་འཚོ་བ་དང་གནས་སྤངས་ཏེ་གཞན་དུ་བྱོན་ནས་གྲོང་ཁྱེར་གཅིག་ཏུ་བསོད་སྙོམས་མཛད། སླར་རང་གི་གནས་སུ་ལོག་ནས་བདག་གི་བསམ་པ་འདི་འདྲ་བས་སེམས་ཅན་གྱི་དོན་མི་འགྲུ ་བས་ཡོན་ཏན་ཐོབ་པར་བྱས་པ་ལ་འགྲོ་དེན་བྱ་སྙམ་དུ་དགོངས་ནས་རྒྱལ་པོའི་ཁབ་དུ་ཕྱིན་ཏེ། འབྱུང་པོ་ཁྱུ་མཆོག་གི་འབྱུང་མོ་བཅུ་གཉིས་ཀྱི་བཟླས་པ་བྱས་པས་ཞག་དང་པོ་ལ་ས་གཡོས། གཉིས་པ་ལ་ཆུ་དང་། གསུམ་པ་ལ་མེ་དང་། ་བཞི་པ་ལ་རླུང་དང་། ལྔ་པ་ལ་མཚོན། དྲུག་པ་ལ་རྡོའི་ཆུར། བདུན་པ་ལ་དངོས་སུ་འབྱུང་མོ་ཀུན་འདུས་ནས་བར་ཆོད་བྱས་པས། སློབ་དཔོན་གྱི་ཐུགས་དམ་ལ་གཡོས་པ་མེད་པས་བར་ཆོད་མ་ཚུགས་པ་དང་། གནོད་སྦྱིན་མོ་ཀུན་འོངས ་ནས་ཁྱེད་ལ་ཙོ་དགོས་དེད་ཀྱིས་སྦྱིན་ཟེར་བ་ལ། གཞན་མི་དགོས། དེའི་འཚོ་བ་སྦྱོར་ཅིག་གསུངས་པ་ལ། དེ་རྣམས་ཀྱིས་འབྲས་ཕུལ་བཞི་དང་ཚོད་མ་ལྟ་རྟག་ཏུ་སྦྱར་བདེ་བཞེས་ཀྱིན་སློབ་དཔོན་གྱིས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས། འབྱུང་མོ ་བརྒྱ་རྩ་བརྒྱད་དབང་དུ་འདུས་ནས་འགྲོ་དོན་བྱ་སྙམས་པ་དང་། རི་གྷ་དྷ་ཤི་ལར་བྱོན་ནས་རི་དཾ་གསེར་དུ་བསྒྱུར་ལ་འགྲོ་དོན་བྱ་སྙམ་ནས། རི་ལྕགས་སུ་བྱས། ལྕགས་ཟངསུ་བྱས་ཙ་ན། འཕགས་པ་འཇམ་དཔལ་གྱི་ཞལ་ནས། འདི་ལ་སེམས་ཅན ་ཀུན་རྩོད་པ་ཆེན་པོ་འབྱུང་བས་སྡིག་པ་གསོག་པར་འོང་གསུངས་ནས་འཕྲོ་ཚིད་དེ་བོར་གསུངས། གྷ་དྷ་ཤྲཱི་ད་ལྟ་འོད་ཟངས་འདོག་རྨུག་པོར་ཡོད། དེ་ནས་ལྷོ་ཕྱོགས་དཔལ་གྱི་རི་བོར་བྱོན་པའི་ལམ་བར་དུ་གཙང་པོའི་འགྲམ་ཞིག་ཏུ་ཕྱིན་པ ་ན། བ་ལང་རྫི་དུམ་དང་ཕྲད་ནས་ཆུའི་ལམ་དྲིས་པ་ན། ལམ་ངན་པ་ཆུ་སིན་དང་ངམ་གྲོག་ཅན་གྱི་མི་བདེ་བའི་ལམ་བསྟན་པ་དང་། བ་ལང་རྫི་གཞན་ཞིག་འདག་པ་འོངས་ནས་ལམ་འདི་ལགས་པ་མ་ཡིན། འདི་ནས་གཤེགས་ཟེར་ནས་དེས ་སློབ་དཔོན་ཁུར་ནས་ཕྱིན་པས། ཆུའི་དཀྱིལ་དུ་སློབ་དཔོན་གྱིས་སྤྲུལ་པའི་ཆུ་སྲིན་ལ་སོགས་པ་འཇིགས་པ་སྣ་ཚོགས་བསྟན་པས། བརྫི་ན་རེ། བདག་མ་ཤིའི་བར་དུ་མ་འཇིགས་ཤིག་ཟེར་བས། སློབ་དཔོན་གྱིས་སྤྲུལ་པ ་བརྟུལ་ཏེ་རྐ་མ་སར་ཕྱིན་པ་དང་། སློབ་དཔོན་གྱིས་ང་འཕགས་པ་ཀླུ་སྒྲུབ་ཡིན་ཏེ་ཁྱོད་ཀྱིས་ངོ་ཤེས་སམ་གསུངས་པས། གཏམ་ནི་ཐོས་ཏེ་དེ་མི་ཤེས་ཞུས་སོ།། སློབ་དཔོན་གྱིས་བ་ལང་རྫི་དེ་ལ་ཁྱོད་ཀྱིས་ང་ཆུ་ལས་བསྒྲལ་བའི་རྔན་པ་ཅི་དོགས ་པ་གཏེར་བ་ཡིན་ནོ།། ཞོས་གསུངས་པས། བ་ལང་རྫི་ན་རེ། བདག་ལ་རྒྱལ་པོ་འོང་བའི་ཐབས་གཅིག་ཞུ་ཟེར་ནས། སློབ་དཔོན་གྱིས་ས་ཕྱོགས་དེ་ན་ཤིང་སཱ་ལའི་སྡོང་པོ་གཅིག་འདུག་པ་ལ་ཆུ་སྟོར་བས་ཤིང་དེ་དེ་མ་ཐག་གླང་པོ་ཆེར་གྱུར་ནས་རྒྱལ་པོའི ་བཞོན་པ་བྱས། དམག་ཚོགས་དགོས་ཞུ་བ་ལ་གླང་པོ་ཆེས་འཁུན་པ་ན་དམག་འོང་བ་ཡིན་གསུང་བ་དེ་བཞིན་དུ་བྱུང་སྟེ། རྒྱལ་པོའི་མདོ་སཱ་ལ་བྷནྡྷ་ཞེས་བྱ་ལ། བཙུན་མོའི་མིང་སིནྡྷི་ཞེས་བྱ་བར་གྱུར་ཏོ།། གནས་གྲོང་ཁྱེར་བྷ་ཧི་ཏ་ན་ཞེས་བྱ་བའི་ཡུལ་ཁྱད་པར ་འཕགས་པ་ཅིག་གྲུབ་སྟེ། རྒྱལ་པོ་ལ་ཁྲལ་འཇལ་བའི་གྲོང་ཁྱེར་འབུམ་ཚེ་བརྒྱད་ཅུ་རྩ་བཞི་ལ་དབང་བྱེད་པའི་རྒྱལ་པོར་བྱས་ནས། སློབ་དཔོན་གྱིས་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ནས་སྒོམ་སྦྱང་མཛད་ཀྱིན་ཡུན་རིང་དུ་བཞུགས་པ་ལ། རྒྱལ་པོ་སཱ་ལ་བྷནྡྷས་བླ་མ ་དྲན་སྟེ་དཔལ་གྱི་རི་བོར་འོངས་ནས། སློབ་དཔོན་ལ་ཕྱག་དང་སྐོར་བ་བྱས་སྟེ། རྒྱལ་པོས་སློབ་དཔོན་ལ་ཞུས་པ། རྒྱལ་སྲིད་ནི་གནོག་ཆུང་ལ་ཉེས་པ་ཚ་བར་འདུག་པས་བདག་ལ་མི་དགོས། བདགེ་སློབ་དཔོན་གྱི་སྤྱན་སྔར་སྡོད་པ་ལགས་ཞུས་པས། སློབ་དཔོན་གྱིས་རྒྱལ ་སྲིད་མ་སྦྱར་བར་རིན་པོ་ཆེའི་ཕྲེང་བ་ལ་སློབ་དཔོན་གྱིས་རྒྱལ་སྲིད་སྐྱོངས། དུས་མ་ཡིན་པའི་འཆི་བའི་འཇིགས་པ་མེད་པའི་བཅུད་ལེན་སྦྱིན་གྱིས་གསུངས་པས། རྒྱལ་པོ་ན་རེ། སློབ་དཔོན་དང་ལྷན་ཅིག་ཏུ་འདུག་པའི་སྐབས་ཡོད་ན་བཅུད་ལེན་དང་རྒྱལ་སྲིད་དགོས། དེ་མ་ཡིན་ན ་མི་དགོས་ཞེས་ཟེར་ཏེ། འགྲོར་མ་འདོད་པར་དེ་ཉིད་དུ་གནས་པར་གྱུར་པ་ན། དེ་ལ་སློབ་དཔོན་གྱིས་གདམས་པ་གནང་སྟེ། རང་ཡུལ་དུ་བཅུད་ལེན་སྒྲུབས། ལོ་བརྒྱའི་བར་དུ་རྒྱལ་སྲིད་གཟུང་སྟེ་གནསོ།། དེའི་བར་འགྲོ་བ་རྣམས་འབྱོར་པ་དང་ལྡན། རའི་བྱ་དང་རི་དགས་ཀུན་ཀྱང ་བདེ་བར་འཚོ་བ་ལས། ལོ་བརྒྱ་ནས་སློབ་དཔོན་གྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ལ། བདུད་དགའ་རབ་དབང་ཕྱུག་ཕྲག་དོག་སྐྱེས་ནཱ་བཱ་ཆད་ཀྱི་ལྷས་བཀྲ་མ་ཤིས་པ་སྣ་ཚོགས་བྱུང་སྟེ། ཉི་ཟླའི་སྣང་བ་མེད་པ་མོག་མོག་པོར་གྱུར་པ་དང་། ཤིང་ཐོག་ཐམས ་ཅད་རང་བཞིན་གྱིས་འབྲུལ་པ་དང་། ཆར་ཆུ་དུསུ་མ་བབ་པས་སྲོག་ཆགས་རྣམས་མུ་གེས་གཟིར་བ་དང་། ནས་དང་མཚོན་གྱི་སྐལ་པ་དར་བ་དང་། རྩི་ཤིང་ནགས་ཆེལ་ལ་སོགས་པ་ཀུན་སྐམས་པའི་ལྔས་མི་བིཤིས་པ་སྣ་ཚོགས་བྱུང་བ་དང་། རྒྱལ་པོ་ས་ལ་བྷནྡྷས་འདི ་སྙམ་སྟེ། འདི་དག་ནི་གཞན་མ་ཡིན་ཏེ། ངའི་བླ་མ་ལ་གནོད་པའི་ལྟས་ཡིན་སྙམ་རང་གི་སྲས་ཙནྟི་ཀུ་མ་ར་བྱ་བ་ལ་རྒྱལ་སྲིད་བྱིན་སྟེ། འཁོར་ཉུང་ཟད་གཅིག་དང་བཅས་ཏེ་དཔལ་གྱི་རི་བོར་སློབ་དཔོན་གྱི་སྤྱན་སྔར་ཕྱིན་པ་དང་། བླ་མས་བུ་དོན་ཅི་ལ་འོངས་དྲིས་པ་དང་། རྒྱལ ་བུན་རེ། བདག་དང་སེམས་ཅན་སྐལ་བ་ཟད་གྱུར་ཏམ། རྒྱལ་བའི་བསྟན་པ་ཉམས་པར་གྱུར་ཏ་མ~ཾ་སེམག་པོའི་ཕྱོགས་རྣམས་རྒྱལ་བར་འགྱུར་བ་འམ།། ཐུགས་རྗེ་ཆེན་པོ་ཟླ་བ་ལྟར་དཀར་ལ། ཆེར་སྤྲིན་དང་འདྲིའི་བདུད་ཀྱིས་སྒྲིབས་སམ་ཙེ།། རྡོ་རྗེ་ལྟ་བུའི་བླ་མ་དམ་པ་ལ། ་འདུས་བྱས་རང་བཞིན་འབྱུང་ངམ་སྡིག་ལྟས་རྣམས།། འབྱུང་བས་བདག་ནི་འདིར་ནི་མཆིས་པ་ལགས། ཐུགས་རྗེ་ཆེན་པོས་དགོངས་ལ་བྱིན་གྱིས་བརླབས།། ཞེས་ཞུས་པས་སློབ་དཔོན་གྱིས་གསུངས་པ། སྐྱེས་པ་ཐམས་ཅད་འཆི་བ་ཡིན། འདུས་པ ་ཐམས་ཅད་འབྲལ། བསགས་པ་ཐམས་ཅད་འཛད། འདུས་བྱས་ཀྱི་མཐའ་ཐམས་ཅད་མི་རྟག་པ་ཡིན་ན་དེ་ལ་མི་དགའ་བ་ཅི་ཡོད།། ཁྱོད་རང་བཅུད་ལེན་ཁྱེར་ལ་སོང་གཅིག་གསུངས་པས། དེ་ན་རེ། བླ་མའི་རྩར་བཅུད་ལེན་ཟ་ཡིན་འདུག་ན་འདུག། བླ་མ་མ ་བཞུགས་ན་བདག་ལ་བཅུད་ལེན་མི་དགོས་ཟེར་ནས་དེ་ན་འདུའོ།། དེ་ནས་སློབ་དཔོན་འཕགས་པས་དངོས་པོ་ཐམས་ཅད་སྦྱིན་པར་གཏང་བ་ལ། ལྷ་ཚངས་པས་བྲམ་ཟེ་གཅིག་ཏུ་སྤྲུལ་ནས་དབུ་བླངས་པས། སློབ་དཔོན་གྱིས་ཀྱང་སྟེར་བར་ཞལ་གྱིས་བཞེས ་པ་དང་། རྒྱལ་པོ་སཱ་ལ་བྷནྡྷས་སློབ་དཔོན་འགྲོངས་པའི་སྡུག་བསྔལ་མ་བཟོད་ནས། སློབ་དཔོན་གྱི་ཞབས་ལ་སྤྱི་བོས་བཏུགས་ཏེ་གྲོང་སོ།། མི་ཐམས་ཅད་ཀྱང་བྲམ་ཟེ་དེ་ལ་ཁ་ཟེར་བར་བྱེདདོ།། དེའི་དུས་སུ་སློབ་དཔོན་གྱིས་དབུ་བྱིན་པ་གཞན་གང་གིས་ཀྱང་མ ་ཆོད་པ་ན། རྩཝ་ཀུ་ཤ་གཅིག་གིས་རང་གི་དབུ་བཅད་ནས་ཚངས་པ་ལ་སྦྱིན་ནོ།། དེ་ནས་ཤིང་ཐམས་ཅད་ནས་ཚངས་པ་ལ་སྦྱི་ནོ།། དེ་ནས་ཤིང་ཐད་ཀྱང་སྐམས། མི་ཐམས་ཅད་ཀྱི་བསོད་ནམས་ཀྱོང་འགྲིབ་སོ།། སྔར་གྱི་གནོད་སྦྱིན་མོ་བརྒྱད་ཀྱི་སློབ་དཔོན་གྱི་སྐུ་ལུས་བསྲུངས ་ནས་ང་ལྟ་ཡང་ཡ་།། བླ་མའི་གདུང་འཚོབ་ཏུ་ཀླུའི་བྱང་ཆུབ་བཞུགས་པའི་འོད་ནུབ་མོ་འཕྲོ་བ་ཟླ་རེ་ཙེ་མ་ད་ལྟ་ཡང་ཡོདོ།། སློབ་དཔོན་གྱི་སྒྲ་ལུས་དེ་རྒྱལ་བ་བྱམས་པའི་བསྟན་པ་ལ་སླར་བཞེངས་ནས་འགྲོ་བའི་དོན་མཛད་གསུང་སོ།། ཀུ་རུ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་རྫོགསོ།། ་ལྟུང་འས་རྒྱས ་གུ་རུ་ཀཧྨ་བའི་ལོ་རྒྱུས་ནི་ཨཱ་ཙཪྻ་ཀ་བྷཱ་པ་བྱ་བ་སློབ་དཔོན་ནག་པོ་སྦྱོང་བ་བ། ཡུལ་སོ་མཱ་པཱུ་རི། བླ་མ་ཛཱ་ལནྡྷ་ར་པ། རིགས་ཡི་གེ་པ། དེ་ལ་རྒྱལ་པོ་ལྷ་སྐྱོང་གིས་གཞེངས་པའི་གཙུག་ལག་ཁང་སོ་མ་པཱུ་རིའི་དགེ་སློབ་ཞིག་ཡིན ་པ་ལ། བླ་མ་ཛཱ་ལནྡྷ་ར་པས་དབང་བསྐུར། དགྱེས་པ་རྡོ་རྗེའི་གདམས་པ་གནང་ནས་ལོ་བཅུ་གིཉིས་སྒྲུབས་པས། དུས་རེ་ཞིག་ན་ས་གཡོ་བར་བྱེད་ཅིང་། དགྱེས་པ་རྡོ་རྗེའི་ལྷ་ཚོགས་ཞལ་གཟིགས་ནས་དགའ་བ་སྐྱེས་པ་ན། ཌཱ་ཀི་མས་རིགས་ཀྱི་བུ ་འདི་ནི་མཚན་མ་ཁྱད་པར་ཅན་མ་ཡིན་པས་མ་སྙེམས་ཅིག། བདེན་པ་དེ་ཁོ་ན་ཉིད་རྟོགས་པ་མེད་པས་ཞེས་ཟེར། ཡང་ཕ་འོངས་ཡོད་པ་དེ་ལ་ཞབས་བཞག་པ་རྡོ་ལ་ནུབ་པ་དང་། སློབ་དཔོན་ང་རྒྱལ་སྐྱེས་ཏེ། ང་ནི་དངོས་གྲུབ་ཐམས་ཅད་ཐོབ་སྙམ་པ ་དང་ཡང་ཌཱ་ཀི་མས་བཟློག་གོ།། ཡང་ཕྱིར་བྱུང་བ་དང་ཞབས་ཁྲུ་གང་ཙམ་གྱིས་ས་ལ་མི་རེག་པ་དང་། ང་རྒྱལ་སྐྱེས་པ་སྔར་བཞི་ནོ།། གཞན་ཡང་ན་མཁའ་ལ་གདུགས་བདུན་དང་། ཌཱ་མ་རུ་བདུན་ན་མཁའ་ལ་འགྲོ་བ་དང་། རང་སྒྲ་འབྱུང་བ་ཐོས་ནས་ད་ནི ་བདག་ཅག་གི་དངོས་གྲུབ་ཐོབ་སྙམ་ནས་སློབ་མ་ཀུན་ལ་ངས་གྲུབ་པ་ཐོབ་པས་འགྲོ་དོན་ལ་སྲིན་ཡུལ་ལངྒོ་པུ་རིའི་ཡུལ་དུ་འདེངས་ཅིག་གསུང་ནས་སློབ་མ་འཁོར་གསུམ་སྟེང་དང་ལྷན་ཅིག་ཏུ་ཆས་སྟེ་ཕྱིན་པ་དང་འཁོར་རྣམས་ཆུ་ཁར་བོར ་ཀཀྵ་བ་རང་རྒྱ་མཚོ་ལ་བྱིང་བ་མེད་པར་ཕྱིན་པ་ན། ཐུགས་ལ་བདག་གི་བླ་མ་ལ་ནུས་པ་མི་མངའ་བ་ལ། བདག་ལ་འདི་ལྟ་བུའི་ནུས་པ་ཡོད་སྙམ་པའི་ང་རྒྱལ་བྱུང་བས། ནུས་པ་ཉམས་ཏེ་དེ་ཉིད་དུ་ཆུར་ནུབ་ནས། ཆུའི་རླབས་ཀྱིས་མཐར་སྟོན་ནས ་ན་མཁའ་ལ་ལྟས་པས། བླ་མ་ཛཱ་ལནྡྷ་ར་བ་ན་མཁའ་ལ་བྱོན་པ་མཐོང་ནས། བླ་མའི་ཞལ་ནུས་ཀཧྣ་པ་གར་ཕྱིན། ཅི་ཉེས་གསུངས་པས། ཀཉྫ་པ་ངོ་ཚ་བ་བཞིན་དུ་བླ་མ་ལ་ཞུས་པ། བདག་སྲིན་པོ་ལངྒ་པུ་རིའི་ཡུལ ་དུ་འགྲོ་དོན་ལ་ཆས་པ་ལ། བླ་མ་པས་བདག་ནུས་མཐུ་ཆེ་སྙམ་པའི་ང་རྒྱལ་སྐྱེས་པས་ནུས་པ་ཉམས་སྟེ་ཆུར་ནུབ་པར་གྱུར་ཏོ།། ཞེས་ཞུས་པས།། བླ་མའི་ཞལ་ནས། ང་འདིས་མི་ཕན་པས། ངའི་ཡུལ་ས་ལ་པུ་ཏྲ་བྱ་བ་ན་ཆོས་ཀྱི་རྒྱལ་པོ་དྷརྨྨ་བ་ལ ་བྱ་བ་བཞུགས། དེ་ན་ངའི་སློབ་མ་ཐགས་མཁན་ཅིག་ཡོད་ཀྱི། དེར་སོང་ལ་དེས་ཅི་སྨྲས་པ་བཞིན་གྱིས་ཅིག་གསུངས་པས། དེ་བཞིན་དུ་བྱ་སྙམ་ནས་དེ་ཉིད་དུ་གདམ་ངག་གང་ཡིན་པ་ཡིད་ལ་བྱས་ནས། རྐང་པ་ས་ལ་མི་རིགས་པ་དང་། གདུགས ་དང་ཌཱ་མ་རུ་ན་མཁའ་ལ་འདུག་པ་དང་། ཕ་འོང་ལ་རྐང་པ་བྱིང་བ་ལ་སོགས་པ་སྔར་གྱི་ནུས་པ་རྣམས་ཐོབ་ནས་འཁོར་སུམ་སྟོང་དང་བཅས་པ་ཡུལ་ས་ལ་བུ་ཏྲར་བྱོན་པ་དང་སློབ་མ་རྣམས་ཕྱོགས་ཅིག་ཏུ་བོར་སྟེ། སློབ་དཔོན་གྱིས་ཐུགས ་མཁན་འཚོལ་དུ་བྱོན་པས། ལམ་དུ་ཐགས་མཁན་མང་པོ་དང་ཕྲད་པ་དང་སློབ་དཔོན་གྱིས་གཟིགས་པས། སྣལ་མ་ཆད་པ་ལ་རང་གིས་འཐུས་དགོས་པའི་དི་ཀུན་མོ་ཡིན་ངེས་སྙམ་ཏེ། གྲོང་གི་མཐའ་ན་ཐགས་མཁན་ཞིག་འདུག་པའི་སར་ཕྱིན ་ནས་བལྟས་པས། སྣལ་མ་ཆད་པ་ཐམས་ཅད་འཐུད་མ་དགོས་པར་རང་འབྱར་ལ་འགྲོ་བར་མཐོང་བས། འདི་ངེས་པར་ཡིན་ངེས་སྙམ་ནས་ཞབས་ལ་ཕྱག་བཅོལ་བསྐོར་བ་བྱས་པ་དང་། ཐགས་མཁན་གྱིས་སྨྲས་པ། ངས་ཅི་ཟེར་བ ་ནཱཞན་ཏན་ནམ་ཟེར་བ་མ་ཉན་རྫས་ཏེ། གྲཝཉིས་ཀ་དུར་ད་དུ་ཕྱིན་ནས་མཱ་ར་ཝཱག་དང་ཕྲང་བ་ན། ངན་རཱ་ཎྱང་ས་ཤཱ་ཊྱ་ནུས་སམ་ནར་སྟ་ན་འདྲ་མོ་ཅོག་འོར་བ། ཀདྦྷ་བཊ་གྲཝ་སྨོན་ནས་གཙང་བར་བརྣམས་པ་ལ། རྣགས་མཁན་ནཱ་ར་དྷ་ཛུང་མཱད་རྒྷ་དྷ་རྒ ་ཟེར་ནས་དེས་སྤྱང་ཀིར་སྦྲུལ་ནོས་ཤ་ཟོསོ།། དེ་ནས་ཐིགས་མཁན་ན་རེ། འདི་འདྲ་བར་སྦྲུལ་ནུས་པའི་དུས་སུ་བཟོད་ཤ་ཟ་བ་ཡོན་ཟེ་རོ།། དེ་ནས་ཐགས་མཁན་གྱིས་དྲི་ཆེན་གྱི་རིལ་བུ་གསུམ་བཏང་ནས། ཀཧྨ་པ་ལ་གཅིག་བྱིན་ནས་ཟོ་ཅིག ་ཟེར་བ་ལ། དེ་ལ་མིས་འཕྱ་བར་འོད་ཟེར་ནས་ཟར་མ་འདོད་པ་དང་། གཅིག་ཐགས་མཁན་རང་གིས་ཟོས། གཅིག་ན་མཁའི་ལྷ་རྣམས་ཀྱིས་ཁྱེར། གཅིག་ས་འོག་གི་ཀླུ་རྣམས་ཀྱིས་ཁྱེར་རོ།། དེ་ནས་གཉིས་ཀ་ཡུལ་དུ་ལོག་ནས་བྱོན ་ནས་ཐགས་མཁན་གྱིས་པཽ་ཎཱ་ལྔས་ཆང་དང་བཟའ་བ་ཉོས་ནས་འདི་སྐད་དུ། ད་ཁྱོད་ཀྱི་འཁོར་ཀུན་སྟོན་ལ་ཤོག་ཅིག། རང་ཅག་ཚོགས་ཀྱི་འཁོར་ལོ་གཅིག་བྱ་དགོས་ཟེར་བ་ལ། ཀྲཧྞཱ་པ་འདི་སྙམ་དུ། འདིས་མི་གཅིག་རང་ཡང་འགྲངས ་པར་མི་འགྱུར་ན། དེད་དཔོན་སློབ་སུམ་སྟོང་ལ་འདིས་ཇི་ལྟར་བྱ་སྙམ་པ་ནས་དཔོན་སློབ་ཀུན་ལ་བྱོན་པ་དང་། རྣལ་འབྱོར་པའི་བྱིན་རླབས་ཀྱིས། ལ་དུ་དང་འབྲོས་ཆན་ལ་སོགས་པའི་འདོད་ཡོན་གྱིས་སྣོད་ཐམས་ཅད་གང་བར་གྱུར་ནས། ་ཞག་བདུན་གྱི་བར་དུ་ཚེགས་ཀྱི་ཡོ་བྱད་ལ་ལོངས་སྤྱད་ཀྱང་ཟོང་པར་མ་གྱུར་པ་དང་། ཀཧྣ་པ་ཉིད་ཅག་གི་བཟའ་བཏུང་རྒྱ་མཚོ་དང་འདྲ་བ་དངོས་ཅག་གི་རྔོ་མོ་ཐོགས་ཟེར་ནས། ལྷག་རོལ་དོར་ཏེ་ཀཙྪ་པ་འཁོར་དང་བཅས་པ་ཆས་པ་ལ། ་ཐགས་མཁན་གྱིས་སྨྲས་པ། ཀྱེ་མ་བྱིས་པའི་སྐྱེ་བོ་རྣམས། རང་གིས་རང་ཉིད་ཕུང་བར་འགྱུར།། ཐབས་དང་ཤེས་རབ་བྲལ་བ་ཡི།། རྣལ་འབྱོར་པ་དག་དེ་བཞིན་ནོ།། དེ་གཞན་དུ་ཕྱིན་ཡང་མི་ཕན།། གདུགས་དང་ཌཱ་མ་རུ་སོགས་དངོས ་གྲུབ་ཕྲ་མོ་ཡིན། ད་དུང་ཆོས་ཉིད་མ་རྟོགས་པས་སྒྲུབ་པ་གྱིས་བྱས་པས། ཀཧྨ་པ་དེ་མ་འདོད་ནས་བྷ་དྷོ་ཀོ་ར་ཞེས་བྱ་བའི་ཡུལ་དུ་ཕྱིན་པ་དང་། ཤར་ཕྱོགས་སོ་མ་པཱུ་རའི་གཙུག་ལག་ཁང་ནས་དཔག་ཆེད་བརྒྱ་ཙམ་གྱི་ཕ་རོལ་ན་གྲོང་ཁྱེར་ཅིག་གི་འགྲམ ་དུ་བྱོན་པ་ལས། དེ་ནས་ལི་ཁི་བྱ་བའི་ཤིང་ཐོག་ཡོད་པའི་ཤིང་དྲུང་ན་བུ་མོ་ཅིག་འདུག་པ་ལ། ཀཉྫ་པས་ང་ལ་ཤིང་ཐོག་བྱིན་ཅིག་གསུངས་པས། བུ་མོ་དེས་སྟེར་དུ་མ་འདོད་པ་དང་། སློབ་དཔོན་གྱིས་ལྟ་སྟངས་ཀྱིས་ཤིང་ཐོགས་ལ་ཕབ། བུ་མོ ་སླལ་སྟད་ཀྱིས་ཤིང་ཐོག་དེ་དག་ཤིང་ལ་སྦྱར་བ་དང་། ཀཱཧྨ་པ་ཁྲོས་ནས་བུ་མོ་ལ་སྔགས་བཟླས་པས། བུ་མོའི་ཡན་ལག་ཐམས་ཅད་ནས་ཁྲག་འཛག་སྟེ་ས་ལ་འགྱེལ་བ་དང་མི་ཀུན་འཕྱ་བར་གྱུར་སྟེ། སངས་རྒྱས་པ་བྱ་བ་ཐུགས་རྗེ་ཆེ་བ ་ཡན་པ་ལ། རྣལ་འབྱོར་པས་མི་བསད་ཟེར་བ་དང་། ཀཧྞཱ་པ་སེམས་ཞི་ནས་བུ་མོ་ལ་སྙིང་རྗེའི་སེམས་སྔོན་དུ་བཏང་ཏེ་སྔགས་བཏུལ། རང་གིས་བསྲུང་བ་ཡང་བཏང་བ་དང་། བུ་མོས་ཀཧྨ་བ་ལ་སྡིགས་བཏབ་པས། ཀཧྞཱ་པཱ་ཡང་སྟོང་འོག་ཏུ་ཁྲག་སྐྱུགས ་ནས་ན་བར་གྱུར་པ་དང་། ཀཧྣ་པས་བྷནྡྷེ་བྱ་བའི་མཁའ་འགྲོ་མ་ཅིག་ཡོད་པ་ལ་སྨྲས་པ། བདག་གི་སྐྱུགས་པ་འདི་ལ་ཕན་པའི་སྨན་ལྷོ་དཔལ་གྱི་རི་ལ་ཡོད་པས་དེ་ལོང་ལ་ང་ལ་བྱིན་ཅིག་སྨྲས་པ་དང་། བནྡེས་ལྷོ་དཔལ་གྱི་རི་ལ་ཟླ་བ་དྲུག་གི་ལམ ་ཡོད་པ་ཞག་ཅིག་ལ་སྤྱད་ནས་སྨན་བླངས་ཏེ། ཞག་བདུན་གྱི་ངོ་ལ་ཡུལ་དུ་སློབས་པའི་ལམ་ཁར། སྔར་གྱི་བུ་མོ་དེས་རྒན་མོ་ཞིག་ཏུ་སྤྲུལ་ཏེ་དུ་ཡིན་བསྡད་པ་དང་། དེས་ཁྱོད་ཅི་ལ་དུ་བ་ཡིན་བྱས་པས། དེ་ན་རེ། ཅི་ལ་མི་དུ། རྣལ་འབྱོར་པ་ཀྲཧྞཱ་པ ་ཤི་ནས་མེད་པས་དུ་བཽ་ཡིན་ཟེར་བ་དང་། མཁའ་འགྲོ་མ་བནྡྷེས། འོ་ན་སྨན་གྱིས་དགོས་པ་མེད་སྙམ་ནས་སྨན་ས་ལ་སྒྱུར་བ་དེ་རྒན་མོས་ཁྱེར་རོ།། མཁའ་འགྲོ་མས་ཁྱིམ་དུ་ཕྱིན་པ་ན་ཀཧྨ་པ~ཾ་མ་ཤི་བར་འདུག་པས། ཀཧྨ་པས་སྨན་ག་རེ་ཟེར་བ ་ན་སྔར་གྱི་གཏམ་བརྗོད་དེ་མེད་བྱསོ།། དེ་ནས་ཞག་བདུན་དུ་སློབ་མོའི་ཚོགས་ལ་ཆོས་བཤད། ཕག་མོ་དབུ་བཅད་མའི་གང་མི་ངག་བྱིན་ནས། སློབ་དཔོན་གྱི་རྣམ་སྨིན་གྱི་ལུས་དེ་ཉིད་དུ་བོར་ནས་མཁའ་སྤྱོད་དུ་གཤེག་སོ།། དེ་ནས་མཁའ་འགྲོ་མ་བནྡྷེ་ཁྲོས ་ནས་ད་ཅིའི་བུ་མོ་དེ་བཙལ་བ་ནཱ~ཾ། སྟེང་ལྷའི་ཡུལ་དང་། འོག་ཀླུའི་ཡུལ་དང་། བར་མིའི་ཡུལ་གང་ནས་ཀྱང་མ་རྙེད་པ་ལས། ཤམྦྷི་ལ་བྱ་བའི་ཤིང་ཅིག་གི་ནང་ན་འདུག་ནས། མཁའ་འགྲོ་མས་དེ་གཟུང་ནས་སྔགས་བསྟབ་སྟེ་ཡང་བསད་པར ་གྱུར་ཏོ།། དེས་ན་ང་རྒྱལ་དང་ཕྲ་དོག་ནི་བར་ཆད་ཡིན་པར་ཤེས་པར་བྱའོ།། གུ་རུ་ཀསྟྲ་བའི་ལོ་རྒྱུས་རྫོགསོ།། @། གུ་རུ་ཀརྞ་རི་བའི་ལོ་རྒྱུས་ནི། སྐྱེ་གནས་བཞི་ལས་རྫུས་སྐྱེས་མིན། དཔལ་ནཱ་ལནྡྷའི་གཙུག་ལག་ཁང་ན ་བེར་གཤེགས་ཏེ།། རབ་ཏུ་བྱུང་བ་ཐམས་ཅད་ཀྱི་མཁན་པོ་མཇེད་ནོས། མ་ཁན་བུ་འབུམ་ཡོད་པ་ལ། རང་ཉིད་ཀྱིས་སློབ་དཔོན་མང་པོ་ལ་གདམ་ངག་ཞུས་ཀྱང་རྟོགས་པ་མི་སྐྱེས་ནས། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི ་གཏམ་ཐོས་ནས། དད་པ་དང་མོས་པ་ཁྱད་པར་ཅན་སྐྱེས་ནས་ལམ་དུ་ཞུགས་ཏེ་ཕྱིན་པ་དང་། རྒྱ་མཚོ་ཆེན་པོ་ཞིག་གི་འགུམ་དུ་འཕགས་པ་འཇམ་དཔལ་གྱིས་ཉ་བ་ཞིག་ཏུ་སྤྲུལ་ནས་བཞུགས་པ་ཀཎྜ་རི་བས་མཐོང་སྟེ། ་ལ་ཕྱག་དང་མཎྜལ་ཕུལ་སྟེ། བདག་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ནས་སློབ་དཔོན་ཀླུ་སྒྲུ་བོ་བཞུགས་པའི་སར་འགྲོ་བ་ལེགས་པས་བདག་ལ་ལམ་སྟོན་པར་ཞུ་ཞེས་སྨྲས་པ་དང་། དེ་ན་རེ། ཕ་གྲིའི་ནགས་འཐུག་པོའི་ནིང་ན་བཅུད་ལེན་སྒྲུབ་ཅིང་བཞུག་སོ།། ཤེས ་ལུང་བསྟན་ནས་དེར་ཕྱིན་པས། སློབ་དཔོན་བཅུད་ལེན་གྱི་རྫས་བསགས་ནས་དེ་སྦྱར་ཀྱིན་བཞུགས་པ་མཐོང་ནས་ཕྱག་བྱས་གསོལ་བ་བཏབ་ནས་རྗེསུ་བཟུང་བར་ཞུས་པས་གནང་སྟེ། གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམ ་ངག་བྱིན་ནས་སློབ་དཔོན་གྱི་གམ་དུ་སྒོམ་ཀྱིན་བཞུགསོ།། དེ་ནས་ནགས་དེ་དང་ཧ་ཅང་མི་རིང་བ་ཞིག་ན་གྲོང་ཁྱེར་ཅིག་ཡོད་པ་ལ། ངར་དཔོན་སློབ་གཉིས་ཀས་བསོད་སྙོམས་ལ་བྱོན་པ་ལ། ཀཎྜ་རི་པས་བསོད་སྙོམས་ཤིན་ཏུ་ཞིམ་པ་རྙེད་ལ། ་སློབ་དཔོན་གྱིས་མ་ཞིམ་པ་རྙེད་པས། སློབ་དཔོན་གྱིས་གསུངས་པ། ཁྱོད་ཀྱི་འདི་ནི་བུད་མེད་ཆགས་ནས་སྟེར་བ་ཡིན་པས་མི་ཞིམ་པ་ཡིན་ནོ།། ཁྱོད་ཀྱིས་ཟས་ཞིམ་པོ་རྙེད་པ་དེ་མ་ལེགས། དེ་ཡང་ཤིང་གི་འདབ་མའི་སྟེང་དུ་མ་ལེན་པར་ཁབ ་ཀྱི་རྩེ་མོ་ལ་ཆགས་པ་དེ་ལོང་གསུངས་པས། དེ་བཞིན་དུ་བྱས་སྟེ་འབྲས་ཆེན་རྡོག་མ་ཅིག་བླངས་ཏེ་ཟོས་པས། དེའི་ནང་པར་བུད་མེད་རྣམས་ཀྱིས་བག་ཕྱེ་ལ་ཁུར་བ་བྱས་ནས་དེའི་སྟེང་དུ་བཟའ་བཞིམ་པོ་སྣ་ཚོགས་བཞགས་ཏེ་ཁབ་ཀྱི ་རྩེ་མོ་ལ་བཀལ་སྟེ་དྲངས་པས། དེས་བླ་མ་ལ་ཡང་དྲངས། རང་རིགས་ཀྱང་གསེལ་བས་བླ་མའི་ཞལ་ནས། ཁྱོད་ཀྱིས་ཅི་ཙུག་བྱས་ནས་བླངས་པ་ཡིན་གསུངས་པས། དེ་ན་རི། བདག་གིས་བླ་མ་རང་གིས་གསུངས་པོ་བཞིན་བྱས་ནས་བླངས ་པ་ལེགས་ཞུས་པས། འོ་ན་ཁྱོད་གྲོང་ཁྱེར་དུ་མ་འགྲོ་བར་ཁང་པའི་ནང་དུ་སྡོད་ཅིག་གསུངས་པས་དེ་བཞིན་དུ་བྱས་ཏེ་སྡང་བ་ནཽ། ཤིང་གི་ལྷ་མོས་ཁང་བའི་ནང་དུ་བཟའ་བ་ཞིམ་པོ་མང་པོ་དྲངས་ཏེ་རང་གི་གཟུགས་དངོས་སུ་བསྟན། ཕྱག ་བཅཝལ། གཏམ་ཡང་བྱསོ།། དེའི་བསོད་སྙོམས་ཀྱང་བླངས་སྟེ། བླ་མ་ལེ་དྲངས་པས། ཁྱོད་ཀྱི་འདི་འདྲ་བ་གང་ནས་རྙེད་གསུངས་པ་ལ། ཤིང་གི་ལྷ་མོས་དྲངས་པ་ཡིན་ཞུས་པས། སློབ་དཔོན་འཕགས་པས་བདེན་ནམ་སད་པའི་ཕྱིར ་ཤིང་གི་ལྷ་མོ་ཅན་དུ་བྱོན་ནས་ལྟས་བྱས་ལྷ་མོའི་གཟུགས་ནི་དངོས་སུ་མ་མཐོང་། དཔུང་པ་ཡན་ཆད་ཀྱི་ལག་པ་མཐོང་ནས། དེར་སློབ་དཔོན་གྱིས་དེའི་སློབ་མ་ལ་གཟུགས་དངོས་སུ་སྟོན་ལ། ང་ལ་མི་སྟོན་པ་ཅི་ཡིན་གསུངས་པས། ་ཤིང་དེ་ལས་སྒྲ་འདི་ལྟ་བུ་བྱུང་སྟེ། ཁྱོད་ལ་ད་དུང་ཉོན་མོངས་པའི་ཆ་ཤས་མ་སྤངས་པར་འདུག་ལ། ཁྱོད་ཀྱི་སློབ་མས་ཉོན་མོངས་པ་མ་ལུས་པར་སྤངས་པས་ང་མཐོང་ངོ་ཞེས་ཟེར་རོ།། དེར་མཁན་སློབ་གཉིས་བཀའ་བགྲོས་ནས ་བཅུད་ལེན་གྱིས་སྨན་བཟའ་དགོས་ཟེར་ཏེ། སློབ་དཔོན་གྱིས་ཀཪྵ་རི་བ་བྱ་བ་ཨཱརྱ་ད་བ་ལ་བྱིན། རང་ཉིད་ཀྱིས་ཀྱང་གསོལ་ལོ།། དེ་ནས་ཀཪྵ་རི་བས་ཤིང་རྐམ་པོ་ལ་བཅུད་ལེན་བྱུགས་པས་ལོ་མ་སྐྱེས་པ་དང་། དེ་སློབ་དཔོན་གྱིས ་གཟིགས་པས་ཅུང་ཟད་གཞད་དེ། ཁྱོད་ཀྱིས་ངའི་བཅུད་ལེན་གྱི་སྨན་ཤིང་ལ་བྱུགས་ནས། ང་ངའི་བཅུད་ལེན་ཁྱེར་ལུ་ཤོག་གསུངས་པས། ཀཪྵ་རི་བ་ན་རེ་བཞེད་ན་འབུལ་ཟེར་ནས། ཆུ་རྩཝ་མ་གང་གི ་ནང་དུ་རང་གི་ཆུ་བཏང་ན་ས། ཤིང་བུས་དཀྲུགས་པས་བཅུད་ལོན་གྱི་རྫས་སུ་སོང་བས་དེ་ཁྱེར་ནས་སློབ་དཔོན་གྱི་ཐད་དུ་ཕྱིན་ཏེ་ཕུལ་བ་དང་། སློབ་དཔོན་གྱིས་འདི་རེ་མང་གསུང་ནས་ཤིང་སྐམ་པོ་ལ་གཏོར་བས་སྐྱེ་སོ།། དེ་ཡང་སློབ་དཔོན ་གྱིས་སློབ་མ་ལ་རྟོགས་པ་སྐྱེས་མ་སྐྱེས་བརྟགས་པ་ཡིན་ནོ།། དེར་རྟོགས་པ་སྐྱེས་པར་གོ་ནུསཽ་དེ་ཁྱོད་འཁོར་བར་མ་འདུག་ཅིག་གསུངས་པས། དེ་ཐོས་པའི་མོདོ་ལ་བར་སྣང་ལ་གཤེགས་པར་ཆས་པ་ལ་སྔར་ནས་སློབ་དཔོན་ལ ་བསྙེན་བཀུར་བྱེད་ཅིང་ཕྱག་ཕྱིར་འདངས་པའི་བུད་མེད་ཅིག་ཡོད་པ་ལ། སློབ་དཔོན་གྱིས་ཁྱོད་ཅི་འདོད་ནས་བདག་ལ་བསྙེན་དཀུར་བྱེད་པ་ཡིན་སྨྲས་པས། བུད་མེད་དེས་བདག་ལ་གཞན་ཅི་ཡང་མི་དགོས་ཀྱི། ཁྱེད་ཀྱི་སྤྱན་ལ་ཆགས ་ནས་འབྲིང་བར་ཡིན་པས་སྤྱན་དོགོས་ཟེར་བ་ལ། སློབ་དཔོན་གྱིས་རང་གི་སྤྱན་གཡས་པ་གཏོན་ནས་དེ་ལ་བྱིན་པས་ཕྱོགས་མཚམས་ཐམས་ཅད་དུ་ཨཱརྱ་དེ་ཝ་མིག་གཅིག་པ་ཞེས་གྲགས་པ་དང་། ཨཱརྱ་དེ་ཝ་ཀརྞ་རི་པི་དེས་བླ་མ་ཀླུ་སྒྲུབ ་ཀྱི་གདམ་དག་ཉམ་སུ་བླངས་པས་སེམས་ཀྱི་དྲི་མ་དག་ཏེ་རྒྱུད་ཡོངསུ་གྲོལ་ནས་བླ་མའི་གསུང་ཐོས་པོ་ཙམ་གྱི་མོས་ལ། བར་སྣང་ལ་ཤིང་ཏཱ་ལྀ་བདུན་ཙམ་དུ་འཕགས་ནས་འགྲོ་བ་དུ་མ་ལ་ཆོས་བསྟན་པས་རྒྱུད་ཡོངས་སུ ་སྦྱིན་དུ་བྱས་ནས་རང་གི་འགན་བྲམ་བཞུགས་པ་ལ་ནང་པ་ནམ་མཁར་བསྟན། མགོ་ཐུར་དུ་ཕྱོགས་པས་རྒྱལ་མོ་སྦྱ་སྟེ་བྷཱུམྦྷ་ལ་ཕྱག་འཚལ་ནས། སྟེང་གི་ན་མཁའ་ལ་ཡར་འཕགས་པ་ལ་སྟེང་གི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་པ ་ནས་དེ་ཉི་མི་སྣང་བར་གྱུར་ཏོ།། སློབ་དཔོན་ཨཱརྱ་ཝ་འམ། གུ་རུ་ཀཪྵ་རི་པ་སྟེ་མཚན་གཉིས་ལྡན་དེའི་ལོ་རྒྱས་རྫོགས་སོ།། ་བགན་པའི་པོ་རྒྱས་བཞུགས། ་གུ་རུ་ཐག་ན་པ་ཞེས་རྟག་ཏུ་རྫུན་སྨྲ་བ་ཡིན་ལ། དེའི་ལོ་རྒྱུས་ནི། སུལ་རྒྱ་གར་ཤར་ཕྱོགས། རིགས་དམང་རིགས། ལས་ཀྱི་མཐའ་འཚོ་བ་ཞིག་ཡིན་ལ། དེ་ཡང་དུས་རེ་ཤིག་མ་ཤིང་སྡོང་པོ་ཅིག་གྲི་སྟེང ་དུ་འདུག་ནས་གཞན་ལ་རྫུན་ཇི་ལྟར་སྒྲ་འམ་སྙམ་ནས་རྟོགས་པ་ལ་ཞུགས་པ་དང་། དེའི་གན་དུ་ལེགས་པར་སྦྱོང་བའི་དགེ་སློང་གཅིག་འོངས་ནས། ཁྱོད་དེ་ན་ཅི་བྱེད་ཅིང་འདུག་གསུངས་པ་ལ། དེ་ན་རེ། འཕགས་པ་ཞུ་མི་འཚལ ་ལོ།། དགེ་སློང་གི་ཞལ་ནས། ཁྱོད་རྫུན་མ་བྱེད་པར་སྨྲོས་ཤིག་དང་། རྫུན་སྨྲས་པར་གྱུར་ན་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བར་སྐྱེ་བ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་རྫུན་སྨྲ་སྙིང་འདོད་པ་དང་། གཞན་ཡིང་མི་ཚོས་པ ་ཡིན། དབང་གི་འབྲས་བུ་ནི་ཕྱི་མ་ལྕེ་ལ་ཞིང་རྨོ་བོར་བྱེད་ལ་ཡིན་ཞིང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་ཁ་ནས་དྲི་མོ་ཞིམ་པ་བྲོ་བ་དང་། ངག་མོ་བཙུན་པ་ཡིན། སྐྱེས་བུ་བྱེད་པའི་འབྲས་བུ་ནོ། ཞིང་ཚ་རྐོ་ཅན་དང་འབྲུ་བ་ཅུད་མེད་པར་སྐྱེ་བ་ལ ་ལ་སོགས་པ་གསུངས་པོས། སྐྱེས་བུ་དེས་རྫུན་གྱི་རྣམ་པར་སྨིན་པ་སྔར་མ་ཐོས་པ་དེས་ཐོས་པས་དེ་འཇིགས་ནས། དེ་ལ་བདེན་པར་སྨྲས་ཏེ། འཕགས་པ་དག་ནི་ཐི་ག་ན་ཞེས་བྱ་བ་ལགས་ཏེ། དུས་རྟོག་ཏུ་རྫུན་ཅིག་ཏུ་སྨྲ་ཞིང ་བདེན་པ་སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཆ་ཙམ་ཡང་མི་སྨྲ་ལགས་སོ།། ད་ལྟ་ཡང་རྫུན་སུ་ལ་ཅི་སྨྲ་སེམས་པ་ལགས་ཟེར་བས། དགེ་སློང་གིས་ཁྱོད་ཆོས་མི་བྱེད་དམ་གསུངས་པས། དེ་ན་རཾ། འཕགས་པ་ཆོས་དེ ་བགྱིད་ལགས་ཏེ། དང་པོ་ནས་རྫུན་ལ་གོམས་པས་དེ་སྤོང་བར་བྱེད་མི་ནུས་ལགས་ཞེས་ཟེར་བ་ལ། དེར་རྫུན་སྨྲས་ཀྱང་མི་ཏོ་བའི་གདམ་ངག་ཡོད་དོ།། གསུངས་པས། དེ་དགའ་ནས་ཆོས་ཞུ་འཚལ ་ཟེར་བས། དགེ་སློང་གིས་དེའི་ཁམས་དང་བསམ་པ་དང་། བག་ལ་ཉལ་དང་བསྟུན་ནས་རྣ་བར་ཆུ་ཞུགས་པ་འབྱིན་པའི་གདམ་ངག་བཞིན་དུ་རྫུན་ཉིད་རྫུན་གྱི་གཉེན་པོར་བསྒོམ་པའི་གདམ་ངག་གི་སྔོན་དུ་དབང་བསྐུར་ནས་རྒྱུད ་ཡོངས་སུ་སྨིན་པར་བྱས་ཏེ། གདམ་ངག་དངོས་ནི་འདི་སྐད་དུ།། ཤེས་བྱའི་ཆོས་ཐམས་ཅད་ནི་ཡི་གདོད་མ་ཉིད་ནས་རྫུན་ཡིན་ལ། ཁྱོད་ཀྱིས་མཐོང་བ་དང་ཐོས་པ་ལ་སོགས་པ་ཡུལ་དྲུག་དབང་པོ་དྲུག་གིས་ཉམསུ་མྱོང་བ ་ཐམས་ཅད་བརྫུན་པོ་ཡིན་པས། ཁྱོད་ཀྱིས་ཐམས་ཅད་རྫུན་གཅིག་པོར་སྒོམས་ཤིག། དེ་ཡང་། སྣང་སྲིད་རྫུན་པའི་ཆོས་རྣམས་ལ།། བརྫུན་པར་མ་ཤེས་རྫུན་སྨྲ་ཟེར། ཤེས་དང་ཤེས་བྱ་ཐམས་ཅད་རྫུན།། ངེས ་ན་ཚེགས་དྲུག་ཡུལ་དྲུག་ཀྱང་།། རྫུན་ཏེ་བདེན་པ་ག་ལ་ཡོད། རྫུན་ལ་བདེན་པར་ཞེན་པ་ཡི།། བདེན་པ་འཁོར་བའི་སྡུག་བསྔལ་མྱོང་།། ཀྱེ་མ་བྱིས་པ་རྫུན་ཉིད་ལ།། རྫུན་པར་མ་ཏོགས་བདེན་པར་བཟུང་།། དེ་ཡིས་ཟོ་ཆུའི་ཁྱུད ་མོ་ལྟར།། ཡང་དང་ཡང་དུ་འཁོར་བར་འཁྱམས།། དེས་ན་ཁྱེད་ཀྱིས་ཆོས་རྣམས་ཀུན།། རྫུན་པ་ཉིད་དུ་ཡང་དག་བསྒོམས།། སྒྲ་ཉིད་རྫུན་པ་ཡིན་པ་ལྟར།། གཟུགས་ལ་སོགས་པ་དེ་བཞིན་ཏེ།། དེར་འཛིན་པ་ཡང་རྫུན་དུ་བསྒོམས། ་ཅེས་གསུངས་པས། དེས་ཤེས་བྱ་ཐམས་ཅད་རྫུན་དུ་བསྒོམས་པས། ལོ་བདུན་ན་སྣང་སྲིད་ཐམས་ཅད་རྫུན་དུ་སྣང་བའི་རྟོགས་པ་སྐྱེས་ཏེ་ཆོས་ཐམས་ཅད་རྫུན་པར་རྟོགས་པས་ཡང་དག་གི་ཞེན་པ་ལོག། དེ་ནས་ཡང་བླ་མ་དེ་བྱོན་ནས། ་ཆོས་ཐམས་ཅད་རྫུན་པར་ཡང་མ་གྲུབ་སྟེ། མ་སྐྱེས་མ་འགགས་པས་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་སྐེམས་གསུངས་པས། དེས་ཀྱང་དེ་ལྟར་རྟོག་སོ།། རྣམ་རྟག་ལམ་དུ་བླངས་པས་གྲུབ་པ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་བླ་མ་ཐོ་ག་ན ་ཞེས་གྲགས་ཤིང་། སྐལ་བ་དང་ལྡན་པ་དག་ལ་རྣ་བར་ཆུ་བླུག་པ་འབྱིན་པའི་གདམས་པ་བསྟན་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་ཐ་ག་ན་པའི་ལོ་རྒྱུས་རྫོགསོ།། ་བའི་པོ་རྒྱས་བཙུན། གུ་རུ་ནཻ་ར~ཾ་པའི་ལོ་རྒྱུས་ནི། ཆང་འཚོང་བའི་རིགས་ཡིན་ལ། རིགས་འཆོལ་ནས། རྒྱ་གར་ཤར་ཕྱོགས་སཱ་ལ་པུ་ཏྲཾ་བྱཱ་བར་ཤིང་བཏུང་ནས་འཚོང་བར་བྱེད་པའི་ཚེ། བིཥྚ་ནཱ་གཱ་ར ་བྱ་བ་ན་ཏིལློ་པ་བྱ་བའི་མཁས་པ་ཆེན་པོ་གཅིག་བཞུགས་བྱ་བའི་གཏམ་ཐོས་ནས། ཤིང་ཁུར་གཅིག་ཀྲིཥྞ་སཱ་རིའི་ལྤགས་པ་ལ་བཙོངས་ནས་རྣལོ་འབྱོར་པའི་ཆ་ལུགསུ་བྱས་ཏེ་མཐར་གྱིས་རྣལ་འབྱོར་ཏིལློ་པ་འཚལ་དུ་བྱོན་པ ་དང་། བིཥྞུ་ནཱ་གཽ་ར་བྱོན་ནས་དྲི་བ་ལ། སློབ་དཔོན་བྲོས་ཏེ་གཤེགས་ནས་མེད་ཟེར་བས། ནཱ་རོ་བས་ཡུལ་ཐམས་ཅད་དུ་བཙལ་ཀྱང་མ་བརྙེད་དེ་མཐར་གྱིས་ཡུན་རིང་པོ་ལོན་པ་དང་ལམ་ཁ་ཞིག་ཏུ་འཕྲོད་དོ།། དེ་ནས་ནཱ་རོ་པས་ཕྱག ་དང་སྐོར་བ་ལ་སོགས་པ་བྱས་ཏེ། བླ་མ་སྐུ་ཁམས་བདེ་འམ་ཞེས་སྨྲས་པ་ན་འིལླེ་སུ་བཱ་མ་ང་མ་ཡིན་ལ། ངའི་སློབ་མ་ཡང་ཁྱེད་མ་ཡིན་ཟེར་ནས་ཁྲེ་ཡིན་བརྡེག་ཏུ་བྱུར་ཡང་སླར་རུང་བར་གྱུར ་སྟེ། རྫ་མའི་ནང་དུ་བསོད་སྙོམས་བླང་ནས་བླ་མ་ལ་དྲོངས་ཤིང་བསོད་སྙོམས་གསོལ་ནས་སླར་ཁྲོ་བ་དང་རྡེག་པ་ལ་སོགས་པ་བྱེད་ཀྱང་ལྷག་པར་དད་པ་སྐྱེས་ཏེ་ལྷག་མ་ཟོས་ཤིང་ཕྱི་ནས་བསྐོར་བ་བྱེད་དོ།། རྨོངས་ནམ་སྲོས་པ་དང་དེར་འོངས་ནས ་ཐོ་རངས་བསོད་སྙོམས་ལ་འགྲོ། དེ་ནས་བླ་མ་ལ་དྲངས་ཀྱིན་དེ་ལྟར་ལོ་བཅུ་གཉིསུ་སྐྱེ་བོ་མེད་པར་བསྙེན་བཀུར་བྱས་ཀྱང་། ཁྲོ་བ་མ་ཡིན་པ་ཐ་མལ་པའི་ཚིག་ཅིག་ཀྱང་གསུང་བ་མེད་པ་ནི། དུས་ཅིག་གི་ཚེ་ཁྱིམ་བདག་ཞིག་བ། ་མུ་ལེན་པའི་སར་བསོད་སྙོམས་ལ་ཕྱིན་པས་བཟའ་བ་མང་པོ་དང་། ཁྱད་པར་ཆོད་མོ་རྣམ་དྲངས་བརྒྱད་ཅུ་རྩ་བོཞི་ཙམ་གྱི་ནང་ནས་སྔོ་བ་ཏ་ས་ཞེས་བྱ་བའི་ཚེད་མ་ཤིན་ཏུ་ཞིམ་པ་ཞིག་རྣམས་རྙེད་པ་ཁུ་རོ་སྟེ་བླ་མ་ལ་དྲངས་པས ་ཏིལློ་བས་བཞེས་ནས་སྔོའི་ཚེད་མོ་ལ་བླ་མ་ཤིན་ཏུ་དགྱེས་ནས། བུ་ཟོས་འདི་འདྲ་བ་གང་ནས་རྙེང་སུས་བྱིན་པ་ཡིན་གསུངས་པས། ནཱ་རོ་བ་ས་དང་པོ་ཐོབ་པ་ཙམ་དུ་དགའ་བ་མཆོག་ཏུ་གྱུར་ནས། འདི་སྙམ་ཏེ། བདག་གི་བླ ་མེའི་དྲུང་དུ་ལོ་བཅུ་གཉིས་སྡད་བ་ལ་ཁྱོད་སུ་ཡིན་ཅེམ་ཡང་མི་གསུང་བ་ལ། དེ་རིང་བུ་ཅེས་གསུངསོ།། སྙམ་ནས་དགའ་བ་དང་། ཏིལློ་པས། བུ་ཚོང་མ་ཞིམ་པོ་དེ་ང་དུང་བློངས་ལ་ཤོག་གསུངས་པས། ལན་བཞི་བློང་དུ ་ཕྱིན་པས་ཁྱིམ་དེའི་མི་ཀུན་གྱིས་དགའ་བཞིན་དུ་བྱིན་ནོ།། ལན་ལྔ་པ་ལ་ནཱ་རོ་པའི་བསམ་པ་ལ། ད་ནི་སློང་བ་ཡང་ངོ་ཚ་བ་ལ། མ་བྱིན་ན་ནི་བླ་མ་མི་དགྱེས་སྙམ་ནས། སླར་སློང་དུ་ཕྱིན་པ་ན་ཁྱིམ་བདག་གི་མི་ཀུན་ལས་ལ་གཡེངས་པའི་བར ་ལ་ཚོད་མོ་སྣོད་དང་བཅས་པ་བརྐུས་ནས་ཁྱེར་འོང་སྟེ། བླ་མ་ལ་དྲངས་པས་བླ་མ་དགྱེས་ནས། བྱིན་རླབས་དང་དབང་བསྐུར་སྟེ་རྡོ་རྗེ་ཕག་མོའི་གདམས་པ་གནང་སྟེ་བསྒོམས་པས། ཟླ་བ་དྲུག་ན་དངོས་གྲུབ་ཐོབ་སྟེ་མཚན་ཡང་ནཱ་རོ་པ་ཞེས ་ཕྱོགས་ཐམས་ཅད་དུ་གླགས་ལ། ཕྱོགས་ཐམས་ཅད་ནས་མཆོད་པ་ལ་འོངས་པ་ལ་ཐུགས་ཀ་ནས་འོད་བྱུང་བ་ཐམས་ཅད་ཀྱིས་མཐོང་ཞིང་ཤག་རིང་བ་ཟླ་བ་རེའི་ལམ་ནས་ཡང་མཐོང་བར་གྱུར་ཏོ།། དེ་ནས་གདུལ་བྱ་དཔག་ཏུ་མེད་པའི་དོན ་མཛད་ནས་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོང་དུ་གཤེགསོ།། གུ་རུ་ནཱ་རོ་པའི་ལོ་རྒྱུས་རྫོགས།། ་ཀ་ལི་པའི་ལོ་རྒྱུམ་བཞུགས།། གུ་རུ་ཤ་ལི་པའི་ལོ་རྒྱུས་ནི། ཤ་ལི་པ་བྱ་བ་སྤྱང་ཀི་པ་བྱ་བ་ཡིན་ལ། དེའི་ཡུལ་ནི་བི་གྷ་སུ་ར། རིགས་ནི་ལས་འཚོ་བའི་དམང་རིགས་ཡིན་ལ། དེ་ཡང་བི་གྷ་སུ་རའི་གྲོང་ཁྱེར་དེ་དང ་ཉེ་བ་ན་དུར་ཁྲོད་ཡོད་ལ། དུར་ཁྲོད་དང་ཉེ་བ་ན་གནས་པའི་སྐྱེས་བུ་ཞིག་མཚན་མོ་དུར་ཁྲོད་ན་སྦྱོང་ཀི་ཀུན་འཚོགས་ནས་སྐད་འདོན་པ་ཤིན་ཏུ་འཇིག་ཏེ། ཉིན་མཚན་མེད་པར་མི་བདེ་སྤྱང་ཀིའི་འཇིགས་པ་ཡིད་ལ་བྱེད་ཀྱི་ན་འདུག་པ་དང་། ་དེའི་གམ་དུ་དགེ་སློང་ཞིག་བྱོན་ནས་བསོད་སྙོམས་བྱས་པས། དེས་དགེ་སློང་དེའི་རྐང་པ་ལ་ཕྱག་བཙལ་ནས་གསོང་པོར་སྨྲ་བའི་གཏམ་ལེགས་པར་བྱས་ཏེ། བཞེས་ཆབ་དྲངས་པ་དང་། དགེ་སློང་གིས་སྦྱིན ་པའི་ཕན་ཡོན་གྱི་ཆོས་བཤད་པས། དེ་ན་རེ། འཕགས་པ་ཉིད་ཀྱི་སྦྱིན་པའི་ཕན་ཡོན་གྱི་ཆོས་ཀྱང་ངོ་མཚར་ཆེ་སྟེ། བདག་ལ་དེ་བས་ཀྱང་མི་འཇིགས་པའི་ཆོས་ཅིག་མངའ་ན་དེ་སྦྱིན་པར་མཛོད་ཅིག་ཞུས་པས། དགེ་སློང་གིས་ཁྱེད་ལ ་འཁོར་བའི་སྡུག་བསྔལ་བའམ། དེ་མ་ཡིན་པ་ཅི་ལ་འཇིག་བྱས་པས། འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་ནི་ཐུན་མོང་བ་ཡིན་པ་ཀུན་ལ་ཡོད་ལ། བདག་ནི་མོས་པ་ཚད་ཚུངས་པས་གནས་དུར་ཁྲོད་དང་ཉེ་བའི་སྟོབས་ཀྱིས་སྦྱང ་ཀིའི་སྐད་ཀྱིས་ཉིན་མཚན་དུ་འཇིགས་པ་རྒྱུན་མི་འཆད་པས། དེ་ལ་ཕན་པའི་ཆོས་མཆིས་ན་བདག་བགྱིས་ལགསོ།། ཞེས་ཞུས་པས། དགེ་སློང་དེས་འཇིགས་པ་དེ་ལ་ཕན་པའི་སྔགས་དང་གདམ་ངག་ང་ལ་ཡོད་ཀྱི། ཐོག་མར ་དབང་བསྐུར་གྱི་གསུངས་ནས། དེས་དབང་ཡོན་དུ་གསེར་དངུལ་ལ་སོགས་པའི་རྫས་མང་པོ་ཕུལ་ནས་ཞུ་སོ།། གདམ་ངག་ནི་འཇིག་པས་འཇིགས་པ་སྤོང་བའི་གདམ་ངག་ནི་འདི་ལྟ་སྟེ། ཁྱོད་དགྲ་ལ་སོགས་པས་མི་འཇིགས་སྤྱད་ཀིའི ་སྐད་ལ་འཇིགས་ན། ཁྱོད་ཀྱིས་འཇིག་རྟེན་གྱི་སྒྲ་གྲག་གོ་ཅོག་ཐམས་ཅད་སྦྱང་ཀིའི་སྐད་དང་དབྱེར་མེད་དུ་ཉིན་མཚན་མེད་པར་བསྒོམས་ཤིག། གནས་ཀྱང་དུར་ཁྲོད་དུ་ཁང་བུ་གྱིས་ལོ་སྡོད་ཅིག་ཅེས་གདམ་པ་བྱིན་པ་དང་། དེས ་ཀྱང་དེ་བཞིན་དུ་བྱས་ཏེ་བསྒོམས་པས། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་དུ་རྟོགས་པའི་ངང་ལུས་དུ་སྦྱང་ཀིའི་སྒྲའི་འཇིགས་པ་སྟོར་བ་དང་། འཇིགས་པ་རང་གྲོལ་འཇིག་མེད་བདེ་ཆེན་གྱི་ཉམས་སྐྱེས་ནས་ལོ་དགུར་བསྒོམས་པས ་པས་ལུས་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཐོབ་བོར་གྱུར་ཏོཏེ།། དེ་ནས་སྦྱང་ཀིའི་རོ་གཅིག་ཕྲག་པ་ལ་ཁུར་སྟི་སྤྱོད་པ་བྱས་པ་ཕྱོགས་ཐམས་ཅད་དུ་རྣལ་འབྱོར་པ་ཤ་ལི་བྱ་བོར་གྲགས་ཤིང་། གདུལ་བྱ ་ལ་སྣང་སྟོང་དབྱེར་མེད་ཀྱི་གདམས་པ་མང་མང་པོ་བསྟན་སྟེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེག་སོ།། གུ་རུ་ཤ་ལི་པའི་ལོ་རྒྱུས་རྫོགསསོ།། ་རྒྱས་བཐུག་སོ།། ཀུ་རུ་ཏིལློ་བའི་ལོ་རྒྱུས་ནི། ཡུལ་བྷི་གུ་ནཱ་གཱ་ར་བྱ་བ་ན་སློབ་དཔོནཱི་ཏིལླེ་པ་བྱ་བའི་མཁས་པ་ཆེན་པོ་གཅིག་བཞུག་སོ།། དེས་རྒྱལ་པོའི་མཆོད་གནས་མཛད་དེ། ཉི་མ ་རེ་རེ་ལའང་གསེསཞོ་ལྔ་བརྒྱའི་སྐུ་འཚོ་མངའ་ཞིང་། འཁོར་སློབ་དཔག་ཏུ་མེད་པ་ལ་ཆོས་འཆད་པ་ལ་སོགས་པས་གཡེང་བའི་ཚེ། དགོངས་པ་ལ། བདག་གི་སྐྱེ་བ་འདི་འདྲ་བའི་དོན་མེད་པས་ཅི་ཞིག་བྱ་སྙམས་ནས་ཡང་ནུས ་ཡང་དུ་བྲོས་པ་ལ་འཁོར་རྣམས་ཀྱིས་མ་བཏང་སྟེ། སློབ་དཔོན་གྱིས་ཆོས་གོས་བོ་ནས་ཚེམ་བུ་གཅིག་བསྣམས། ཁྱིམ་དུ་ཡི་གེ་བྲིས་ནས་བོར་སྟེ། བད་མི་ལོག་པས་གློག་ཏུ་མ་འོད་གཅིག་བྱེ་བའི་ཡི་གེ་བོར། ་གིས་ནུང་མོ་བྲེས་ནས་གྲོང་ཁྱེར་ཀམྦྷིར་བྱཱ་ངའི་དུར་ཁྲོད་ན་བཞུགས་ནས།། ཟས་བསོད་སྙོམས་བླངས་ཤིང་སྒྲུབ་པ་བྱེད་པའི་ཆེ། ནཱ་རོ་པ་དང་འཇལ་ནས་ནཱ་ར་བས་གསོད་སྙོམས་དྲུངས་ཤིང་བསྙེན་བཀུར་བྱས་ལ།། དེས་འཚོ་བ་མཛད ་དེསྒྲུབས་པས་ལོ་བཙུན་དྲི་མ་མ་ལུས་པ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། ལྷ་ཡུལ་དུ་བྱོན་ནས་ལྕེས་ཞལ་ཟས་བྷྲཱུཾ་བསྙེན་པོ་ཀུར་བྱས་ལྔ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པས་ཕྱོགས་ཐམས་ཅད་དུ་ཏིལློ་པ་བྱ་བར་གྲགས་སོ།། ་དེས་གདུལ་བྱ་དཔག་ཏུ་མེད་པ་ལམ་ལ་བགོད་ནས་འགྲོ་དོན་མཛད་ལ། མཐར་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསསོ།། གུ་རུ་ཏིལློ་བའི་ལོ་རྒྱས་རྫོགསོ།། ། ་ཙེ་ཏཱ་བའི་ལོ་རྒྱུས་བཞུག་སོ།། གུ་རུ་ཙེ་ཏྲ་པྲའི་ལོ་རྒྱུས་ནི། ཙཾ་ཏྲ་པོ་ནི་ཆོས་ཁུར་ནས་བློང་བ་བྱས་ཡིན་ལ། དེའི་ཡུལ་ནི་སིཙྪི་ནཱ་ག་ར་བྱ་བར་སྒྲའི་པོ་ཏི་ལག་པར་ཁུར་ནས་དུས་རྟག་ཏུ་གཞན་ལ་བློང་བ་ཞིག་ཡོད་པ་ལ། དུས་ཅིག་གི ་ཚེ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་གཅིག་དང་ཕྲད་ནས། དེ་ན་རེ། ཁྱོད་ཅི་བྱེད་ཅིང་འདུག་ཟེར་བས། དེ་ན་རོ་བདག་འཚོ་བའི་ཆུང་དུ་བློང་ཞིང་གདའ་བྱོས་པས། དེ་ན་རེ། ཁྱོད་ལ་ཚེ་ཕྱི་མའི་ལམ་མི་དགོས་སམ་གསུངས་པས། དེས་ལམ་ཇི་ལྟར ་ཡིད་ལ་བྱ་ཞུས་པས།། རྣལ་འབྱོར་པོས་དགྱེས་རྡོར་དུ་དབང་བསྐུར་ནས་གདམས་པོ་གསུངས་པ་ནི། སྡིག་པ་ཐམས་ཅད་མཐོལ་ཞིང་བཤགས།། ཉི་ནི་མཚན་རྟག་ཏུ་བདེ་བ་སྒོམ།། སྔ་མར་ཅི་བྱས་རང་ལུས་ལྟོས།། ཕྱི་མར་ཅི་འགྱུར་སེམས་ལ ་རག། དེ་ལྟར་ཡུན་རིངས་བསྒོམས་བྱས་ན། ཚེ་འདི་ཉིད་ལ་སངས་རྒྱས་ཐོག། རྟགས་ཀྱང་རིམ་པར་འབྱུང་བར་འགྱུར།། ཅེས་བསྟན་པས། ཙ་ཏྲ་བས་དོན་མ་ཏོགས་ནས་བླ་མ་ལ་ཞུས་པས། བླ་མཱའི་གསུང་ནས། སྡིག་པ་ནི་མ་རིག་པ་ཡིན་ལ ་དེ་ལ་འཁྲུལ་པ་སྣ་ཚོགས་བྱུང་པོ་ཡིན་ནོ།། སྣང་སྲིད་ཕྱག་རྒྱ་ཆེན་པོར་རྟོགས་པའི་ལྟ་བས་སྡིག་པ་དག་པར་བྱེད་པ་ཡིན་ནོ།། ཉིན་མཚན་བདེ་བ་བསྒོམ་པ་ནི་སྙིང་རྗེ་རྒྱུན་དུ་བསྒྲིམས་ན་ཆོས་ཉིད་ཀྱི་བདེ་བ་རུང་ལ་འཆར་བ་ཡིན་ཏེ། ཚེ་སྔ ་ཕྱིའི་ལས་རྣམས་མངོན་ཞེན་དུ་མ་གཟུང་ན་ཤུགས་འབྱུང་གི་སྤྱོད་པ་མཐར་ཕྱིན་པ་ཡིན། ཕྱི་མ་ཅིར་འགྱུར་ཅེས་པ་ནི། བདེ་སྡུག་ཐམས་ཅད་སེམས་ལས་བྱུང་བ་ད་དུང་ཡང་མངོན་ཞེན་ཡོད་དམ་མེང་གསུང་བའོ།། དེ་ལྟར་ཡུན་རིང་ཅེས་པ་ནི ་བརྩོན་འགྲུས་བསྐྱེད་དེ་མ་ཡེངས་པར་སེམས་ལ་ལྟ་བའོ།། དྭེ་ལླཱིར་ཛྙཱན་དུ་བསྒོམས་ན་སེམས་ཀྱི་འཁྲུལ་པ་ལོག་ནས་ཚེ་འདི་ཉིད་ཀྱི་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ནོ།། ཞེས་བླ་མས་གདམ་ངག་བྱིན་ཏེ། ཙེ་ཏྲཾ་པས་ཡུལ་སནྟོ་ནཱ ་ག་རར་དེ་ལྟར་བསྒོམས་པས་ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། མིང་དུ་ཡང་རྣལ་འབྱོར་པ་ཙཻ་ཏྲ་པ་ཞེས་ཕྱོགས་ཐམས་ཅད་དུ་གྲོགས་ཤིང་། འཁོར་ལྔ་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ།། ་གུ་རུ་ཙེ་ཏྲ་པའི་ལོ་རྒྱུས་རྫོགསོ།། ། ་མ་པ་མ་བཙུ།། གུ་རུ་བྷ་ཏྲ་པའི་ལོ་རྒྱུས་ནཱི། ཡུལ་མ་ཎི་དྷ་ར་ཞེས་བྱ་ལ། ཡུལ་ངན་བྲམ་ཟེ་གཅིག་ལ་འཁོར་དང་ལོངས་སྤྱོད་ཀྱི་འབྱོར་པ་དཔག་ཏུ་མེད་པ་དུས་རྟག་ཏུ་གཡེང་བ་དང་བཅས་པས་གནས་པ་ལ། ་དུས་གཅིག་གི་ཚེ་འཁོར་ཀུན་ཕྱིར་ཁྲུས་ལ་སོང་ནས་རང་ཉིད་གནས་ཁང་ན་འདུག་པའི་གམ་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་གཅིག་འོངས་ནས་ཟན་བླངས་པས་བྲམ་ཟེ་ན་རེ། ཁྱོད་མི་གཙང་བས་བདག་གི་གནས་འབགས་འགྲོ་ཞིང་། བདག་ལ ་འཁོར་དང་མི་ཀུན་གྱིས་འཕྱར་འོངས་པས་ཕྱིར་སོང་ཅིག་ཟེར་བས། རྣལ་འབྱོར་པས་མི་གཙང་བ་ཅི་ལ་ཟེར་གསུངས་པས། བྲམ་ཟེ་ན་རེ། ལུས་ཁྲུས་མ་བྱས་པ། གོས་མིད་པ། སྣོད་ཐོད་པ་ཐོགས་པ། ཟས་འབགས་པ་ཟ་བ། རིགས་ངན་པ་ལ་ཟེར་བས། ་མྱུར་དུ་སོང་ཅིག་ཟེར་བས། རྣལ་འབྱོར་པས་མི་གཙང་བ་དེ་མ་ཡིན། ལུས་དང་ངག་དང་ཡིད་རྣམས་མི་དགེ་བ་དང་བཅས་པ་མི་གཙང་བ་ཡིན་ལ། ལུས་ལ་སོགས་པ་ཁྲུས་བྱས་པས་སེམས་ཀྱི་དྲི་མ་དག་པ་མ་ཡིན། བླ་མའི་གདམ་ངག་གིས་སེམས ་ཀྱི་དྲི་མ་བཀྲུས། གདོད་དག་པ་ཡིན་ནོ།། ཐེག་ཆེན་རིགས་ལྡན་མཆོག་ཡིན་ལ། རྒྱལ་དང་བྲམ་ཟེ་དེ་ལྟ་མིན།། ལུས་སོགས་དྲི་མ་མི་དགེ་བ།། རྒྱུད་ལྡན་བླ་མའི་གདམས་པ་ཡིས།། བཀྲུས་ན་བཅང་བ་བླ་ན་མེད།། ཆུ་ཡིས་བཀྲུས་པ་དེ་ལྟ་མིན།། ་ཞེན་མེད་སྣོང་དང་ཁ་ཟས་མཆོག། དཀར་གསུམ་ལ་སོགས་དེ་ལྟ་མིན།། ཞེས་སོགས་གསུངས་པས་ངང་པར་གྱུར་ནས། བྲམ་ཟེ་ན་རེ། ཁྱོད་ཀྱིས་བདག་ལ་དེའི་གདམ་ངག་བྱིན་ཅིག་ཟེར་བས་། འོ་ན་བདག་ལ་ཟན་བྱིན་ཅིག་དེ་ལྟར་བྱའོ།། སྨྲས་པས། ་བྲམ་ཟེ་ན་རེ། འདིར་བདག་ཆོས་ཉན་ན་འཁོར་དང་མི་ཀུན་མི་དད་པས་ཁྱོད་གང་དུ་བཞུགས་པ་དེར་བདག་མཆིས་མ་ཉིད་གང་དུ་བཞུགས་ཟེར་བས། ང་དུར་ཁྲོད་ན་འདུག། དེར་ཆང་དང་པག་ཤ་ཁྱེར་ལ་ཤོག་བྱས་པས། བྲམ་ཟེ་ན་རེ། དེ་དབྲམ་ཟེ་ཆང་དང་ཕག་ཤཱི ་མི་ཡང་འདོ་མི་རངན་ལུ་འདུག་ལ་རླུང་ཟེར་བས།། རྣལ་འབྱོར་པས་གད་མྱོ་དག་དགོས་ནི་ཁྱེར་ལ་ཤོག་གསུངས་པས། བྲམ་ཟེས་སྨྲས་པ། ཉིན་པར་མཱི་འཚལ་བས་མཚན་མོ་ལྔ་དེར་མཆིའོ་ཟེར་སྷོ། བྲམ་ཟེ་དེས་རང་རྟགས་བསྒྱུར་ནས་ཚོང ་འདུས་སུ་ཕྱིན་ཏེ་ཆང་དང་པོ་ག~ཾ་ཤྱ་ཉེས་ནས་དུར་ཁྲོད་དུ་ཕྱོན་ཏེ་རྣལ་འབྱོར་པ་ལ་དྲངས་པོས། རྣལ་འབྱོར་པ་རང་གི་ཀྱང་གསོལ། བྲམ་ཟེ་ལ་ཡང་བྱིན་ནས་བྱིན་རླབས་འཕོ་བའི་དབང་བསྐུར་མཛད་དེ། བྲམ་ཟེ་མཎྜལ་འབུལ་དུ་བཅུག། བྲམ་ཟེ ་དེའི་རིགས་ཀྱི་ང་རྒྱལ་བཅག་པའི་དོན་དུ་ཕྱག་དར་བྱེང་དུ་བཅུག་ནས་ལྟ་བོའི་བརྡ་བསྟན་ལ། གནས་དེ་རོ་ཞལ་ཞལ་བྱེད་དུ་བཅུག་པས་སྤྱོད་པའི་བརྡ་བ་སྟོན། ཞོལ་ཞིལ་དེའི་ཁ་དོག་ནི་སྒོམ་པའི་བརྡ་ཡིན་དེ་གསུམ་གཅིག་ཏུ་གྱུར་པ་ནི་འབྲས ་བུའི་བརྡ་ཡིན་གསུངས་པས། བརྡ་དེ་རྣམས་ཀྱི་དོན་ཡང་རྟོགས། སྣང་སྲིད་འཁྲུལ་པའི་རྣམ་འཕྲུལ་དུ་ཤེས། རིགས་ཀྱི་རྣམ་རྟོག་ཐམས་ཅད་དོར་ནས་རྣལ་འབྱོར་ལ་ཞུགས་ཏེ་སྒོམས་པས་ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། རྣལ་འབྱོར ་པ་བྷ་ཏྲ་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ལ། འགྲོ་དོན་མཇིད་མཔར་སྔོ་ལྔ་བརྒྱ་དང་བཅས་ལུས་དེ་ཉིད་ལ་མཁའ་སྦྱོང་དུ་གཤེགས་སོ།། གུ་རུ་བྷ་ཏྲ་པའོ་ལོ་རྒྱུས་རྫོགས།། ་བནྡྷ་འི་རྒྱམ་བཟུས་། གུ་རུ་ཁནྟིའི་ལོ་རྒྱུས་ནི། བྷུ་བནྡྷ་ཅེས་པ་བསྒྱུར་ན་གཉིས་གཅིག་ཏུ་བྱེད་པ་ཞེས་བྱ་བ། དེ་ཡང་ཡུལ་གྷནྡྷ་བྷུ་ར་བྱ་བར་སྦྲང་པོ་ཕྱག་དུར་ཁྲོད་བསྡུད་པའི་རིགས་ཡི་མ་དེས་རྟག་ཏུ་གོས་སྙིང་པ་ཀུན་བསྡུད་ཀྱིན ་ལེགས་པར་བཙེམས་ནས་གྱོན་པ་དང་། དུས་ཅིག་གི་ཚེ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས། དེ་ལ་ཁྱོད་མེད་པའི་སྡུག་བསྔལ་འདི་འདྲ་བས་ཅི་བྱེད། དེ་བས་ཆོས་མི་བྱེད་དམ་གསུངས་པས། དེ་ན་རེ། བདག་ལ་ཆོས་སུས་སྟེར་ཟེར་བས། ་རྣལ་འབྱོར་པས་ངས་སྦྱིན་གསུངས་ནས་བདེ་མཆོག་ཏུ་དབང་བསྐུར། བསྐྱེད་རྫོགས་ཟུང་འཇུག་གི་གདམ་ངག་བྱིན་ནས། དེ་སྒོམས་པས། གོས་འཚེམ་པའི་རྟོག་པས་སྒོམ་དུ་མ་འདོད་པ་དང་། དེ་ན་རེ། རྣལ་འབྱོར་པ་བདག་རྟོག་པས་གཡེངས་ནས་སྒོམ་དུ ་མི་འདོད་པར་འདུལ་ཞུ་བ་ལ། རྟོག་པ་ལམ་འཁྱེར་གྱི་གདམ་ངགྲ་འདི་ལྟར་གནང་སྟེ། ཆོས་རྣམས་དེ་བཞིན་ཉིད་ཀྱི་དང་། འཚེམ་དང་འཚེམ་པར་བྱ་བ་མེད། ལྷ་དང་སྔགས་ཀྱང་དེ་བཞིན་ནོ།། གསུམ་རྣམས་རྟོགས་པ་ཆོས་ཀྱི་དབྱིངས།། ཤེས ་གསུངས་པས། དེས་ཀྱང་དེ་ལྟར་བསྒོམས་པ་ན། གོས་འཚེམ་པའི་རྟོག་པ་དང་ལྷ་དང་སྔགས་གསུམ་པོ་ཆོས་ཉིད་ཀྱི་ངང་དུ་སྟོར་ནས་བསྐྱེད་རྫོགས་ཟུང་འཇུག་གི་རྟོགས་པ་སྐྱེས་ཏེ། ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ།། ་འགྲོ་དོན་དཔག་ཏུ་མེད་པ་མཛད་ང་མཁའ་སྤྱོད་དུ་གཤེག་སོ།། གུ་རུ་ཁནྡྷིའི་ལོ་རྒྱུས་རྫོགས་སོ།། ་དུ་རྫུན་མྦྷ་རྨ་རྣམ་མདུ་ན།། ལ་བ་དྡྷགྱུ་ན།། དག་ཙུག་གཟུག་ཏུ་ན་ནས་སྤྱོད་ལ་མ་ནག་བྱེ་ཉལ་ནས་བྱེད་པ་ཆོག་མོད་པ་ལས། @མ ་དང་ཉེ་དུ་ཀུན་གྱིས་ཀྱང་འདི་འདྲ་བའི་དུས་ཅི་བཏུ་བ་ཞེས་རུ་བརྗོད་ཅིང་དུ་རོ་ཁྲིད་དུ་སྩལ་ནས། དེས་དུར་ཁྲོད་དུ་ཉལ་ནས་བསྡུད་པ་དང་། དཱར་རྣལ་འབྱོར་པ་ཅིག་བྱོན་ནས་དེས་དེ་མཐོང་བ་ན་སྙིང་རྗེ་སྨྱོས་ནས། གྲོང་ཁྱེར་ནསོ་བཟའ་བཏུང་བླངས་ནས་དེ་ལ་བྱིན་པ་དང་། དེས ་ཟས་ཟ་བ་ལ་མི་ལངས་པར་མཐོང་ནས། རྣལ་འབྱོར་པ་དེས་ཁྱོད་ཀྱིས་ཟས་ཟེ་བ་ལའང་མི་ལངས་པར་འདུག་ན། འཇིག་རྟེན་གྱི་བྱ་བ་ཅི་ནུས་བྱས་པས། དེ་ན་རོ། ཅི་ཡང་མ་ནུས་པས་བདག་ཕ་མས་སྤངས་པ་ཡིན་ཟེར། འོ་ན་ཉལ་གྱིན་ཆོས་སྒྲུབ་ནུས་སམ་བྱས་པས། ནུས ་ཏེདག་འདྲ་བ་ལ་ཆོས་སུས་སྟེར་ཟེར་རོ།། རྣལ་འབྱོར་པས་ངས་བྱིན་གྱིས་གསུངས་ནས་དགྱེས་རྡོར་དུ་དབང་སྐུར། མི་ཟབ་པའི་རྫོགས་པའི་རིམ་པ་གདམ་ངག་ཏུ་བྱིན་ནས། སྟང་སྒོའི་སྣ་རྩེར་ཐིག་ལེ་ཡུངས་དཀར་གྱི་འབྲུ་ཙམ་གྷི་ནང་དུ་སྟོད་གསུམ་འདུས་པར་བསྒོམས ་ཤིག་བྱས་པས། དེན་རེ། དེ་ལ་རྟགས་ཇི་ལྟ་བུར་འབྱུང་བ་ལགས་ཟེར་བ་ལ། བསྒོམས་རྩཝན་ཤེས་འོང་གི་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པས་ཡུངས་དཀུར་དང་སྟོང་གསུམ་གྱི་དམིགས་པ་སྟོང་ཉིད་ཀྱི་ངང་དུ་སྦྱོར་ནས་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ ་འཁྲུང་མོ།། དེས་ལོ་དགུ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། འགྲོ་དོན་མང་དུ་མཛད་དེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོང་དུ་གཤེག་སོ།། གུ་རུ་ཨ་ཛེ་ཀའི་ལོ་རྒྱུས་རྫོག་སོ།། ་མལ་བའི་ལོ་རྒྱུས་བཞུག་སོ།། གུ་རུ་ཀ་ལ་པའི་ལོ་རྒྱུས་ནི། ཡུལ་ནི་ར་ཛ་པུ་ར་ཡིན།། བླ་མ་ནི་རྒྱུད་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་ཡིན་ལ། ཀ་ལ་པ་ནི་ཚེ་སྔ་མ་བཟོད་པ་བསྒོམས་པའི་འབྲས་བུས་གཟུགས་བྱད་ཤིན་ཏུ་མཚར་བ ་ཞིག་ཡོད་པས། ར་ཛ་པུ་རིའི་སྐྱེ་བོ་ཀུན་དེ་ལ་ལྟ་ཞིང་འབྲང་བས། དེ་དེས་སྐྱོ་ནས་དུ་ཁྲོད་ཞིག་ཏུ་འདུག་ནས་ཡོད་པ་ལ། ལེགས་པར་སྦྱངས་པའི་རྣལ་འབྱོར་པ་གཅིག་དེར་བྱོན་ནས་ཁྱོད་དུ་ཁྲོད་ན་ཅི་བྱེད་ཅིང་འདུག་གསུངས་པས། དེ་ན་རེ། བདག་མི་ཀུན་གྱིས་འདུག ་ཏུ་མ་སྟེར་ནས་འདིར་འདུག་གོན་གདའ་ཟེརོ།། འོ་ན་ཁྱོད་ལ་ཆོས་མི་དགོས་སམ་གསུངས་པས། ཆོས་དགོས་ཏེ་བདག་ལ་སུས་སྟེར་ཟེར། རྣལ་འབྱོར་པ་དེས་ཁྱོད་ལ་ཚེསཽ་དགོས་ན་ངས་བྱིན་གྱིས་གསུངས་ནས་བདེ་མཆོག་ཏུ་དབང་བསྐུར། བསྐྱེད་རྫོགས་ཀྱི ་དོན་སྒོམ་དུ་བཅུག་པས། དེས་བསྐྱེད་རྫོགས་ཟུང་འཇུག་ཏུ་རྟོགས་པའི་ནང་དུ་བདག་གཞན་གཉིསུ་དམིགས་པ་སྟོར་ནས་ཤུགས་འབྱུང་ལྐུགསོ་པའི་སྤྱོད་པ་སྤྱང་པས། ར་ཛ་པུ་རིའི་མི་ཀུན་ན་རེ། སྨྱོན་པ་ཅིག་འདུག་ཟེར་བ་ལ། དེས་གསུངས་པ། བདག་ཏུ ་གཟུང་བ་གཞན་སྣང་སྟེ། གཉིས་ཀྱིས་རང་བཞིན་སྡུག་པར་བྱས། མཁས་པས་དེ་ལྟར་མཁྱེན་པ་ན། རྣམ་པར་རྟོག་པའི་ལྷ་ཚོགས་དང་། ཡི་གེ་ཨའི་ནང་ཉིད་དུ།། མཁའ་ལ་འཇའ་ནི་ཡལ་བ་ལྟར། སྐྱེ་དང་འགག་པ་གནས་པ་གསུམ།། སྨོན་པ་བདག ་གིས་མ་སྤྱད་པས།། གཉིས་མེད་ཤུགས་འབྱུང་སྤྱོད་པ་བདེ།། གསལ་ལ་མ་འགགས་རྟོགས་པ་བདེ།། ཚོགས་དྲུག་མ་འགགས་བསྒོམ་པ་བདེ།། རྩོལ་སྒྲུབ་མེད་པའི་འབྲས་བུ་བདེ།། ཅེས་གསུངས་ནས་ཏ་ལ་བདུན་ཙམ་གྱི་ན་མཁའ་ལ་འཕགས་ནས ་ཆོ་འཕྲུལ་སྣ་ཚོགས་བསྟན་ནས། དེ་མན་ཆད་བླ་མ་ཀ་ལ་པ་ཞེས་གྲགས་ལ་མཐར་མཁའ་སྤྱོད་དུ་གཤེགས་སོ།། གུ་རུ་ཀ་ལ་པའི་ལོ་རྒྱུས་རྫོག་སོ།། ། ་རྣཾམྦཱི་པའི་ལོ་རྒྱུས་བཞུག་སོ།། གུ་རུ་དྷོམྦི་པའི་ལོ་རྒྱུས་ནི། རིགས་ཁྲུས་མཁན། ཡུལ་ནི་ས་ལི་པུ་ཏྲ་ནཱ་གར་བྱ་བ་ན་ཁྲུས་མཁན་ཕ་བུ་གཉི་སུ་དུས་རྟག་ཏུ་ཁྲུས་ཀྱི་ཝ་ཀྱིས་འཅོམ་བྱེད་པ་ལས། དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར ་བ་ཞིག་བྱོན་ནས། དེ་གཉིས་ལ་བཟའ་བ་བླངས་པས། དེ་གཉིས་ཀྱིས་བསོད་སྙོམས་དྲངས་ཏེ། རྣལ་འབྱོར་པ་ལ་ན་བཟའ་བཀྲུ་རྒྱུ་མ་མཆིས་སམ། བདག་གིས་བཀྲུ་ཡིས་ཟེར་བ་ལ། རྣལ་འབྱོར་པས་སོལ་བ་གཅིག་ལག་ཏུ་ཐོགས་ནས ་འདི་བཀྲུས་ན་དྲི་མ་དག་ནུས་སམ་གསུངས་པས། ཁྲུས་མཁན་བུ་དེ་ན་རེ། སོལ་བ་ནག་པོའི་རང་བཞིན་བཀྲུས་ཀྱང་དཀར་པོར་མི་འགྱུར་མཆི་ཞུས་པས། ཁྱོད་ཀྱིས་ཕྱིའི་ཁྲུས་བྱས་ཀྱང་ནང་གི་དུག་གསུམ་གྱི་དྲི་མ་མ་དག་ན་ཕྱིའི་ཁྲུས་ཀྱིས ་དག་པར་དྲས་མ་མཐོང་། དེས་ན་ཁྱེད་ཅག་དུས་རྟག་ཏུ་བཀྲུ་མི་དགོས་པར་ལན་གཅིག་བཀྲུས་པས་ཆོག་པའི་གདམས་པ་ང་ལ་ཡོད་ན། དེ་ཁྱེད་ལ་མི་དགོསོ་སམ་གསུངས་པས། དགོས་ཟེར་ནས། དེར་བདེ་མཆོག་ཏུ་དབང་བསྐུར་ཏེ། སྡུག ་ཕྱག་རྒྱ་ཏིང་འཛིན་གསུམ་གྱིས་བྱིན་གྱིས་བརླབས་ནས་གང་མ་དག་བྱིན། དེས་བསྒོམས་པས་ལོ་བཅུ་གཉིས་ན་ཕྱག་རྒྱས་ལུས་ཀྱི་དྲི་མ་དག། སྔགས་ཀྱིས་ངག་གི་དྲི་མ་དག། ཏིང་འཛིན་གྱིས་སེམས་ཀྱི་དྲི་མ་དག་ནས། གང་མ་ངག་ཇི་བན ་འབར་བའི་ཕྱག་རྒྱའི་ཆུ་ཡིས་ནི། ལུས་ཀྱི་དྲིམ་འབྱུང་བ་ཡིས། ཨཱ་ལི་ཀཱལཱི་ཚྭ་ལི་མི་ངག་གི་དྲི་མ་འཁྲུད་པ་ཡིན། དཔའ་བོ་ཡབ་ཡུམ་སྦྱོར་བ་ཡིས།། སེམས་ཀྱི་དྲི་མ་དྲུངས་འབྱིན་ཏོ།། ཅེས་གསུངས་པ་བཞིན་དུ། ལུས་ཕྱག ་རྒྱ་ངག་བཟླས་པ། སེམས་བསྐྱེད་རྫོགས་དང་མ་བྲལྔ་བར་བསྒོམས་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དགེ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ཡོད་པའི་དུས་སུ། གོས་དྲི་མ་ཅན་གཏོད་པ་བཀྲུ་མི་དགོས་པར་རང་དག་ཏུ་འགྲོ་བ་ཀུན་གྱིས ་མཐོང་བས་ཡོན་ཏན་ཐོབ་པར་བཟོད་རྟོགས་ལ། དྷོམྦཱི་བ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། སེམས་ཅན་གྱི་དོན་མང་དུ་བྱས་ཏེ། ལོ་བརྒྱན་ལུས་དེ་ཉིད་ཀྱིས་མཁའ་སྦྱོང་དུ་གཤེགས་སོ།། གུ་རུ་དྷོམྦྷི་བའི་ལོ་ས ་རྫོག་སོ།། @གན་ན་མ་རྒྱས་བཐུན་སོ།། གུ་རུ་ཀི་ཀ་ནའི་ལོ་རྒྱུས་ནི། ཡུལ་བིཥྞུ་ནཱ་ག་ར་བྱ་བ་ནི། རྒྱལ་པོ་གཅིག ་ལ་རྒྱལ་སྲིད་ཕུན་སུམ་ཚོགས་ཤིང་། འདོད་པའི་ཡོན་ཏན་གྱི་བྲེལ་བ་མེད་པ་ལ་ལོངས་སྤྱོད་ཅིང་གནས་པའི་ཚེ། དེའི་གམ་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས་བསོད་སྙོམས་བླངས་པས། རྒྱལ་པོས་བཟའ་བ་དང ་བཅའ་བ་གྱི་ནོམས་པ་དྲངས་ནས། དེས་རྒྱལ་པོ་ལ་གསུངས་པ། རྒྱལ་པོ་རྒྱལ་སྲིད་ལ་སྙིང་པོ་མེད་ཅིང་། སྲིང་བར་སོང་བ་ཐམས་ཅད་སྡུག་བསྔལ་བ་ཡིན་ཏེ། སྐྱེ་རྒོས་ན་འཆིའི་ཟོ་ཆུན་ལྟར་འཁོར་བ་ཡིན་ཅིང་། བྱེ་བྲག་གི་སྡུག ་བསྔལ་ལ་ཟད་པ་མེད་པ་ལ། མཐོ་རིས་ཀྱི་བདེ་བའང་འགྱུར་བའི་སྡུག་བསྔལ་ཡིན། སྟོང་འཁོར་ལོས་བསྒྱུར་བའང་ངན་སོང་དུ་ལྷུང་བ་ཡོད་ན། འདོད་ཡོན་སླུ་བྱེད་ཟིལ་པ་དང་འདྲ་བ་ལ་མ་ཆགས་པར་རྒྱལ་པོ་ཆོས་མཛོད་ཅིག་གསུངས་པས། ་རྒྱལ་པོ་ན་རེ། འདོད་པའི་ཡོན་ཏན་མ་སྤངས་པར་ཆོས་བསྒྲུབ་པའི་ཐབས་ཡོད་ན་ཆོས་བགྱིད་ཀྱི། དེ་མ་ཡིན་པར་གོས་ཚེམ་བུ་དང་ཟས་བསོད་སྙོམས་ཀྱིས་བདག་འཚེ་མི་ནུསོ་ཞེས་སྨྲས་པ་དང་། རྣལ་འབྱོར་པ་དེས་སྨྲས་པ། གོས་ཚེམ་བུ ་དང་ཟས་བསོད་སྙོམས་ནི་མཆོག་ཡིན་པས་ཉིད་ཀྱང་འདི་འདྲ་བ་ལ་རྟེན་དགོསོ་ཤེས་སྨྲས་པ་ན། རྒྱལ་པོ་ན་རེ། གོས་ཚེམ་བུ་སྐྲག་བྲོ།། ཁ་ཕོར་ཐོད་པ་དང་ཟས་ལྷག་རོལ་སྐྲག་བྲོ་བས། འདི་བདག་གིས་མི་ནུས་ཞེས་ཞུས་པ་དང་། ་རྣལ་འབྱོར་པ་དེས་སྨྲས་པ། ཁྱོད་ཀྱིས་དེ་འདྲ་བའི་ང་རྒྱལ་དང་། རྒྱལ་སྲིད་བྱེད་པ་ནི་མཐར་ངན་སོང་གི་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་བ་ཡིན་ལ། ངས་གྲོ་ཚམ་བུ་དང་། ཁྭ་ལྷག་རོལ་དང་། སྣོད་ཐོད་པ་ཁུར་ཡང་འབྲས་བུ་ཟག་པ་མེད་པའི ་བདེ་བ་ཐོབ་པ་ཡིན་པས། འོ་སྐོལ་རྒྱལ་སྲིད་ཁྱད་བུར་ཆེདདུ་ཡིན་སྨྲས་ནས་རྒྱལ་པོ་ལ་འོན་ཀྱང་འདོད་ཡོན་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་ཡོད་ཀྱི་གསུངས་པས། རྒྱལ་པོ་ན་རེ། འོ་ན་བདག་ཆོས་བགྱིད་པས་གནང་དགོས་ཞུས ་པ་ལ། རྣལ་འབྱོར་པས་གདམས་པ། རྒྱལ་པོ་རང་གི་ལག་གི་གདུ་བུ་རིན་པོ་ཆེ་འབར་བ་ལ་ཞེན་པ་དང་། ང་རྒྱལ་བློས་ཐོང་ལ། རིན་པོ་ཆེའི་འདི་ཞེན་པ་མེད་པའི་སེམས་གཉིས་གཅིག་ཏུ་གྱིས་ལ་བསྒོམས་ཤིག་ཅེས་གངདམ ་ངག་བྱིན་ནས། གདུབ་བུ་འོད་ཟེར་ལེགས་འགྲོ་བ།། ལྟོས་ཤིག་རང་སེམས་ཉིད་ཀྱང་བདེ། བྷྱོ་མ་རྒྱན་སོགས་དུ་མ་ཡིས།། ཁ་དོག་དུ་མ་འབྱུང་གྱུར་བྱུང་།། དེ་ཡི་རང་བཞིན་འགྱུར་བ་མེད།། ཞིན་མ་སྣང་།། ད་སྟོག་དུས་ལུང་བྱུ་། ་སེམས་ཉིད་རིན་ཆེན་འབར་བ་བཞིན།། ཞེས་གསུངས་པ་ན། རྒྱལ་པོས་ཕྱག་གཡས་པའི་གདུ་བུ་ལ་སེམས་གཏད་ནས་བསྒོམ་པས། འདོད་ཡོན་སྟོང་དུ་སེམས་ཉིད་ངོ་འཕྲོད་ནས་ཟླ་བ་དྲུག་ན་དངོས་གྲུབ་ཐོབ་ཏེ། རང་གི་འཁོར་རྣམས་ཀྱིས་སྒོ ་སེང་ནས་བལྟས་པས། ལྷའི་བུ་མོ་དཔག་ཏུ་མེད་པས་བསྐོར་བར་མཐོང་ནས་ངོ་མཚར་སྐྱེས་ཏེ་གདམས་པ་ཞུས་པས། དེའི་ཞལ་ནས། སེམས་ཉིད་རྟོག་པ་རྒྱལ་པོ་ཡིན།། བདེ་བ་ཆེན་པོ་རྒྱལ་སྲིད་ཡིན།། ཟུང་དུ་འཇུག་པ་ལོངས་སྤྱོད་མཆོག། རྒྱལ ་པོ་དགོས་ན་དེ་ལྟར་གྱིས།། ཤེས་གསུངས་ནས་རང་གི་འཁོར་དང་བྷིཥྛ་ནཱ་ག་རའི་སྐྱེ་བོའོ་ཚིགས་ཐམས་ཅད་དང་བཅས་ཏེ། ལོ་ལྔ་བརྒྱ་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། མཚན་གདུ་བུ་པ་ཡང་ཞེ་སུ་ཡོང་གྲགསོ།། ་གུ་རུ་ཀཾ་ཀ་ནའི་ལོ་རྒྱུས་རྫོགསོ།། མྦྷ་ལའི་ལོ་རྒྱུས་ཚོཞུན་པ།། གུ་རུ་ཀམྦྷ་ལའི་ལོ་རྒྱུས་ནི། ཡུལ་ཀནྡ་ར་མ་བྱ་བ་ན། རྒྱལ་པོ ་ཞིག་གྲོང་ཁྱེར་འབུམ་འཚོ་བརྒྱད་ཅུ་རྩ་བ་ནི་ལ་དབང་བྱེད་པ་དེ་ལ་སྲས་གཉིས་ཡོད་པ་ལ། དེའི་ཡབ་གྲོངས་པ་དང་། སྲས་ཆེ་བ་རང་བཞིན་བཟང་བས་འབངས་རྣམས་ཀྱིས་ང་རྒྱལ་ཚབ་དུ་དབང་བསྐུར་བ་དང་། དེའི་བསོད་ནམས་ཀྱིས་སྐྱེ་བོའི་ཚིགས་ཐཾད ་འབྱོར་པ་དང་ལྡན་པར་གྱུར་ནས། གསེར་ལ་སོགས་པའི་སྣོད་དུ་བཟའ་བ་ལོངས་སྤྱོད་པར་བྱེད་པ་དང་། རྒྱལ་བུ་དེས་སྲིད་གཟུང་ནས་ཟླ་བ་ལྔ་དྲུག་གི་བར་ཡུམ་དང་མ་ཕྲད་ནས། དེར་ངའི་མ་གར་སོང་འདིར་མི་འོང་ཅི་ཞེས་སྨྲས་པས། ཡབ་ཀྱི་མྱ ་དོན་བྱེད་པས་འདིར་མི་གཤེག་སོ་ཟེར་རོ།། དེ་ནས་ལོ་གཅིག་ལོན་པ་དང་། མ་དོར་འོངས་ནས་ངུས་པས། དེར་ཡུམ་ཅི་ལ་བ་ཤུམ་བྱས་པས། ང་ཁྱོད་རིན་པོ་ཆེའི་ཁྲི་ལ་བཞུགས་ནས་རྒྱལ་སྲིད་བྱེད་པ་ལ་མ་དགའ་ནས་ངུ་བ་ཡིན ་ཟེར་བས། རྒྱལ་བུས་མ་ལ་ཞུས་པ། ཡུམ་མི་དགྱེས་ན་ནུ་བོ་རྒྱལ་སྲིད་འཛིན་དུ་བཅུག་ནས་བདག་རབ་ཏུ་འབྱུང་བ་བགྱིད་ལགས་སམ་ཞུས་པས། དེ་རུང་ཟེར་ནས། དེར་ཅུང་ལ་རྒྱལ་སྲོད་གཏད་དེ་རབ་ཏུ་བྱུང་བས་འཁོར་དགེ་སློང་སུམ་བརྒྱ་ཙམ ་དང་བཅས་ཏེ་གཙུག་ལགས་ཁང་ཞིག་ཏུ་བཞུགས་པ་ན། དེར་མ་འོངས་ནས་ཡང་དུས་པ་དང་། སྲས་ཀྱིས་དེ་ལ་ཕྱག་བྱས་ཏེ་ཡུམ་ཅི་ལ་བཤུམ་བྱས་པས། ཁྱོད་རབ་ཏུ་བྱུང་ཡང་རྒྱལ་པོའི་ཚུལ་ལྟར་འཁོར་དང་འདུ་འཛིའི་ནང་དུ་བཞུག ་པ་འདི་མི་དགའ་བ་ཡིན་ཞེས་སྨྲས་པ་དང་། སྲས་ཀྱིས་འོ་ན་ཅི་ཅུག་བགྱི་ཞེས་ཞུས་པས། དགོན་པའི་འདུ་འཛི་སྤོང་སོ་ལ་འདུག་ཅིག་ཟེར་བས། དེས་གཙུག་ལགྲོ་ཁང་སྤོངས་ནས་དགོན་པ་ཤིང་དྲུང་ཅིག་གི་རྩར་འདུག་པ་དང་། བཟའ ་བ་ལ་སོགས་པ་བསོད་སྙོམས་ཀྱི་ལས་འཕྲོས་བྲེལ་པ་མེད་པར་གྱུར་པ་དང་། ཡང་ཡུམ་བྱོན་ནས་ངུས་པས། སྲས་ཀྱིས་ཡུམ་ལ་ཕྱག་བྱས་ནས། ཅི་སྡུག་བགྱི་ཞུས་པས།། མ་ན་རེ། རབ་ཏུ་བྱུང་བ་ལ་འཚོ་བའི་ཡོ་བྱད་དོན་མེད་པ་བཅངས ་ནས་ཅི་བྱེད་ཟེར་རོ།། དེས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཀུན་བོར་ནས་རྣལ་འབྱོར་པའི་ཆ་ལུགསུ་བྱས་ཏེ་ཡུལ་ཁུམས་གཞན་དུ་ཕྱིན་པ་ན། དེའི་ཡུམ་མཁའ་འགྲོ་མ་ཡིན་བྱས་ལམ་བར་དུ་སྲས་ལ ་བདེ་མཆོག་ཏུ་དབང་བསྐུར་ནས་ཚོས་བཤད་པས། སྱས་དུར་ཁྲོད་དུ་ཐལ་བའི་ནང་དུ་ཉལ་གྱིན་ལོ་བཅུ་གཉིས་སུ་སྒྲུབས་པས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ནོ་མཁའ་ལ་ཕྱིན་པ་དང་། ཡུམ་ཌཱ་ཀི་མ་མང་པོ་དང་ལྷན་ཅིག་ནི་མཁའ ་ལ་འོངས་ནས་སྲས་ལ་སྨྲས་པ། ཁྱོད་སེམས་ཅན་གྱི་དོན་མི་བྱེད་པར་ན་མཁའ་ལ་འགྲོ་བ་ངོ་མཚར་ཚེ་རྒྱུ་ཅི་ཡོད། དེ་འདྲ་བྱ་དང་འདྲ་བ་ཡིན་པས་ང་འགྲོ་དོན་གྱིས་ཤིག་གསུངས་པས། སྲས་ཀྱིས་ནུབ་ཕྱོགས་ཨོ་རན་གྱི་མཱ་ལ ་པུར་བྱ་བ་ན་གྲོང་ཁྱེར་འབུམ་ཚེ་ཕྱོད་དང་གསུམ་ཡོད་པར་ཕྱིན་པ་དང་། དེ་ན་ཡུལ་ཀེར་བྲི་རཱ་ཞེས་བྱ་བ་ན། པ་ན་ཝ་ཞེས་བྱ་བའི་དགོན་པ་ན་ཏ་ལ་ཙེ་ཕུག་བྱ་བའི་ཕུག་པ་ཡོད་སྔར་བཞུགས་ནས་སྒྲུབ་པ་བྱོས་པས། ཕྲ་མོན་མ་ཀུན ་གྱིས་ཚོར་ནས། ཕྲ་མེན་མ་གཅིག་གིས་ཅིག་ལ་སྦྲན་པ་དང་། ཕྲ་མེན་གྱི་གཙོ་མོ་པདྨ་དེ་ཝི་བཱ་བྲོ་འཁོར་དང་བཅས་ཏེ་བར་ཚོང་ལ་འོངས་པ་དང་། སློབ་དཔོན་ལྦ་པ་ནག་པོ་གཅིག་གྱོནྡ་ནས་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པའི ་ལམ་དུ་ཕྲ་མེང་མའི་བུ་མོ་ཆེན་གཅིག་དང་ཕྲད་ནས། ཁྱེད་ལ་བདག་ཅག་བཞེས་པ་འདྲེན་པོས་ངེས་ཀྱི་ཁྱིམ་དུ་གཤགས་པ་ཞུ་ཟེར་བ་ལ། སློབ་དཔོན་གྱིས་བདག་ནི་ཁྱིམ་ཅིག་ནས་མི་ཟ། བསོད་སྙོམས་བྱེད་པ་ཡིན་གསུངས་ནས། ་པདྨ་དི་ཝི་ལ་སོགས་པ་ལ་ལྭཝ་བ་བཅོལ་ནས་བྱོན་པས། པྲ་མེན་མཚན་པ་དེ་རྣམས་ཀྱིས་བྲོས་ཏེ། རྫས་ལ་ནུས་པ་ཡོད་པ་ཡིན་པས་འདིའི་ལྭ་བ་བཟའ་དགོས་ཟེར་ནས་ཟོས་ལྷག་མ་མེ་ལ་བསྲེགས་པ་དང་། སློབ་དཔོན་ལོག་ནས་འོངས ་ཏེ་ཕྲ་མེན་མ་ཀུན་ལ་ངའི་ལྦ་བ་བཅོལ་བ་བྱིན་ཅིག་གསུངས་ནས། ཕྱཝ་མེན་མས་ལྭ་བ་གཞན་ཞིག་བྱིན་པ་ན། དྲ་རང་གི་ལྦ་བ་དགོས་གསུངས་པས། ཕྲ་མེན་མས་གསེར་ལ་སོགས་པའི་བསླུས་མ་གཏད་ཀྱང་མུ་བཞད་ནས། ་སློབ་དཔོན་གྱིས་རྒྱལ་པོའི་གམ་དུ་བྱོན་ནས་འདི་སྐད་དུ། ཁྱོད་རྒྱལ་པོ་ཡིན་ན་ཆོམ་རྐུན་ལ་སོགས་པ་མི་བསྲུང་བ་ཅི་ཙུག་ཡིན་གསུངས་པས། རྒྱལ་པོ་ནཱ་རེ། ཆོམ་ཏན་གྱིས་སུ་བཅོམ་ཟེར་བ་ལ། སློབ་དཔོན་གྱིས་ཁྱེད་ཀྱ ་ཕྲ་མན་མ་ཀུན་གྱིས་ངའི་ལྦ་པ་ཁྱེར་ཟེར། རྒྱལ་པོས་ཕྲ་མེན་མ་ཀུན་བཀུག་ནས་རྣལ་འབྱོར་པའི་ལྔ་བ་བྱིན་ཅིག་བྱས་ཀྱང་བདག་ལ་མེད་ཟེར་ནས་མ་བྱིན་པ་དང་། སློབ་དཔོན་ཏ་ལ་རྩེ་ཕུག་ཏུ་བྱོན་ནས་སྒྲུབས་པ་བྱས།། མཁའ ་འགྲོ་མ་ལ་གཏོར་མ་བཏང་བ་དང་། ཕྲ་མུན་དུམ་བུ་ཅིག་གིས་ཕུག་གྲི་ཆུ་སྐམས་པ་ན། སློབ་དཔོན་གྱིས་སོའི་ལྷ་མོ་ཆུ་ཐོན་ཅིག་གསུངས་པས་ཆུ་བྱུང་ངོ་།། དེ་ནས་ཕྲ་མན་ཀུན་འདུས་ཏེ་གླིང་བཞིར་རབ་དང་བཅས་པ་ན་གནས་པའི ་ཕྲ་མེན་མ་ཀུན་ཀྱང་ཐམས་ཅད་སྦྲན་ནས་འོངས་པ་དང་། སློབ་དཔོན་གྱིས་ཐམས་ཅད་ལུག་ཏུ་བྱས་ཏེ་བོར་བས་རྒྱལ་མོ་ལ་སོགས་པ་ཀུན་ལུག་ཏུ་སོང་བས་ཧ་ལས་ཏེ། སློབ་དཔོན་ལ་གསོལ་བ་བཏབ་པ་དང་། སློབ་དཔོན་གྱིས ་ལུག་ཐམས་ཅད་ཀྱི་མག་པའི་སྒྲ་བྲེགས་ནས་བཏང་བས། བུད་མེད་ཐམས་ཅད་སྒྲ་གྲགས་པ་ཤ་སྟག་ཏུ་སོང་ནས་ཐམས་ད་དུ་ཡིན་འདུག་གོ།། སྱཱང་དེ་ཉིད་དུ་བཞུགས་པཱ་ལ། དྲོད་ཁམས ་ལྷ་རྣམས་ཀྱིས་བྲག་བཅད་དེ་བཀྲེང་བར་བྱས་པ་ལ། ཡར་ལོ་སྔགས་འཛུབ་མཛད་པས་བྲག་ན་མཁའ་ལ་ཡེ་རོ་ཆད་པ་དུང་ཡང་ཡོད་དོ།། དེར་རྒྱལ་པོས་ཀྱང་ཕྲ་མིན་མ་འདི་ཙམ་གྱིས་མོ་གཅིག་མི་ཐུབ་པ་ཅི་ཉེས། ་བཟོད་པ་ཕུལ་ལ་དམ་ལ་གནས་པར་གྱིས་བྱས་ཀྱང་མ་ཉན་པ་ན། བླ་མས་ཕྲ་མེན་མ་རྣམས་སྟེར་ལ་རྒྱུས་ཏེ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་གཏོད་པ་འམ། ངའི་བསྟན་པ་ལ་ཞུགས་ནས་དམ་ལ་གནས་པར་བྱེད་གསུངས ་པས། ཕྲ་མེན་མ་ཀུན་སློབ་དཔོན་གྱི་ནུས་པ་ལ་འཇིགས་ནས་སྐྱབསུ་སོང་ཞིང་དམ་ལ་གནས་པར་མཛད་དོ།། དེ་ནས་ཕྲ་མན་མ་དག་གིས་ཟོས་པའི་ལྔ་པ་ཀུན་སྐྱུགས་ཏེ། སློབ་དཔོན་གྱིས་ལྦ་བའི་དུམ་བུ་ཀུན་བསྡུས་ནས་སྒྲོགས་པས་སྔ ་མ་ལས་བག་ཙམ་ཐུང་བ་ཞིག་བྱུང་བ་བསྣམས་ནས་གཤེགས། མཚན་དུ་ཡང་ཀམྦྷ་ལ་ཞེས་པ་འམ། ལྭ་བཾ་ཞེས་གྲགས་ཏེ་ལོ་དཔག་ཏུ་མེད་པར་འགྲོ་དོན་མཛད་ནས་ལུས་དེ་ཉིད་མཁའ་སྤྱང་དུ་གཤེགས་སོ།། ་གུ་རུ་ཀམྦྷ་ལའི་ལོ་རྒྱུས་རྫོགས་སོ།། ་རྣ་མ་པོ་རྒྱམ་ཙུནགུ་རུ་དིད་པའི་ལོ་རྒྱུས་ནི། རིགས་ཟམ་ཟ།། ཡུལ་ས་ལི་པུ་ཏྲའི་རྒྱལ་པོ་ཨིནྡྲ་པ་ལ་བྱ་བའི་བློན་པོ་ཡིན་ལ། རྒྱལ་པོ་དེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་བློན་པོ་དེ་དང་གཉིས་ཀ་དུ་ཁྱོད་ནཱ ་ལཱུ་ཡི་པ་བཞུགས་པའི་གནས་སུ་ཕྱིན་པ་ནས་སྒོ་བརྡུངས་པ་ན། སློབ་དཔོན་གྱིས་སུ་ཡིན་གསུངས་པ་དང་། བདག་རྒྱལ་པོ་དང་བློན་པོ་ཡིན་ཞེས་སྨྲས་པ་དང་། འོ་ན་ནང་དུ་ཤོག་སྨྲས་པས། དེ་གཉིས་ལ་སློབ་དཔོན་གྱིས་འཁོར་ལོ ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་སྟེ། དབང་ཡོན་དུ་འཁོ་རང་གཉིས་ཀྱི་ལུས་ཕུལ་ནས། གཞན་གྱི་ཡུལ་ཨོཾ་དེ་ཤར་ཕྱིན་པ་དང་། དེར་དཔོན་སློབ་གསུམ་གྱིས་བསོད་སྙོམས་བྱེད་ཅིང་སྔངད། དེ་ན་རྒྱལ་བུ་གཙོངས་པ་སོགས་པ། ་རི་ཀ་པའི་རྣམ་ཐར་དུ་གསལ་ལ། སློབ་དཔོན་ལཱུ་ཡི་པ་དྲང་བྲམ་ཟེ་བློན་པོ་གཉིས་ཀྱི་ཛཱ་ཡི་ན་ཏཱ་པུ་རར། ནང་པའི་རཱ་ཛའི་རྩར་ཞག་བདུན་ནས་ཏོལ་ཏེ། དེ་ཆང་ཚོང་མ་ཡོད་པའི་གོན་དུ་ཕྱིན་ནས། ཆང་འཚོང་གཙོ་མོའི་སྒོ་བཙལ ་ནས། ཁྱེད་ཀྱིས་གཙོ་མོ་མི་ཉོ་འམ་ཞེས་སྨྲས་པ་དང་། དེས་ནང་དུ་སྨྲས་པ་ན་ཉོ་ཟེར་ཞིང་རིན་ཅི་དགོས་ཟེར་བ་ལ། སློབ་དཔོན་གྱིས་གསེར་ཏོ་ལོ་སུམ་བརྒྱ་དགོས་གསུངས་པས། དེས་ཀྱང་དེ་བཞིན་དུ་བྱས་ཏེ་བྲམ་ཟེའི་བུ་དེ་ཁྱེར་རོ།། ་རྩིགསུ་ཁོ་རིང་ཅིག་པུར་ཉལ་དུ་ཆུག་ལ་རིན་ཁོར་བ་དང་ཐོང་ཞིག་གསུངས་ནས་སློབ་དཔོན་གཤེགས་སོ།། དེ་ནས་སློབ་དཔོན་བྲམ་ཟེ་དེས་ཆང་འཚོང་བའི་ལས་ཁྱད་པར་ཅན་བྱས་པས་དགའ་སྟེ་གཙོ་འཁོར་ཀུན་ཇོ་བོ་ཞེས་ཟེར་རོ།། ་དེ་ནས་ཞག་ཅིག་གི་ཚེ་ཉིན་པར་ལས་བྱས་ནས་ཟས་མ་དགུགས་པར་མཚན་མོ་སྐྱེད་མོས་ཚལ་དུ་ཉལ་དུ་ཕྱིན་པ་ན། ཆང་འཚོང་མས་ཟས་མ་བྱིན་པ་དེ་མཚན་མོ་དྲན་ནས་སྐྱིལ་དུ་བཏང་བ་ན། བྲམ་ཟེའི ་བུ་དེ་ལ་བུ་མོ་བཅོ་ལྔ་ཙམ་གྱིས་སྙིན་བཀུར་ནི་བྱེད། རང་ཉིད་ཀྱི་ལུས་ཀྱི་སྣང་བ་ལ་འདུག་པ་མཐོང་ནས། དེས་ཆང་འོ་ཚོང་མ་ལ་སྙད་པས་དེ་འགྱོད་པ་སྐྱེས་ཏེ། བློན་པོ་ལ་ཁྱེད་བདག་ཅག་གིས་ལོ་བཅུ་གཉིསུ་བཀོལ་བའི་སྡིག་པ་བདག་ལ་ཡོད ་བས། དེའི་དོན་དུ་ལོ་བཅུ་གཉིས་སུ་བདག་གི་མཆོད་གནས་མཛོད་ཅིག། བདག་བསྙེན་བཀུར་བྱེད་པ་ལགས་ཞེས་ཞུས་པས་དེ་མ་བཞེད་པོ། ཆང་འཚོང་མ་ལ་སོགས་པ་ཛཱ་ཡ་ན་ཏྲ་བུ་རའི་སྐྱེ་བོའི་ཚིགས་ཐམས་ཅད་ལ་ཆོས ་བཤད་ནས་གདམ་ངག་ཕག་ཏེ། འཁོར་བདུན་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་ལྀ། མཚན་ནི་འབྲས་བརྡུང་བའི་ལས་བྱེད་པས་དིངྐ་པ་ཞེས་གྲགས་ལ། དེས་ཚེགསུ་བཅད་པ་གསུངས་པ། རིག་བྱེད་འདོན་པའི་དིངྐ ་བ།། འབྲས་བརྡུང་བ་ཡི་བསམ་གཏན་ཅན།། རྟུན་དུ་འབྲས་ནི་ལེགས་པར་རྡུངས།། ཕྱག་མས་མཐོར་པ་བསྡད་པར་བྱེད།། བླ་མིའི་གདམས་པས་འབྲས་དག་བརྡུངས།། ནག་པོ་ཡི་ནི་འབྲས་དག་བརྡུངས།། དང་པོ་དགེ་བས ་སྡིག་པ་བརྡུངས།། རྡོ་རྗེ་རིགས་པའི་ཐོ་བ་ཡིས།། ཟེར་ནི་ཟླ་བ་ཉི་མ་ཡིན།། རྟུན་ཁུང་ཆོས་ཉིད་སྦྱོང་བ་རུ།། སྤྲིང་བླང་གཉིས་སུ་མེད་པར་བརྡུངས།། ཧཱུཾ་སྒྲས་རྣམ་རྟོག་ཞོ་དཀྲོགས་པས།། བདེ་བ་ཆེན་པོའི་མར་དག་འབྱུང་།། ་རོ་ནི་གཉིས་མེད་པར་མྱོང་།། ཅེས་གསུས་སོ།། དིད་པ་ཆང་འཚོང་མ་ལ་འཚོང་བའི་དགོས་པ་ནི། བྲམ་ཟེ་རྟོག་པ་ཆེ་བ་དེ་ཆང་འཚོང་གིས་ཉམས་འགྲོ་བས། རིགས་ཀྱི་ང་རྒྱལ་བཙོག་པའི་ཕྱིར་དེར་གཅིངས་པ་ཡིན་ནོ།། ཅེས ་གསུངས། གུ་རུ་དིངྒ་བའི་ལོ་རྒྱུས་རྫོགསོ།། ་རྨཱ་ཟིའི་ལོ་རྒྱུས་བཞུག་སོ།། གུ་རུ་བྷནྡྷེ་པའི་ལོ་རྒྱུས་ནི། བྷནྡྷེ་ནི་ནོར་ལྷ་འཛིན་པ་བྱ་བ་ཡིན་ལ། དེའི་ཡུལ་ནི་མཉན་ཡོད།། རིགས་ནི་ལྷ་བྲིས། བླ་མ་ནི་སློབ་དཔོན་ནག་པོ་སྤྱོད་པ་ཡིནོ།། བནྡྷེ་པ་ན་མཁའ་ལ་གནས་པ ་ན། དུས་ཅིག་འཕགས་པ་དགྲ་བཅོམ་པ་ཞིག་ཆོས་གོས་དང་ལྷུང་བཟེད་འཁར་བསིལ་དང་བཅས་པ་འོད་དང་གཟི་བརྗིད་དང་ལྡན་པ་ཅིག་ན་མཁའ་ལ་གཤེགས་པ་མཐོང་ནས། ངོ་མཚར་སྐྱེས་ཏེ་བི་ཤྭ་ཀརྨ་ལ་དྲིས་པས། རྗེའི་སྲས་འདི་འདྲ ་བའི་ངོ་མཚར་ཅན་མཁའ་ལ་རྒྱུ་བ་འདི་ཅི་ལགས་སྨྲས་པས། བི་ཤྭ་ཀརྨ་ན་རེ། འདི་ནི་ཉོན་མོངས་པ་སྤངས་པའི་འཕགས་པ་དགྲ་བཅོམ་པ་ཡིན་ཟེར་བས། བྷནྟེ་པས་ཀྱང་དེ་འདྲ་བ་ཐོབ་པོར་འདོད་ནས་འཛམ་བུའི་གླིང་དུ་སླར་འོངས་ནས ་སློབ་དཔོན་ནག་པོ་སྤྱོད་པ་ལ་ཆོས་ཞུས་པས། ནག་པོ་སྤྱོད་པས་གསང་བ་འདུས་པར་དབང་བསྐུར་ཏེ། རྣལ་འབྱོར་བསྲུང་བའི་ཐབས་ཚད་མེད་པ་བཞིའི་གདམ་ངག་བྱིན་ནས། སྙིང་རྗེ་ལྟ་ག་དགའ་བ་སྒོམ་པ། བྱམས་པ་སྤྱོད་པ། ་བཏང་སྙོམས་འབྲས་བུར་བསྒོམས་པས། ཕྱིན་ཅི་ལོག་གི་འཁྲུལ་པའི་དུག་ཐམས་ཅད་དག་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཏེ་ཕྱོགས་མཚམས་ཐམས་ཅད་དུ་རྣལ་འབྱོར་པ་བྷནྡྷེ་པ་ཞེས་བྱ་བར་གྲགས་ཏེ། ་དེ་ལ་བི་ཤྭ་ཀརྨས་ཅི་བྱས་དྲིས་པས། དེའི་ཞལ་ནས། དམིགས་པ་མེད་པའི་ལྟ་བ་དང་།། རྒྱུན་ཆད་མང་བའི་སྒོམ་པ་དང་།། ཕ་མ་ལྟ་བུའི་སྤྱོད་པ་དང་། ན་མཁའ་ལྟ་བུའི་འབྲས་བུ་བཞི།། ཐ་དད་མེད་པར་མངོན་དུ་མཐོང་།། མངོན་པར ་ཞེན་པ་ག་ལ་གྲུབ།། ཨེ་མ་བླ་མ་ངོ་མཚར་ཆེ།། མཁས་པ་རྟག་ཏུ་བསྟེན་པར་བགྱི།། ཅེས་གསུངས་ནས་མཉན་ཡོད་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ལོ་བཞི་བརྒྱའི་བར་དུ་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཇེད་དེ།། ་འཁོར་བཞི་བརྒྱ་དང་བཅས་པ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། གུ་རུ་བྷནྟེ་པའི་ལོ་རྒྱུས་རྫོགས་སོ།། ་ཏནྡྷེ་བའི་ལོ་རྒྱུས་བཞུགསོ།། ་གུ་རུ་ཏནྟེ་བའི་ལོ་རྒྱུས་ནི། ཏནྟེ་པ་བྱ་བ་ཚེ་ལོ་པ་བྱ་བ་ཡན་ལ། ཡུལ་ཀྵོ། ཤནྟི་བྱ་བར་དམང་རགས་ཀྱི་གང་ཟག་ཅིག་དུས་རྟག་ཏུ་ཆ་ལོ་རྩུ་བསྡུ་ཟས་ནོར་ཐམས་ཅད་ཟད་ནས་མེད་ཀྱང་གོམས་པའི་སྟོབས་ཀྱིས་ཡང་ཚོའོ ་བརྩེས་པས་བཅལ་རྒྱུ་ཅི་ཡང་མེད་པས་མི་ཀུན་གྱིས་དེ་བརྡུངས་པ་ན། སྐྱོ་བ་སྐྱེས་ཏེ་དུ་ཁྲོད་དུ་ཕྱིན་པ་ནས་འདུག་པ་དང་། དེར་རྣལ་འབྱོར་པ་ཞིག་བྱོན་ནས་ཁྱོད་འདི་ན་ཅི་བྱེད་གསུངས་པས། དེ་ན་རེ། བདག་ཚེ་ལོ་ལ་དགའ་བས་ནོར་རྫས་ཐམས ་ཅད་ཤོར་སྟེ་ལུས་སེམས་སྤུ་བསྔལ་གྱིས་བརྡུངས་པས་འདི་ན་འདུག་གི་ནི་གདའ་ཞེས་ཞུས་པས། རྣལ་འབྱོར་པས་ཁྱོད་ཆོས་མི་བྱེད་དམ་བྱས་པས། དེ་ན་རེ། ཚེ་ལོ་སྤོང་བར་མི་ནུས་པས། དེ་མ་སྤངས་པར་ཆོས་བྱ་བྱར་ཡོད་ན་བདག་བྱེད་ལགས་ཞུས ་བསན། རྣལ་འབྱོར་པས་དེ་ཡོད་གསུངས་ནས། དེ་ལ་དབང་བསྐུར། གདམ་ངག་ཏུ། ཚེ་ལོ་ནོར་རྫས་ཟད་ནས་སྟོང་པར་སོང་བ་བཞིན་དུ་ཁམས་གསུམ་ཐམས་ཅད་སྟོང་པར་སོང་བར་བསྒོམས་ལ། ཁམས་གསུམ་སྟོང་པ་བཞིན་སེམས་ཉིད ་ཀྱང་སྟོང་པར་སྒོ་མོས་ཤིག། ཅེས་དང་། ཚེ་ལོ་ནོར་རྫས་རྣམས་ཟད་པ་ལྟར། རིག་པའི་ཚེ་ལོས་ཁམས་གསུམ་གྱི་རྣམ་རྟོགས་ཐམས་ཅད་ཟད་པར་གྱིས། དེ་ཡི་བདག་ཉིད་གདུང་བ་ལྟར།། རྣམ་རྟོག་ཆོས་སྐུར་བརྡུང་བར་བྱ།། དུ་ཁྲོད་དཔོན་པར ་ཉལ་བ་ལྟར།། བདེ་ཆེན་ཀློང་དུ་ཉལ་བར་བྱ། ཞེས་བསྟན་པ་བཞིན་བསྒོམས་པས། ཁམས་གསུམ་གྱི་རྟོག་པ་ཆོས་ཉིད་དུ་ནུབ། དེ་ལྟར་རྟོགས་པའི་རིག་པ་དེ་ཡང་རང་བཞིན་མེད་པར་གྱུར་ཏོ། ཕྱག་རྒྱ་ཆེན་པོའི་འབྲས་བུ་ཐོབ་ནས་དེས ་གསུངས་པ། དང་པོ་སྐྱོ་བ་མ་སྐྱེས་ན།། ཐར་པའི་ལམ་དུ་ག་ལ་འཇུག། དད་པས་བླ་མ་མ་བརྟོན་པར།། དངོས་གྲུབ་དམ་པ་གབ་ལ་འཇུག། ཅེས་གསུངས་ཏེ་ན་མཁའ་ལ་འཕགས་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད ་ཀྱི་གནས་སུ་གཤེགསསོ།། གུ་རུ་ཏཱནྡྷོ་བའི་ལྷོ་རྒྱུས་རྫོག་སོ།། ཀུཀྐུ་རི་བའི་ལོ་རྒྱུས་བཕྲུག་གོ།། གུ་རུ་ཀུཀྐུ་རི་བིའི་ལོ་རྒྱུས་ནི། ཡུལ་ཀ་བོ་ལ ་ས་ཀྲཱ་ན་ཡོད་པའི་བྲམ་ཟེ་ཞིག་སྔགས་ལ་དད་པ་སྐྱེས་ཏེ། རྣལ་འབྱོར་གྱི་སྤྱོད་པ་མཛད་ཅིང་མཐར་གྱིས་ལྡོམ་བུ་ལ་བྱོན་པ་ན། ལུམྦི་ནའི་གྲོང་ཁྱེར་དུ་བྱོན་པའི་ལམ་ཁ་ན། ཁྱི་ཁུ་མོ་ལྷོ་ཐེག་པ་ཞིག་འདུག་པས། དེ་ལ་བྱམས་པ་སྐྱེས་ནས ་དེ་ཁྱེར་དེ་གྲོང་ཁྱེར་དུ་བྱོན་པ་ཕྱོགས་བཞིར་གཟིག་པས། ཕྱོགས་ཅིག་ན་བྲག་ཕུག་སྟོང་པ་ཅིག་འདུག་པས། དེར་ཁྱི་ཁུ་བོར་སྟེ་བསྣོལ་སྙོམས་བླངས་ཀྱི་ན་དེར་བསྒྲུབས་པས་ལོ་བཅུ་གཉིས་ན་འཇིགས་རྟེན་པའི་དངོས་གྲུབ་མངོན་ཤེས ་ལ་སོགས་པ་ཐོབ་པས། སུམ་ཅུ་རྩ་གསུམ་པ་ལ་སོགས་པའི་ལྷ་རྣམས་ཀྱིས་སྤྱན་དྲངས་ཏེ་བྱོན་པའི་རྗེ་སུ་ཁྱི་ཁུ་ཉིད་དུ་ལུས་པས། མི་མེད་པར་ཁྱི་ཁུས་ས་བྱས་པས་ཆུ་དང་བཟའ་བ་ལ་སོགས་པ་བྱུང་བ་ཟ་ཞིང་དེར་བསྡད་བ་དང་། རྣལ ་འབྱོར་པ་དེ་ལ་ལྷ་རྣམས་ཀྱིས་མཆོད་པ་རྒྱ་ཆེན་པོ་བྱས་པ་ན། རྣལ་འབྱོར་པས་སྔར་གྱི་ཁྱི་ཁུ་དྲོན་ཏེ་ལོག་པོ་རོ་རྩམས་པ་ལས་ལྷ་རྣམས་ན་རེ། ཡོན་ཏན་འདི་ཙམ་ཐོབ་ཀྱང་ཁྱི་ཁུ་འདྲ་བའི་རྟོག་པ་མཆོད་པ་འདི་མ་ལེགས་པས། འདི ་ཉིད་དུ་བཞུགས་པར་ཞུས་ཞེས་ཡང་ཡང་བཀག་པ་ན། དུས་ཅིག་གི་ཚེ་མ་གསན་པར་བླག་ཕུག་ཏུ་ལོག་ནས་བྱོན་ཏེ་ཁྱི་ཁྲུ་ལ་བྱིལ་བྱིལ་མཛད་པས། དེ་མཁའ་འགྲོ་མར་སོང་ནས་དེའི་ཞལ་ནས། ལེགསོ་ལགསོ་རིགས་ཅན་ཁྱོད།། བར ་ཆད་དབང་དུ་མ་སོང་སྟེ།། དངོས་གྲུབ་དམ་པ་ལེན་དུ་འོངས།། སྔ་མའི་དངོས་གྲུབ་བརྫུན་པ་སྟེ།། ལོག་པར་བལྟ་པོ་དག་ལ་ཡོད།། ངོ་མཚར་མིན་སྟེ་འགྱུར་བ་ཅན།། ཟག་མེད་བདེ་ཆེན་མཆོག་ཉིད་ཀྱི།། དངོས་གྲུབ་དམ་པ་མ་ཡོས་སྟེ་རྭ།། ཞེས ་གསུངས་ཤིང་བབས་ཤེས་ཟུང་འཇུག་གྷི་བརྡ་སྠཱནྟུ་པས། འགྱུར་བ་མེད་སྟེ་པེ་བྱིན་ཙམ་སྡིག་པ་རྒྱུ་ལ་སྐྱེས་ཤིང་། དངོས་གྲུབ་མཆོག་ཐོཐཱ་ན་སྱཱ། དེ་མ་ནདུ་ལུ་མྲྀན་ལ་སོགས་པ་ཐམས་ཅད་དུ་ཐ་མ་ཀུཀྐུ་ར~ཾ་བ་ཞེས་བྱ་བར་གྲག་ས ་འགྲོ་དོན་མང་དུ་མཛད་ནས་གྲོང་ཁྱེར་ཀ་བི་ས་ལེ་ཀླུའི་སྐྱེ་བོའི་ཚོགས་དང་བཙས་དེ་ལུས་དེ་ཉིད་ཀྱི་སོ་མྦྷ་ཁཾའི་སྤྱོད་དུ་གཤེག་སོ།། གུ་རུ་ཀཱ་ཀྐུ་རི་བའི་ལོ་རྒྱུས་རྫོགས། ་ཀུ་རུ་ཀཱ་ཙཾ་པའི་ལོ་རྒྱུས་ནི། ཀུ་ཙི་བུ་བྱ་བོ་ལྷག་ལྔ་ཅན་ཏེ། ཡུ་ལོ་ཀཽ་ར~ཾ་བྱཾ་བར་དམང་རིགས་ཀྱི་གང་ཟག་ཅིག་ཞིང་ལས་ཀྱིས་འཚོ་བར་བྱེད་པ་ན། དུས་གཅིག་གི་ཚེ་དེ་ལ་སྔོན ་ལས་ཀྱིས་ལྷག་པར་ལྔ་བཞིག་སྐྱེས་ནས། དེ་རྗེ་ཆེར་གྱུར་ཏེ་འགྲོ་བ་ལ་སོགས་པའི་རློ་མི་ཤེས་པར།། དེ་སྡུག་བསྔལ་ནས་ཕྱོགས་དབེན་པ་ཞིག་ཏུ་ཉལ་ནས་སྡང་བའི་ཚེ།། དེ་འཕགས་པ་ཀླུ་སྒྲུབ་བྱོན་པས་དོ་ལ་དད་པ་སྐྱེས་ནས་ཐལ་མོ་སྦྱར་ནས། ་ཨེ་མ་འཕགས་པ་གང་ནས་བྱོན།། བདག་ནི་ལས་ངན་གྱིས་མནར་བས།། སྡུག་བསྔལ་བཟོད་དཀའ་འདི་འདྲ་ན།། ཐར་པའི་ཐབས་ཞི་བ་བདག་ལ་བརྩོལ།། ཞེས་ཞུས་པས། འཕགས་པས། དེ་ལས་ཐར་པའི་ཐབས་ཡོད ་དེ་བརྩོན་པར་སྒྲུབ་ནུས་སམ། ནུས་ན་སྡུག་བསྔལ་ཀུན་དྲུངས་ནས་འབྱིན་ཅིང་བདེ་བར་འགྲོ་བའི་ཐབས་ཡང་དེ་གསུངས་པས། དེ་ན་རེ། འཕགས་པ། བརྩོན་པར་སྒྲུབ་ཅིས་ཏེ་མི་ནུས་ན། ནུས་ལགས་ཟེར་བས། དེ་གསང་བ་འདུས་པར་དབང་བསྐུར་ནས། ་སྡུག་བསྔལ་ལོམ་ཁྱེར་ཀྱི་ཆོས་བསྐྱེད་རྫོགས་ཀྱི་གདམ་ངག་འདི་ལྟར་གནང་སྟེ། དེ་ཡང་བསྐྱེད་རིམས་ཀྱི་དམིགས་པར་ལྷག་པའི་ལྦ་བ་དེ་རྗེ་ཆེར་བསྒོམས་ཤིག་གསུངས་ནས། དེས་ཀྱང་དེ་ལྟར་བསྒོམས་པས་ལྦ་བ་དེ་སྔར་བས་ཇེ་ཆེར་སོང་བས་སྡུག ་བསྔལ་བ་ན། སླར་འཕགས་པས་བྱོན་ནས་བདེ་འམ་གསུངས་པས། ཤིན་ཏུ་སྡུག་བསྔལ་བར་གདའ་ཞུས་པས། རྫོགས་རིམས་ཀྱི་དམིགས་པ་ལྟར་དེར་ཆོས་ཐམས་ཅད་འདུས་པར་བསྒོམས་ཤིག་གསུངས་པས།། དེ་ལྟར་བསྒོམས་པ་ན་སྐྱེ་བ ་མེད་པར་སོང་ནས་བདེ་བ་ན། ཡོད་འཕགས་པ་བྱོན་ནས་བདེའམ་གསུངས་པས། བདེ་ལགས་ཞུས་པས། དེ་ལ་གདམས་པ། ཡོད་དང་མེད་ལས་བདེ་སྡུག་འབྱུང་།། མཐའ་གཉིས་རྟོག་པ་དང་བྲལ་ན།། བདེ་དང་སྡུག་བསྔལ་ག་ལ་ཡོད ་ཆོས་རྣམས་རང་རང་ངོ་བོས་སྟོང་།། ཅེས་གསུངས་པས། དེས་ལེགས་པར་རྟོགས་ཏེ། དམིགས་མེད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། ངེས་ཀ་ཧ་རི་ལ་སོགས་པར་ལོ་བདུན་བརྒྱའི་བར་དུ་འགྲོ་དོན་མཛད་དེ། ཀུ་རྩི་བ་ཞེས་གྲགས་ལ ་འཁོར་བདུན་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ།། གུ་རུ་ཀུ་ཙི་པའི་ལོ་རྒྱུས་རྫོགསོ།། ་རྣམ་།། གུ་རུ་དྷ་མི་པོའི་ལོ་རྒྱུས་ནི། དྷ་མ་པ་སྟེ་ཐོས་པའི་ཤེས་རབ་བྱ་བ་ཡིན་ལ། ཡུལ་བི་ཀྲམ་སུ་རཱན། བྲམ་ཟེ་ཞིག་དུས་རྟག་ཏུ་ཐོས་པ་ལ་བརྩོན་པར་གནས་ཀྱང་། བསམ་པ་དང་བསྒོམས་པའི ་ཤེས་རབ་མེད་པ་ལ། དུས་ཅིག་གི་ཚེ་རྣལ་འབྱོར་པ་ཅིག་བྱོན་ནས། ཐོས་པ་མང་དུ་བྱས་པས་བློ་ལ་ཆོས་མང་དུ་ཡོད་དམ་གསུངས་པས། དེ་ན་རེ་རྣལ་འབྱོར་པ་བདག་གིས་ཆོས་མང་དུ་ཐོས་ཀྱང་ཐོས་མ་ཐག་ཏུ་བརྗེད་པ་དང་། མི་རྗེད་པའི་གདམས ་ག་ཞུ་འཚལ་ཟེར་བ་ལ། རུང་གསུང་ནས་བྱིན་རུབཱ་འཕོ་བའི་དབང་བསླར་ནས། དུ་མེ་རོ་གཅིག་གི་གདམས་པ་འདི་གན་ངོ་།། རིན་ཆེན་ཕྱེ་མ་དུ་མ་རྣམས། མགར་གྱིས་ལེགས་པར་ཅིག་ཏུ་འགྱུར།། དེ་བཞིན་ཐོས་པ་སྣ ་ཚོགས་ཀྱང་།། སེམས་ཉིད་དབྱིངསུ་གཞུ་བར་བགྱི།། ཞེས་གསུངས་པའི་དོན་གོ་ནས། ཐོས་པའི་ཆོས་རྣམས་སེམས་ཉིད་དུ་མ་རོ་ཅིག་ཏུ་རྟོགས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། དྷ་མ་པ་ཞེས་གྲགས་ལ། གདུལ་བྱ་མང ་བོ་ཐར་ལམ་ལ་བཀོད་ནས། ལུས་དེ་ཉིད་ཀྱིས་མཁའ་སྦྱོང་དུ་གཤེགསོ།། གུ་རུ་དྷ་མ་པའི་ལོ་རྒྱུས་རྫོགསོ།། །། གུ་རུ་མ་ཧི་བིའི་ལོ་རྒྱུས་ནི། མ་ཧི ་པ་སྟེ་ང་རྒྱལ་ཅན་ནོ།། དེ་ཡང་ཡུལ་མ་གྷ་དྷ་ན། དམང་རིགས་ཀྱི་གང་ཟག་ལུས་སྟོབས་ཤེང་ཆེ་བ་ཞིག་གནས་པ་དེ་ངས་མི་ཐུབ་པའི་མི་འམ། སྲོག་ཆགས་གང་ཡང་མེད་སྙམ་དུ་ང་རྒྱལ་གྱིས་དུས་རྟག་ཏུ་ནོན་ནས ་འདུག་པའི་གམ་དུ་རྣལ་འབྱོར་པ་ཅིག་བྱོན་ནས་དེ་ལ་ལྟ་སྟེ། ཁྱོད་ཅི་སེམས་ཞིང་འདུག་གསུངས་པས། ཅི་ཡང་སེམས་པ་མེད་ཟེར་བས། འོ་ན་ངས་མི་ཐུབ་པ་ཅི་ཡང་མེད་སྙམས་པ་དེ་ཅི་ཡིན་གསུངས་པས། དེ་དད་ནས། ན་མོ། ཞེས་ཕྱུག ་བྱས་པའི་ཚེ། ང་རྒྱལ་གྱིས་དྲི་མ་དག་པོར་གྱུར་ཅིག་གསུངས་པས། དེ་ན་རེ་བདག་ལ་ཆོས་ཅིག་ཞུ་ཟེར་བས་རུང་གསུངས་ཏེ། བྱིན་རླབས་འཕོ་བའི་དབང་བསྐུར་མཛད་ནས། སྣང་བ་སེམས་སུ་ཤེས་བྱས་ནས།། སེམས་ཉིད་སྟོང་པ་སྐྱེ ་འོགག་མེད།། དེ་ལ་མ་ཡེངས་བསྒོམ་པ་ཡིན། ཀློང་དུ་གྱུར་ན་འབྲས་བུའོ།། གསུངས་པས། དེ་མ་གོ་ལགས་ཞུས་པས། ཡང་ཁྱོད་ནི་སྟོབས་ཅན་ཉིད་ཡིན་པསྟེ།། ཁྱོད་ཀྱིས་མི་ཐུབ་གང་ཡོང་མེད།། སྣང་བ་རླུང་དང་ཤེས་པོ་གསུཾ ་ནམམཁའི་དབྱིངསུ་གཟུང་བར་བྱའོ།། ཞེས་འགལ་བ་ལམ་ཁྱེར་གྱི་གདམས་པ་བསྟན་པས། དེས་ཀྱང་ཅི་དཀའ་སྙམ་ནས་གཟུང་བས། གཟུང་བའི་ཡུལ་མ་རྙེད་ཅིང་འཛིན་པའི་ཤེས་པ་སྟོར་ནས་ན་མཁའི་དབྱིངས་ལྟར་སྟོང་པས་གྲུབ་པ་ཐོབ ་སྟེ། ཡུལ་མ་གྷ་དྷ་ལ་སོགས་པར་ལོ་སུམ་བརྒྱའི་བར་དུ་གདུལ་བྱ་དཔག་ཏུ་མེད་པ་ལ་གནས་ལུགས་དངོས་མེད་སྟོབས་ལྡན་གྱི་གདམས་པ་གནང་ནས། འཁོར་ཉིས་བརྒྱ་ལྔ་བཅུ་རྩ་གཅིག་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ ་སྤྱོང་དུ་གཤེགསོ།། གུ་རུ་མ་ཧི་བའི་ལོ་རྒྱུས་རྫོགསོ།། ཚིནྟི་ལོ་རྒྱུས་བཞུག་སོ།། གུ་རུ་ཨ་ཙིནྟའི་ལོ་རྒྱུས་ནི། ཨ ་ཙྪིནི་དྲན་པ་མེད་པ་བྱ་བ་ཡིན་ལ། ཡུལ་ནི་དྷི་ནི་རུ་བེ་ཡིན་ཞིང་། རིགས་ནི་ཤིང་འཚོང་བའི་རིགས་ཡིན་ནོ།། དེ་ཡང་ཤིན་ཏུ་དབུལ་ཞིང་། འཕོངས་པ་ཡིན་ལ། ཉིན་མཚན་དུ་ནོར་རྫས་ལ་སྲེད་བྱས། འཇིག་རྟེན་གྱི་རྣམ་རྟོག་གཞན་གང་ཡང ་དྲན་པ་མེད་པར་ནོར་རྫས་འབའ་ཞིག་འདོད་པས་གདུངས་ཏེ་དབེན་པ་ཞིག་ཏུ་འདུག་པ་དང་། དེའི་གམ་དུ་རྣལ་འབྱོར་པ་ཀམྦྷ་ལ་སྟེ་ལྟ་བ་བྱོན་ནས། ཁྱོད་དབེན་པ་ན་ལུས་ངག་དབེན་པར་འདུག་སྟེ་ཅི་སེམས་ཀྱི་ན་འདུག་གསུངས་པས། དེ་ན་རེ། ་རྣལ་འབྱོར་པ་བདག་ནི་འཇིག་རྟེན་གྱི་ནོར་རྫས་སེམས་པ་ལས་གཞན་ཅི་ཡང་མི་དྲན་ལ། ནོར་སེམས་ཀྱང་ཁུགས་པ་ནི་ཅི་ཡང་མི་འདུག་ཞུས་པས། ང་ལ་ནོར་རྫས་ཁུགས་པའི་གདམས་པ་ཡོད་དེ། ཁྱོད་ཀྱི་སྒྲུབ་ནུས་སམ་གསུངས ་པས། དེ་ན་རེ། སྒྲུབ་མི་ནུས་པའི་ཐབས་མེད་པས་ཅིས་ཀྱང་ཞུ་ཟེར་ནས། དེ་བདེ་མཆོག་ཏུ་དབང་བསྐུར། མི་ཟབ་པ་རྫོགས་པའི་རིམ་པ་འདི་གནང་སྟེ།། འདོད་པས་བརྙེད་པ་ག་ལ་ཡོད།། མོ་ཤམ་བུ་ནི་ཇི་བཞིན་དུ།། དེས་ན་འདོད ་བའི་སེམས་སྤོངས་ལ།། རང་ལུས་ན་མཁའི་ངང་ཉིད་དུ། རང་སེམས་སྐར་མར་གསལ་བར་བསྒོམས།། དེ་ཡང་ནོར་ལྷ་ཉིད་ཡིན་པས།། མངོན་དུ་གྱུར་པ་ཉིད་ཀྱི་ཚེ།། འདོད་དགུ་མ་ལུས་འབྱུང་བར་འགྱུར།། ཞེས་གསུངས་པས ་དེས་ཀྱང་དེ་བཞིན་དུ་བསྒོམས་པས། ནོར་རྫས་ཀྱི་རྟོག་པ་དེ་སྐར་མའི་ངང་དུ་སྟོར། སྐར་མ་དེ་ཡང་ན་མཁའི་ངང་དུ་ནུབ་ནས་རྟོག་མེད་ཀྱི་ངང་དུ་སོང་བ་ན། ཡང་བླ་མ་བྱོན་ནས་དྲིས་པས། ཅི་ཡང་མ་དམིགས་ཟེར་ནས ་རྟོགས་མེད་དུ་སོང་བ་ན། སླར་དེ་ལ། ནམ་མཁའི་རང་བཞིན་ཇི་ལྟ་བུ།། ། ཁྱོད་ཀྱིས་ཡུལ་དུ་བྱས་སམ་ཅི།། ཁ་དོག་དབྱིབས་སོགས་བྲལ་བ་ན།། ཅི་ལྟར་ཞེན་ཅིང་ཇི་ལྟར་སྒོམ།། གསུངས་པས་དེའི་དོན་རྟོགས་ནས། ཕྱག་རྒྱ་ཆེན་པོའི ་དངོས་གྲུབ་ཐེབ་ནས། བླ་མ་ཨ་ཙིནྡྷུར་གྲགས་ཤིང་། གནས་ལུགས་ཀྱི་གདམས་པས་ལོ་སུམ་བརྒྱར་འགྲོ་དོན་མཛོད་ནས། འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་ཨ་ཙིནྡྲའི་ལོ ་རྒྱུས་རྫོག་སོ།། @#། པཎྜི་ཏ་པོ་རྒྱམ་བཅུག་སོ།། གུ་རུ་བ་བྷ་ཧཱིའོ་ལོ་རྒྱུས་ནི། བབྷཱ་ཧིའི་དོན་ནི་ཆུ་ལ་འོ་མ་ལེན་པ་བྱ་བ་ཡིན་ལ། ཡུལ་དྷནྡྷ་ར་བྱ་བ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་རྒྱལ་པོའི ་འདོད་པའི་ཡོན་ཏན་གྱིས་མྱོས་ནས་འདུག་པ་ལ། དེའི་གམ་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས་ཟས་ཀྱི་བསོད་སྙོམས་མཛད་པས་བཟའོ་བ་དང་བཅའ་བ་གྱ་ནོན་པ་དངོས་ཏེ། རྒྱལ་པོ་དང་ནས་ཆོས་གཅིག་ཞུ ་ཟེར་བ་ལ། དེས་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་ཡིན་པ་དང་། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་ནོ།། ཞེས་གསུངས་ཏེ་བྱིན་རླབས་འཕོ་བའི་དབང་བསྐུར་ནས། རྩ་རླུང་ཐིག་ལེའི་གདམས་པ་འདི་ལྟར་གནང་སྟེ། གཞན ་པུ་ས་ཐབས་ལྡན་ཁྱད་པར་ཅན།། བྷ་གའི་རྣམ་པའི་དཀྱིལ་འཁོར་དུ།། རཀྟའི་རྒྱ་མཚོ་ཆེན་པོ་ལ། བྱ་སེམས་འོ་མ་བསྲེས་ཤིང་ལེན།། གནས་སུ་འཁྱོལ་བ་ནས་ཁོང་དུ་གྲམ།། བདེ་བ་རྒྱུན་ཆགས་དེ་ལྟ་མིན།། བདེ་བས་བདེ་བ་འཇོམས་པ་ན།། དེ ་ཡང་སྟོང་དང་དབྱེར་མེད་སྒོམ།། ཅེས་གསུངས་པས། དེས་ཀྱང་ཉམ་སུ་བླངས་པས་ལོ་བཅུ་གཉིས་ན་མཐོང་གི་དྲི་མ་དག་ནས་དངོས་གྲུབ་ཐོབ་སྟེ། གདུལ་བྱའི་དོན་ཡང་མང་དུ་བྱས་ནས། དཔེར་ན་ངང་པའི་རྒྱལ་པོ་ཡིས། ཆུ་ལ་འོ་མ ་འབྱེད་པ་བཞིན།། བླ་མ་དམ་པའི་གདམ་ངག་གིས།། བྱང་ཆུབ་སེམས་ཀྱི་བདུད་རྩི་བླངས།། ཞེས་གསུངས་ནས་ལུས་དེ་ཉིད་ཀྱིས་མཁའི་སྤྱོད་དུ་གཤེགས་སོ།། ་གཽ་རུ་བྷ་བ་ཧིའི་ལོ་རྒྱུས་རྫོགསོ།། ་ནའི་ནའི་མོ་རྒྱས་བཞུག་སོ།། ཀུསུ་རུ་ན་ལི་ནའི་ལོ་རྒྱུས་ནི། ན་ལི་ན་སྟེ་པདྨའི་རྩ་བ་བྱ་བའོ།། ཡུལ་ས་ལི་པུ་ཏྲ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་ཤིན་ཏུ་འཕོངས་ནས་པདྨའི་རྩ་བ་མཚོ་ནས་བསྡུས་ཏེ་འཚེ་བ་བྱེད་པ་ན། དུས་གཅིག ་གི་ཚེ་རྣལ་འབྱོར་པ་ཞིག་དང་ཕྲད་ནས། དེ་དྲངས་པས་དེས་ཀྱང་འཁོར་བའི་ཉེས་པ། མྱ་ངན་ལས་འདས་པའི་ཡོན་ཏན་བཤད་པས། དེ་འཁོར་བ་ལས་བློ་ལོགས་ཏེ། བླ་མ་ཐར་པ་ཐོབ་པའི་ཐབས་བིག་ཞུ་ལེགས་ཟེར་བས། རུརུ་གསུངས་ནས་གསང ་བ་འདུས་པར་དབང་བསྐུར་སྟེ་རང་ལུས་ཐབས་ལྡན་ལ་བསྟེན་པའི་གདམས་པ་འདི་གནོང་།། སྤྱི་བོ་བདེ་བ་ཆེན་པོར་ནི།། ཧཾ་ནི་དཀར་པོ་ཡང་དག་བསམ།། ལྟེ་བ་སྤྲུལ་པའི་ཡི་གེ་འམ།། འོད་འབར་བས་ནི་ཧཾ་འཇིགས་ཏེ། ་དགའ་དང་དགའ་བྲལ་མཆོག་དགའ་དང་།། ལྷན་སྐྱེས་དང་ནི་རིམ་པ་བཞིན།། འབྱུང་བས་འཁོར་བའི་ཉེས་པ་དང་།། ཐར་པའི་བདེ་ཆེན་འདོར་ཞིང་ལེན།། ཞེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པ་ན། པདྨ་འདམ་ནས་སྐྱེས ་ཀྱང་འདམ་གྱིས་མ་གོས་པ་བཞིན། སྒོམ་པ་དགྲ་པ་བཞི་འཁོར་ལོ་བཞི་ལ་བསྟེན་ནས་སྒོམས་ཀྱང་། དམིགས་པ་དང་འཁོར་བའི་ཉེས་པས་མ་གོས་པར་ལོ་དགུ་ན་དོན་རྟོགས་ཤིང་འཁྲུལ་པའི་དྲི་མ་ཐམས་ཅད་དག་སྟེ་ཕྱག་རྒྱ་ཆེན་པོའི་དངོ ་གྲུབ་ཐོབ་ནས་སཱ་ལུ་པུ་ཏྲར་འགྲོ་དོན་མཛད་ལ། འཁོར་བཞི་རྒྱན་འཁོར་བྱེད་དང་ལྔ་བརྒྱ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། ་གུ་རུ་ན་ལི་པའི་ལོ་རྒྱུས་རྫོགས་སོ།། ་xxx ་གུ་རུ་བྷུ་སུ་ཀུའི་ལོ་རྒྱུས་ནི། ཡུལ་ན་ལེནྡ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་རང་བཞིན་བཟང་ཞིང་རབ་ཏུ་བྱུང་ནས་དགེ་སློང་དུ་མཛད་ལ། དེ་ཡང་ནཱ་ལནྡྲའི་རྒྱལ་པོ་དེ་ཝ་ཕ་ལ་བཞུགས་པའི་ཚེ། དེའི་ཆོས ་སྐོར་ལ་དགེ་འདུན་བདུན་བརྒྱའི་སྐུ་འཚོ་བཟང་པོ་བཟའ་བཏུང་སོགས་ཅི་བཞེད་འབུལ་ཅིང་། སྡེ་བཞི་ཡོད་པའི་ཕལ་ཆེན་སྡེ་པའི་མཁན་པོ་ལ།། མཁན་བུ་སུམ་བརྒྱ་ཙམ་ཡོད་པ། གཞན་ཀུན་བརྩོན་པས་རིགས་པའི་གནས་ལྔ ་ལ་བྱང་བར་ཡོད་པ་ལ། རྒྱལ་རིགས་དགེ་སློང་དེ་ནི་རྟག་ཏུ་གཉིད་ལོག་པར་བྱེད་ལ། འཕོ་བའི་མེ་དོད་ཀྱང་ཆེ་ནས་འབྲས་བྲེ་ལྔ་ལྔ་ནང་རེ་བཞིན་ཟ་ཡིན་འདུག་པ་ལ། རྒྱལ་པོ་དེ་ཝ་ཕ་ལ་ན་རེ། འདི་བྷུ་སུ་ཀུ་ཞིག་འདུག་གོ་ཟེར་བས། ་མིང་དུ་ཡང་བྷུ་སུ་ཀུ་ཞེས་གྲགས་ལ། དེ་ནི་ཟ་ཉལ་འཆགས་གསུམ་པ་ཞེས་བྱའོ།། ནཱ་ལནྡ་པའི་ཆོས་སྐོར་དེ་དུས་རྟག་ཏུ་མདོར་མོ་སུ་འདོན་པའི་ལུགས་ཡོད་པ་ལས། དེ་ན་གནས་པ་ཀུན་གྱིས་བྷུ་སུཾ་ཀུ་བ་ལ་ཁ་ཟེར་ཞིང་། ་མཁན་པོས་ཀྱང་ཁྱོད་ཀྱི་མདོ་འདོན་པ་ལ་སོགས་པ་མི་འོངས་པས་གཤེད་དུ་སོང་ཅིག་ཟེར་བ་ན། དེ་ན་རེ། ང་ཚུལ་ཁྲིམས་མ་ཉམས་པས་གནས་ནས་ཕྱུང་བར་མི་རིགས་ཤིང་། རིག་པ་སློབ་པའི་སྐལ་བ་མེད་ཟེར་ནས་འདུག ་པ་ན། དུས་ཅིག་གི་ཚེ་མདོ་འདོན་པའི་རེས་བབ་པས། དགེ་འདུན་གྱིས་སང་ནི་ཁྱོད་ཀྱིས་མདོའི་རེ་མོས་ཡིན་པས་ཐོན་ཅིག་ཅེས་སྨྲས་པས། དེས་ཀྱང་འདོན་པར་ཁས་སྤངས་པ་དང་། ནཱ་ལནྡ་པའི་དགེ་འདུན་ཀུན་ནང་པར ་བྱོན་ནས་བྷུ་སུ་ཀུ་མདོ་འདོན་པ་ལ་ལྟ་བ་ཡིན་ཟེར་བཞད་གང་དུ་བྱེད་པ་ལ། དེའི་མཁན་པོ་ན་རེ། ཁྱོད་ཀྱིས་རིགས་པ་སློབ་པའི་ཚེ་ཟ་ཡིན་གཉིད་ཅིག་པུ་ལོག་ན། ད་ནཱ་ལནྡའི་མཁས་པ་རྣམས་ཀྱི་མདོ་མི་ཐོན་བྱས ་བ་ལ། བྷུ་སུ་ཀུ་ན་རེ། བདག་མདོ་འདོན་ཟེར་ཉན་མ་འདོད་པ་ལ། མཁན་པོས་སྨྲས་པ། ཁྱོད་ཀྱིས་མདོ་མ་ཐོན་ན་གནས་ནས་བསྐྱོད་པས་དེ་བས་འདུག་ན་རུང་ཞེས་སྨྲས་པ་ན། ང་རང་ཤེས་ཟེར་མ་ཉན་པ་ན།། མཁན་པོས་འཕགས་པ་འཇམ་དཔམ། ་གྱི་སྔགས་ཨ་ར་བ་ཅེ་ན་བསླབས་ཏེ། སྔགས་འདི་མཚན་གཉིད་མ་ལོག་པར་ཟློས་ཤིག་བྱས་ནས། སྔགས་ཀྱི་གདམས་པ་བྱིན་ནས་ངོས་ཀྱང་མཚན་གཉིད་མ་ལོག་པར་རྐེ་ལ་ཐག་པ་བརྟགས་ནས་སྔགས་བཟླས་པ། འཕགས་པ་འཇམ་དཔལ ་དེར་དངོས་སུ་བྱོན་ནས། བྷུ་སུ་ཀུ་པ་ཁྱོད་ཅི་བྱེད་གསུངས་པས། བདག་ལ་ནང་པར་མདོ་འདོན་པའི་རོ་མོས་བབ་ལགས་པས། འཕགས་པ་འཇམ་དཔལ་ལ་གསོལ་བ་འདེབས་པ་ཡིན་ཞུས་པས། འཕགས་པའི་གསུང་ནས།། ཁྱོད ་ཀྱིས་ང་ངོ་ཤིས་སམ་གསུངས་པ། བདག་གིས་མ་འཚལ་ལགས་ཞུས་པས། འཇམ་དཔལ་ཡིན་གསུང་བས། འོ་ན་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པའི་དངོས་གྲུབ་ཞུ་བྱས་པས། འཕགས་པའི་ཞལ་ནས། ཁྱོད་ལ་ངས་རིག ་པ་བྱིན་གྱིས་ནང་པར་མདོ་ཐོན་ཅིག་གསུངས་ནས་མི་སྣང་བར་གྱུར་ཏོ།། དེ་ནས་ནང་པར་མདོ་འདོན་པའི་དུས་སུ། དགེ་འདུན་གྱི་ཀུན་དགའ་ར་བར་རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་བྷུ་སུ་ཀུ་པ་མདོ་འདོན་པར་ལ་ལྟའོ་ཞེས ་གཅིག་ལ་ཅིག་སྦྲན་པ་དང་། མེ་ཏོགས་ལ་སོགས་མཆོད་པའི་ཡོ་བྱད་ཀུན་ཁྱེར་ནས་སྐྱེ་བོའི་ཚོགས་ཐམས་ཅད་བཞད་རྨད་ཀྱི་ཆེད་དུ་དེར་ཕྱིན་པ་དང་། བྷུ་སུ་ཀུ་བ་དགེ་འདུན་གྱི་གདུགས་ཚོད་གསོལ་ནས། ཞུམ་པ་མེད་པར་གཙུག་ལག ་ཁང་གི་ཁྲིའི་སྟེང་དུ་བྱོན་ནས་བཞུགས་པའི་ཚེ་གཟི་བྱིན་ཁྱད་པར་འཕགས་པར་འདུག་ནས་ཐམས་ཅད་རྟོག་པ་སྐྱེས་པ་ལ་མདུན་ཡོལ་བས་བཅང་དེ། བདག་གིས་མདོ་སྔར་བྱུང་བ་གཅིག་བཤད་དམ། མ་བྱུང་བ་ཅིག་བཤད ་གསུངས་པས། པཎྜི་ཏ་ཀུན་གཅིག་ལ་གཅིག་ལྟ་ཤིང་། སྐྱེ་བོའི་ཚེགས་ཀུན་དང་། རྒྱལ་པོ་ཡང་གཞད་གདོ་བྱེད་ལ། རྒྱལ་པོ་ན་རེ། ཁྱོད་ཀྱིས་ཟ་ལུགས་ཀྱང་སྔར་མ་བྱུང་བ་གཅིག་ཤེས་ལ། བདག་གིས་མདོ་སྔར་བྱུང་བ ་གཅིག་ཤེས་ལ། ཉལ་བ་དང་འཆགས་པའི་སྤྱོད་ལམ་ཀྱང་སྦྱོར་མ་བྱུང་བ་ཁོ་ན་བྱེད་པས། ཆོས་ཀྱང་སྔར་མ་བྱུང་བ་གཅིག་ཟེར་བ་ལ། དེས་སྤྱོད་འཇུག་ལེའུ་བཅུའི་བདག་ཉིད་བཤད་ནས་ན་མཁའ་ལ་འཕུར་བས། ནཱ་ལནྡ ་པའི་པཎྜི་ཏ་ལྔ་བརྒྱ་དང་། རྒྱལ་པོ་དེ་ཝ་པ་ལ་ལ་སོགས་པ་སྐྱེ་བོའི་ཚིགས་ཐམས་ཅད་དང་ནས་མེ་ཏོག་སྟོར་བས་དབུས་ནུབ་ཙམ་དུ་ཆགས་ལ། འདི་ནི་བྷུ་སུ་ཀུ་པ་མ་ཡིན་ཏེ་མཁས་པར་འདུག་གོ་ཟེར་ནས། རྒྱལ་པོ་དང་པཎྜི་ཏ ་ཀུན་གྱིས་ཤནྟ་དེ་ཝ་བྱ་བར་བཏགས་ལ། རྒྱལ་པོ་དང་པཎྜི་ཏོ་ཀུན་ང་རྒྱལ་ཞི་བར་བྱས་པས་ཞི་བ་ལྷ་ཞེས་བྱ་བ་ཡིན་ནོ།། དེ་ནས་པཎྜི་ཏ་སོགས་དེར་འདུས་པ་ཀུན་གྱིས་དེའི་འགྲེལ་པ་ཞིག་མཛད་པར་ཞུས་པས་ཕྱིས་མཛད་ལ། དེ་དག ་གི་མཁན་པོར་ཞུས་པས་མ་གནང་བར། ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་རབ་ཏུ་བྱུང་བའི་ཡོ་བྱད་དཀོན་མཆོག་དང་གཙུག་ལུག་ཁང་དུ་ཕུལ་ནས། མཁན་པོ་དང་དགེ་འདུན་གྱིས་མཚོར་བར་བྲོས་ཕྱིན་ཏེ། རིམ ་གྱིས་རྔེ་ཀི་རི་བྱ་བའི་གྲོང་ཁྱེར་འབུམ་ཚོ་ཕྱེད་ཡོད་པར་ཤིང་གི་རལ་གྲི་ཡུ་བ་གསེར་གྱིས་བཀུས་པ་ཞིག་བསྣམས་ནས་བྱེན་ཏེ། དེའི་རྒྱལ་པོ་ལ་བདག་ཁྱེད་ཀྱི་རལ་གྲི་བ་བགྱི་བྱས་པས་རུང་གསུངས་ཏེ། ཉི་མ་རེ་ལ་གསེར་ཏོ་ལོ་བཅུ་བཅུ ་སྦྱིན་པ་དེས་འཚོ་བ་མཇེད་ལ། ལོ་བཅུ་གཉིས་རལ་གྲི་པ་བྱེད་ཀྱིན་སྙིང་པོའི་དོན་དང་མ་བྲལ་བར་བྱསོ།། དུས་གཅིག་སྟོན་ཀའི་ཚེ་རལ་གྲི་བ་ཀུན་ལྷ་མོ་ཨུ་མའི་རྟེན་ལ་མཆོད་པོ་བྱེད་པས། ཁང་གིས་ཀྱང་དེ་ཁོ་ན་ལྟར་མཛད། དུས ་གཅིག་གི་ཚེ་རལ་གྲི་འཁྱུད་པ་ཡིན་པ་ལ། ཀུན་གྱིས་དཀྲུས་པའི་ཚེ་ཁོང་གི་རལ་གྲི་ཤིང་དུ་འདུག་པ་གྲོགས་ཅིག་གིས་མཐོང་ནས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོ་ན་རེ། ཁྱོད་ཀྱི་རལ་གྲི་ང་ལ་སྔོན་གཅིག་ཟེར་བ་ལ། བསྟན་ན་ཁྱེད ་ཅག་ལ་གནོད་པར་འགྱུར་བས་མི་རུང་གསུངས་པས། གནོད་ཀྱང་བླའི། ངེས་པར་སྟོན་ཅིག་ཟེར་བས། འོ་ན་མིག་ཡ་བ་རེ་ཁོབ་ཅིག་གསུངས་ནས་རལ་གྲི་ཤུབས་ནས་བྱུང་བས། འོད་མ་བཟོད་པར་ལ་བཀབ་པའི་མིག་རྣམས་ཞར ་ནས། བཟོད་པར་གསོལ་ཞིང་གསོལ་བ་བཏབ་པས། དེ་དག་ལ་ཞལ་ཆབ་བྱུགས་པས་མིག་ཅན་དུ་སོང་ནས་ངོ་མཚར་སྐྱེས་ཏེ། མཆོད་གནས་སུ་ཞུས་པས་མ་བཞེད་དེ། དེ་རི་བྲག་ཞིག་ཏུ་བྱོན་ནས་སྤྲུལ་པའི་རི་དགས་བསད་ཅིང་། དེ ་བདག་གི་ཤ་ཟ་བ་མི་ཀུན་གྱིས་མཐོང་ནས་རྒྱལ་པོ་ལ་ཞུས་པ་དང་། རྒྱལ་པོ་འཁོར་བཅས་དེར་བྱོན་ནས། རྒྱལ་པོས་སྨྲས་པ། ཁྱེད་སྔར་ནཱ་ལནྡྲའི་རྒྱལ་པོ་ལ་སོགས་པ་བརྟུལ་ནས་ཆོས་ལ་བཀོད། འདིར་ཡང་མིག་ཞར་བ་གསོས་པ་ལ ་སོགས་པ་བསྟན། དེ་འདྲའི་ནུས་པ་མངའ་བཞིན་དུ་སྲོགས་ཆགས་ལ་གནོད་པར་མཛད་པའི་ལུགས་ཡོད་དམ་ཞུས་པས། ཞི་བ་ལྷས་བདག་གིས་བསད་པ་མ་ཡིན། གསོས་པ་ལགས་གསུངས་ནས་སྐྱིལ་པོའི་སྒོ་ཕྱེ་ནས་བལྟས་པ ་ན། རི་དགས་རྣམས་ཉིས་འགྱུར་གྱིས་ཆེ་བར་གྱུར་ཏེ། ཕྱིར་དོན་ནས་རི་དང་ལུང་པ་ཁྱབ་པར་གྱུར་པས། རྒྱལ་པོ་ལ་སོགས་པ་ཀུན་དད་པ་ན། མཐར་རི་དགས་དེ་དག་གར་སོང་ཆ་མེད་དུ་གྱུར་པས། རྒྱལ་པོ་ལོ་སོགས་པ་སྐལ ་བ་ཡོད་པ་དག་གིས་ནི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དང་། གདོད་ནས་མ་གྲུབ་བོར་རྟོགས་པ་ཡང་སྐྱེས་ནས་ལམ་ལ་གནས་པར་གྱུར་སྟེ། དེའི་ཞལ་ནས། བདག་གིས་གསད་པའི་རི་དགས་རྣམས།། དང་པོ་གང་ནས ་ཀྱང་མ་འོངས།། བར་དུ་གང་དུ་ཡང་མི་གནས། ཐ་མ་གང་དུ་འགག་མི་འགྱུར།། གདོན་ནས་མ་གྲུབ་ཆོས་རྣམས་ལ།། བསད་དང་གསོད་བྱེད་ག་ལ་གྲུབ།། ཀྱེ་མ་སེམས་ཅན་སྙིང་རེ་རྗེ།། བྷུ་སུ་ཀུ་ནི་སྨྲ་བར་བྱེད།། ཅེས་གསུངས་ནས ་ཡུལ་དེའི་རཱ་ཛ་ལ་སོགས་པ་ཀུན་བརྟུལ་ནས་ཆོས་ལ་བཀོད་དོ།། དེ་བས་ན་དང་གུས་ཆོས་ལ་སྒྲུབ་ན། བྷུ་སུ་ཀུ་པས་མཆེན་གཅི་གོ་བསྒྲུབས་པས་ཕྱག་བརྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ལུས་ངག་ཡིད་གསུམ་གཅིག་ཏུ་རྟོགས་ཏེ། ་ཡོན་ཏན་གྱི་ཆོས་སྐད་ཅིག་མ་ལ་བྱུང་ནས། མཐར་ལོ་བརྒྱན་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་བྷཱུ་སུ་པའི་ལོ་རྒྱུས་རྫོག་སོ།། ་ཨཱརྒྷ་ཏིའི་ལོ་རྒྱུས་བཞུགསགུ་རུ་ཨིནྡྲ་བྷཱུ་ཏིའི་ལོ་རྒྱུས་ནི། ཡུལ་ཨོ་རྒྱུན་ན་གྲོང་ཁྱེར་འབུམ་ཚོ་ལྔ་ཡོད་པ་ལ། རྒྱལ་པོ་གཉིས་ཀྱི་དབང་བྱེད་དེ། སམ་པོ་ལ་གྲོང་ཁྱེར་འབུམ་ཚེ་ཕྱེད་དང་གསུམ་ལ ་ཨིནྡྲ་བྷཱུ་ཏིས་དབང་བྱེད། ངྒེ་བུར་གྲོང་ཁྱེར་འདུམ་ཚོ་བྱེད་དང་གསུམ་ལོ་རྒྱལ་བཾ་ཛྭཱ་ལེ་རྣཾས་པང་བྱེད་པ་ན། འི་ལེའི་རྒྱལ་པོ་ཨནྡྲཎྜཱ་ཏི་ལ་སྲིང་མོ་ལ~ཾ། ཀཱར་བྱཱ་བ་ལོ་བདུན་ལོན་པབ་ཞིག་ཡོད་དེ། ལུན་འྀ་རྒྱལ་པོ་དྷཱ་ལོནྡྷེ་ཕུལ་སྐྱོང་དུ ་བཏང་བ་ལས། རྒྱལ་པོ་ཨིན་བྷཱུ་ཏཱིས་བློན་པོ་ཀུན་བསྡུས་ནས་གྲོས་བྱས་པ་ལ། ཛཱ་ལནྡྲ་ཆོས་མི་བྱེད་པ་ཙམ་མ་རྟོགས་གཞན་སྙམ་པ་ཟེར་ནས་གཏོང་བར་ཆད་ནས། ཕོ་ཉ་བ་ལ་ཆོས་བྱེད་པ་དང་མི་བྱེད་པའི་ཁྱད་པར་ཡོད་དེ་གཉེན་བྱ་ཡིས ་གསུངས་ནས་བཟློག་པས། དེའི་ཕྱི་ལོ་དེའི་སྲས་སྲྀ་པོ་ལར་འོངས་ནས། ལ་ཀྵི་ཀི་ར་དང་ཕྲོད་ནས་རྒྱལ་བུ་རང་གི་ཡུལ་དུ་ཆས་པ་ལ། ཨིནྡྲ་བྷཱུ་ཏིས་རྟ་དང་གླང་པོ་དང་གསོར་དངུལ་ལ་སོགས་པའི་སྐྱེས་མང་པོ་བསྐུར་ནས་བསྟང་ངོ་།། ་དེ་རང་གི་ཡུལ་དུ་ཕྱིན་པ་དང་། ཕོས་ཆུང་མ་གེ་རེ་ཟེར་བ་ལ། བུ་མོ་ཆུང་བས་མེ་བསྐུར་བྱས་པས། དེ་ལེགས་ཟེར་ཏེ། དེ་ཙ་ན་རྒྱལ་པོ་ཨིནྡྲ་བྷྲྀ་ཏི་ལ་བཙུནི་མོ་མང་པོ་ཡོད་དེ། ཐམས་ཅད་ཆོས་ལོ་དང་བ་ཤ་སྡིག་ཡོད་པས ་ལྕམ་དྲལ་བཙུན་མོ་དང་བཅས་པས་བླ་མ་ལྭ་བ་པ་ལ་དབང་དང་གདམྦྷ་ངག་ཞུས་ནས་སྒྲུབ་པ་ལ་བརྩོན་པར་གནས་པ་ལ། ལྕམ་གྱིས་ལོ་བཅུ་དྲུག་ལོན་ནས། ཛཱ་ལེནྟ་ཞེས་པའི་རྒྱལ་པོས་ཕོ་ཉ་བཏང་ནས་ལྷམ་བྱིན་ཚུལ་དང ་ལྕེམ་གྱིས་འཁོར་བ་ལ་ཡིད་འབྱུང་ནས་སྒྲུབ་པ་མཛད་དེ་གྲུབ་པ་ཐོབ་ནས་ཕྱག་དྲར་པོ་རྗེསུ་གཟུང་ནས་མཁའ་སྤྱོད་དུ་གཤེགས་པ་སོགས་ལྕམ་རང་གི་རྣམ་ཐར་དུ་གསལ། དེ་ནས་རྒྱལ་པོ་ཛ་ལནྡྷས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་ལྕམ ་གྱིས་ཇི་ལྟར་མཛད་ཚུལ་གྱི་ཕྲིན་དང་པོ་ཉ་བཏང་བས་ངའི་ལྕམ་མོས་གྲུབ་པའྀ་ས་བརྙེས་པ་ནི་ལེགས་ཏེ། རང་ཉིད་ཞི་བདེ་མཛད་པ་ནི་མ་ལེགས་གསུང་ངོ་།། དེ་ནས་ཨིནྡྲ་བྷཱུ་ཏཱིའི་བསམ་པ་ལ་ངའི་སྲིང་མོ་དེ་སྐྱེ་བ་དོན་ཡོད་པར་སོང་འདུག ་ང་ཡང་རྒྱལ་སྲིད་དོན་ཆུང་ལ་ཉེས་དམིགས་ཆེ་བ་འདི་སྤངས་ལ་ཆོས་བྱེད་དགོས་སྙམ་ནས། རང་གི་སྲས་ལ་རྒྱལ་སྲིང་གཏད་དེ་ཁང་བཟང་གཅིག་ཏུ་སྒྲུབ་པ་མཇེད་པས་ལོ་བཅུ་གཉིས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལ ་འཁོར་རྣམས་ཀྱིས་མ་ཤེས་ནས། སྲས་དང་འཁོར་འབངས་རྣམས་ཀྱིས་ལྟར་ཕྱིན་ནས་དེའི་སྒོ་དབྱེ་བར་བརྩམས་པ་དང་། ནམ་མཁའ་ནས་སྒོ་མ་བྱེ། ང་འདི་ན་ཡོད་ཟེར་བ་ཐོས་ནས་མཁའ་ལོ་བལྟས་པས། དེ་རྣམས་ཀྱིས ་ནམ་མཁའ་ལ་བཞུགས་པ་ཐོད་ནས་ས་དང་པོ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ཏེ། དང་བཞིན་དུ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་པ་དང་། ཡབ་རྒྱལ་རྒྱལ་པོ་ན་མཁའ་ལ་ཞག་བདུན་དུ་བཞུགས་ནས། སྲས་དང་འཁོར ་འབངས་རྣམས་ལ་ཟབ་པ་དང་རྒྱལ་ཆེ་བའི་ཆོས་བསམ་གྱིས་མི་ཁྱབ་པ་གསུངས་ནས། འཁོར་བདུན་བརྒྱ་དང་བཅས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། ་གུ་རུ་ཨིནྡྲ་བྷཱུ་ཏིའི་ལོས་རྒྱུས་རྫོགས་སོ།། ་མགོ་བོ་ལོ་རྒྱས་བཞུག་སོ།། གུ་རུ་མེ་ཀོ་པའི་ལོ་རྒྱུས་ནི། ཡུལ་བྷཾ་གཱ་ལར་ཁ་ཟས་འཚེང་བའི་རིགས་ཀྱི་གང་ཟག་གཅིག་གིས། དུས་རྟག་ཏུ་རྣལ་འབྱོར་པ་ཞིག་ལ་འཚེ་བ་དྲངས་པས། ཞག་གཅིག་རྣལ་འབྱོར་པ་ན ་རེ། ཁྱོད་ང་ལ་བསྙེན་བཀུར་བྱེད་པ་ཅི་ཡིན་གསུངས་པས། དེས་ཕྱི་མོའི་ལམ་རྒྱགས་དགོས་པ་ལགས་ཞུས་པས། འོ་ན་ཕྱི་མའི་ལམ་རྒྱགས་སྒྲུབ་ནུས་སམ་གསུངས་པས། ནུས་ལགས་ཟེར་ནས། དེས་བྱིན་རླབས ་འཕོ་བའི་དབང་བསྐུར་མཛད་དེ། སེམས་ཉིད་ངོ་སྤྲོད་པའི་གདམ་པ་འདི་ལྟར་གནང་ངོ་།། རང་སེམས་ཡིད་བཞིན་ནོར་བུ་ལ།། འཁོར་འདས་བྱེ་བྲག་རྣམ་པར་འཆར།། རྟོགས་དང་མ་རྟོགས་གཉིས་ཡིན་པས།། འགྱུར་མེད་སེམས ་ཉིད་དང་ལ་ལྟོས།། གཉིས་འཛིན་རྣམ་རྟོག་གེ་ལ་འབྱུང་། རང་བཞིན་མེད་ཕྱིར་དེའི་ངང་། ཆོས་རྣམས་གང་ཡང་གྲུབ་པ་མེད།། མཽ་རྟོགས་འཁྲུལ་པའི་འདོད་པས་བཅིངས།། ཅེས་གསུངས་པས། དེས་ཀྱང་སྣང་བ་རང ་གི་སེམས་སུ་གོ།། སེམས་དེས་འགྲོ་འོང་མེད་པ་གནས་ལུགས་ཀྱི་ང་དུ་གོ་ནས། རང་སེམས་འགྱུར་བ་མེད་པའི་དོན་ལ་གནས་པས་ཟླ་བ་དྲུག་ན་འཁྲུལ་པའི་རྟོག་པ་འགགས་ནས་རང་སེམས་གཉུག་མའི་དོན་རྟོགས་ཏོ།། གཅན ་གཟན་ལྟར་དུར་ཁྲོད་འགྲིམ་པར་བྱེད་ཅིང་། རེས་སྨྱོན་པའི་སྤྱོད་པས་གྲོང་དང་གྲོང་ཁྱེར་དུ་འོངས་ནས། མིག་བགྲང་ནས་འཇིགས་འཇིགས་སུ་བལྟས་པས། སྐྱེ་བོ་དག་བླ་མ་འཇིགས་འཇིག་སུ་ལྟ་བ་ཟེར། ཕྱོགས ་ཐམས་ཅད་དུ་མ་ཀྲོ་པ་ཞེས་གྲགས་སོ།། དེས་ཟབ་མོའི་ཆོས་ཀྱི་གདུལ་བྱེ་མང་དུ་བརྟུལ་ནས། མཐར་རྟོག་པ་ལ་སོགས་པ་བརྗོད་དེས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། ་གུ་རུ་མེ་གོ་པའི་ལོ་རྒྱུས་རྫོགས་སོ།། ་མིའི་ལོ་རྒྱུས་བཙུན་ནོ།། གུ་རུ་ཀོ་ཊ་ལིའི་ལོ་རྒྱུས་ནི། ར་མྲི་ཤ་རའི་ཡུལ་བྱ་བ་ནས་ཞག་བཞིར་ཕྱིན་པའི་ས་ན། གནས་དང་ཡུལ་གྱི་བྱེད་དུ། ཀོ་ཊཱ་ལི་པ་ཏེ་ཏོག་ཙེ་བ་རི་བོ་ཞིག་བརྐོ་ཞིང་ཡོང ་བའི་ཚེ། སློབ་དཔོན་ཤཱནྟི་པ་སིངྒ་ལིའི་རྒྱལ་པོས་སྤྱན་དྲངས་ནས་སླར་ཡུལ་དབུས་སུ་ལོག་བྱོན་པ་དང་འཇལ་ཏེ། སློབ་དཔོན་གྱིས་ཁྱོད་ཅི་བྱེད་སྨྲས་པ་དང་། དེས་ཀྱང་སྐུ་ཁམས་ལ་སོགས་པ་ཞུས་ནས། དངོས་རི་བརྐོ་ཡིན ་གདའ་ཞེས་ཞུས་པས། རི་བཀོད་ནས་ཅི་བྱེད་གསུང་བ་ལ། རྒྱལ་པོ་ངན་པ་ཀུན་གྱིས་ཡུལ་གཤིག་ནས་མི་ཐམས་ཅད་སྡུག་བསྔལ་ཞིང་ཡིད་མི་བདེ་བས།། ཡུལ་ཡང་མེད་པའི་ས་འདིར་བདག་རི ་འདི་བཤིག་ལ་འདིར་གནས་དང་ཡུལ་ཕྱེད་པ་ཡིན་ཞེས་ཞུས་པས། ཤཱནྟི་པས་གསུངས་པ། རི་བོ་བརྐོ་བའི་སྔགས་གདམ་ངག་པ་ལ་ཡོད་ན་ཁྱོད་ལ་མི་དགོས་སམ་གསུངས་པ་དང་། དགོས་ཞེས་ཞུས་པས། དེའི་ཞལ་ནས། ཁྱོད ་ཀྱི་ལས་ནི་འདི་ལྟ་བུས། ལུས་ནི་ངལ་བར་གྱུར་པས་ན།། ལས་ནི་ཤིན་ཏུ་ངན་པ་སྟེ།། ཕྱིན་ཅི་ལོག་གི་ལས་དྲུག་ཡིན།། ས་བརྐོ་བ་ནི་སྦྱིན་པ་དང་།། གཞན་ལ་མི་གནོད་ཚུལ་ཁྲིམས་དང་།། སྡུག་བསྔལ་བཟོད་པའི་བཟོད་པ། ་དང་། དེ་ལ་བརྩོན་པའི་བརྩོན་འགྲུས་དང་།། དེ་ལ་མ་ཡེངས་བསམ་གཏན་དང་།། དོ་ཤེས་པ་ཡེ་ཤེས་རབ་སྟེ།། ཕྱིན་ཅི་ལོག་གི་ལས་དྲུག་པོ།། སྤོངས་ལ་ཡང་དག་ལས་དྲུག་གྱིས།། བླ་མ་ལ་གུས་སྦྱིན་པ་དང་།། རང ་རྒྱུད་བསྲུང་བའི་ཚུལ་ཁྲིམས་དང་།། སེམས་ཉིད་བཟོད་པའི་བཟོད་པ་དང་།། དེ་བསྒོམ་པ་ཡི་བརྩོན་འགྲུས་དང་།། དེ་ལ་མ་ཡེངས་བསམ་གཏན་དང་།། དེ་ཉིད་ཤེས་པའི་ཤེས་རབ་ཏེ།། དུས་རྣམས་རྟག་ཏུ་གོམས་པར ་གྱིས།། ཤེས་གསུངས་པས་ཀོ་ཊ་ལིས།། དེའི་དོན་བསྡུས་པ་གཅིག་ཞུ་ལགས་ཟེར་བས། དེ་ཡང་བླ་མ་ལ་གུས་པར་གྱིས།། བདེ་སྡུག་ཐམས་ཅད་རང་གི་སེམས་ལས་བྱུང་བས། རང་སེམས་གཉུག་མའི་དོན་ལ་གོམས་པར་གྱིས། ་དེ་ཡང་རང་སེམས་གཉུག་མ་འགྱུར་བ་མེད་པ་ནི་རི་དང་འདྲ་ལ། རིག་པ་གསལ་ལ་མ་འགགས་པ་དེ་ཏོག་རྩེ་བ་དང་འདྲ་བས་བརྐོས་ཤིག། བརྩོན་འགྲུས་གཉིས་པོ་ལག་པ་གཡས་གསོན་དང་འདྲ་བས་མ་བྲལ་བར་བརྐོ་བ་ཡིན་གསུངས་ནས། ་དེ་ལྟར་ཚིགསུ་བཅས་ནས་གསུངས་པ། བདེ་སྡུག་ཐམས་ཅད་སེམས་ལས་བྱུང་།། གདུམས་པས་སེམས་ཀྱི་རི་བོ་རྐོས།། ས་ཡི་རི་བོ་བརྐོས་གྱུར་ཀྱང་།། གཉུག་མའི་བདེ་ཆེན་རྟོག་མི་འགྱུར།། ཅེས་གསུངས་པ་བཞིན་བསྒོམས་པས་ལོ་བཅུ ་གཉིས་ན་དངོས་གྲུབ་ཐོབ་སྟེ་འགྲོ་དོན་མང་དུ་མཇེད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་ཀོ་ཊ་ལི་པིའི་ལོ་རྒྱུས་རྫོགསོ།། ་རྒའིའི་བའི་ལོ་རྒྱུས་བཞུག་སོ།། གུ་རུ་ཀཾ་བ་རི་པའི་ལོ་རྒྱུས་ནི། ཀཾ་པཱ་རི་བ་སྟེ་མགར་བ། དེའི་ཡུལ་ས་ལཱི་པུ་ཏྲ་ན་རིགས་མགར་བ། རིགས་རྒྱུད་ཀྱི་འཚེ་བ་དུས་རྟག་ཏུ་མགར་བ་བྱེད་ཅིང་འདུག་པ་དང་། དེ་ཡང ་དུས་ཅིག་ན་དེ་མགུར་བ་བྱེད་པའི་སར་རྣལ་འབྱོར་པ་གཅིག་བྱོན་ནས། ཁྱེད་ཅི་བྱེད་ཀྱི་ན་འདུག་ཞེས་གསུངས་པ་དང་། དེ་ན་རོ་བདག་རིགས་རྒྱུད་ཀྱི་ལས་མགར་བ་བྱེད་ཅིང་གདའ་ཟེར་རོ།། ཁྱོད་ཀྱི་ལས་འདི་བདེ་འམ་བྱས་པ་ལ། བདེ ་བ་དག་ལྟ་ག་ལ་ཞིག། མེ་འདག་དང་ཆེ་ཆེས་ལུས་རྟག་ཏུ་ཚིག་ཀྱང་། འཚེ་བའི་ཆེད་དུ་སྡུག་བསྔལ་དང་དུ་ལེན་ཅིང་གདའོ་ཞུས་སོ།། རྣལ་འབྱོར་པས་ཟས་བླངས་པས། མགར་བ་བཟའ་མི་གཉིས། བདག་ཅོག་བསོད་ནམས་ཆུང ་བ། རིགས་མན་པའི་ལགས་ནས་ཟས་གསོལ་བ་ངོ་མཚར་ཆེ་སྙམ་ནས། དེ་གཉིས་མཆོག་ཏུ་དགའ་བ་དང་། རྣལ་འབྱོར་པས་ཁྱེད་ཅག་ཆོས་མི་བྱེད་དམ་བྱས་པས། བདག་ཅག་རིགས ་ན་ལ་གདམས་པ་སུས་སྟེར་ཟེར་བ་དང་། ཆོས་ལ་དད་ཅིང་སྒྲུབ་ནུས་ན་གདམ་པ་ངས་བྱིན་གྱི་གསུངས་པས། དེ་དག་དགའ་ནས་ཕྱག་དང་མཆོད་པས་མཉེས་པར་བྱས་ནས་གདམས་པ་ཞུས་པས། བྱིན་རླབས་འཕོ་བའི་དབང་བསྐུར ་ནས་དམིགས་པ་རྩ་གསུམ་གྱི་གདམས་པ་གནང་སྟེ། ཁྱོད་ཀྱི་ཕྱིའི་སྡུད་པ་དང་། སོལ་བ་དང་མཾ་དང་ལྕགས་གཞུ་བའི་དམིགས་པ་འདི་ནང་དུ་བསྒོམས་ཤིག། རྩ་རོ་མ་དང་རྐྱང་མ་གཉིས་སྤྲང་བོར་གྱིས་ཤིག། རྩ་ཨ་ཝཾ་དྷུ ་ཏི་སོ་མལ་དུ་གྱིས། རྣམ་ཤེས་མགར་བར་གྱིས། ཡེ་ཤེས་ཀྱིས་མེ་སྤོར། རྣམ་རྟོག་སོལ་བར་གྱིས། དུག་གསུམ་ལྕགས་དུ་གྱིས་ལ་བརྡུངས་དང་། ཆོས་སྐུ་གཉིས་མཽང་བདེ་ཆེན་གྱི་བཟོའི་འབྲས་བུ་སྨིན་ནས་འོང་བ་ཡིན ་གསུང་ནས། ཁྱོད་ཀྱི་ཕྱིའི་ལས་དག་ལ། གོམས་པ་བཞིན་དུ་ནང་དུ་ཡང་།། ལཱ་ལ་ན་དང་རཱ་ས་ནའི།། གཡས་གཡོན་སྤུད་པ་གཉིས་ཡོན་སྟེ།། ཨོཾ་ཝ་དྷཱུ་ཏིའི་སོ་མལ་དུ།། རྣམ་པར་ཤེས་པའི་མགར་བ་ཡིས། རྣམ་པར་རྟོག ་པའི་སོལ་བ་ལོ།། རིག་པ་ཡེ་ཤེས་མེ་སྦར་ནས།། དུག་གསུམ་ཉོན་མོངས་ལྕགས་བཞུ་སྟེ།། ཆོས་སྐུ་ཟག་མེད་འབྲས་བུར་གྱིས།། ཤེས་གསུངས་པས། དེས་ཀྱང་རང་གི་ལས་དང་བསྟུན་ནས་བསྒོམས་པས་ལོ་དྲུག ་ནུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་གཞན་གྱིས་མ་ཚེར་བ་ན། སོ་མལ་དུ་འབད་པ་མེད་པར་བཟོ་སྣ་ཚོགས་གྲུབ་པ་དང་། ས་ལི་པུ་ཏྲའི་སྐྱེ་བོ་ཀུན་ཡང་འོ་སྐོལ་གྱི་མགར་བ་འདིས་ཡོན་ཏན་གྱི་ཆོས་ཐམས་ཅད་ཐོབ་ནས་འདུག ་ཟེར་ནས། ངོ་མཆེར་ཏེ་ཕྱོགས་ཐམས་ཅད་པུ་བླ་མ་ཀཾ་པ་རི་པ་ཞེས་གྲགས་ཏེ། དེས་ཀྱང་འགྲོ་དོན་ཡང་བསྒྲུབས་ཏེ། རྟོགས་པ་ལ་སོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། ་གུ་རུ་ཀཾ་བ་རི་པའི་ལོ་རྒྱུས་རྫོགས་སོ།། ་ཝཱ་རའི་ལོ་རྒྱུམ་བདུན་ནོ།། གུ་རུ་ཛེ་ལནྡྷ་རའི་ལོ་རྒྱུས་ནི། ཛེ་ལནྡྷ་ར་སྟེ་འདྲ་བ་འཛིན་བྱ་བ་ཡིན་ལ། ཡུལ་ན་ག་ར་ཐོད་ཐ་ཞེས་བྱ་བ་ཡིན། རིགས་བྲམ་ཟེ་ཡིན་པ་ལས། འཁོར་བའི་ཆོས་ལ ་སྐྱོ་བ་སྐྱེས་ནས་དུར་ཁྲོད་དུ་ཕྱིན་ཏེ་ཤིང་གཅིག་གི་རྩཝར་སྡུད་པས་ཤེས་པ་བདེ་བ་སྙམ་བྱེད་པ་ན། ནམ་མཁའ་ནས་ཌཱ་ཀི་མ་གཅིག་གིས་རིགས་ཀྱི་བུ་ཁྱོད་ཡང་དྲག་པོའི་དོན་ཡིད་ལ་གྱིས་ཤིག་ཟེར་བའི་སྒྲ་བྱུང་བ་དང་། དེ་དགའ ་ནོས་ཡོད་ནས་ཡང་དུ་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་ཌཱ་ཀི་མས་ཞལ་དངོས་སུ་བསྟན་ནས་དགྱེས་རྡོར་དུ་དབང་བསྐུར་སྟེ་རྫོགས་པའི་རིམ་པའི་མོན་ངག་འདི་ལྟར་བྱིན་ཏེ། ཕྱི་ནང་ཁམས་གསུམ་སྣོད་བཅུད་ཐམས་ཅད་རང་གི ་ལུས་ངག་ཡིད་གསུམ་དུ་འདུས་དེ་གསུམ་གྱི་རྣམ་རྟོག་རྩ་གསུམ་དུ་འདུས། རྩ་གཉིས་དྷཱུ་ཏིར་འདུས་པ་ལ། དེ་རུ་དྲན་རིག་སྣ་ཚོགས་ཀྱི་རྟོག་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ཐོང་ལ་སྣང་སྟོང་དབྱེར ་མེད་དུ་སྙོམས་ཤིག་པའི་གདམས་པ་བྱིན་ནས། ཕྱི་ནང་ཆོས་རྣམས་མ་ལུས་པར། ལུས་ངག་ཡོས་གསུམ་དག་ཏུ་འདུས། གཡས་གཡོན་ཨ་ཝ་དྷཱུ་ཏཱིར་འདུས། དེ་ཡང་ཚངས་པའི་བུ་ག་སྟེ། སྟོང་པ་ཉིད་དེ་བདེ་ཆེན་མོཆོག། ་རྣལ་འབྱོར་དག་པའི་ངང་ལས་འབྱུང་། བདེ་སྟོང་ཟུང་འཇུག་བསྐྱིལ་བར་འཚལ།། ཅེས་གསུངས་ཏེ་རྫོགས་པའི་རིམ་པ་གནང་ནས། དེས་ཀྱང་བསྒོམས་པས་ལོ་བདུན་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། དེ་ནས་རྟོགས ་བི་བརྗོད། འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས་འཁོར་སུ་མཽ་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེག་སོ།། གུ་རུ་ཛ་ལནྡྷ་རིའི་ལོ་རྒྱུས་རྫོགསོ།། ་xxx ་གུ་རུ་ར་ཧུ་ལའི་ལོ་རྒྱུས་ནི། ར་ཧུ་ལ་སྟེ་སྒྲ་ཅན་འཛིན་ཞེས་བྱའོ།། དེ་ཡང་ཡུལ་ཀ་མ་རུ་བ། རིགས་དམང་རིགས་སོ།། དེ་རྒས་ནས་ལུས་པོ་བསྦྱོར་མི་བསོད་པ་དང་། གཉེན་དང་བུ་ཀུན་ཡང་གཤེ། བས ་པ་བྱེད་ནས་དེ་ལ་མ་དགའ་སྟེ། སྐྱེ་བ་ཆི་མ་དྲན་ནས་དུ་ཁྲོད་དུ་ཕྱིན་པ་དང་། དེའི་གམ་དུ་རྣལ་འབྱོར་པ་ཞིག་བྱོན་ནས། ཁྱོད་དུར་ཁྲོད་ན་ཅི་བྱེད་ཅིང་འདུག་བྱས་པས། དེ་ནཱ་རེ། བདག་གི་ལང་ཚེའི་ཟླ་བ་ལ། རྒས་པའི་སྒྲ་གཅན་གྱིས ་བཙོམ་ནུས། བུ་ཆེ་ལ་སོགས་གཤེ་བར་བྱེད། ཤི་ན་དགའ་བས་གནས་པའོ།། ཞུས་པསོ+ོ། དེ་ལ་སློར། ཁྱོད་ཀྱི་རྣམ་སྨིན་བྱུང་བ་ལ།། ཆུ་བོ་གསུམ་གྱིས་གཡེངས་ཟིན་ནས། དེ་ནི་འཆི་བའི་ཆུ་བོ་འབྱུང་། འཆི ་རྒྱ་གས་ཆོས་ཅིག་མི་བྱེད་དམ།། གསུངས་པོས། བླ་མ་ཆོས་བྱེད་ལགས་ཏེ། བདག་རྒས་ཤིང་ནོར་དང་བྲལ་བ་ལ་ཆོས་སུས་སྟོར་བ་ལ། ཡང་དེའི་ཞལ་ནས། གཉུག་མའི་སེམས་ལ་རྒས་པ་མེད།། དད་སོགས་ནོར་ལ་འགྲིབ ་པ་མེད།། གུས་པོས་དམ་ཆོས་སྒྲུབ་ནུས་ན།། ཁྱོད་ནི་བདག་གིས་རྗེས་གསུང་བྱ། ཅེས་གསུངས་ཏེ་བྱིན་རླབས་འཕོ་བའི་དབང་བྱས་ནས་ཐིག་ལའི་གདམས་པ་འདི་ལྟར་བྱིན་ཏེ། ཁྱོད་ཀྱི་སྤྱི་བོའི་སྟེང་དུ་ཨཱ་ལས་ཟླ་བའི ་དཀྱིལ་འཁོར་བསྒོམས་ལ། དེའི་ནང་དུ་སྣང་སྲིད་ཐམས་ཅད་ཀྱི་རྟོག་པ་ཞུགས་པར་སྒོམས་ཤིག། ཅེས་དང་ཡང་། གཉིས་མདོ་རྟོགས་པའི་སྒྲ་ཅན་གྱིས། གཟུང་འཛིན་རྟོགས་པ་བཅོམ་ནས་ནི། སྤྱི་བོ་བདེ་བ་ཆེན་པོ་རུ། ་ཟབ་པའི་ཐིག་ལྕེའི་ངང་ལས་ན།། དེདེ་སྐྱོང་ཟུང་འཇུག་རྒྱུན་དག་གིས།། ཕུང་པོ་ལ་སོགས་དགྲ་བཅོམ་ནས།། སངས་རྒྱས་རྣམས་ཀྱི་ཡོན་ཏན་འབྱུང་།། ཨེ་མ་འགག་མང་ངོ་མཚར་ཆེ།། ཅེས ་གསུངས་པས་དེས་ཀྱང་དེ་ལྟར་བསྒོམས་པས་ཇི་ཞིག་ཙམ་ན་གཉིས་འཛིན་གྱི་ཟླ་བ་ཐམས་ཅད་གཉིས་མེད་སྒྲ་གཅན་གྱིས་ཟོས་ནས། གཉིས་མེད་ཀྱི་བདུད་རྩི་སྤྱི་བོ་ཚངས་པའི་བུ་ག་ན་མར་ཞུགས་པས་ལུས་ཐམས་ཅད་བདུད་རྩིས ་གང་ཞིང་རྒྱས་ནས་ལོ་བཅུ་དྲུག་ལོན་པའི་ན་ཆེད་དུ་གྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། ཀ་མ་རུ་པ་ལ་སོགས་པའི་སྐྱེ་བོ་མང་པོ་བརྟུལ་ནས་མཐར་རྟོག་པ་བརྗོད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། ་གུ་རུ་ར་ཕུ་ལའི་ལོ་རྒྱུས་རྫོག་སོ།། རྨིམ་།། གུ་རུ་དྷརྨྨ་པའི་ལོ་རྒྱུས་ནོ།། དྷརྨྨ་བ་སྟེ་ཆོས་པ་བྱ་བ་ཡིན་ལ། ཡུལ་ནི ་བོ་དྷི་ནཱཾ་གར་བྱ་བ་ན། དེ་པཎྜི་ཏ་ཡིན་པ་ལ། སྨྲ་བ་གཙོ་བོར་བྱས་སྒྲུབ་པ་གཙོ་དོར་མ་བྱས་པས། ཕྱིས་བགྲེས་ནས་སྤྱན་ལོང་བ་དང་། དེ་ལ་འདི་ལྟ་བུའི་སེམས་པ་སྐྱེས་ཏེ། བདག་བླ་མ་ཅིག་དང་ཕྲད་ན་ཅི་མ་རུང་སྙམ་པ་དང་། རྨི་ལམ ་དུ་ཊཱི་ཀི་མས་ལུང་བསྟན་པ་ནི། ཁྱོད་ཀྱི་དགེ་བའི་བཤེས་གཉེན་ང་ཡིན་ནོ་ཞེས་ཟེར་བ་ལ་དེས་གསོལ་བ་བཏབ་པས། ཌཱ་ཀི་མས་དེ་ལ་དངོས་སུ་ཞལ་བསྟན་དེ་དཔོ་བསྐུར་ནས། གདམས་པ་ནི། ཆོས་ཐམས་ཅད་སྣོད་དུ་སྒོམ།། རྟོག ་བཱ་ཐམས་ཅདས་དུདུ་སྨོསསྱ། རང་པོ་རྣམ་ཤེས་སྦྱོང་བུར་རློམས། དེ་ལ་ཡེ་ཤེས་ཀྱི་མྱེ་འབར་བར་སྙོམས་ཤིག། ཆོས་རྣམས་མ་ལུས་སྟོད་ནང་དུ། རྣམ་པར་རྟོག་པའི་མར་དྲུག་ནས།། རིག་པ་སྡོང་བུ་མེ་སྦྱར་བར། སེམས ་ཉིད་ཡིད་བཞིན་ནོར་བུ་མཐོང་།། ཅེས་གསུངས་པས། རྟོག་པ་ཡེ་ཤེས་སུ་སློང་བའི་མན་ངག་དེ་སྒྲུབས་པས། ལོ་ལྔ་ནས་དུག་ལ་སྔགས་ཀྱིས་བཏབ་པ་ལྟར་རྟོག་པ་ཡེ་ཤེས་སུ་གྱུར་ནས། ལུས་བྱིས་པ་ལོ་བརྒྱད་ལྟར ་སོང་སྟེ་སྐྱེ་བོ་དག་ངོ་མཚར་བར་གྱུར་ཏོ།། ངོའོ་ཞལ་ནས། ཇི་ལྟར་རྒྱུ་རྐྱེན་ཚོགས་པ་ན།། འབྲས་བུ་སྟོང་བར་ག་ལ་འགྱུར།། དེ་ནས་བློ་གྲོས་གསལ་ལྡན་པས།། དེ་ལ་བར་དུ་འབད་པར་བྱ།། ཅེས་གསུངས་ཏེ། འགྲོ་དོན ་མང་དུ་མཛད་ནས་མཐར་རྟོག་པ་བརྗོད་དེ་མཁའ་སྤྱོད་དུ་གཤེགས་སྷོ།། གུ་རུ་དྷུརྨྨ་པའི་ལོ་རྒྱུས་རྫོགསོ།། ་རྒཟའ་མོ་རྒྱ་དུན་ནི།། གུ་རུ་དྷི་ཀི་རེའི་ལོ་རྒྱུས་ནི། དྷཾ་ཀ་རི་ནི་སྣོད་ཁུར་བ་བྱ་བ་ཡིན།། དེ་ཡང་ཡུལ་སཱ་ལ་པུ་ཏྲ་བྱ་བ་ན་དམང་རིགས་ཞིག་དུས་རྟག་ཏུ་སྣོད་ཁུར་ནས་སློང་གྲིན་ཅི་རྙེད་སྣོད་དུ་འཇུག་པ་ལ། ་དུས་ཅིག་ན་འཇུག་རྒྱུའི་རྫས་ཅད་མ་ཁུགས་ནས་ཤིང་དྲུང་གཅིག་གི་རྩར་འདུག་པ་དང་། དེར་རྣལ་འབྱོར་པ་ཅིག་བྱོན་ནས། དེ་ལ་བླངས་པས།། བདག་གིས་དེ་རིང་ཁྱེད་ལ་དྲང་རྒྱུའི་རྗེས་ཅང་མ་མཆོས་ཟེར་བ་ལ། འོ་ན། ཁྱོད་ལ ་ཆོས་མི་དགོས་སམ་གསུངས་པས། དེ་ནཱ་རེ་དགོས་ལགས་ཏེ་དགེ་བའི་བཤེས་གཉེན་དང་མ་ཕྲད་པ་ལགས་ཟེར་བས། དེས་སྒྲུབ་ནུས་སམ་གསུངས་པས། ནུས་ལགས་ཞུས་པ་དང་། དེས་དགྱེས་རྡོར་དུ་དབང ་བསྐུར་ནས་བསྐྱེད་རྫོགས་ཀྱི་གདམས་པ་འདི་ལྟར་སྣང་སྟེ། ཀྱེ་ཧོ་དྷོ་ཀ་རི་བ་ཁྱོད།། ཆོས་ཀྱི་དབྱིངས་ཀྱི་སྣོད་ནང་དུ།། རིག་པའི་རྫས་དག་བཅུག་ནས་ནི།། དེ་ནི་གཉི་སུ་མེད་པར་སྒོམས། ཤེས་གསུངས་ཏེ། དེས་ཀྱང་བསྒོམས་པས། དོན་རྟོགས་ཏེ་ལོ ་གསུམ་ནས་དངོས་གྲུབ་ཐོབ་ཏེ། དེ་ཡང་སྣོད་ཁུར་ཀྱིན་བླངས་པས། སྐྱེ་བོ་དག་བླ་མས་ཁུར་བ་འདི་ཅི་ཡིན་ཟེར་བ་ལ། སྟོང་ཉིད་ཆེན་པོའི་སྣོད་ཁུར་ནས། བདེ་ཆེན་འབྲས་བུ་སློང་བ་ལགས། འདོད་པ་དང་བཅས་དྷོ་ཀ་རི།། སྐལ་ལྡན་ཀུན་གྱིས་མ་ཤེས ་སམ།། ཞེས་གསུངས་ནས་འགྲོ་དོན་མང་དུ་མཛད་དེ། རྟོག་པ་བརྗོད་ནས་དྷོ་ཀ་ར~ཾ་ཞེས་གྲགས་ལ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་དྷོ་ཀ་རི་བའི་ལོ་རྒྱུས་རྫོགསོ།། ་xxx ་གུ་རུ་མ་དྷི་ནའི་ལོ་རྒྱུས་ནི། མེ་དྷི་ནཱི་སྟེ་ཞིང་པ་ཞེས་བྱ་ལ། རིགས་དམང་རིགས། ཡུལ་སཱ་ལ་པུ་ཏྲ། དེ་ཡང་དུས་ལན་གཅིག་ན་ཞིང་ལས་བྱེད་པས་ཆད་ནས་འདུག་པ་དང་། རྣལ་འབྱོར་པ་ཞིག་འོངས་ནས་ཁྱོད་ཅི ་བྱེད་ཅིང་འདུག་ཅེས་སྨྲས་པས། དེ་ན་རེ། བདག་ཞིང་ལས་ཀྱིས་ཆད་ནས་འདུག་གིན་རྔ་བྱས་པས། དེ་ན་རེ། སྡུག་བསྔལ་འདི་འདྲ་བ་ལ་མི་སྐྱོ་འམ། ཆོས་གྱིས་བྱསཽ་བས། དེ་ན་རེ། བདག་ལ་ཆོས་སུས་སྟོར་ཟེར་རོ།། སྒྲུབ་ནུས་ནི་ངས ་བྱིན་གྱིས་གསུངས་པས། ནུས་ལགས་ཟེར་ནུས་དེ་ལ་རྣལ་འབྱོར་པས་དབང་བསྐུར། བསྐྱེད་རྫོགས་ཀྱི་གདམ་ངག་བྱིན་ནས་སྒོམ་དུ་བཅུག་པ་ལ། སྦྱར་གོམས་པའི་དབང་གིས་ཞིང་ལས་ཀྱི་རྣམ་པར་རྟོག་པ་ལ་ཡེངས་ནས་གོམ་དུ་མ་འདོད ་པོ་ལ་དེ་བླ་མ་ལ་སྙད་པས། དེས་རང་གི་རྣམ་རྟོག་གི་དམིགས་པ་དང་མཐུན་པའི་གདམ་ངོག་ཕོག་ཏེ། ཁྱོད་རང་གི་ཤེས་པ་གཤེལ་དུ་གྱིས།། ཚོར་བ་བདེ་སྡུག་མྱོང་བ་དེ་གླང་དུ་གྱིས། ལུས་ཞིང་དུ་བསྒོམས། ཉིན་མཚན་ཆོས ་ཉིད་ཀྱི་བདེ་བའི་འབྲས་བུ་ལས་འབྱུང་བར་སྒོམས་ཤིག་ཅེས་དང་།། རང་གི་རྟོག་པ་ཐོང་གཤོལ་དང་།། ཚོར་བ་བདེ་སྡུག་གླང་དོར་གྱིས།། རྣམ་སྨན་ཕུང་བའི་ས་གཞལ།། རྣམ་སྨིན་ཕུང་པོའི་ས་གཞི་ལ།། ཁམས་ཀྱི་ས་བོན ་ལེགས་བཏབ་པས།། བདེ་ཆེན་འབྲས་བུ་རྒྱུན་མི་ཆད།། ཞིང་ལས་དེ་ལ་བརྩོན་པར་གྱིས།། གསུངས་པ་བཞིན་སྒོམས་པས། ལེ་བཅུ་གཉིས་ན་འཁོར་བའི་རྣམ་རྟོག་སྣ་ཚོགས་པ་འགགས་ནས་གྲུབ་པ་ཐོབ་པ་དང་། ་ཤིང་ཏ་ལ་བདུན་ཅེམ་ན་མཁའ་ལ་འཕགས་ནས་རྟོག་པ་བརྗོད་དེ་ས་ལི་པུ་ཏྲའི་གྲོང་ཁྱེར་དུ་འགྲོ་དོན་དཔག་ཏུ་མེད་པ་མཛད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། གུ་རུ་མེ་དྷི་ནའི་ལོ་རྒྱུས ་རྫོགས་སོ།། ་སག་ཛ་ལོ་རྒྱས་དཞུག་གོ།། གུ་རུ་སཾ་ཀ་རྫའི་ལོ་རྒྱུས་ནི། རིགས་བྲམ་ཟེ། དངོས་གྲུབ་སྤྱན་རས་གཟིགས་ནས་སོ།། དེ་ཡང་སཾ་ཀ་ཛཱཾ་ཞེས་བྱ་བ་བྲམ་ཟེའི་བུ་གཅིག་ས་ཕྱོགས་དབེན་པར་པདྨའི་འདབ་མའི་ཚལ ་དུ་པདྨ་ལས་སྐྱེས་ནས། དེང་མི་རིང་བ་ཞིག་ན་པདྨའི་རྫིང་བུའི་འགྲམ་ན་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞུགས་པ་ལོ། སཾ་ཀཱ་ཛ་དེ་རང་ཉིད་མ་ཧཱ་དྭེ་ཝ་ལ་མོས་པས་སྐུ་དཾ་མ་ཧཱ་དེ་ཝཱ་ཡིན་པར་བསམཱ་ནཱ་ལོ་བཅུ་གཉིསུ་མཆོད་པ་བྱས། མེ ་ཏིག་ཕུལ། ཡུལ་དེའི་ཆོས་ལུགས་ཀྱིས་སྐུ་དེ་ལ་དུས་གསུམ་དུ་མཆོད་པ་བྱས་ནས་མེ་ཏོག་དེ་རང་གྲཝ་སྤྱི་བོར་ལེན་པ་ཡིན་པས། བར་དེར་སློབ་དཔོན་ཀླུ་སྒྲུབ་བྱིན་ནས་མེ་ཏོག་ཕུལ་བས། སྐུ་རང་གིས་བླངས་ནས་སྤྱི་བོར་བཞག ་བས། སེ་ཀ་ཛི་ཁྲོད་ནས་ང་ལོ་བཅུ་གཉིས་སུ་བྱས་པ་ལ་མི་ལེན། འདིས་ལན་ཅིག་བྱས་པ་ལ་ལེན་པ་སྙམ་པ་དང་། སྐུ་གཟུགས་དེའི་ཞལ་ནས་ཁྱོད་རང་གི་བསམ་པ་མ་དག་པ་ཡིན། ངས་ཅི་ཡང་མ་ཉེས་པའི་སྒྲ་བྱུང ་བ་དང་། དེར་འགྱོད་པ་སྐྱེས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་སྤྱི་བོར་བླངས་ནས་བདག་རྗེས་སུ་གཟུང་དུ་གསོལ་ཟེར་བས། དེས་ཀྱང་དབང་བསྐུར་ནས་ལྟ་སྤྱོད་ཟུང་དུ་འཇུག་པ་འདི་ལྟར་གནང་སྟེ། ཐུགས་རྗེས་ཆགས་པའི་བདེ་བ་དང་། ་གདོད་ནས་མ་གྲུབ་གཅིག་ཡིན་སྟེ།། ཐ་དད་མེད་པར་ཡང་དག་བལྟ།། འཕགས་པ་ཉིད་ཀྱི་དགོས་པའོ།། ཞེས་གསུངས་པས། དེས་གོ་ནས་སྒྲུབསོ་བས་ཞག་བདུན་ནས་གྲུབ་པ་ཐོབ་སྟེ། འགྲོ་བ་ལ་ཐུགས་རྗེས་གཟིགས ་ནས་སྤྱོད་པའི་གདམས་པས་ཕན་མང་དུ་བཏགས་ཏེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་སཾ་ཀ་ཛའི་ལོ་རྒྱུས་རྫོགསོ།། ། ་གྷརྞ་བའི་ལོ་རྒྱུས་བཞུག་སོ།། གུ་རྱཱ་གྷཱཎྜ་པའི་ལོ་རྒྱུས་ནི། ཡུལ་ཤྲཱི་ནཱཾ་ལནྡའི་སྡེ་པ། དགེ་སློང་གི་སྡོམ་པ་ཐོབ་ལ་མ་ཉམས་པ། རིགས་པའི་གནས་ལྔ་ལ་མཁས་པར་གྱུར་པས་ཕྱོགས་མཚམས་ཐམས ་ཅད་དུ་སྙན་པའི་གྲུགས་པས་ཁྱབ་པར་གྱུར་པ་དང་། སློབ་དཔོན་ཡུལ་ཐམས་ཅད་ལ་འགྲོ་དོན་ལ་གཤེགས་པར་གྱུར་པ་ན། རྒྱལ་པོ་དེ་ཝ་པ་ལ་བྱ་བ་བསོད་ནམས་ཀྱི་མཐུ་ལས་གྲུབ་པ། རྒྱལ་སྲིད་ཀྱི་འབྱོར་པ་དཔག་ཏུ་མེད་པ་མངའ ་སྟེ། རང་གི་གྲོང་ཁྱེར་འབུམོ་ཚེ་བཅོ་བརྒྱད། ཀ་མ་རི་པའི་གྲོང་ཁྱེར་འབུམ་ཚེ་དགུ་དང་། བྷཾ་ག་ལའི་གྲོང་ཁྱེར་འབུམ་ཚོ་བཞི་སྟེ། སྡོམས་པོས་འབུམ་ཚེ་སུམ་ཅུ་རྩ་གཅིག་ལ་དབང་བྱེད་པའི་རྒྱལ་པོ་དཾ་ཝ་པ་ལའི་ཡུལ་ས་ལི ་པུ་ཏྲའི་གྲོང་ཁྱེར་དུ་སློབ་དཔོན་གཤེགས་ནས། བསོད་སྙོམས་མཛད་ཅིང་ཤིང་དྲུང་གི་རྩར་གནས་བཅས་ནས་བཞུགས་པ་དང་། རྒྱལ་པོ་དེ་ཝ་པ་ལ་ལ་མཆོད་གནས་དཔག་ཏུ་མེད་པ་མངའ་བ་ལ ་རྒྱལ་པོས་བཙུན་མོ་ལ་མཚན་མོ་གྲོས་དྲིས་པོ་འདུས་བྱས་ཐམས་ཅད་ནི་མི་རྟག་པ། སྲིད་པར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ། འཁོར་བའི་ཆོས་ལ་སྙིང་པོ་མི་འདུག་པས། ང་ནི་འདི་དང་ཕྱི་མ་གཉིས་ཀའི་རྒྱལ་སྲིད་བྱེད་པ ་ཡིན། འི་སྐོལ་བཟའ་མི་གཉིས་ཚེ་ཕྱི་མའི་ཆེད་དུ་ལོམ་རྒྱགས་མཆོད་གནས་དུམ་ཅིག་ལ་ཚོགས་བསོགས་བྱས་ན་མི་རུང་ངམ་ཞེས་སྨྲས་པ་དང་། བཙུན་མོ་ན་རེ། ཉིད་ལ་སྔར་ཡང་མཆོད་གནས་དཔག་ཏུ་མེད་པ་མཆིས་ལོ།། ང ་ཡང་མཆོད་གནས་གཞན་པས་ཁྱད་པར་འཕགས་པ་འདུལ་བ་འཛིན་པ་ཆེན་པོ་ཞིག་གྲོང་མཐུའ་ཕ་གའི་ཤིང་དྲུང་གི་རྩན་ཟས་བསོལ་སྙོམས་པ། ཆོས་གོས་དང་ཡོ་བྱད་ངན་ངོན་གྱིས་འཚེ་བ་ཞིག་ཡོད་བྱས། དེ་ལ་ཉིད ་ཀྱིས་བཞེས་ཐང་ཚོད་རྣ་བརྒྱད་ཅུ་རྩ་བཞི་དང་། མུར་བའི་བཅའ་བ་བཅུ་བཞི་དང་། རྒུན་ཆང་ལ་སོགས་པའི་བཏུང་བ་ལྔ་དང་། མེ་མར་གྱི་སྣང་བ་མ་ཡིན་པ་རིན་པོ་ཆེའི་སྣང་བ་དང་། རྒྱལ་སྲིད་ཀྱི་འདོད་པའི་ཡོན་ཏན་ཐམས་ཅད ་དེ་ལ་སྦྱིན་པར་བྱའོ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་དུད་གསུངས་ཏེ། ནང་པར་འཁོར་དུམ་ཅིག་སློབ་དཔོན་སྤྱན་འདྲེན་དུ་བཏང་བས་མ་ཁུག་པ་དང་། རྒྱལ་པོ་འཁོར་མང་པོ་དང་བཅས་ཏེ་བྱོན་ནས་ཕྱག་བྱས་ཕེབས ་དགོས་པའི་གཏམ་མང་པོ་སྨྲས་པས། ཅི་ལ་འདིར་གཤེགས་གསུངས་པ་ལ། སློབ་དཔོན་ལ་བདག་དང་ནས་མཆོད་གནས་སུ་སྤྱན་འདྲེན་དུ་འོངས་པ་ལགས་ཤེས་གསུངས་པས། སློབ་དཔོན་ན་རེ། རྒྱལ་པོའི་རྒྱལ་སྲིད་ནི་སྡིག ་དང་བཅས་པ་ཡིན་པས་བདག་དེར་མི་འོངས་གསུངས་པས། འོ་ན་གཏན་དུ་མི་བཞུགས་ཀྱང་ལོ་ཅིག་ཙམ་བཞུགས་པར་ཞུས་བྲིས་མ་བཞེད། དེ་བཞིན་དུ་ཟླ་བ་དྲུག་དང་། གསུམ་དང་གཅིག་དང་ཕྱེད་དང་། ཞག་གཅིག་གཤེགས ་པར་ཞུས་པ་ལ་ཡང་། ཁྱེད་སྡིག་ཅན་སྤྱོད་ལམ་བཞི་ལ་སོགས་པ་གང་བྱེད་ཀྱང་ཐམས་ཅད་སྡིག་པའི་རང་བཞིན་ཡིན་པས་མི་འོང་གསུངས་པས། རྒྱལ་པོས་ཞག་བཅུ་བཞིའི་བར་དུ་ཡོད་ནས་ཡང་དུ་གལ་གྱིས་ཞུས་ཀྱང་མ ་བཞེད་པ་དང་། རྒྱལ་པོ་འཁོར་དང་བཅོས་པ་ཁྲོས་ཏེ་སྙིང་ལ་ཞེ་སྡང་གི་མི་འབར་ཏེ། རྒྱལ་པོས་སྨྲས་པ། དགེ་སྦྱོང་འདིའི་ཚངས་པར་སྤྱོད་པ་དང་སུས་ལེན་ནུས་པ་དེ་ལ་རྒྱལ་སྲིད་ཕྱེད་དང་གསེར་ཁལ་གཅིག་སྔར་རོ་ཞེས་ཡོངས ་སུ་སྒྲོགས་མཁན་བཏང་བ་དང་། ཡུལ་དེ་ན་སྨ་ཚོང་མ་གཡོ་ཙན་མེ་ཀུན་གྱི་གཙོ་མོ་ཞིག་ཡོད་པ་ནཱ་རེ། ངས་ནུས་ཞེས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོས་འོ་ན་ཁྱོད་ཀྱིས་བརྩོན་འགྲུས་དང་འབད་པས་སྐབས་ཤིག་ཅེས་སྨྲ་སོ།། ་སྣོད་འཚོང་མ་དེ་ལ་བུ་མོ་ལོ་བཅུ་གཉིས་ལོན་པ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། བྱད་བཞིན་མཛེས་པ། འགྲོ་ན་སྟབས་སྡུག་པ། སྨ་ན་སྐད་སྙན་པ་ལུས་ཤོ་རྒྱས་ཤིང་ནུ་མ་འབུར་བ། ཉི་མ་པོ་མཐོང་ཡང་ཉི་མ་འགུལ ་དུ་མི་ཐུབ་པ་ཞིག་ཡོད་པ། བདག་གིས་དེ་བཏང་ལ་འཁོར་བར་བཟློག་ཏེ་ཚངས་པར་སྤྱོད་པ་དང་དཔྲལ་ནུསོ་སྙམ་ནས། བུ་མོ་དེའི་མ་དེས་བྱིན་ནས་ཕྱག་དང་བསྐོར་བ་བྱེད་ཀྱི་ན་ལོག་ཏེ་དེ་ལྟར་ཞག ་བཅུའི་བར་དུ་བྱས་ནས་སྨྲས་པ། བདག་དབྱར་ཟླ་གསུམ་འཚེ་བ་སྦྱོར་བའི་ཡོན་བདག་བགྱིད་དོ་སྨྲས་པས། དེ་མི་འདོད་པ་དང་། ཟླ་བ་གཅིག་གི་བར་དུ་ཡང་ཡང་སྨོས་པས། སློབ་དཔོན་གྱིས་ཞལ་གྱིས་བཞེས་པ ་དང་། དཱི་རོ་མ་དགའ་ནས་བཀྲ་ཤིས་རྒྱ་ཆེན་པོ་བྱས་ཚིག་ཏུ་ཡང་འདི་ལྟར་སྨྲས་ཏེ། བུད་མེད་གཡོ་ནི་བརྒྱད་ཅུ་གཅིག་འདོད་པ་ཡང་ནི་རྒྱར་འགྱུར་རོ།། ཞེས་སྨྲས་ཤིང་ངས་གཡོས་ན་གླིང་བཞི་ཡང་གཡོ་ཞིང་བསླུ ་བར་ནུས་ན། དགེ་སྦྱོང་འདི་ཅི་སྨོས་སྙམ་དུ་སེམས་ཤིང་ངག་ཏུ་ཡང་འདོན་པར་བྱེད་དོ།། དེའི་སྐབསུ་སློབ་དཔོན་ན་རེ། ངལ་ཟས་སྐྱེལ་བ་ཀུན་སྐྱེས་པ་ཐོང་བུད་མེད་མ་བཏང་ཞིག་བྱས་པས། དེ་བཞིན་དུ་བགྱིའོ ་ཞེས་སྨྲས་ནས། ཀཽ་རའི་ཆུ་དང་འབྲས་ཆན་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་སྐྱེས་པ་ཀུན་གྱིས་སྩལ་ནས། དེ་ནས་སླད་འཚོང་མ་གཡོ་ཅན་མ་དེས་བུ་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་བཟའ་བ་དང་། བཅའ་བ་སྣ ་ཚོགས་གྱ་ནོན་པ་མང་པོ་བསྐུར་ནས་གཡོག་ལྔ་བརྒྱ་དང་བཅས་ནས་བཏང་ཏེ། གནས་ཀྱི་རྩ་ནས་འཁོར་ཀུན་ཕྱི་ལོག་ཅིག་བྱས་ནས་བཏང་ངོ་།། དེ་ནས་བུ་མོས་མས་བསླབས་པའི་གཡོ་རྣམས་དྲན་བཞིན ་དུ་ནང་དུ་ཞུགས་པ་དང་། དགེ་སློང་སྔར་གྱི་ཟན་སྐྱེལ་མི་ཡིན་སེམས་ནཱ་ནང་དུ་འོངས་པ་དང་། བུ་མོ་གཞོན་ནུ་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་མཐོང་ནས། སྐྱེས་པ་ཀུན་གར་སོང་སྨྲས་པས། བུ་མོས་སྨྲས་པ། དེ ་ཀུན་ལ་ལོངས་མེད་ནས་དངོས་ཅག་མཆིས་སོ་བྱས་ཏེ། དེ་ནས་བུ་མོ་ཡུན་རིང་དུ་འདུག་པ་དང་། ད་སོང་སྨྲས་པས། ནི་རུང་ན་མཁའ་ལ་སྤྲིན་ཁ་དོག་ལྔ་འདུས་ནས་ཆེར་འོང་པར་གདའ་བས། དེ་ཆད་པ་དང་མཆི་སྨྲས་ནས ་ཡུན་རིང་དུ་སྡུད་པ་དང་ཉི་མ་ནུབ་པར་གྱུར་ནས་བུ་མོས། དངོས་ལ་ལམ་གྲོགས་མ་མཆིས་པས་གོས་དང་རྒྱན་ལ་བལྟས་ནས་སྲོག་དང་དེ་བྲལ་བར་མཆི་ཞུས་པས། བདེན་ནམ་སྙམ་ནས་དེར་གཉལ་བ་དང་། བུ་མོས ་མཚན་ལ་འཇིགས་པ་སྐད་སྨྲས་པས། དེར་བུ་མོ་རྩར་གཉལ་བ་དང་། ཡུལ་དང་ཉེ་བའི་སྟོབས་ཀྱིས་དེ་གཉིས་ལུས་འདྲེས་པར་གྱུར་ནས། དེར་སྦྱོར་བ་བྱས་པས་དགའ་བཞི་སྐྱེས་ཏེ་ལམ་བགྲོད་པར་གྱུར་ཏོ།། ནང ་པར་གྱི་དུས་སུ་ཡང་མིའི་གམ་དུ་མ་ཕྱིན་པར་དེར་སྨད་པས། དགེ་སློང་དང་གཉིས་ཀ་ལ་བཟའ་བཅའ་སྐྱེ་ལ་སྦྱིན་བོར་ཏོ།། དེ་ལྟར་ལོ་གཅིག་ལོན་པ་དང་། བུ་ཁྱེའུ་ཅིག་རྩས་པོར་གྱུར་པ་དང་། རྒྱལ་པོས་དུས་རྟག ་ཏུ་སྨད་འཚང་མ་ལ་དྲིས་པས། མོས་གསལ་པོ་མ་སྨྲས་ལ། དེ་ནས་ལོ་གསུམ་ལོན་པ་དང་སྨད་འཚོང་མས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཉིད་ཀྱིས་བཀའ་གདམས་པའི་དོན་བསྒྲུབས་ནས་མཆིས། ཐུགས ་དགྱེས་པར་མཛོད་ཅིག་ཞུས་པ་དང་། དེ་ལ་རྒྱལ་པོས་བཀའ་སྩལ་པ། འོ་ན་ཞག་གསུམ་གྱི་དུས་སུ་དགེ་སློང་མའི་གམ་དུ་འོང་བ་བགྱིས་ཤེས་ཁྱོད་ཀྱིས་བུ་མོ་ལ་སྨྲོས་ཤིག་ཟེརོ།། དེ་ནས་རྒྱལ་པོ་ས ་ལི་པུ་ཏྲའི་མི་ཀུན་དང་བཅས་དགེ་སློང་ཅན་དུ་ཆ་སོ།། དེར་དགེ་སློང་གི་བུ་མོ་དྲའོ་སྐོལ་གནས་འདིར་འདུག་གམ་གཞན་དུ་འགྲོ་སྨྲས་པ་ལ། བུ་མོས་སྨྲས་པ། དའོ་སྐོལ་གྱི་ལེས་དྲན་པ་འདི་ལ་མི་ཀུན་འཕ་ཡིན་འདུག་པས། ་མིའི་ཡུལ་དུ་འཁྱམས་ནས་ཡང་དགའ་རྗེར་ནས། བུ་མོས་བུ་ཆུང་དང་ཚང་གི་ཀུ་བ་བཀུར་ནས་བཟའ་མོ་གཉིས་ཀྱིས་ཕྱིན་པ་དང་། ལམ་བར་དུ་རྒྱལ་པོ་དང་ཕྲད་ནས་གླང་པོ་ཆེའི་སྟེང་ནས་བབས་ཏེ་སྨྲས་པ། དགེ་སློང ་གྲི་གོས་ཀྱི་ནང་ན་ཅོ་ཡོད།། བུ་མོ་འདི་ཁྱོད་ཀྱི་ཅི་ཡིན་སྨྲས་པས། དགེ་སློང་ན་རེ་གོས་ཀྱི་ནང་ན་བུ་ཆུང་དང་ཀུ་བུ་ཡོད། བུ་མོ་འོང་ངའི་ཆུང་མ་ཡིན་སྨྲས་པས། རྒྱལ་པོ་ན་རེངས་སྤྱན་དྲངས་པའི་དུས་ཁྱོད་སྡིག་ཅན་གྱི་གན་དུ ་མི་འོད་ཟེར་བ་ལ། ད་ལྟ་ཁྱོད་རང་བུ་དང་ཆུང་མས་ཅི་བྱ། སྡིག་ཅན་ཅིག་ཁྱུད་རང་འདུག་སྨྲས་པས། སློབ་དཔོན་གྱིས་ང་ལ་ཉེས་པ་མེད་པས་སྐུར་པ་མ་འདེབས་ཤིག་གསུངས་བྲི། སླར་ཡང་སྔར་བཞིན་དུ་བགྲངས་པས། སློབ ་དཔོན་གྱི་བུ་ཆུང་དང་ཀུ་བཽ་ས་ལ་སྔབས་པས། སིའི་ལྷ་མོ་འཇིགས་ཏེ་ས་གས་ནས་ཆུ་རྡོལ་བ་དང་། ཆུའི་ནང་ནས་བུ་ཆུང་རྡོ་རྗེ་དང་ཀུ་བ་དྲིལ་བུར་སོང་། ཁོང་རང་བདེ་མཆོག་དང་། བུ་མོ་ཡུམ་རྡོ་ཕག་མོར་སོང་ནས། རྒྱལ ་པོ་འཁོར་དང་བཅས་པའི་ན་མཁའི་སྟེང་དུ་བདེ་མཆོག་ཡབ་ཡུམ་རྡོ་རྗེ་དྲིལ་བུ་དང་བཅས་པར་གྱུར་པ་དང་། རྒྱལ་པོ་ལ་སོགས་པས་མགྲིན་གཅིག་ཏུ་ནམ་མཁའ་ལ་བལྟས་ནས་སློབ་དཔོན་ལ་སྐྱབསུ་མཆིའོ་ཞེས་གསོལ་བ་འདེབས་ཀྱང་རྡོ་རྗེ་ཁྲོས་པའི་ཏིང ་འཛིན་ལས་མ་གཞེངས་པ་དང་། སྐྱེ་བོའི་ཚོགས་ཐམས་ཅང་ས་གས་པོའི་ཆུས་ནུབ་ནས་འཆི་བ་ལས་ཐུག་པ་ན། འཕགས་པ་སྤྱན་རས་གཟིགས་སྐད་ཅིག་དྲེར་གཤེགས་ནས། ས་གས་པའི་ཆུ་ཞབས་ཀྱིས་བཀག་ནས། རྒྱལ་པོ་དེ་ཝ་ཕ་ལ ་འཁོར་དང་བཅས་པ་དབུགས་དབྱུང་བར་མཛད་དོ།། དེ་ནས་སླར་ཡང་བླ་མ་ལ་གསོལ་བ་བཏབ་པས། དེས་ཧཱུཾ་སྒྲ་གཅིག་བསྒྲོགས་པས་ཆུ་ཐམས་ཅད་མི་སྣང་བར་གྱུརརོ་ཏོ།། དེ་ནས་རྒྱལ་པོ་འཁོར་དང་བཅས་པས་བཟོད་པར་གསོལ་བས། ་འཕགས་པའི་སྐུ་ཡང་དེ་ཉིད་དུ་རྡོའི་རང་བྱུང་ཏུ་སོང་སྟེ། ད་དུང་ཡང་ཞབས་འོགས་ནས་ཆུ་ཁྲུ་རེ་ཙམ་འདུག་ཟེར་རོ།། དེ་ནས་རྒྱལ་པོ་ལ་སོགས་པ་ལ་དེས་གདམས་པ་གསུངས་པ་ནི། ཇི་ལྟར་སྨན་དང་དུག་ཉིད་ཀྱང་།། རང་གི་ངོ་བོ་ཅིག་ཉིད་ལ།། ་འབྲས་བུ་ཡང་ནི་གཉི་སུ་འབྱུང་།། དེ་བཞིན་སྤང་བྱ་གཉེན་པ་གཉིས།། ངོ་བོ་ཅག་ཏེ་ཐ་དད་མིན།། མཁས་པས་རྟོགས་ནས་སྤོང་མི་བྱེད།། བྱིས་པ་མི་མཁས་པ་ངག་གིས།། མ་རྟོག་དུག་ལྔས་འཁོར་བར་འཁྱམས།། ཤེས་གསུངས་པས།། རྒྱལ ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་མཽ་མོས་པའི་སྒྲོ་བསྐུར་འགགས་ནས་ཅིག་ཏུ་མཐུན་པར་དད་པར་གྱུར་ནས། འགྲོ་པོ་དཔག་ཏུ་མཱཾ་པ་ལ་ལ་གནས་པར་གྱུར་ཏོ།། ཚིག་ཏུ་ཡང་དྲིལ་བུ་པ་ཞེས་བརྗོད་ནས། དོང་ཕན་ཆད་སློབ་དཔོན་དྲིལ་བུ་པ་ཞེས་ཕྱི ་ཐ་དུ་གྲག་སོ།། བུ་མོ་དེས་སློབ་དཔོན་ལ་སྐྱེ་བ་སྔ་མ་ལ་ལན་དྲུག་གི་བར་དུ་ཚུལ་ཁྲིམས་ལ་བར་ཆད་བྱས་པ་ཡིན་ལ། ང་རེས་ཀྱང་ཚུལ་ཁྲིམས་ལ་བར་ཆད་བྱས་པས། སློབ་དཔོན་ཆོས་ཉིད་ཀྱི་ང་དུ་གཉིས་འཛིན ་གྱི་རྣམ་རྟོག་ཐམས་ཅད་སྟོར་ནས་རྒྱུད་སྨིན་པའི་སྟོབས་ཀྱིས་ལམ་དུ་སོང་བ་ཡིན་ནོ།། སྲས་ནི་ཕྱག་རྡོར་བུ་མོ་དེས་ཀྱང་སྔར་ནས་བསྙེན་བསྐུར་བྱས་པའི་ཕན་ཡོན་གྱིས་དེ་རེས་དྲི་མ་དག་པ་ཡིན་གསུང་། དེ་ལྟ་བུའི་ཡོན་ཏན ་དང་ལྡན་པའི་སློབ་དཔོན་དྲིལ་བུ་པི་ལུས་དེ་ཉིད་ཀྱིས་གཉིས་ཀ་མཁའ་སྤྱོང་དུ་གཤེགས་སོ།། གུ་རུ་གྷརྞ་བ་ཏེ་དྲིལ་བུ་པའི་ལོ་བི་རྒྱུས་། ་ག་ལ་དུནག། ་གུ་རུ་ཛེ་ཀི་བའི་ལོ་རྒྱུས་ནི། ཡུལ་ཨོ་ཏནྟ་པུ་རི། རིགས་གདོལ་པ། བླ་མ་ཤ་ར་ཝ། དེ་ཡང་བརྩོན་འགྲུས་ཆེ་ལ་ཤེས་རབ་ཆུང་བར་འགྱུར་བ་དང་། དུས་ཅིག་ན་བླ་མ་ཤ་ར་ཝུ་དེའི་གྲམ་དུ ་གཤེགས་ནས་དགྱེས་རྡོར་དུ་དབང་བསྐུར་སྟེ་བསྐྱེད་རྫོགས་ཀྱི་གདམས་པ་གནང་ནས་སྒོམ་དུ་བཅུག་པས། དེའི་དོན་མ་ཤེས་ནས་བླ་མ་ལ་དངོས་ཀྱིས་སྒོམས་པས་རྡོ་མི་ཐོག་པས་ལུས་ངག་གི་དགེ་སྦྱོར་བགྱིད་པར ་ཞུ་ཞུས་པས། བླ་མས་རྡོ་རྗེ་ཧེ་རུ་ཀིའི་བཟླས་པ་བསླབས་ནས་གནས་ཆེན་པ་ཉི་ཤུ་རྩ་བཞིར་སོང་ལ་བསྒྲུབས་ཤིག་གསུངས་པས། དེས་ཀྱང་དེ་ལྟར་བྱས་པས་ལོ་བཅུ་གཉིས་ནི་དྲི་མ་ངག་སྟེ་མ་ཧཱ་མུ་ཏྲའི་དངོས་གྲུབ་ཐོབ་ནས། ་དེས་རྟོགས་པ་བརྗོད་དེ་ལོ་ལྔའི་བར་དུ་འགྲོ་དོན་སྣ་ཚོགས་མཛད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེག་སོ།། གུ་རུ་ཛེ་ཀཱི་པའི་ལོ་རྒྱུས་རྫོ་གོ་སོ།། ། ་ཙ་ལུ་ཀིའི་ལོ་རྒྱུས་བཐུན་སོ།། གུ་རུ་ཙ་ལུ་ཀིའི་ལོ་རྒྱུས་ནི། ཡུལ་མངྒ་ལ་པུ་ར། རིགས་དམང་རིགས། བླ་ར་ཨཻ་ཏྲི་པ། དེ་ཡང་གཉིད་ཆེ་བས་དུས་རྟག་ཏུ་གཉིད་ཀྱི་དབང་དུ་སོང་ནས་བརྩོན་འགྲུས་རྩོམ ་མི་ནུས་པ་ལ། དུས་གཅིག་གི་ཚེ་འཁོར་བའི་ཉེས་དམིགས་ལ་སྐྱོ་ནས་ཤིང་རྩ་ཅིག་ཏུ་གནས་པ་དང་། དེར་རྣལ་འབྱོར་པ་གཅིག་སོང་ནས་ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། ཙ་ལུ་ཀི་ན་རེ། བདག་འཁོར་བ ་ལས་ཐར་པའི་ཆོས་གྲུབ་སྙམ་པ་ལ་ཆོས་སྟོན་པའི་སློབ་དཔོན་དང་མ་ཕྲད་ཅིང་། སྒྲིབ་པའི་རང་བཞིན་གཉིད་ཆེ་ངས་བརྩོན་འགྲུས་རྩོམ་མི་ནུས་པས། ཉིད་ཀྱིས་བདུག་ལ་ཆོས་ཀྱང་བྱིན་དགོས ་ཤིང་། གཉིད་ཆུང་བའི་ཐབས་ཅིག་མ་བྱིན་ན་པ་ནེནྟེ་ཞུས་པས། རྣལ་འབྱོར་པ་མཻ་ཏྲི་པ་ན་རེ། ཁྱོད་ལ་དདང་བསྐུར་ན་གཉིད་ཆུང་ལ་འཁོར་བ་ལས་ཀྱང་ཐར་པ་ཡིན་གསུངས་ནས་བདེ་མཆོག་ཏུ་དབང་བསྐུར་ཏེ། མི ་ཟབ་པའི་རྫོགས་རོ་མེ་རྩ་རླུང་གི་གདམ་དག་འདི་ལྟར་བྱིནི་ཏེ། སྣང་སྲིད་ངྒེ་ཐམས་ཅད་རང་གི་ལུས་དོག་ཡིད་གསུམ་དུ་བསྡུས་ལཾ། ལ་ལཱ་ར་ས་དབུ་མ་ཨ་ཝ་དྷཱུ་ཏིར་ཆུག་ལ། ལུས་དང་དྷཱུ་ཏི་མཆེར་སྒོམ། ཤེས ་པ་དང་པར་བསྒོམས་ལ་མཚེ་ནང་དུ་དང་པ་འཕྱོ་བར་བསྒོམས་ན་གཉིད་ཀྱང་ཆུང་ལ་རླུང་དྷཱུ་ཏི་རཱ་ཆུད་པས་མི་རྟོག་པ་དང་གིས་སྐྱེ་བ་ཡིན་གསུངས་ནས་གང་མ་དག་བྱིན་ཏེ། དེས་ཀྱང་བསྒོམས་པས་ལོ་དྲགུ ་ན་དྲི་མ་དག་སྐྱེ་ཕྱག་རྒྱ་ཆེན་པོའི་དངོས་གྲུང་ཐོབ་ནས། སྣང་སྲིད་ཆེས་རྣམས་རླུང་གཱི་ལུས་ངག་ཡིད་དུ་འདུས། དེ་ཡང་གཟུང་འཛིན་མ་ཏོག་རྩ་ནི་གསུམ་དུ་འདུས། གཉིས་པོ་དབུ་མར་འདུས་ནས་རྣམ་པར་ཤེས ་པའི་ངང་པ་དེའི་བཅུད་ཀྱིས་མཚེ་ཏེ་གྲུབ་པ་ཐོབ་ནས། དེས་རྟོག་པ་བརྗེ་དེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤོག་སོ།། གུ་རུ་ཙ་ལུ་ཀའི་ལོ་རྒྱུས་རྫོགསོ།། ་སོ་རུ་མ་པོ་རྒྱས་འདུག་སོ།། གླུ་རུ་གོ་རུ་རའི་ལོ་རྒྱུས་ནི། གོ་རུ་ར་བྱ་བ་བྱ་བའོ།། ཡུལ་ཌི་སུ་ན་གར། རིགས་བྱ་བ། དེ་ཡང་རྟག་ཏུ་དྲོལ་ཁུར་ནས་བྱ་རྣོན་བྱེད་པ་ལུས། དུས་གཅིག་གི ་དེའི་གམ་དུ་རྣལ་འབྱོར་པ་གཅིག་བྱོན་ནས་རིགས་ཀྱི་བུ་ཁྱོད་ཅི་བྱེད་སྨྲས་པས། བྱ་བ་ན་རེ། འཕགས་པྲ་བདག་ནི་སྔོན་ལས་ངན་པ་བསགས་པས་བྱ་བའི་རིགསུ་སྐྱེས་ནས། འཚོ་བོའི་ཆེད་དུ་སྲོག་ཆགས་ལ་དུས་རྟག ་ཏུ་རྣམ་པར་འཚེ་བར་བགྱིད་པས་སྐྱེ་ཡིན་གདའོ་ཞུས་པས། རྣལ་འབྱོར་པ་ན་རེ། ལས་དང་ལས་ཀྱིས་ཚེ་འདིར་སྡུག། འདྲི་བས་ཕྱི་མ་ཆེར་སྡུག་ན། རྟག་ཏུ་བདེ་བ་དམ་པའི་ཆོས། སྒྲུབ་པར་མི་བྱེད་ཅི་སྟེ་ཨང?། ཙེས ་གསུངས་པས། དེ་ན་རེ། བླ་མ་བདག་འདྲ་བའི་སེམས་ཅན་སྡིག་ཅན་ལ་ཐུགས་འཁྲུངས་ནས་གདམས་པ་རྩོལ་ན་ཅིས་ཏེ་མི་སྐྱོབ་ཟེར་བསི། དེ་ལ་བྱིན་རླབས་འཕོ་བའི་དབང་སྐུར་མཛད་ནས་དམིགས་པ་ཅིག་པའི ་གདམ་ངག་རང་ཉིད་ཀྱི་དམིགས་པ་དང་མཐུན་པར་བྱིན་ཏེ། འཇིག་རྟེན་གྱི་སྒྲ་ཐམས་ཅད་བྱའི་སྒྲར་སྒོམ། བྱའི་སྒྲ་དང་རླུང་གི་ཤེས་པའི་དམིགས་གཉིས་གཅིག་ཏུ་གྱིས་ལ་བསྒོམས་ཤིག་གསུངས་པ་ན། དེ་སྒྲ་ལ ་སེམས་ཤོར་ནས་སླར། ཁུ་བྱུག་སྒྲ་སྙན་སྒྲ་གྲགས་ཏེ།། སྒྲ་རྣམས་སྒྲ་ཙམ་ཉིད་དུ་གིཙོག། དེ་བཞིན་སྒྲ་དང་སྒྲར་འཛིན་པ།། ཁྱབ་བྱེད་ཆོས་ཉིད་ངོ་བོ་སྒོམ། ཅེས་གསུང་པས་དེ་ལྟར་བསྒོམས་པ་ན་སྒྲ་གྲགས ་སྟོང་དབྱེར་མེད་དུ་རྟོགས་ཏེ། ལོ་དགུ་ན་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། རང་གི་རྟོགས་པ་བརྗོད་ནས་ལོ་བརྒྱའི་བར་དུ་འཇིག་རྟེན་དུ་བཞུགས་ཏེ། སེམས་ཅན་གྱི ་དོན་དཔག་ཏུ་མེད་པ་མཛད་ནསའཁོར་སུམ་བརྒྱ་དང་བཅུས་ལུས་དེ་ཉིད་ཀྱིས་མཁའི་སྤྱོད་དུ་གཤེག་སོ།། གུ་རུ་གོ་རུ་རུའི་ལོ་རྒྱུས་རྫོག་སོ།། ་ཥ་ཆེག་མི་མོ་རྒྱུས་བཙུན་ཏོ།། གུ་རུ་ལུ་ཙཱི་ཀའི་ལོ་རྒྱུས་ནི། ལུ་ཙི་ཀ་སྟ་ཅོག་འདུག་ཀྲོག་ལངས་མཁན་པོ། ཡུལ་ཤར་ཕྱོགས་བྷཾ་ག་ལ་ན་བྲམ་ཟེ་ཞིག་མི་མང་པོ་ཤི་བས་ཤེས་པ་སྐྱོ་སྟེ ་འཁོར་བ་ལས་བློ་ལོག་ནས་གནས་དབེན་པ་ཞིག་ཏུ་ཕྱིན་ཏེ་ཆོས་བྱེད་སྙམ་ནའང་། གདམས་པ་མེད་པས། དང་ལ་ཆོས་གསུང་པོའི་བླ་མ་གཅིག་དང་ནི་འདྲང་སྙམ་པ་ན། དུས་གཅིག་གི་ཚེ་རྣལ་འབྱོར ་པ་གཅིག་དྲེར་བྱོན་ནས་དྲི་དགའ་སྟེ་ཕྱག་བཙལ་བ་ན། རྣལ་འབྱོར་པ་ན་ར~ཾ། ང་ལ་ཕྱག་བཅོལ་ནས་ཅི་དགོས་གསུངས་པས། དཱི་ན་རེ། བདག་འཁོར་བ་ལས་བློ་ལོག་ནས་ཆོས་ཅིག་བྱེད་སྙམ་བྱ་ལ། གོང ་ངག་སྔོན་པོའིའོ་བླ་མ་མ་རྙེད་ནས། དེ་རིང་བླ་མ་དང་ཕྲད་པས་གདམས་པ་བཞུའོ་ཟེར་བས། ངེས་བདེ་མཆོག་ཏུ་དབང་བསྐུར་སྟེ་བསྐྱེད་རྫོགས་ཀྱི་གདམས་པ་གནང་བས། ངེས་འབོད་ནས་བསྒོམས་པས ་ལོ་བཅུ་གཉིས་ལ་བསྐྱེད་རྫོགས་ཟུང་དུ་བྱུག་ཏེ་གྲུབ་པ་ཐོབ་ནས་ལཱུ་ཙི་ཀར་གྲགས་ཤིང་། དེའི་ཞལ་ནས། འཁོར་བ་མྱ་ངན་འདས་པ་གཉིས།། ཐ་དད་ཡོད་པར་མ་མཐོང་སྟེ།། དེ་ཉིད་ཐར་པ་བདེ་ཆེན ་དམན་པ་རྱ་གཟུང་བས་བགྱིང་བར་དཀའ། ཅིས་གསུངས་ཏེ། ལུས་དེ་ཉིད་ཀྱིས་མཁའ་སྐྱོང་དུ་གཤེགས་ཏེ།། ནམ་མཁའ་ནས་རྟོག་པ་རྣམས་བརྗོད་ནས་མི་སྣང་བར་གྱུར ་ཏོཏེཏོ། གུ་རུ་ལུ་ཙི་ཀིའི་ལོ་རྒྱུས་རྫོགསོ།། ་ན་གུ་ཎའི་ལོ་རྒྱུས་བཞུགསོ།། ་གུ་རུ་ན་གུ་ཎའི་ལོ་རྒྱུས་ནི། ནཱ་གུ་ཎཱ་སྟེ་ཡོན་ཏན་མེད་པ་བྱ་བ་ཡིན་ལ། ཡུལ་བུཆུ་དྭེ་ཤ་བྱ་བར་ད་མངས་རིགས་ཞིག་གི་ཁྱིམ་ཐབ་ལ་བུ་བཅྡོཾས་ཏེ། བཅེས་སྦྱིན་རྒྱ་ཆེན་པོ་བྱས ་ནས་བསྐྲད་བསྲིངས་པ་ན་དེ་གཉིད་དང་ལ་ལོ་ཆེ་བས་འཇིག་རྟེན་གྱི་བྱ་བ་གང་ཨང་མ་དྲན་པས། འདི་འདྲ་བའི་ལེ་ལོ་ཅན་གྱིས་མི་བྱ་བ་བཟང་ངན་གང་ཡང་མི་འོང་བ་འོདི་སྐྱེས་པ་བས། ཤིང་ཐོག་གཅིག་སྐྱེས ་ན་བཟང་ཟེར་ནས་མཐུན་པར་དམོད་པའི་ཚེ། དེ་ཡིད་ཕྱུངས་ནས་ཕྱོགས་དབེན་པ་ཞིག་ཏུ་སོང་ནས་སྡད་ཡོད་པ་ལ། རྣལ་འབྱོར་པ་གཅིག་བྱོན་ནས་གྲོང་ཁྱེར་ནས་བསོད་སྙོམས་ལོང་ལ་གྲོང་ཤིག་གསུངས ་པས། བདག་གི་མི་ལདྲ་པར་འདུག་ན་ཟེར་ནས་ས་ལ་འགོག་ཀྱང་མི་ནུས་པ་ལ། དེས་ཐུགས་རྗེས་བཟའ་བ་བྱིན་ནས་ཁྱོད་ལ་ཡོན་ཏན་ཅི་ཡོང་གསུངས་པས། རྣལ་འབྱོར་པ་བདག་ནི་ན་གུ་ཎ་ཞིས་བཏགས་པ ་ལགས་ན་ཡོན་ཏན་ཅི་ཡང་མེད་དོ་ཞེས་ཟེར་ན། ཁ་ཟས་ཀྱང་ཤུལ་ཀྱིན་བཟའ་བཏུང་བྱེད་པ་ན། དེ་ལ་དེས་ཤི་བོས་མི་འཇིགས་སམ་བྱས་པས། འཇིགས་སྟེ་ཐབས་མེད་ཟེར། སྒྲུབ་པར་ནུས་ན་ཐབས ་བྱིན་གྱི་གསུངས་པས། ཉལ་ཀྱི་ན་བྱར་ཡོད་ན་ནུས་ལགས་ཟེར་བས། དེས་དབང་བསྐུར་ནས་སྣང་སྟོང་ཟུང་འཇུག་གི་གདམས་པ་འདི་གནང་སྟེ། གཟུང་འཛིན་གང་ཡང་མ་གྲུབ་པར། མ་རྟོགས་སེམས་ཅན ་ཐམས་ཅད་ནི། སྡུག་བསྔལ་གྱིས་མནར་སྙིང་རེ་རྗེ། དེ་ཡང་གདོད་ནས་མ་གྲུབ་སྟེ།། སྣང་དང་སྟོང་པ་དབྱེར་མེད་པས།། འོད་གསལ་རྒྱུད་ལ་སྐྱེས་ནས་ཀྱང་།། སྨོན་པ་ལྟ་བུའི་སྤྱོད་པ་ཡིས།། ་གླེང་ཁྱེར་དག་ཏུ་རྒྱུག་པར་བྱ།། ཅེས་གསུངས་པ་ལྟར་དེས་ཀྱང་བསོད་སྙོམས་བྱེད་ཅིང་སྦུབས་འོད་གསལ་ཟུང་འཇུག་གི་རྟོག་པ་སྐྱེས་ནས་གྲུབ་པ་ཐོབ་སྟེ་ཕྱོགས་ཐམས་ཅད་དུ་ཕྱིན་ནཱ་ས་མི་རྣམསུ་ཡོན་ཟེར་བ་ལ། ་དེས་མོ་དག་ལ་ལྟོས་ཀྱི་ན་དྲོས་པས། མི་རྣམས་ཀྱང་འདི་འདྲ་བ་ཞིག་སྙིང་རེ་རྗེ་རྗེ་ཟེར་ནས་ངུ་བར་བྱེད། གདུལ་བྱ་སྣོད་དང་ལྡན་པ་ལ་སྣང་སྟོང་དབྱེར་མེད་ཀྱི་ལམ་སྟོན་པར་བྱེད་པར་བྱེད་དོ།། དེ་ནས་རྒྱ་མཚོར་གྲུ་ཞིག་པ ་བཞིན་དུ་འཁྲུལ་པའི་རྒྱ་ཐམས་ཅད་ཞིག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅིང་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་ན་གུ་ཎོའི་ལོ་རྒྱུས་རྫོགསོ།། ་བསྔ་ས་མདྷའི་ལོ་རྒྱུས་བཙུགོས།། གུ་རུ་ཛཱི་ཡཱ་ནནྟེའི་ལོ་རྒྱུས་ནི། ཡུལ་བྷཾ་ག་ལར་རྒྱལ་བཻ་ཞིག་ལ་བྲམ་ཟེའི་བློན་པོ་ཡོད་པས། དུས་གཅིག་གྲི་ཚེ་བྲམ་ཟེ་ཆོས་སྐོར་ཞུགས་ནས། བཀའ་གསང ་སྔགས་ཀྱི་ཆོས་གསད་ཀྱིན་བསྒྲུབས་པས། བྱིན་རླབས་བྱུང་བ་སུས་ཀྱང་མ་ཚོར་བ་དང་། དུས་རྒྱུན་དུ་གཏོར་མ་མང་དུ་བཏང་བས། བློན་པོ་གཞན་གྱིས་མ་ཐེག་ནས་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་ཀྱང ་དུ་བཟུང་སྟེ། ལྕགསུ་བཅུག་པ་ན། དེས་རྒྱལ་པོ་ལ་ལྷའི་རྫས་ཕུལ་ཕྱེད་ལོངས་ཆུད་ཟོསུ་བཅུག་པ་མེད་པས་ལྕགས་ལས་ཐོད་ཅིག་བྱས་ཀྱང་རྒྱལ་པོས་མ་ཉན་པ་ན། དེའི་བྱི་དེར་གཏོར་མའི་དུས་སུ་བྱ་དག་འོངས ་བས། དེ་མེད་པར་རྒྱལ་བའི་ཁང་པར་བྱ་དག་འདུས་ནས་དམག་དྲངས་ཏེ་མི་ཐམས་ཅད་མགོ་ལ་རྟོག་པ་དང་། འཚོགས་པར་བྱེད་པོས། དེ་ན་བྱ་སྐད་ཉན་ཤེས་པ་ཅིག་གིས་ཉན་པས། ངེད་ཀྱི་ཕོ་མར་གྱུར་པའི་བྲམ ་ཟེ་རྒྱལ་པོས་གདམས་པ་ཡིན་ནོ།། ཟེར་བས། དེ་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོ་ན་རེ། དེ་ལྟ་ན་ཁྲོ་བདེན་པར་འདུག་ཟེར་ནས་བཟོད་པར་ཕུལ་ཏེ་བྱ་དག་ལོག་ཏུ་ཆུགཅིག་ཟེར་ནས། དེས་བྱ་དག་ལ་སྨྲས་ནས་བྱ ་ལྡོག་པས་རྒྱལ་པོ་ཆེར་དད་དེ། ཉི་མ་རེ་ལ་འབྲས་ཁལ་ཉི་ཤུའི་གྷོ་ཏོར་རྐྱེན་ལ་སོགས་པ་ཕུལ་ལོ།། དེ་མན་ཆད་བླ་མེ་ཛཱི་སྱཱ་མནྟའི་ཞེས་གྲགས་ཏེ། དེའི་ཞལ་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ།། བླ་མའི་དྲིན ་གྱིས་ཡང་དག་རྟོགས།། བདེ་ཆེན་མཆོག་གི་བློན་པོ་བྱེད།། འཁོར་བའི་འཁོར་དུ་ང་མི་གནས།། གནས་ལུགས་རང་གསལ་རྒྱལ་པོ་དེས།། གཟུང་འཛིན་གཉིས་ཀྱི་དགྲ་ཡང་བཅོམ།། འཁོར་བའི་བདེ་ལ་ཆགས ་པ་མེད།། ཀྱེ་ཧོ་མ་རྟོགས་སེམས་ཅན་རྣམས།། ཀྱེ་མ་ཞེས་ནི་ཛྙཱ་ཡཱ་སྨྲ།། འགྲོ་དོན་མང་དུ་མཛད།། ལོ་བདུན་བརྒྱ་ནས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་ཛཱི་ཡཱ་ནནྟིའི་ལོ་རྒྱུས་རྫོག་སོ།། ་གུ་རུ་པ་ཙ་རི་བའི་ལོ་རྒྱུས་ནི། ཡུལ་བཀྲ་ཡིན། རིགས་འཁུར་བ་འཚོང་བའོ།། དེ་ཕོངས་ནས་བོས་ཀྱང་ཀ་ཊུ་ལ་ལས་གེན་རྒྱུ་མེད་པ་ཞིག། ཁྱིམ་བདག་ཕྱུག་པོ་ཅིགུ་ནསྤུ་འཁུར་བ་བླངས ་ཤིང་བཙོངས་ནས་དེའི་ཁས་འཚེ་བར་བྱེད་པའི་ཚེ། དེས་ཁུར་བ་མར་ཁུར་ཆོས་པ་མ་བཙོངས་པར་རང་ཉིད་ཀྱིས་ཟོས་པའི་ཕྱེད་ཅེམ་ཟོས་ཟིན་པ་ན། འཕགས་པ་སྨན་རས་གིཟིགས་དབང་ཕྱུག་དགེ་སློང་ཞིག་ཏུ་སྤྲུལ་ནས ་དེའི་གམ་དུ་བྱོན་པས། དེ་དད་པ་སྐྱེས་ནས་ཕྱག་བྱས་ཏེ་འཁུར་བའི་ཕྱེད་པོ་དགེ་སློང་དེ་ལ་དྲངས་པས། དེ་ན་རེ། ཁྱོད་ཀྱི་འདི་གང་ནས་ཁུགས་པ་ཡིན་གསུངས་པས། དེས་ཀྱང་བདྲེན་པར་སྨྲས་པ་དང་། འོ་ནའི་སྐོལ་གཉིས ་ཡོན་མཆོད་དུ་འདུག་པ། དུས་ཡོན་བདག་ལ་ཚོས་ཅིག་བྱ་གསུངསོ་པས། དེས་ཀྱང་མཱཎྜལ་བྱས་ཏེ་མེ་ཏོག་ལ་སོགས་པ་ཕུལ་བས། སྤྲུལ་པས་ཀྱང་སྐྱབས་འགྲོ་སེམས་བསྐྱེད་བྱིན་རླབས་བྱས་ནས་ལྕི་དྲུག་མའི ་གདམས་པ་གནང་བས། དེས་ཀྱང་གུས་པས་བསོད་སྙོམས་ཀྱིས་འཚེ་བ་དང་བྱས་ཏེ་སྒྲུབས་པའི་དུས་སུ་སྔར་གྱི་འཁུར་པའི་བདག་པོ་དེ་འོངས་ནས། ངའི་རིན་དུ་བྱིན་ཟེར་བས། དེས་ང་ལ་ཅིང་མེད་ན་བྱས ་པ་ལ། དེ་བཟུང་ནས་བརྡུངས་པས། དེའི་ཁ་ནས་ང་གཅིག་པོས་མ་ཟོས། སློབ་ངོ་པོན་དང་ངང་གཉིས་ཀས་ཟས་ན་ང་གཅིག་པོ་བརྡུང་དེ་བྱས་པས། དེ་བཞིན་དུ་སྒྲ་དེ་རྩིག་པ་ལ་སོགས་པ་ནས་ཀྱང་བྱུང་བས ་དྲི་ངོ་མཚར་ནས། བདག་གི་ཁུར་བ་ཁྱེད་ཀྱིས་ཁྱེར་ཏེ་སོང་ཟེར་ནས་གཏང་ངོ་།། དེས་ཀྱང་ལྷ་ཁུང་ཞིག་ཏུ་ཕྱིན་ནས་རང་གི་ཡི་དམ་གྱི་རྟེན་གཅིག་ཡོད་པ་ལ་འཁུར་བའི་རིན་བླངས་པས། གསེར་ཏོ་ལོ་བརྒྱ་བཏ་བ་ན། ་དེ་ཁུར་ནས་སྔར་གྱི་ཁྱིམ་བདགུ་ལ་འཁུར་བིའོ་རིན་དུ་བཏང། དེར་སྔར་གྱི་སྒྲིབབ་པག་ཅིག་ཡོད་པ་དགོ་ནས། ངའི་བླ་མ་འཕགས་པ་ཡིན་པར་འདུག་སྙམ་ཏེ། རི་བྱོ་ཏ་ལར་འགྲོ་བར་བཆད་ཏེ་ཕྱིན་པ་ན། བར་དུ་ཚེར་མའི ་ནགས་གཅིག་ནས་རྐང་པ་ལ་ཚྭར་མ་ཟུག་མས་སྡུག་བསྔལ་ཆེན་པོ་བྱུང་སྟེ་འཕགས་པ་ལ་སྐྱེ་དགས་ཆེན་པོ་ཡང་བཏང་བས། འཕགས་པས་ཀྱང་ཞལ་དངོས་སུ་བསྟན་ཏེ། ཁྱོད་ཀྱི་བླ་མྲྀ་ང་ཡིན་པས། ད་ཁྱོད ་རང་དོན་གཉེར་བར་མ་བྱེད་པར་ཕྱིར་ལོག་ལ་གདུལ་བྱ་རྣམས་དྲང་བར་བྱོས་ཤིག་གསུངས་པསོ།། དེ་དགའ་ནས་ན་མཁའ་ལ་འཕགས་ཏེ་ཙམ་པ་ཀ་ཡེར་རེ་བྱོན་ནས། ཐམས་ཅད་ཀྱིས་མཐོང་བུས་ངོ་མཚར་སྐྱེས་ཏེ ་གདམས་པ་ཞུས་པས། སྣང་སྟོང་དབྱེར་མེད་ཀྱི་གདམོས་པ་ཡང་གསུངས་ཏེ། དེ་མན་ཆད་བླ་མ་བ་ཙེ་རི་བ་ཞེས་བྱ་བར་གྲགས་ཏེ་མཐར་ལུས་དེ་ཉིད་ཀྱིས་མཁའ་སྦྱོང་དུ་གཤེགས་སོ།། གུ་རུ་བ ་ཅི་རི་བའི་ལོ་རྒྱུས་རྫོགསོ།། ་ནམ་པ་ཀའི་ལོ་རྒྱུས་བཞུག་སོ།། གུ་རུ་ཙམ་པྲ་ཀའི་ལོ་རྒྱུས་ནི། ཡུལ་ཙམྦ་པཱ་ཀ་ཡིན་ཞིང་། མེ་ཏོག་གི་མིང་ལས་བཏགས་པ་ཡིན་ནོ།། དེ་ལ་རྒྱལ་བུ་གཅིག་ལ་རྒྱལ་སྲིད་ཀྱི་འབྱོར ་པ་ཕུན་སུམ་ཚོགས་ཤིང་ལོངས་སྤྱོད་ཀྱི་བྲེལ་པ་མེད་པ་ཅིག་ཡོད་ལ། དེ་ལང་ཚོས་དྲེགས་ཤིང་རྒྱལ་སྲིད་ཀྱི་བདེ་བས་མྱོས་ནས་ཕྱི་མ་མི་དྲན་ལ། རྒྱལ་པོ་དེ་མེ་ཏོག་ཙམ་པ་ཀའི་སྐྱོད་མོས་ཆེལ་གྱི་ནང་དུ་མེ་ཏོག་ཁོང ་པ་ལེགས་པར་བྱས་ཏེ་འདུག་པའི་སྟན་དང་སྔས་ཀྱང་མེ་ཏོག་ཙམ་པ་ཀ། ཁ་དོག་སོར་བ། དྲི་ཞིམ་པོ་ལ་བྱས་པ་དེ་ལྟ་བུའི་ནང་ནི་གནས་པ་ན་རྣལ་འབྱོར་བ་གཙིགས་དྲོ་ལ་བསོད་སྙོམས་བླངས་པས། རྒྱལ་པོས་ཀྱང་ཞབས ་བཀྲུས། སྟན་བཏབ་པ་ལ་སོགས་པ་བྱས་ནས་བཞེས་ཆབ་དྲངས་ཏེ་དེས་ཆོས་གསུངས་པས། རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མཆོད་གནས་སུ་ཕུལ་ཏེ་བཞུགས་པ་ནཱ། རྒྱལ་པོ་ནཱ་རེ། རྣལ་འབྱོར་པས ་ཡུལ་མང་པོར་བྱོན་ནས། མེ་ཏོག་འདི་འདྲ་བ་དང་བདག་འདྲ་བའི་རྒྱལ་པོ་གཞན་ན་གཟིགས་སམ་ཞུས་པས། དེ་ན་རེ། མེ་ཏོག་ཙམ་པ་ཀུ་ནི་དྲི་མཆོག་ལྡན་གྱུར་ཀྱང་།། རང་གི་ལུས་ལ་དྲི་མ་སྣ་ཚོགས་དོ་མ་ཡིན། ་རྒྱལ་པོའི་རྒྱལ་སྲིད་གཞན་ལས་ཁྱད་པར་འཕགས་གྱུར་ཀྱང་།། འཆི་བར་གྱུར་པའི་ཚེ་ཡང་མེད་པར་འགྲོ།། ཅེས་གསུངས་པས། རྒྱལ་པོས་བརྟགས་པས་ལུས་ལ་ཞན་པ་རང་ལོག་ཏུ་སོང་ནས། སླར་དེ་ལ་གདམས ་བཞུས་པས། ངེས་དང་པོར་ལས་རྒྱུ་འབྲས་བསྟན། དེ་ནས་དབང་བསྐུར་སྟེ་གདམས་པ་ལུམ་བསྐྱེད་རྫོགས་གནང་བས། དེའི་རྣམ་པར་རྟོག་མེ་ཏོག་ལ་སོང་ནས་སྐོམ་དུ་མ་འདོད་པ་ལ། རྟོག་པ་ལམ་འཁྱེར་གྱི་གདམ ་པ་འདི་ལྟར་གནང་ངོ་།། སྣང་ཙམ་ཉིད་ནས་སྟོང་བས་ན།། བླ་མའི་མན་དགུ་མེ་ཏོག་ལྔ།། རང་སེམས་ཕུང་པོ་གནས་པར་བྱེད།། ཟག་མེད་བདུད་རྩིའི་སྦྲང་རྩི་གསུམ།། ངོ་བོ་ཅིག་ཏུ་བསྒོམ་པ་ན། ་འབྲས་བུ་བདེ་ཆེན་འབྱུང་བར་འགྱུར།། དྲུག་པ་རྡོ་རྗེ་འཆང་ཆེན་གྱི།། བཀའ་ཡིན་ཐེ་ཚོམ་མེད་པར་བསྒོམས།། ཤེས་གསུངས་པོས་དེས་ཀྱང་ལོ་བཅུ་གཉིས་པོསྐམས་བྲ་ན། གདམ་ངག་དང་རང་སེམས ་ཀྱི་གནས་ལུགས་ཉམས་མྱོང་གསུམ་དབྱེར་མེང་དུ་རྟོགས་ནས་གྲུབ་པ་ཐོབ་སྟེ། དེ་མན་ཆུད་ཙམ་པ་ཀ་བྱ་བར་གྲགས་ལ། བཙུན་མོ་ལ་སོགས་པ་འཁོར་དཔག་ཏུ་མེད་པ་ལ་ཆོས་བཤད་ནས་མཐར ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། གུ་རུ་ཙམ་པ་ཀ་པའི་ལོ་རྒྱུས་རྫོགས་སོ།། ་རྨི་མྦུའི་མ་རྒྱས་བཞག་ས། ་གུ་རུ་བྷིཀྵ་ནའི་ལོ་རྒྱུས་ནི། བྷིཀྵཱ་ན་སྟེ་སོ་གཉིས་པ་བྱ་བ་ཡིན་ལ། ཡུལཱ་ས་ལི་པུ་ཏྲ་ནི་དམདྨ་རིགས་ཞིག་རྫས་དང་འབྱོར་པ་ཐམས་ཅད་ཉམས་ནས། གྲོང་དང་གྲོང་ཁྱེར་དུ་བསོད་སྙོམས ་བྱེད་པ་ལས། དུས་ཅིག་ན་བསོད་སྙོམས་མ་རྙེད་ནས་སེམས་ཁོང་དུ་ཆུད་ཅིང་དབྱེན་པ་ཞིག་ཏུ་སྲུང་པོའི་དུས་སུ། ཌཱ་ཀི་མ་ཞིག་བྱོན་ནས་ཁྱོད་འདོ་ན་ཅི་བྱེད་ཅིང་འདུག་གསུངས་པས། དེས་ཀྱང་བདེན་པར་སྨྲས་པ་ན། ་དེས་ང་ལ་འདོད་པ་རྙེད་པའི་ཐབས་ཡོད་ན་གསུངས་པས། དེ་ན་རེ་བདག་ལ་ཞུ་ཟེར། འོ་ན་ཡོན་ཅི་ཡད་གསུངས་པས། སྟེང་འོག་གི་སོ་རེ་རེ་བཞིག་ནས་གཞན་སྟོན་ཏེ་ཕུལ་བས། ལྷག་པའི་བསམ་པ ་གཡོ་སྒྱུ་མེད་པར་མཁྱེན་ནས་དབང་བསྐུར་ཏེ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་གདམས་པ་གནདྲ་ནས། དེས་ཀྱང་བསྒོམས་བཱས་ལོ་བདུན་ནུ་བདེན་པ་མཐོང་སྟེ། ཟག་མེད་ཀྱི་ཡོན་ཏན་རྒྱུད་ལ་སྐྱེས་ནས ་རྟོགས་པ་བརྗོད་དེ། གདུལ་བྱའི་དོན་ལ་གྲོང་དང་གྲོང་ཁྱེར་དུ་བྱོན་ནས། བྷིཀྵ་ན་ཞེས་བྱ་བར་གྲགས་ཏེ་ལོ་མང་པོ་ནས་ལུས་དེ་ཉིད་ཀྱིས་མཁའ་སྦྱོང་དུ་གཤེགས་སོ།། གུ་རུ~ཾ་བྷཱིཀྵ ་དེའི་ལོ་རྒྱུས་རྫོགས་སོ།། དྷེ་ལི་བའི་ལོ་རྒྱུས་བཞུག་སོ།། གུ་རུ་དྷི་ལྀ་པའི་ལ ་རྒྱུས་ནི། ཡུལ་ས་ཏ་པུ་རི་ན་མར་ནག་འཚོང་བས་འཚེ་བ་གཅིག་ཡོད་པ་ལ། དེས་མཱར་ནག་འཚེང་བས་གར་བྱ་བར་ཚོང་ལེགས་ཏེ་འབྱོར་པ་རྒྱས་ཏེ་རྣམ་ཐོས་ཀྱི་བུ་དུང་སྙམ་པའི ་འབྱོར་པ་ཐོབ་ནས་དེ་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་བྱེད། དེ་ཡང་ཚེད་སྣ་བརྒྱད་ཅུ་རྩ་བཞི་དང་བཟའ་བ་བཅུ་གཉིས་དང་། བཏུང་བ་ལྔ་ལ་སོགས་པ་རྣམས་རྒྱལ་པོས་མ་ཚོར་བར་ལོངས་སྤྱོད་ཅིང་འདུག ་xxx ་སྦྱོར་བ་བྱེད་པ་དེ་གཟིགས་པས། དེ་ལ་ཁྱོད་ཀྱི་བསྐལ་པ་ནས་བསྐལ་པར་དེ་བརྩིར་བས་ཐར་པ་མི་འབྱུང་གསུངས་པས། བླ་མ་དེ་ལྟ་ན་ཐར་པ་འབྱུང་བའི་ཐབས་ཞུ་ཟེར་བས། དེས་དབང་བསྐུར་ནས་མཚན་མ ་རང་གསོལ་གྱི་གདམས་པ་འདི་གནང་སྟེ། རང་ལུས་ཏིལ་གྱི་གོར་ཉིད་ལས། རྣམ་རྟེག་མར་ཁུ་བཙི་ནས་ཀྱང་།། སེམས་ཉིད་སྣོད་དུ་བླུགས་བྱས་ཏེ།། སྣང་སྟོང་དབྱེར་མེང་སྡོང་བུ་ལ།། རིག་པ་ཡེ་ཤེས་མེ་སྦྱར ་ནས།། མ་རིག་མུན་པ་སྤངས་གྱུར་ཏེ།། མཐར་པའི་བདེ་བ་བླ་ན་མེད།། ཟག་མེད་བདེ་ལ་གནས་པར་འགྱུར།། ཅེས་གསུངས་ནས་ངེས་ཀྱང་གུས་པར་བསྒོམས་པས་ལོ་དྲུག་ན་བསྐྱེད་རྫོགས་ཟུང་དུ་ཆུད་དེ་གྲུབ་པ་ཐོས ་ནས། རང་ལུས་ལ་འོད་འཕྲོས་པས་ཕྱོགས་ཐམས་ཅད་གང་བར་བྱས་པ་དེ་གཞན་གྱིས་མཐོང་ནས་རྒྱལ་པོ་ལ་སྙད་པ་ན། རྒྱལ་པོས་ལྟར་བཏང་བས་དེ་ལྟར་འདུག་པ་དང་། དེས་ཀྱང་ཟག་པ་མེད་པའི་བདེ ་བ་ལ་ལོངས་སྤྱོད་པའི་རྒྱལ་པོ་ང་དང་མཉམ་པ་འགའ་ཡང་མེད་དོ་ཞེས་པོ་ལ་སོགས་པ་གསུངས་ཞིང་ཐམས་ཅད་དད་པཾ་ལ། དེ་དག་གི་ཁམས་དང་བག་ལ་ཉལ་དང་མཐུན་པའི་གདམ་ངག་གསུངས་ནས། ལོ་དུ་མ ་ནུས་འཁོར་མང་པོ་དང་བཅས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་མེ་དྷི་ལིའི་ལོ་རྒྱུས་རྫོགས་སོ།། @#ཀུ་མ་རིའི་ལོ་རྒྱུས་བཞུག་སོ།། གུ་རུ་ཀུ་མ་རི་པའི ་ལོ་རྒྱུས་ནི། བོད་སྐད་རྫ་མཁན་བྱ་བ་ཡིན་ལ། ཡུལ་ཛུ་མ་ན་ཤྲཱི་བྱ་བ་ན། གང་ཟག་རྫ་མཁན་ཞིག་དུས་རྟག་པར་རྫའི་ལས་ཀྱིས་འཚོ་བའི་ཚེ། དེ་ལ་སེམས་སྐྱོ་ནས་ཡོད་པ་ལ། དེའི་གྲམ་དུ་རྣལ་འབྱོར་པཾ་གཅིག ་འོངས་ནས་བསོད་སྙོམས་བླངས་པས། དེས་ཀྱང་བསོད་སྙོམས་དྲངས་ནས། བླ་མ་བདག་གིས་འདི་འདྲ་བའི་ལས་རིམ་ཅིག་བྱས་པ་ལྔ་ཕན་པ་ཆེན་པོ་མ་བྱུང་ཞིང་། ལས་འདིང་ཟད་པ་འམ་ཟིན་པའི་མཐའ་ལར་མ་བྱུང ་བས་སྐྱོ་བ་སྐྱེས་པར་གད་ཟེར་བས། དེ་སྦྱིན་བདག་ཁྱོད་ཀྱི་མ་གོ་འམ། འཁོར་བའི་སེམས་ཅན་འདི་སྡུག་བསྔལ་བ་ལོ་བདེ་བ་ནི་འགའ་ཚེམ་ཡང་སྡེབ་མ་ཡིན་ཏེ། དེ་ཡང་དུས་ཐོག་མ་མེད་པ་ནས་ཐ་མ་མེད་པར ་སྡུག་བསྔལ་ཅིག་པོ་ལས་མེད་དེ་སྐྱོ་བ་མ་སྐྱེས་པར་གདའ་ན་གསུངས་པས། དེ་དང་ནས་བླ་མ་དེ་ལས་ཐུར་པའི་ཐབས་སྡིག་ཞུ་ལགས་ཟེར་བས། དེས་དབང་བསྒྱུར་ནས་བསྐྱེད་རྫོགས་གཉིས ་ཀྱི་གདམས་པ་གནང་བ་ནི། མ་རིག་པའི་རྫ་ས་ལས།། ཉོན་མོངས་རྣམ་རྟོག་འདམ་ཕྱུང་སྟེ།། སྲེད་ལེན་འཁོར་ལོས་རིགས་དྲུག་གི། རྫ་བྱས་ཡེ་ཤེས་མཱཾ་ཡིས་བསྲེག། ཅེས་གསུངས་པས། དེས་རྣམ་རྟོག་ངོ ་སྤྱོད་ཀྱི་གདམས་པ་དེ་གྲོ་ནུས་ཟླ་བ་དྲུག་བསྒོམས་པས་འཁོར་བ་འཁྲུལ་པའི་དྲི་མ་དག་ནས་གྲུབ་པ་ཐོབ་སྟེ་མཉམ་པར་གཞག་པས། རྫི་མའི་འཁོར་ལོ་རང་འཁོར་ནས་རྫ་མ་ཡིད་ལ་འཐད་པ་ལྟར་བྱུང་བས། དེ ་གྲོང་ཁྱེར་བསྐུ་རིགས་ཀྱི་ཡོནྱ་ཏིནྟ་དང་ལྡན་པར་གོ་ན་ཐས་སུ་མ་རི་བ་ཞེས་བྱ་བར་གྲགས་པས། དེས་རྟོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། ་གུ་རུ་ཀུ་མ་རི་པའི་ལོ་རྒྱུས་རྫོགསོ།། ། ་མ་རྒྱས་བསུན་། ་གྲུ་རུ་ཙེ་པ་རི་བའི་ལོ་རྒྱུས་ནི། གྲོང་ཁྱེར་མྦྷ་གྷ་དྷའི་བྱེ་བྲག་ཅིག་ན་འབྲོག་པའི་རིགས་གཅིག་ལ་འབྱོར་པ་དཔག་ཏུ་མེད་པ་ཡོད་ན། མ་ཧེ་སྟོང་ལ་སོགས་པ་དང་། རྟ་དང་ལུག་སོགས་དཔག་ཏུ་མེད་པ ་ཡོད་པ་ཞིག་གིས་ཕ་རྒྱུན་ཤི་ནས་འདུ་བ་རྒྱ་ཆེན་པོ་བྱས་པ་ལ། གཞན་དུ་ནུ་ཡོང་ཤི་བའི་དུས་འདུ་བ་རྒྱ་ཆེན་པོ་བྱེད་པའི་ཚེ། ཡུལ་དེའི་མི་རྣམས་བྲོས་ནས་ཞག་མང་དུ་བཟུའ་བ་དང་བཅའ་བུ་མང་པོ་སྟེར་སྦྱིན་དགོས་ཏེ། མི ་རྣམས་ཆུ་བོ་གང་གའི་འགྲམ་དུ་ཁྲུས་ལ་ཕྱིན་ནས།། དེའི་ཆུང་མ་ཁྱིམ་སོགས་བསྲུང་བར་བཞག་པའི་ཚེ། དེ་ལ་བུ་མོ་ལོ་གསུམ་པ་གཅིག་ཀྱང་ཡོད་ལ། མ་མང་གཉིས་ཀྱིས་སྤད་པ་ན། དེའི་ཚེ་བླ་མ་ཙཾ་པོ་རི་པ་གང་ནས ་བྱོན་ཆ་མེད་པར་དེར་བྱོན་ནས་དེ་ལ་བཟའ་བོ་བླངས་པས། བུ་མོ་དེ་གཡོ་ཆུང་བས་བཏིམ་དྲང་པོར་སྨྲས་པྲ་ན། ཅེ་པ་རི་བས་ཁྱོ་ལ་སོགས་པ་ཀུན་ཁྲོ་ན་པ་ཅན་དུ་ཤོག་ཅིག། ང་ནགས་ཡ་ཀིར་མེ་གཏོང་ཀིན་འདུག་པ་ཡིན་ནོ།། ་མི་ཁྲོ་ན་ལེགས་པརོ་སྡོད་ལ་ང་ལ་བཟའ་བ་དང་བཅའ་བ་བྱིན་དགོས་གསུངས་པས། དེས་ཀྱང་བླ་མའི་གཏམ་ལ་ཉན་ནོས་དེ་གནསུ་ལོགས་ཏེ། བུ་མོ་སེམས་བདེ་བར་སྡང་བས། དེར་མི་འགའ་འོངས་པ་ན་རྒྱུག་མོ ་འོངས་ནས། ཟས་མ་ལུས་འཕྲོ་ཅན་དུ་བྱས་ནས་འདུག་པ་མཐོང་སྟེ། དེ་ལ་འབར་བས་དེས་བུ་ཁུར་ནས་རྣལ་འབྱོར་པ་ཅན་དུ་བྲོས་ནས་ཕྱིན་ཏེ་སླེབས་པ་ན། ཙ་པ་རི་པས་ལེགསོ་གསུངས་ཏེ་སྔགས་ཆ་གཏོར་བས་མ་སླང ་གཉིས་རང་བྱུང་རྡོའི་སྐུར་སོང་སྟེ་ཟས་ལ་སོགས་པ་གང་ཡང་མི་དགོས་པར་གྱུར་ཏོ།། དེར་ཁྱིམ་དུ་དེའི་ཁྱོ་འོངས་ནས་དྲིས་པས་གར་སོང་ཆ་མེད་པ་སོང་ངོ་།། དེས་ཀུན་ལ་དྲིས་པས་ཐོས་ཏེ་སྙགས་ནས་འོངས ་ཏེ་སྔར་གྱི་གཏམ་པཤད་དེ་དེ་ལ་ཡང་སྔགས་ཆུས་བཏབ་པས་སྔར་བཞིན་སོང་སྟེ། དེ་གསུམ་སྟན་ཅིག་ན་གནས་པར་བྱེད་པ་ཡོད་དོ་གསུང་ངོ་།། ཡང་དེའི་ཕྱི་ནས་གཉེནི་འདུན་གཅིག་ནས་གཉྫི་སུ་འོངས་པས་དེ་དག་ཐམས ་ཅད་དེ་བཞིན་དུ་བྱས་ཏེ། སུམ་བརྒྱ་ཙམ་དེར་མེ་ཧེའི་བེའུ་སྟོར་བ་ལྟར་འོངས་པས་ཐམས་ཅད་དོན་དང་ཕྲད་དེ། བུ་མོ་དེའི་བུ་ལ་ནི་ཡོན་ཏན་འདི་ལྟ་བུ་ཡོད་དེ། འབྲས་བུ་ནས་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་འོད་ལ། རྡོ་རྗེ་ནས ་གསེར་འགྱུར་གྱི་རྩི་འོངས་ཞིང་། འོག་སྒོ་ནས་བཅུད་ལེན། མིག་ནས་མཁའ་ལྔ་འགྲོ་བ་སོགས་གྲུབ་ཆེན་བརྒྱད་འབྱུང་།། དེ་ཕྱོགས་མཚམས་ཐམས་ཅད་དུ་གྲགས་པས་ཙམ་པ་ཀཽའི་རྒྱལ་པོ་མོ་དེ་ལ་སོགས་པའི ་སྐྱེ་བོ་རྣམས་ལྟར་འོངས་པས། རྒྱལ་པོ་དང་ནས་ཡབ་ཡུམ་གསུམ་ལ་ལྷ་ཁང་ཅིག་དང་། དེའི་ཕྱིར་གཞན་སུམ་བརྒྱ་ལ་ལྔ་ཁོང་ཅིག་བྱས་ནས་མིང་དུཿ་བ་ཞེས་བྱ་བར་གྲག་སོ།། དེའི་ནང་དུ་རྣམ་རྟོག་ངན་པ་ཡོད་པ་འགྲོར ་མི་འདོད་དེ་རྡོས་སྐུ་དེས་རྡུང་བ་ལ་སོགས་པ་བྱེད་དོ།། དེར་སྒྲུབ་གནས་ཆགས་ནས་དུས་ད་ལྟ་ཡང་རྣལ་འབྱོར་པ་མང་དུ་ཡོད་དོ་གསུང་།། དེ་སྒྲུབ་པ་ཐག་ཤིན་ཏུ་ཉེ་སྟེ། འདི་ནི་འཇིག་རྟེན་པའི་དངོས་གྲུབ་ཡིན་ལ། རྒྱལ་བ ་བྱམས་པའི་བསྟན་པའི་བར་དུ་འདུག་ཅིང་དེ་ནས་སེམས་ཅན་གྱི་དོན་བྱེད་དོ།། གུ་རུ་ཙ་བ་རི་བའི་ལོ་རྒྱུས་རྫོགསོ།། @ཎྜི་བྷཱ་དྷམ་མ་རྒྱས་འགུགས།། གུ་རུ་མ་ཎི་བྷཱུ་དྱཱ་འམ། རྣལ་འབྱོར་མ་བཏུར ་ཞེས་པའི་ལོ་རྒྱུས་ནི། གྲོང་ཁྱེར་ཨག་རྩེ་བྱ་བ་ན། ཁྱིམ་བདག་འབྱོར་པ་ཅན་ཞོག་ལ་བུ་མོ་ལོ་བཅུ་གསུམ་མ་གཅིག་ཡོད་པ་དེ་རང་གི་རིགས་དང་མཚམས་པའི་བུག་མར་བཏུང་བས། སླར་པ་མིའི་གམ་དུ་འོངས་ནས་དེ་ན་ཡོད་པ་ན། བླ་མ ་ཀུ་ཀྐུ་རི་པ་བྱོན་ནས་བུ་མོ་ལ་བཟའ་བ་བླངས་པས། བུ་མོ་ན་རེ། ཉིད་གཟུགས་བྱས་ཕུན་སུམ་ཚོགས་པ་འདྲི་འདྲ་བ་ཟས་བསོད་སྙོམས་ཀྱིས་འཚོ་ཞིང་། གོས་ཚེམ་བུས་ཅི་བྱེད། རང་གི་རིགས་དང་མཆིམ་པའི་ཁྱིམ་ཐབ་གཅིག་ལན ་མོད་ཟེར་བ.རོ།། དེའི་ཞལ་ནས། བདག་ནི་འཁོར་པས་འཇིགས་ཤིང་སྐྲག་པ་ན། ཐར་པ་བདེ་ཆེན་མཆོག་ནི་སྒྲུབ་པར་བྱེད། དེ་ཡང་རྟེན་བཟང་འདི་ལ་མ་སྒྲུབས་ན།། ཕྱི་ནས་འདི་འདྲ་སྙེད་པར་ག་ལ་གྱུར།། དེས་ན་རྟེན་བཟང་ནོར་བུ་རིན ་ཆེན་འདི།། ཁྱིམ་ཐབ་མི་གཙང་ནང་དུ་ཆས་པས་ན།། དགྲོས་འདོད་རེ་འཇོམས་སྡུག་བསྔལ་སྣ་ཚོགས་འབྱུང་།། དེ་ལྟར་རྟོགས་ནས་བདག་གིས་ཁྱིམ་ཐབ་སྤངས།། ཤེས་གསུངས་པས་དེ་ལ་དད་ནས་བསོད་སྙོམས་དྲངས་ཏེ། ་ང་ལ་ཐར་པ་ཐོབ་པའི་ཐབས་ཅིག་ཞུ་ཟེར་བས། དེར་ངའི་ཁྱིམ་དུར་ཁྲོད་དུ་ཡིན་པས་དགོས་ན་དེར་ཤོག་གསུངས་པས། དེ་བྱ་བ་གང་ཡང་མ་དྲན་སྟེ་དགོངས་ཁ་བྲོས་ནོས་དེར་འོངས་པ་ལ། བླ་མས་བུ་མོ་དེའི་རྒྱུད་སྨིན་པར་མཐོང ་ནས་བདེ་མཆོག་ཏུ་དབང་བསྐུར། བསྐྱེད་རྫོགས་ཟུང་འཇུག་གི་གདམས་པ་གནང་བས། བཞག་བདུན་དུ་དགོན་པ་དེ་ཉིད་དུ་སྒྲུབ་པ་བྱས། དེ་ནས་ཕ་མ་ཅན་དུ་ཕྱིན་པས་དེ་དགྲ་བརྡེག་པ་དང་དྲན་སྨྲས ་ལ་སོགས་པ་བྱེད་པས། བུ་མོས་ཁམས་གསུམ་པོ་དག་ནས་ཕ་མོར་མ་གྱུར་པ་ནི་མེད་ལ། རིགས་དང་རུས་ཆེ་བས་ཀྱང་འཁོར་བའི་གདེངས་ལ་བཟློག་པ་མདོ་བཱ་ནོ།། བདག་ནི་བླ་མ་བརྟེན་ནས་ཐར་པ་སྒྲུབ་པར་བྱེད་པས་རྒྱོབ་གཅིག། ངས ་ལམ་དུ་འཁྱེར་རོ་ཟེར་བས། དེ་རྣམས་བག་ཅིག་དྲད་ནས་ཅང་མི་ཟེར་བ་ན། དེས་ཀྱང་བླ་མའི་གདམས་པ་སྒོམ་ཞིང་ལས་དང་བྱ་བ་ཐམས་ཅད་བློས་བཏང་ནས་ལོ་གཅིག་ཏུ་སྡུད་པ་ན། སྔར་གྱི་ཁྱོ་འོངས་ནས་ཁྱེར་བས། དེའི་ཁྱིམ ་དུ་ཕྱིན་པ་དང་། འཇིག་རྟེན་གྱི་ལུས་དང་བྱ་བ་ཇི་ལྟར་བྱེད་ཅིང་ཁ་དང་ལུས་ཀྱང་ཐུབ་ལ་ངག་སྙན་པ་ལ་སོགས་པ་ཟེར་ཅིང་ཡོད་པ་ན། བུ་ཚེཚྭ་ཡང་རིམ་པར་བུ་དང་བུ་མོ་གཉིས་སྐྱེས་པ། དེ་ཡང་དེ་ཁོ་ན་འདྲ་བ་ཡོད་པསོ ་རིགས་ཀྱི་བུ་ཆེ་འདི་འདྲ་བ་ཟེར་ནས་སྨོན་པར་བྱེད་པའི་ཚེ་བླ་མ་དང་ཕྲད་ནས་ལོ་བཅུ་གཉིས་ལོན་པ་ནི། ཆུ་འཆུར་ཕྱིན་ནས་ཁྱིམ་དུ་འོངས་པས་ཤིང་ཞིག་ལ་རྐང་པ་འཕྲོགས་ནས་རྫ་མ་ཆོག་པས། དེ་ཀར་འདུག་སྟེ་ཁྱིམ་དུ་ཉི་མ ་ཕྱེད་ཀྱི་བར་དུ་མ་འོངས་པས། ལྟར་ཕྱིན་པ་ན་རྫ་མ་ཆག་པོ་ལ་ལྟས་ནས་འདུག་པས། དེ་ལ་གཏམ་ཅི་སྨོས་ཀྱང་མི་ཉན་པར་ལྟ་བ་ན། ཐམས་ཅད་འདྲེས་གཟུང་ངམ་ཟེར་ཅིང་ཉི་མ་རྒས་ལ་ཁད་པ་ནི། ཐོ་ག་མ་མེད་པའི ་སེམས་ཅན་རྣམས།། ལུས་ཀྱི་རྫ་མ་ཆག་པ་ལ། ཁྱིམ་དུ་ལོག་པ་ག་ལ་ཡོད།། བདག་གི་རྫ་མ་དེ་རིང་ཆག། ང་ནི་འཁོར་བའི་ཁྱིམ་དུ་ནི།། མི་ལྡོག་བདེ་བ་ཆེན་པོར་འགྲོ།། ཨེ་མ་བླ་མ་ངོ་མཚོར་ཆེ།། བདེ་བ ་ཐོབ་འདོད་ལ་བསྟེན།། ཞེས་གསུངས་ནས་ན་མཁའ་ལ་འཕགས་ཏེ་ཞག་ཉི་ཤུ་རྩ་གཅིག་ན་ཨག་ཙེར་བ་གདམས་པ་གསུངས་ནས་མཁའ་སྤྱོད་དུ་གཤེགས ་གུ་རུ་མ་ཎི་བྷ་དྲ་བའི་ལོ་རྒྱུས་རྫོགས་སོ།། ་གུ་རུ་མེ་ཁ་ལའི་ལོ་རྒྱུས་ནཱི། ཡུལ་དེ་ཝི་ཀོ་ཌ་ན་ཁྱིམ་བདག་གཅིག་ལ་བུ་མོ་གཉིད་ཡོད་པ། དེད་དཔོན་ཞིག་ལ་བུ་གཉིས་ཡོད་པ་གཉེན་དུ་བྱས་པ་དང་། བུ་མོ་དེ་གཉིས་ལ་ཐམས་ཅད ་ཁ་ཟེར་བར་བྱེད་ལ། དེ་གཉིས་ཀྱི་དྲན་པ་ཅི་ཡང་བྱས་པ་མེདོ།། དེའི་ཚེ་ནུ་མཻ་ནཱ་རེ། རྒྱུ་མཚན་མེད་པར་ཁ་ཟེར་བ་འདི་འདྲ་ལ་གཞན་དུ་འཁྱམ་དགོས་ཟེར།། ཕུ་མོ་ན་རེ་གང་དུ་ཕྱིན་ཀྱང་ཚོགས་མ་བསྲེགས་པས་འདི་དང་ཁྱད་མི་འོང་བས། ་འདི་ཉིད་རང་དུ་སྡེད་དགོས་ཟེར་བའི་ཚེ། བླ་མ་ཀཧཱུ~ཾ་པ་བྱ་བ་དེར་བྱོན་སྟེ། དེ་ནི་རྣལ་འབྱོར་ཕོ་མོ་བདུན་བརྒྱས་བསྐོར་བ། མ་རེགས་པའི་གདུགས་དབུ་ལ་འཁོར་བ། ཌཱ་མ་རུའི་སྒྲ་མ་བཀྲོལ་བར་འཁྲོལ་བ་ལ་སོགས་པའི་ཡོན་ཏན་དཔག ་ཏུ་མེད་པ་སྒྲོགས་པས། དབུན་གཉིས་ཀྱིས་འོ་སྐོལ་གཉིས་ལ་ཡུལ་མི་དང་ཁྱོ་ཡང་ཁ་ཟེར་བས། བླ་མ་འདི་ལ་གདམས་པ་ཞུས་ནས་སྒྲུབ་པ་བྱེད་དགོས་བྱས་དེ་ཅན་དུ་ཕྱིན་ཏེ། སྔར་གྱི་ལོ་རྒྱུས་ཀྱང་བསྐྲད་ཅིང་གདམས་པ་ཞུས ་བས། དེས་ཀྱང་གནང་སྟེ་དབང་བསྐུར་ནས། ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཟུང་འཇུག་འཕྲག་མོའི་གདུམ་པ་གནང་ངོ་།། དེ་གཉིས་ཀྱིས་བརྩོན་པས་བསྒྲུབས་པ་ལོ་བཅུ་གཉིས་ན་གྲུབ་པ་ཐོབ་སྟེ། བླ་མ་ནྡན་དུ་ཕྱིན ་ནས་ཕྱག་དང་མཆོད་པ་བྱས། བཀའ་དྲིན་གྱིས་ཁྱབ་པའི་གཏ་མོ་བཏང་བས། ཁྱད་གང་བ་ཡིན་ངས་མ་ཤེས་གསུངས་པས་སྔར་གྱི་ལོ་རྒྱུས་བསྙད་དོ།། འོ་ན་ངོ་ལ་ཡོན་འབུལ་དགོས་གསུངས་པས། བླ་མ་ཅི་བཞེད ་པ་འབུལ་ལགས་ཞུས་པས། འོ་ན་ང་ལ་ཁྱེད་གཉིས་ཀྱི་མགོ་བོ་བྱིན་གཅིག་གསུངས་པས། དེས་ཀྱང་བླ་མུ་བཞེད་ན་འབུལ་ཟེར། དེ་གཉིས་ཀྱི་རང་རང་གི་ཁ་ནས་ཡེ་ཤེས་ཀྱི་རལ་གྲི་རྣོ་དྲར་དང་ལྡན་པ་རེ་བྱུང་ནས་རང་རང་གི་ཡུན ་ལག་གི་དང་པོ་ན་གེ་བོ་བཅས་ནས་ཕུལ་སྟེ། བདག་གཉིས་པོ་བླ་མཱི་བཀའ་དྲིན་གྱི།། བསྐྱེད་བློ་ཟུང་འཇུག་འཁོར་འདས་སྤྲོས་པ་བཅད།། ལྟ་སྤྱོད་ཟུང་འཇུག་སྤང་བླང་སྤྲོས་པ་བཅངད་།། དབྱིངས་རིགས་ཟུང་འཇོག་བདག་གཞན་སྤྲོས ་པ་བཅད།། སྤྲོས་མེད་བརྡ་ཡི་ཚུལ་དུ་འདི་འབྲུལོ།། ཅེས་གསུངས་བཞིན་དབུ་བཅད་དེ་གཽར་མཛད་པས། ཀཧྨ་པའི་ཞལ་ནས། ཨེ་མ་རྣལ་འབྱོར་ཆེན་མོ་གཉིས། ཡོན་ཏན་མཆོག་ཐོབ་དགེ་བ་སྟེ། རང་ཉིད་ཞི་བདེ་དམན ་བས་ན།། འགྲོ་བའི་དོན་ཕྱིར་གནས་པར་མཛོད།། ཅེས་གསུངས་པས་མགོ་བོ་སླར་སོས་ཏེ་རྨ་མེད་པར་གྱུར་པས་ཐམས་ཅད་ངོ་མཚར་སྐྱེས་ནས་དབུ་བཅད་མུ་དབུན་གཉིསུ་གྲགས་ཏེ་ཀཧྨ་པའི་ཞབས་འབྲིད་བྱས་ནས། ཕྱག ་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ལོ་མང་དུ་འགྲོ་དོན་མཛད་ནས་རྟོག་པ་བརྗོད་པ་ལ་སོགས་པ་མཛད་མཁའ་སྤྱད་དུ་གཤེགསོ།། ཕུ་མོ་སྟེ་གུ་རུ་མེ་ཁ་ལའི་ལོ་རྒྱུས་རྫོག་སོ།། @#།། གུ་རུ་ཀ་ནེ་ཁོ་ལའི་ལོ་རྒྱུས་ནོ།། གྲུབ ་ཆེ་ཀ་ཧཱ་པ་སྟེ་ནག་པོ་སྤྱོད་པའི་ཞབས་ཀྱིས་རྗེ་སུ་གཟུང་བ་བརྗོད་མ་ཐག་པའི་དབུ་བཅད་མ་དབུན་གཉིས་ཀྱི་ནུ་མོ་དེ་ཡིན་ལ། རྣམ་ཐར་གོང་གིས་རྟོགས་ཤིང་། མཚོན་རྣལ་འབྱོར་མ་ཀ་ན་ཁ་ལ་ཞེས་གྲག་སོ།། གུ་རུ་ཀ་ན་ཁ་ལའི་ལོ་རྒྱུས་རྫོགསོ།། ་ཀལ་ག་པའི་ལོ་རྒྱུམ་བཞུག་སྷོ།། གུ་རུ་ཀ་ལ་ཀ་ལའི་ལོ་རྒྱུས་ནི། དེ་ཡང་ཀུ་ཅོ་ཅན་ཏེ། གྲོང་ཁྱེར་བྷི་ར་ལི་ར་ན་གང་ཟག་དམངས་རིགས་ཤིག་སྔོན་ལས་ཀྱི་དབང་གིས་ཤིན་ཏུ་ཡང་ཀུ་ཅོ་ཆེ་ནས། གྲོང ་ཁྱེར་གྱི་མི་ཀུན་བསུན་ཏེ་བསྐྲད་ནས་བཏང་བ་དང་། དེ་སྐྱོ་བ་སྐྱེས་ནས་མཐར་གྱིས་དུར་ཁྲོད་དུ་ཕྱིན་པ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པའི་ཚེ། རྣལ་འབྱོར་པ་ཞིག་དྲར་བྱོན་ནས། ཁྱོད་དུར་ཁྲོད་དུ་ཅིའི་ཆེད་དུ་འདུག་དྲིས་པས། དེས་སྔར་གྱི་ལོ ་རྒྱུས་བདེན་པར་སྨྲས་པས། དེ་ལ་ཁྱོད་མི་སྐྱོ་བ་དང་འཁོར་བའི་སྡུག་བསྔལ་ལས་ཐར་བའི་ཐབས་མི་དགོས་སམ་བྱས་པས། དེས་ཅིས་ཀྱང་དོགོས་ཞུས་ནས་དེ་ལ་ཕྱག་དང་མཆོད་པ་བྱེད་དུ་བཅུག་ནས་གསང་བ་འདུས་པར་དབང་བསྐུར ་ནས། སྣང་བ་རང་གྲོལ་གྱི་གདམས་པ་འད་གནང་ངོ་།། སྒྲ་ཙམ་ཉིད་དུ་རང་དང་གཞན་གྱི་སྒྲ།། ངོ་བོ་ཅིག་ལ་ཐ་དོད་མེད་པར་བསྒོམས།། དེ་ནས་རང་སྒྲ་ན་མཁའི་དབྱིངས་ནས་ནི།། འབྲུག་སྒྲ་ལྟར་གྲགས་མེ་ཏོག་ཆར་འབབ་སྒོམས ་ཤེས་གསུངས་པས། དེས་ཀྱང་འབད་ནུས་བསྒོམས་པས་གཞན་ཁྲོ་བ་ལ་སོགས་པའི་སྒྲ་སྒྲ་རང་གི་སྟོར་ལ། རང་སྒྲ་དེ་ཡང་མེ་ཏོག་ཆར་འབབ་པའི་ནང་དུ་སྟོར། མེ་ཏོག་གི་རྟོག་པ་ན་མཁའི་དབྱིངས་སྟོར་ནས་སྣང་བ་ཐམས་ཅད ་ཕྱག་རྒྱ་ཆེན་པོར་ཤར་སྟེ། སྣང་བ་རང་གྲོལ་དུ་སོང་ནས་གྲུབ་པ་ཐོབ་པས་ཕྱོགས་ཐམས་ཅད་དུ་བླ་མ་ཀུ་ཅོ་ཅན་བྱ་བར་གྲགས་ཤིང་། གདུལ་བྱའི་དོན་མང་དུ་བྱས་ནས་རྟོག་པ་བརྗོད་པ་གསུངས་ཏེ།། འཁོར་སུམ་བརྒྱ་དང་བཅས་པ ་མཁའ་སྤྱོད་དུ་གཤེགསོ།། གུ་རུ་ཀ་ལ་ཀ་ལའི་ལོ་རྒྱུས་རྫོགསོ།། ་ཀདྷ་མའི་ལོ་རྒྱུས་བཅུག་ས། གུ་རུ་ཀནྟ་ལིའི་ལོ་རྒྱུས་ནི། ཀནྟ་ལི་ཏེ་ཚེམ་བུ་པ་བྱ་བ་ཡིན་ལ། ཡུལ་མ་ཎི་དྷཱ་ར་ཅེས་པར་ཕྱག་དར་བའི་གང་ཟག་གཅིག་འབྱོར་པ་དང་ལོངས་སྤྱོད་ཀྱིས་ཕོངས་ནས ་གོམ་ཚེམ་བུ་བྱེད་ཅིང་སྤངས་པ་ན། དུས་གཅིག་གི་ཚེ་ཚེམ་བུ་བྱེད་པའི་ཁབ་ལག་པ་ལ་ཟུག་ཏེ་ཁྲག་བྱུང་ནས་ཟུག་ཀྱང་ཆེ་བས་མ་བཟོད་ནས་སེ་ཕྱོགས་གཅིག་ཏུ་འདྲེ་ལྡོག་བྱེད་པ་ན། མཁའ་འོག་མ་བཻ་ཏ་ལི་བུད་མེད ་ཞིག་ཏུ་སྤྲུལ་ནས་དེའི་གྲམ་དུ་བྱོན་ནས། ཁྱོད་ཅི་བྱེད་ཅིང་འདུག་གསུངས་པས། དྲིས་སྔར་གྱི་གཏམ་ལེགས་པར་བཏང་བས། དེས་གསུངས་པ། འདི་བས་སྐྱེ་བ་སྔ་མར་ཡང་སྡུག་བསྔལ་བ་མྱོང་ལ། ད་དུང་སྐྱེ་བ ་ཕྱི་མར་ཡོང་དང་ཡང་དུ་འདི་བས་ལྷག་པའི་སྡུག་བསྔལ་ཉམ་སུ་མྱོང་བས། སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་ཡིན་ནོ་ཞེས་གསུངས་པས། དེ་ན་རེ། དེ་ལས་ཐར་བའི་ཐབས་གཅིག་ཞུ་ཟེར་བས། མཁའ་འགྲོ་མ ་དེས་ཀྱང་ཁྱོད་ཀྱིས་སྒྲུབ་ནུས་སམ་གསུངས་པས། དེས་ཅེས་ཏ་མ་ནུས་སམ་གསུངས་པས། དེས་ཅིས་ཏེ་མི་ནུས་ཟེར་བས་དེར་དགྱེས་རྡོར་དུ་དབང་བསྐུར་ནས། ཆེད་མེད་པ་དང་བླ་མའི་རྣལ་འབྱོར་དང་བསྐྱེད ་རིམས་ཀྱི་རྣལ་འབྱོར་གནང་སྟེ།། སྙོམས་པས་དེས་ཚེམ་བུ་མ་ཤེས་པར་སོང་བ་ན།། སླར་རྟོག་པ་ལམ་བྱེད་ཀྱི་གདམས་པ་འདི་སྣང་ངོ་།། སྟོང་ཉིད་བར་སྣང་ཕྱག་དུར་ཁྲོད།། དྲན་དང་རིག ་བའི་ཁབ་སྐུད་ཀྱིས།། གོས་དག་འཚེམ་པས་སྙིང་རྗེའི་ཁབ།། སྲེད་གསུམ་སེམས་ཅན་ཁྱབ་པར་བསྒོམས།། ཤེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པས་ཆོས་ཐམས་ཅོད་སྟོང་པར་རྟོགས་ནས། དེ ་ལྟར་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེ་ཆེན་པོ་སྐྱེས་ནས་དེ་གཉིས་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་བླ་མ་ཀནྟ་ལི་བར་གྲགས་ཤིང་འགྲོ་བའི་དོན་མང་དུ་མཛད།། མཐར་རྟོགས་པ ་བརྗོད་པ་ལ་སོགས་པ་གསུངས་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས།། གུ་རུ་ཀཱནྡྷ་ལིའི་ལོ་རྒྱུས་རྫོག་སོ།། ་ཛྷ་ཧུ་ལིའི་ལོ་རྒྱུས་བཞུག་སྷོ།། གུ་ར་དྷ་ཧུ་ལིའི་ལོ་རྒྱུས་ནི། ཡུལ་དྷེ་ཀ་ར་ཀ་བྱ་བར་དྲ་མང་རིག་སྟི་གང་ཟག་ཞིག་རྩཝའི་ཐག་པ་བྱས་ནས་འཚེ་བའི་ཆེད་དུ་འཚོང་བ་ན། དུས་གཅིག ་གི་ཚེ་དེས་ཐག་པ་སྒྲིལ་གྲགས་པས་ལག་པ་ལ་ཆུ་སྦུར་དྲག་པོར་བྱུང་སྟེ་ཟུག་རྔུ་ཆེན་པོ་བྱུང་བས་དེས་ངུ་ཞིང་ས་ཕྱོགས་གཅིག་ཏུ་སྡད་པ་ན། རྣལ་འབྱོར་པ་ཞིག་བྱོན་ནས་དེ་ལ་ཅི་ཉེས་གསུངས་པས། དེས་ཀྱང ་གཏམ་དྲང་པོར་གཏད་བས། དེས་གསུངས་པ། ཁྱོད་ད་ལྟ་སྡུག་བསྔལ་འདི་ཙམ་ཡང་མི་བཟོད་པར་དུ་ན། ཕྱི་མ་ངན་སོང་དུ་སྐྱེས་ཙན་ཅི་གཙུག་བྱེད་པ་ཡིན་གསུངས་པས། དེ་ན་རེ། བླ་མ་དེ་ལས་ཐར་པའི་ཐབས ་གཅིག་ཟེར་བས། དེ་ལ་དང་པོར་བྱིན་རླབས་ཕོ་བའི་དབང་བསྐུར་བྱས་ནས་རྟོག་པ་ལམ་ཁྱེར་གྱི་གདམས་པ་འདི་གསུངསོ།། སྣང་བ་གོམས་པའི་ཀུ་ཤྭ་དང་། ཀུན་བཏགས་པར་སྣང་ཉིད་གནས་གཉིས། གདོད་ནས་མ་གྲུབ ་ངོ་བོར་ནི།། ནུས་པ་རྒྱུན་མི་འཚོད་པར་སྒོམས། ཤེས་གསུངས་པའི་དོན་བརྩོན་འགྲུ་སྤྱི་ལོ་བཅུ་གཉིསུ་བསྒོམས་པས། ཀུན་བཏགས་གཞི་མེང་གཞན་དབང་རྟེན་འབྲེལ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་གཅིག ་ཏུ་རྟོག་ནས་གྲུབ་པ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་རྣལ་འབྱོར་པ་དྷ་ཧུ་ལི་པ་ཞེས་གྲགས་ཤིང་། ལོ་བདུན་བརྒྱའི་བར་དུ་རྒྱ་གར་མཐའ་དབུས་སུ་འགྲོ་དོན་མང་དུ་མཛད་ནས་རྟོགས་བརྗོད་ཡང་གསུངས་ཏེ་འཁོར ་ལྔ་བརྒྱ་དང་བཅས་ནས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་དྷ་ཧུ་ལའི་ལོ་རྒྱུས་རྫོགས་སོ།། ་ཨུདྷི་ལི་ཐའི་མོ་རྣམ་བཐུན་ཏོ། གུ་རུ་ཨུ་དྷི་ལི་པའི་ལོ་རྒྱུས་ནི། ཨུ་དྷི་ལི་སྟེ་འཕུར་བ་བྱ་བ་ཡིན་ལ། དེ་ཡང་ཡུལ་དེ་ཝི་ཀོ་ཊ་བྱཱ་བར་རྗེ་རིགས་ཀྱི་གང་ཟག་གཅིག་སྔར་གྱི་སྦྱིན་པའི་འབྲས་བུས་འབྱོར ་བ་བརྒྱ་ཆེ་ཞིང་། རང་ཉིད་ཁང་བཟངས་ཀྱི་ནང་ན་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་གནས་པའི་ཚེ། ན་མཁའ་ལ་སྤྲིན་ཁ་དོག་ལྔ་འདུས་ཏེ། སྤྲིན་ལས་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་འདྲ་བ་མཐོང་ནས་དེ་ལ་བལྟསཽ་ཏྲ། ་བྱ་དང་བ་ན་མཁའ་ལ་འཕྱར་བ་མཐོང་ནས་དེའི་བསམ་པ་ལ་དྷཱ་ཡང་འཕུར་ནུས་ནཻ་རེ་དགའ་སྙམ་ནས་བྱ་བ་གུང་ཡང་ས་དྲིན་པའི་དུས་སུ། དྷ་མྱ་ཀཪྵོ་རི་བ་དེར་བྱོན་ནས་བསོད་བསྙོམས་མཛད་པས་དེན་རེ། རྣལ་འབྱོར་པ་ལ ་བསོད་སྙོམས་འདྲེན་ལགས་ཀྱི་ཉིད་ལྔ་ན་མཁའ་ལ་འཕུར་བའི་ཐབས་མངའ་ན་ཞུ་ཟེར་ནས་བཞེས་ཆབསཽ་གྱ་ནོམས་པ་དྲངས་ནས་ཕྱག་བཙལ་ཡོན་ཕུལ་བྱས། དེས་ང་ལ་ཡོད་ཀྱི་གསུངས་ནས། རྡོ་རྗེ་གདམ་བཞིར་དབང་བསྐུར ་ནུས། གདམ་ངག་ཏུ་གནས་ཆེན་ཉི་ཤུ་རྩ་བཞི་ན་སྨན་ཉི་ཤུ་རྩ་བཞི་ཡོད་པ་དེར་སོང་ལ་ཌཱ་ཀཱི་མ་རེ་རེའི་བཟླས་པ་ཁྲི་ཚེ་རེ་ཟློས་ཀྱི་ན་སྨན་རེ་རེ་ཁྱེར་ཤོག་གསུངས་ནས་བཏང་བས། དེ་ན་རཱྀ། དེ་དག་ཚང་བ་དང་ཇི་ལྟར ་བྱེད་པ་ཡིན་ཟེར་བས། དེ་དང་པོར་ཟངས་ཀྱི་སྣོད་དུ་ཆུག། དེ་ནས་དངུལ། དེ་ནས་གསེར་གྱི་སྣོད་དུ་ཆུག་ཅིག། ན་མཁའ་ལ་འགྲོ་བར་ནུས་སོ།། གསུངས་པས། དེས་ཀྱང་ལོ་བཅུ་གཉིས་ན་སྨན་ཚང་བ་དང་། དེ་ལྟར ་བྱས་པས་ན་མཁའ་ལ་འཕུར་བས་མིང་ཡང་ཨུ་དྷི་ལི་བྱ་བར་ཕྱོགས་ཐམས་ཅད་དུ་གྲགས་ཤིང་། རྟོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོང་གཤེགས་སོ།། ་གུ་རུ་ཨུ་དྷི་ལིའི་ལོ་རྒྱུས་རྫོགསོ།། ་ཀ་པཱ་ལའི་ལོ་རྒྱུས་བཞུག་སོ།། གུ་རུ་ཀ་པཱ་ལཱའི་ལོ་རྒྱུས་ནི། ཀ་པཱ་ལ་སྟེ་ཐོད་པ་ཅནྡ། དེ་ཡང་ཡུལ་ཛ་པུ་རི་བྱ་བར་དམང་རིགས་ཤིག་ལུས་ཀྱིས་འཚོ་བ་གཅིག་ལྔ་བུ་ཚ་ལྔ་ཡོད་པ་ལ། ་སྔོན་གྱི་ལས་ཀྱིས་དེའི་ཆུང་མ་ཤི་ནས་རོ་དུར་ཁྲོད་དུ་བསྐྱལ་ནས། དེས་དེ་ཉིད་དུ་ངུ་ཡིན་སྡོད་པ་ན། ཡང་བུ་ཚེ་ཀུན་ཡང་ཤི་ནས་མིས་དེས་ལ་སྐད་བཏང་བས། དེས་ཀུན་གྱི་རོ་དེར་བསྐྱལ་ནས་ཡང་དུ་ཡིན་སྡང་པ་ན། རྣལ ་འབྱོར་པ་ནག་པོ་སྤྱོད་པ་དེར་བྱོན་ནས། ཁྱོད་འདི་ནི་ཙོ་བྱེད་ཅིང་འདུག་གསུངས་པས། དེ་ནི་རེ་རྣལ་འབྱོར་པ་བདག་ཁྱིམ་ཐབ་དང་བུ་ཚྭ་ཀུན་དང་བྲལ་བས་མྱ་ངན་གྱིས་ཡིད་གདུངས་ནས་རོ་འདི་རྣམས་བློས་གཏོང་མ་ནུས་པར ་འདིར་འདུག་གིན་གདའི་ཞུས་པོས། སློབ་དཔོན་ནག་པོ་སྤྱོད་པས་གསུངས་པ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འདིའི་རང་བཞིན་ཡིན་ཅིང་། ཁྱོད་གཅིག་པུའི་མ་ཡིན། དེ་ལ་མྱ་ངན་བྱར་མེད་ཅིང་བྱས ་ཀྱང་དེས་མི་ཕན་པས་ཆོས་གྱིས། ཁྱོད་འཁོར་བའི་སྐྱེ་འཆི་ལ་མི་འཇིགས་སམ་གསུངས་བྱས། དེ་ན་རེ། སྐྱེ་འཆི་ལ་འཇིགས་ཏེ། དེ་ལས་ཐར་པའི་ཐབས་མངའ་ན་བདག་ལ་རྩེལ ་ཅིག་ཞུས་པས། དེས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཀྱི་གདམས་པ་བྱིན་སྟེ་སྤྱོད་པ་བྱེད་དུ་བཅུག་པས། བུ་ཚྭའི་རུས་པས་རྒྱན་དྲུག་བྱེད་དུ་བཅུག་ནས་གྱོན་ནོ།། ཆུང་མའི་མུགྲོ ་བཅད་ནས་ཁ་ཕོར་བྱས་ཏེ་ཐོང་བ་ནི་བསྐྱེད་རིམ། ཐོད་པའི་ནང་སྟེང་པར་ཡོད་པ་ནི་རྫོགས་རིམ་ཡིན་པར་བསྟན་པོས། དེས་ཀྱང་སྤྱོད་པ་བྱེད་ཅིང་བསྒོམས་པས་ལི་དགུ་ནས་ཟུང་འཇུག་ཏུ་སོང་སྟེ་གྲུབ་པ་ཐོབ ་ནས་གདུལ་བྱ་དག་ལོ། ང་ནི་རྣལ་འབྱོར་ཐོད་པ་ཅན། ཆོས་རྣམས་རང་བཞིན་བདག་གིས་ནི། ཐོད་པ་ལྟ་བུར་རྟོགས་པ་ན། ཤུགས་ལས་བྱུང་བའི་སྤྱོད་པར་གནས།། ཤེས་གསུངས་ནས་ན་མཁའ་ལ ་གར་བྱས་པས་མི་ཐམས་ཅད་དང་ནས་བླ་མོ་ཀ་པཱ་ལ་ཞེས་གྲགས་ཏེ། རྟོགས་པ་བརྗོད་ནས་ལོ་ལྔ་བརྒྱར་འགྲོ་དོན་མཛད་དེ་འཁོར་དྲུག་བརྒྱ་དང་བཅས་ནས་མཁའ་སྤྱོད་དུ་གཤེགས་སོ། ་གུ་རུ་ཀ་པ་ལའི་ལོ་རྒྱུས་རྫོགས་སོ།། ་ཀི་ར་བ་ལཆི་ལོ་རྒྱས་བཅུག་།། གུ་རུ་ཀི་རཱ་བ་ལའི་ལོ་རྒྱུས་ནི། སྐྱོང་ཁྱེར་གྲ་ཧ་རའ་ཞེས་པར་རྒྱལ་པོའི་གང་ཟག་གཅིག་རྒྱལ་སྲིང་རྒྱས་པ་ལ་ལོངས་སྤྱོད་ཅིང་རྣམ་ཐོས་ཀྱི་སྲས་ལྷ ་བུར་ཡོད་པ་ལ། དེས་ཀྱང་མ་ངོམས་ཏེ་ཕྱོགས་གཞན་ཡོད་པའི་རྒྱལ་པོའི་སྲིད་ཀུན་ཡང་ཕྲོགས་ནས་ལོངས་སྦྱོང་བར་བྱེད་པ་ན། ཡང་ཡུལ་ཁམས་ཞིག་ཏུ་དམག་དྲངས་པས། དེ་ནི་ཡོད་པའི་སྐྱེས་འབྲོས་ནུས ་བ་རྣམས་བྲོས་ནས་མེད་པ་ལ། བུད་མེད་ལ་སོགས་པ་རྣམས་འབྲོས་མ་ནུས་པས་བརྒྱལ་བ་དང་། དུ་བ་ལོ་སོགས་པ་དཔག་ཏུ་མེད་པ་རྒྱལ་པོས་མཐོང་ནས། དེས་བློན་པོ་ཞིག་ལ་དྲིས་པས་དེས་གཏམ་དྲང་པོར ་སྨྲས་པ་ན། རྒྱལ་པོ་སྐྱོ་བ་ཆེན་པོ་སྐྱེས་ཏེ། འདྲི་འདྲ་བ་སྙིང་རྗེ་བར་འདུག་པས། འདི་རྣམས་ཀྱི་པ་ལ་སོག་པ་ཁུག་ལ་རང་རང་གི་སྲིད་ལ་གནས་པར་གྱིས་ཤིག་གསུངས་པས། བློན་པོས་ཀྱང་དེ་བཞིན ་དུ་བྱས་ཏེ། སློར་རང་གི་གནས་སུ་བྱོན་ནས་སྦྱིན་གཏོང་གི་དྲིལ་ཆེན་བསྒྲགས་ཏེ། ཟད་པ་མེད་པའི་སྦྱིན་པ་ཆེན་པོ་གཏང་ནས། དེ་ནི་ཆོས་གཅིག་བྱ་དགོས་དགོངས་ནས་ཡོད་པའི་དུས་སུ། རྣལ་འབྱོར ་པོ་ཞིག་དེར་བྱོན་ནས་བཟའ་བཅའ་བླངས་པས། དེས་ཀྱང་གྱ་ནོམས་པ་དྲངས་ཏེ། དེས་རྒྱལ་པོ་ལ་ཚོད་མེད་བཞི་ལ་སོགས་པའི་ཆོས་བཤད་པས། དེ་ན་རེ། ཚེ་འདི་ཉིད་ལ་སངས་རྒྱས་པའི་ཆོས་གཅིག ་ཞུ་ཟེར་བས། དེས་བདེ་མཆོག་ཏུ་དབང་བསྐུར་ནས་བསྐྱེད་རྫོགས་གཉིས་ཀྱི་རིམ་པ་སྒོམ་དུ་བཅུག་པས།། སྔར་གྱི་བག་ཆགས་ཀྱི་དབང་དུ་སོང་སྟེ་རྒྱལ་སྲིད་དང་དམག་གི་རྟོགས་པས་ལམ་བསྒྲིབ ་པ་ན། དེས་རྟོག་པ་རང་གྲོལ་གྱི་གདུམས་པ་འདི་གནང་ངོ་།། ཁམས་གསུམ་པོ་ཡི་སེམས་ཅན་རྣམས།། དམག་ཚིགས་དཔའ་བོས་ཁེངས་པར་སྒོམས།། ནམ་མཁའ་དབྱིངས་མ་ལུས་རང་སེམས་ལས།། བྱུང་བའི ་དཔའ་བོ་དཔག་མེད་གཉིས།། དབྱེར་མེད་གྱུར་ནས་དག་རྣམས་བཅོམ།། རང་ཉིད་རྒྱལ་པོ་ཆེན་པོ་ནི།། རྒྱལ་ལ་སོགས་པའི་བདེ་ཐོབ་ནས།། སྲིད་པའི་རྩེ་མོར་བསྒོམ་པར་བྱོ།། ཅེས་གསུངས་ནས་ལོ་བཅུ་གཉིས ་སུ་སྒོམས་པས་ལྟ་བ་རྟོགས་ཏེ་གྲུབཱ~ཾ་པ་ཐོབ་ནས་རྒྱལ་པོ་རང་གི་ཕོ་བྲང་འོད་ཀྱིས་ཁྱབ་པ་དང་། བཙུན་མོ་ལ་སོགས་པས་གྲུབ་པཐོསྔ་གོ་ནས་མཆོད་པ་བྱེད་པ་ན། ཆེད་མེད་བཞི་ཡི་སེམས་ཅན་ལ།། ཆགས་པུས་འདོད ་པར་སྤྱད་པར་བྱ།། དཔའ་བོ་ཞེ་སྡང་ཆེན་པོ་ཡིས།། དགྲ་རྣམས་མ་ལུས་རླག་པར་བྱ།། ཅེས་གསུངས་པས། བླ་མ་ཀི་ར་བ་ལ་བྱ་བར་གྲགས་ཤིང་། རྟོགས་པ་བརྗོད་ནས་ལོ་བདུན་བརྒྱར་འགྲོ་དོན་མཛད་དེ། འཁོར་དྲུག ་བརྒྱ་དང་བཅསོ་མཁའ་སྤྱོད་དུ་གཤེགས་སོ།། གུ་རུ་ཀི་ལ་བ་ལའི་ལོ་རྒྱུས་རྫོགསོ།། ་ཨ་རྒྱ་གུ་རུས་ཀ་རའི་ལོ་རྨྨས་ནི། ཡུལཱ་ཀཉྩི་ནྱ་རྒྱལ་པོ་ཨིནྡྲ་དྷཱུ་ཏི་རྗེས་བྱ་བ་ཡོད།། གྲོང་ཁྱེར་འབུམ་ཚོ་རྫ་བཞི་ལ་དབང་བྱེད་པ་སྟེ། རྒྱལ་པོ་ལ་ཆར་བ་ཡིན ་སྲས་མེད་ནས་འཛིན་དང་འཛིན་ལུས་འདས་པའི་ལྷ་རྣམས་ལ་གསོལ་བ་བཏབ་པསཾ། དུས་ཅིག་ནི་དེའི་ཆུང་མའི་མངལ་དུ་སེམས་ཅན་ཞུགས་བྲི། བསམྦ་ཡང་དགེ་བ་ལ་སོགས་པ་བྱུང་ལ། ཟླ་བ་དྲུག་ན་ཉི་ཟླ་ཕྲག ་པེར་འཆར་བ་དང་། རྒྱ་མཚོ་འཐུང་བ་དང་། རི་རབ་ཟོས་པ་དང་། ཁམས་གསུམ་རྐང་ཟིལ་དུ་བསྣུན་པའི་རྨི་ལམ་བྱུང་བས། རྒྱལ་པོ་ལ་ཞུས་པས། ངས་མི་ཤེས་མཆོད་གནས་བཎྜི་ཏ་དང་བྲམ་ཟེ་ལ་ཧྲི ་བཱར་བྱ་གསུངས་ནས། དེ་དག་ལ་ཆོས་སྟོན་ཡོན་དང་བཅས་པ་ཕུལ་ནས་ཞུས་བྱས། དེ་དག་གི་རྟགས་པ་ན་ཆོས་ཀྱི་རྒྱལ་སྲིད་འཛིན་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཞིག་བལྟམས་པར་འདུག་པ་ལ། དེ་ལ ་འཇིག་རྟེན་པ་མི་དགའ་བས། དེ་དགའ་བའི་ཕྱིར་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་འབྱུང་གནས་ཞིག་འཁྲུད་བྱས་པས་ཐམས་ཅད་དགའ་བོར་གྱུར་ཏོ།། དེ་ནས་ཟླ་བ་དགུ་ངོ་བཅུ་ཚང་བ་དང་། བལྟལ་པ་ཡང ་མཚན་བྱེད་ན་བསོད་སྙོམས་དང་ལས་ལས་གྲུབ་པའི་མཚེ་ཆེན་པོ་ཞིག་གི་པདྨའི་སྟེང་དུ་བཅས་ནས། ཡུལ་ཕྱོགས་དེར་འདོད་པའི་ཡོ་བྱད་ཀྱི་ཆར་བབ་པས་སྐྱེ་བོ་དག་ངོ་མཚར་ནས་སིའི་མཐུ་སྙམ་པ་དང་། ཉིན་ཕྱེད ་ཙམ་པ་ན་དེའི་མཐུ་ཡིན་སྙམ་པར་ཤེས་ནས་མཚན་ཡང་མཚོ་སྐྱེས་གཞོན་ནུ་ཞེས་རྟགས་ཏེ། དེའི་མཐུས་སྐྱེ་བོ་ཐམས་ཅད་འདོད་པའི་ཡོན་ཏནྡ་དང་ལོངས་སྤྱོད་ལ་ལོངས་སྤྱོད་པ་ན། ཡང ་སྲས་གཅིག་བལྟམས་པས་མཆེད་གཉིས་སུ་སོང་བ་དང་། ཡབ་ཡུམ་རྣམས་གྲོངས་ནཱ་རྒྱལ་སྲིད་གཅེན་ལ་ཕུལ་བཱས། ཁྲོང་གིས་གཙུང་ལ་གཏད་ནས་དགེ་སློང་མཛད་དེ། ཤྲཱི་དྷ་ནར་བྱོན་པོའི་ཚེ། ལམ་ཁར་འཕགས ་པི་སྤྱན་རས་གཟིགས་ཀྱིས་དགེ་སློང་ཞིག་ཏུ་སྤྲུལ་ཏེ་འཇལ་བས་ངོ་མ་ཤེས་པ་ལ། དེས་དགེ་སློང་ལ་གཏམ་དྲིས་པ་བདེན་པར་གསུངས་ནས། དེ་ལ་ལོངས་སྐུ་དང་ཕྲད་པར་འདོད་དྲམ་གསུངས་པས། དགེ་སློང་གིས ་ང་ལོ་ཐབས་མེད་ན་འདོད་པ་དེ་ཀ་འདོད་དེ་གསུངས་པས། འོ་ན་ང་ལ་བླ་མར་འཛིན་ཅིང་གུས་ན་ཐབས་ཡོད་དོ་གསུངས་ནས། དེས་ཕྱག་ལ་སོགས་པ་བྱས་ནས་ཞུས་པས། དེས་དགྱེས་རྡོར་གྱི་ལྷ་ཚོགས་སུ་དངོསུ ་སྤྲུལ་ནས་ཞལ་བསྟན་ཏེ་དབང་བསྐུར་གདམས་པ་གནང་ནས། འཕགས་པ་དེ་ཉིད་དུ་མི་སྣང་བར་གྱུར་པ་དང་། དེས་ཀྱང་ཤྲཱི་དྷི་ནཱར་བྱོན་ནས་སྒྲུབ་པོ་བྱེད་པའི་ཚེ། རྣལ་འབྱོར་པ་འདྲ་བ་ཞིག་འོངས་ནས། དེ་ལ ་ཁྱེད་འདིར་ཅི་བྱེད་པ་ཡིན་ཟེར་བས། དེས་ཀྱང་དྲང་པོར་གསུངས་པ་དང་། འོ་ན་ང་ཡིས་བསྙེན་བཀུར་བྱ་ཡིས། གྲུབ་པ་ཐོབ་པའི་དུས་སུ་བདག་ལོ་གདམས་པ་གནང་དགོས་ཟེར་བས་རུང་གསུངས་ནས་ཕུག ་པ་སྟོང་པ་ཞིག་ཏུ་བཞུགས་པ་ལ། མི་དེས་གཡོག་བྱས་ནས་ལོ་བཅུ་གཉིས་བསྒྲུབས་པ་དང་། དེའི་བར་དུ་མུ་གེ་ཆེན་པོ་བྱུང་ནས་མི་མང་དུ་ཤི་བས། དེས་བླ་མའི་བར་ཆད་དུ་སོང་དོགས་ནས་གསངས་པ་ཀྱིན་བླ་མའི ་ཟས་ཀྱི་ལྷག་རོ་ཉུང་ངུན་གྱིས་འཚེ་བ་ན། ཞག་གཅིག་ཟས་བླངས་པས་མ་ཁྱོགས་ནས་རྒྱལ་པོ་ཞིག་གི་ཁང་པར་བྱིན་པས་འབྲས་ཆན་ལྷུང་བཟེད་གང་བརྙེད་ནས་དེ་ཁྱེར་སྟེ་འོངས་པ་ན། བཟའ་བ་མ་ཟོས་པས ་པས་ཕུགས་དེར་འོང་པ་ས་ལ་འགྱེལ་སྟེ་འབྲས་ཆན་ཡང་པོ་ནས་འོངས་པས། དེས་ཆུང་ཐུངས་སམ་ཅི་གསུངས་པྲསཽ། ཆུང་གང་ན་འཐུངས། ལྟོགས་ནས་ཤིང་ཆུང་ཏེ་འགྱེལ་བ་ཡིན་སྨྲས་པས། ཟས་མ་ཁུགས ་པ་ཅི་ཡོན་གསུངས་པ་ལ། བདག་གི་བླ་མ་ལ་བར་ཆད་དུ་སོང་དོགས་མ་ཞུས་ཏེ། ལྷོ་བཅུ་གཉིས་སུ་མུ་གེ་ཆེན་པོ་བྱུང་ནས་སྲེགས་ཆགས་མང་པོ་ཡང་ཤི། སེམས་ཅན་རྣམ་སྡུག་བསྔལ་བར ་གདའ་ཞུས་པས། སློབ་དཔོན་མཚོ་སྐྱེས་ཀྱི་གསུང་ནས། དེ་ཙན་ང་ལ་མི་སྨྲ་བར་གསང་བའི་ལུགས་ཡོད་དམ། མུ་གེ་མི་ཡོངས་པའི་ཐབས་ང་ལ་ཡོད་པ་ལ། དུ་འདེད་ཅིག་གསུངས་ནས། འདས་ཆེན་པོ་བ ་རྣམས་བསྡུས་ནས་ཏེ་ཆུ་ཁར་བྱོན་ནས་གཏོར་མ་བཏང་། ཀླུ་ཆེན་པོ་བརྒྱད་སྔགས་དང་ཕྱག་རྒྱ་དང་ཏིང་འཛིན་གྱིས་གཟེར་བས། ཀླུ་དེ་རྣམས་ཀླད་པ་འགེངས་པ་སྙམ་བྱེད་ནས། དེར་འོངས་ཏེ་ལས་ཅི་བགྱི་ཟེར་བ ་འཛམ་བུའི་གླིང་དུ་ཆར་མེད་པས་སེམས་ཅནྡ་རྣམས་ཤི་བ་ཁྱེད་ཀྱི་ཉེས་པས། ད་ཡང་ཞག་དང་པོ་ལ་བཟའ་བའི་ཆར་ཕོབ་ཅིག། དེ་བཞིན་དུ་གཉིས་པ་ལ་འབྲུ་དང་། གསུམ ་པ་ལ་གནས་མལ་དང་། དེ་ནས་ཞག་གསུམ་དུ་རིན་པོ་ཆེའི་ཆར་པོབ་ཅིག། དེ་ལྟར་བྱོས་པ་དང་ཆུའི་ཆར་ཕོ་བ་ཅིག་གསུངས་པས། དེ་བཞིན་དུ་བཀའ་བསྒྲུབས་པས་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར ་བ་དང་། དེའི་སྙན་པས་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཅིང་། འདི་ནི་སློབ་དཔོན་མོ་ཚེ་སྐྱེས་ཀྱི་མཐུ་ཡིན་ནོ་ཟླར་ཞིང་ཐམས་ཅད་དང་བར་གྱུར་ཏེ།། དེ་ནས་སྔར་གྱི་གཡོག་ར་མ་ཞེས་པ་ལི་དབང་བསྐུར ་གདམས་པ་གནང་བས་འཇིག་རྟེན་པའི་དངོས་གྲུབ་ཐོབ་ལ། གདམས་པ་ན་དགྱེས་རྡོར་གྱི་བསྐྱེད་རྫོགས་གཉིས་ཀྱི་གདམས་ངག་གནང་ནས་འགྲོ་བ་སེམས་ཅན་གྱི་དོན་མ་བྱས་ཕྲར་མཁའ་ལ་མི་འགྲོ་ཅིག ་ད་དཔལ་གྱི་རི་ལ་སོང་ལ་འདི་ལྟར་གྱིས་འགྲུབ་པར་འགྱུརརོ་གསུངས་ནས། བླ་མ་མཁའ་སྤྱོད་ལ་གོ་ཤེགསོ།། ར་མས་ཀྱང་དཔལ་གྱི་རི་ལ་ཉེ་བ་ན་རྒྱལ་པོའི་བུ་མོ་དབང་དུ་བསྡུས་ནས་གཉིས་ཀས་ར་མར་གཙུག ་ལག་ཁང་བཞེངས་པ་ལ་སོགས་པ་བྱས་ཏེ་མཐར་མཁའ་སྤྱོད་དུ་གཤེགས་སོ།། གུ་རུ་ས་ཀ་རའི་ལོ་རྒྱུས་རྫོགསོ།། ། ་སསཀྵཀྵའི་ལོ་རྒྱུས་འཞུག་ཏོ། གུ་རུ་སརྦ་བྷཀྵའི་ལོ་རྒྱུས་ནི། སརྦ་བྷཀྵ་སྟེ་ཐམས་ཅད་ཟ་བ་ཡིན་ལ། དེ་ཡང་གྲོང་ཁྱེར་ཨ་བྷར་བྱ་བ་རྒྱལ་པོ་སེང་གེ་ཟླ་བའི་མངའ་རས་ཡིན ་ལ། དེ་ན་དམངས་རིགས་ཀྱི་གང་ཟག་ཅིག་ཤིན་ཏུ་གྲོད་པ་ཆེ་ནས་ཁ་ཟས་ཅི་མཐོང་བ་ན། དུས་གཅིག་གི་ཚེ་བཟའ་བ་ཅི་ཡང་མ་རྙེད་ནས་ཕྱོགས་ཅིག་ཏུ་ལྟོ་ཡིད་ལ་བྱེད་ཅིང་གནས་པ་ན། ས་རུ་ཧ་པ་དེར་བྱོན་ནུས་ཁྱེད ་ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེ་ན་རཱི། བདག་ཕོ་བའི་མེ་དྲོད་ཆེ་བས་བཟའ་བ་ཅི་ཟོས་ཀྱང་འགྲངས་པ་མི་ཡོད་ལ། ཁྱད་པར་དེ་རིང་བཟའ་བ་ཅི་ཡང་མ་རྙེད་ནས་སྡུག་བསྔལ་བར་གདའ་ཟེར་བས། ཁྱོ་དེ་རྀ་གི ་ལྟོགས་པ་ཡོང་མི་བཟོད་པོ་ན་ཡི་དུགསུ་སྐྱེས་ན་ཅི་ཙུག་བྱེད་གསུངས་པས། དེ་འདྲ་བ་གང་ན་ཡོད་ཟེར་བས། དེར་ལྟོས་དང་གསུངས་ནས་ཡི་དྭགས་བསྟན་པས། འདི་འདྲ་བར་སྐྱེ་བའི་རྒྱུ་གང་ལགས་ཟེར ་བས། དེའི་རྒྱུ་བསྟན་པས་བླ་མ་འདི་འདྲ་བཱི་ལས་ཐར་པའི་ཐབས་ཅིག་ཞུ་ཟེར་བས། དེ་ལ་དང་པོར་དབང་བསྐུར་ནས་བྷུ་སུ་ཀུའི་འཇུག་པ་བསྟན་པ་ནི། གྲོད་པ་ན་མཁའ་སྟོང་པ་ལ།། ཕྲོ་བའི་མ་དྲོད་དུས ་མེ་ལྟར།། སྣང་སྲིད་བཟའ་བཏུང་ཉིད་ཡིན་ཏེ།། ཟོས་པས་ཐམས་ཅད་ཟད་པར་བསྒོམས། ཤེས་གསུངས་ཏེ། དེས་ཀྱང་གུས་པར་བསྒོམས་པས་ཉི་ཟླ་གཉིས་ཀྱང་འཇིགས་ནས་རི་རབ་ཀྱི་ཁོང་སེང ་དྲུ་ཡབ་པས། མི་རྣམས་མགྲིན་གཅིག་ཏུ་སྣང་བ་ནུབ་པར་གྱུར་ཀྱེ་མ་ཟེ་རབས། བྲམ་ཟེ་ཆེན་པོ་ཌཱ་ཀི་མཱ་ཀུན་གྱིས་བསྦྲུལ་བླས་དེར་བྱོན་ཏེ། ད་ཐམས་ཅད་རྗོད ་ཟིན་པས་མེད་པར་བསྒོམས་གྷནི་གྷྲཾ་གསུངས་པས། དེ་བཞིན་དུ་བྱས་བྱས་སྤྲིང་སྐྱོང་ཟུང་འཇུག་ཏུ་བྱས་སྣང་སྟོང་ཟུང་འཇུག་ཏུ་རྟོགས་ཏེ་སྒྲིབ་པ་ཐོབ་ནིས་ཉི་ཟླ་ཡང་འོ་བྱུང་བས་ཐམས་ཅད་དགའ ་ས་གྲུབཔ་ནི་རྗོད་པ་ན་མ་དྲུག་ཀྱི་རྒྱ་མཛད་ནས་ཐ་མ་པའི་སྤོང་ཚུན་ཤིགསས ་གུ་ར་སརྦ་བྷཀྵའི་ལོ་རྒྱུས་རྫོགས་སོ།། ་ནཱ་ག་ཎ་དྷར་ལོ་རྒྱུས་བཞུག་སོ།། ་གུ་རུ་ནཱ་ག་བོ་དྷིའི་ལོ་རྒྱུས་ནི། འཕགས་པ་ཀླུ་སྒྲུབ་པཱུ་ཝ་རཱའི་དགོན་པར་བཞུགས་པའི་ཚེ། རྒྱ་གར་ནུབ་ཕྱོགས་ནས་བྲམ་ཟེ་ཞིག་རྐུ་ཡིན་མཐར་གྱིས་ཡོངས་ཏེ་བླ་མ་དེའི་སྒོ་ནས ་བལྟས་པས། གསེར་གྱིས་སྣོད་ཀྱི་ནང་དུ་བཟའ་བ་གྱི་ནོམས་པ་གསོལ་བ་མཐོང་སྟེ། དེ་ལ་རྐུ་བའི་བསམ་པ་ཤར་བ་བླ་མའི་ཐུགས་ཀྱིས་མཁྱེན་སྟེ། གསེར་གྱི་སྣོད་དྲོ་ཐུང་ལ་སྦྱར་བས། དེ་འདི་ལྟར་མཛད་པ་ཅི། ་སྙམ་པ་ན། དེས་དེའི་ནང་དུ་ཕྱིན་ནས་བདག་རྐུ་སྙམ་པ་ལ་རྐུ་མི་དགོས་པར་འདི་བདག་ཅན་དུ་སྒྱུར་བ་ཅི་ལགས་ཞུས་པས། བླ་མས་ང་ནི་ཀླུ་སྒྲུབ་བྱ་བ་ཡིན། ངའི་ནོར་ལ་སོགས་པ་ནི་གཞན་དོན་ཡིན་པས། ་ཁྱོད་རྐུ་མི་དགོས་ཀྱི་བ་ཟའ་བོ་དང་བཅའ་བ་འདི་དག་ཟོ་ལ་སྡོད་ཅིག། འགྲོ་བའི་དུས་སུ་ནོར་ཅི་དགོས་པ་བསྐུར་ལ་བཏང་གི་གསུངས་པས། དེ་མཛྲ་དཽ་སྤྱོད་ལ་དང་དེ་ཆོས་ཞུས་པས། དེར་གསང་བ་འདུས་པར ་དཔོང་བསྐུར་ནས་མངོན་ཞེན་རང་གྲོལ་གྱི་གདམས་པ་འདི་གནང་ངོ་།། བྱ་བ་ཐམས་ཅད་བློས་ཐོང་ལ།། སྤྱི་བོར་ཀུན་བརྟགས་རྭ་མཆོག་ནི།། རིན་ཚོན་མ་གང་རང་བཞིན་ཅན།། གསལ་ལ་འོད་འཕྲོ་བསྒོམ ་པར་བྱ།། ཅེས་གསུངས་ནས་གནས་ཁང་གི་མཐའ་མ་རིན་པོ་ཆེས་གོང་བར་བྱས་ནས་བཞག་པས།། དེ་དགའ་སྟེ་གདམས་པ་དེ་བསྒོམས་པས། ལོ་བཅུ་གཉིས་ན་རྭ་དེ་ཆེར་སོང་ནས་གཡོ་འགུལ་བྱེད་པའི་ཚེ ་དེ་ཐུག་ནས་སྡུག་བསྔལ་བ་ན། དེ་བྱོན་ནས་ཁམས་བདེ་འམ་གསུངས་པས། དེས་མ་བདེ་བའི་གཏམ་ཞུས་བུས་དེ་མུཉེས་ནས་གདམས་པ་གསུངས་པ་ནི། ཀུན་བརྟགས་བསྒོམས ་པའི་རྭ་ཅན་གྱིས།། བདེ་བ་ཐམས་ཅད་འཇོམས་པ་ལྟར།། དེ་ཕྱིར་དངོས་པོར་མངོན་ཞེན་པས།། སེམས་ཅན་ཐམས་ཅད་སྡུག་བསྔལ་ལོ།། ཆོས་རྣམས་ཨཱང་དག་ཡོད་མིན་ཏེ།། མཁའ་ལ་སྤྲིན་བཞིན ་ནསུ་པ་འགགས་སུ།། གང་ལ་གང་གིས་པནྡེ་སྤྱོད་འབྱུང་། ན་རྣམས་ཉིད་དག་པ་ལ། སེཾ་པམ་ཐ~ཾང་གིཞིག་ང།། གང་ནས་མྱ་སྒྲུབ་ཀྱི ་སྟེ།། རང་རང་ངོ་བོ་ཉིད་ཀྱིས་སྟོང་།། ཅེས་གསུངས་པས་གནས་ལུགས་སྟོང་པ་ཉིད་རྟོགས་ཏེ་དེ་ལ་ཟླ་བ་དྲུག་མཉམ་པར་གཞུག་པས་འཁོར་འདས་དབྱེར་མང་དུ་རྟོགས་ནས་གྲུབ་པ་ཐོབ་སྟེ། མཚན ་ཡང་ནཱ་ག་བོ་དྷི་ཞེས་བྱ་བར་གྲགས་ལ། བླ་མའི་གདུང་འཚོ་བ་དུ་བསྒྲེས་ནས་སེམས་ཅན་ལ་གྲུབ་ཆེན་བརྒྱད་དེ། སྣ་འོག་བསྐྲོད་དང་རལ་གྲི་དང་།། ཚོར་བཅུད་ཕྲནྡ་འདོགས་གཉིས་ཀ་དང་།། རིལ་བུ ་མིག་སྨན་གཏེར་རྣམས་དང་།། རྐང་འགྱོགས་དག་ཀྱང་བཅུད་ཀྱིས་ལེན།། བརྒྱད་པོ་གང་འདོད་བྱིན་ཅིག་གསུངས། དེ་ལྟར་བྱམས་པའི་བསྟན་པའི་བར་དཔལ་གྱི་རི་དེ་ཉིད་དུ་གནས་ནས་འགྲོ་དོན་གྱིས་ཤི་གསུང ་ནས་བཞག་པ་ཡིན།། ལོ་ཉི་ཁྲི་བཞུགས་སྐད་དོ།། གུ་རུ་ནཱ་ག་བོ་དྷིའི་ལོ་རྒྱུས་རྫོགསོ།། ་དྷ་རི་ཀི་པའི་ལེ་རྒྱུས་བཞུགསོ།། གུ་རུ་དྷ་རི་ཀ་བའི་ལོ་རྒྱུས་ནི། ཡུལ་སཱ་ལ་པུ་ཏྲ་བྱ་བ་ན་རྒྱལ་པོ་ཨིནྡྲ་པ་ལ་བྱ་བ་ཞིག་གནས་པ་ལ། དེ་ལིངས་པ་སོང་ནས་ཉི་མ་དྲོས་པ་ན་ཚོང ་འདུས་སུ་འོངས་པ་ལ་མི་ཀུན་ཕྱག་བྱེད་པའི་ཚེ། ལཱུ་ཡི་པ་དེ་ན་འདུག་པ་རྒྱལ་པོས་མཐོང་བ་དང་། རྒྱལ་པོས་སྨྲས་པ། ཁྱོད་འདྲ་བའི་སྐྱེས་བུ་བྱང་བཞིན་བཟང་ཞིང་ལྟ་ན་སྡུག་པ་ལྔ། འདི་འདྲ་བ་ཉའི་རྒྱུ་ལྟོ་མི ་མི་གཙང་བ་མ་ཟ་ཤིག། ཁྱོད་ལ་བཟའ་བ་ཅི་དགོས་པ་བདག་གིས་སྟེར་ཞིང་གཞན་གང་དགོས་པ་ཡང་སྟེ། རྒྱལ་སྲིང་དགོས་ཀྱང་སྟེར་རོ་ཟེར་བྱས། དེས་སྨྲས་པ། མི་འཆི་མི་རྒད་པའི་ཐབས་ཡོད ་ནཱ་དགོས་ཟེར་རོ།། འོ་ན་བདོག་གིས་རྒྱལ་སྲིད་དང་སྲས་མོ་སྦྱིན་བྱས་པས་བདག་ལ་མི་དགོས་ཟེར་རོ།། ཅིའི་ཕྱིར་མི་དགོས་བྱས་པས་རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་དུ་མིགས་ཆེ་བས། ངས་ཀྱང་སྤངས་པ ་ཡིན་ཞེས་སྨྲས་པ་དང་། རྒྱལ་པོ་ཨོཾནྡྲ་པཱ་ལ་ཡང་རྒྱལ་སྲིད་ལ་སྐྱོ་བ་སྐྱེས་ནས་བྲམ་ཟེའི་རིགས་ཀྱི་བློན་པོ་ལ་སྨྲས་པ། ང་ཡང་འཇིག་རྟེན་འདི་གཙུག་བྱས་ཀྱང་ཚེ་ཕྱིད་པས། ཟོས་པ་དང་གྱོན་པ་ནི་ཕྱེད ་མ་ཡོག་པར་འདུག་བྱས་ཆོས་ལ་འགྲོ། རྒྱལ་སྲིད་བུ་ལ་གཏང་ན་མི་ལེགས་སམྱ་སྨྲས་པས། བློན་བྱས་རུང་ཞུས་ནས་སྲས་ལ་རྒྱལ་སྙེད་གཏད་ངོ་། རྒྱལ་བློན་གཉིས་ཀྱུ་དུར་ཁྲོད་དུ། ལཱ་མྱཱ ་པའི་གམ་དུ་ཕྱིན་ནས་སྒོ་བརྡུངས་པ་དང་། སློབ་དཔོན་གྱིས་སུ་ཡིན་སྨྲས་པས། བདག་རྒྱལ་བློན་ལགསོ་སྨྲས་པ་དང་། འོ་ན་ནང་དུ་ཤོག་གསུངས་ནས་ཕྱིན་པས། དེ་གཉིས་སློབ་དཔོན་གྱིས་འཁོར་ལོ་སྡོམ ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་དབང་ཡོན་དུ་ཁོང་རང་གཉིས་ཕུལ།། དེ་ནས་གཞན་གྱི་ཡུལ་ཨོཾ་དེ་ཤར་ཕྱིན་པ་དང་། དེར་དཔོན་སློབ་གསུམ་བསོད་སྙོམས་མཛད་ཀྱིན་བཞུགས་ལ། དེ་ནས་ཡང་ཡུལ་བྷི་རི ་པུ་རིར་བྱོན་ཏེ། ཛིནྟེ་བུར་གྱི་གྲོང་ཁྱེར་ཞེས་ཀྱང་ཟེར་ལཱ། དེ་ནཱ་གྲོང་ཁྱེར་འབུམ་ཆོ་གསུམ་ཡོད་དེ། དེ་ན་ལྷ་ཁང་ཡོད་ལ་དེའི་མཆོད་པ་བྱེད་པའི་གར་མཁན་མོ་བདུན་བརྒྱ་ཡོད་པའི་གཙོ་མོའི་གམཱ་དུ་ཕྱིན་ནས་དེའི་སྒོ་རྩ ་བ་གསུམ་བརྒྱ་ཙམ་ཡོད་པ་ལ་སྨྲས་པ། ཁྱེད་ཅག་གི་ཇོ་མོ་མི་མི་ཉྩོ་འམ། དེ་དག་གིས་ནང་དུ་སྐྱེས་པས་བཙུན་མོ་ན་རེ། ཉོ་ལྟར་འདོད་ཟེར་ནས་སྒོར་ཕྱུང་སྟེ་ལྟས་པས། ཁྱེའུ་ལྟ་ན་སྡུག་པ་ཞིག་མཐོང་ནས་རི་ནུ་ཅི ་དགོས་ཟེར་རོ།། གསེར་ཏོ་ལོ་ལྔ་བརྒྱ་དགོས་བྱོས་ཏེ་རྒྱལ་བུ་དེ་ལ་བཙོངས་ནས་རྩིགསུ་མཚན་ལ་མི་དང་ལྷན་ཅིག་ཉལ་དུ་མ་གཞུག་པར་གཅིག་པོར་གཞོག་ལ། ཁོས་རིན་འཁོར་བ་དང་མཐོང་ཅིག་ཟེར་ནས་སློབ ་དཔོན་དང་བྲམ་ཟེའི་བུ་གཉིས་ངོ་།། དེ་ནས་རྒྱལ་བུ་དེས་དྷ་རི་མོའི་ཁྱིམ་དུ་ལོ་བཅུ་གཉིས་ཀྱི་བར་དུ་རྐང་པ་བཀྲུ་བ་དང་དབང་སྐུ་བྱུག་ལ་སོགས་པ་བྱས། བླ་མའི་མན་དུག་མ་བརྗེད་པར་བྱས་ཏེ། ལཱས་ཐམས་ཅད་ཀྱི ་ཐོག་མར་འདྲིལ་བའི་ལས་བྱེད་དུ་བཅུག་ནས། ལས་ཀྱིས་འཚོ་བོའི་གཡོག་པོ་ཐམས་ཅད་ཀྱིས་སྙིང་དུ་སྡུག་པ་དང་། དེའི་དུས་སུ་དྷ་རི་མོའི་གམ་དུ་རྒྱལ་པོ་ཛི་ན་པ་ཞེས་ཀྱང་བྱ། ཀུཉྫི་ཞེས་ཀྱང་བྱ་བའི ་རྒྱལ་པོ་གཞན་ཞིག་གསེར་ཏོ་ལོ་ལྔ་བརྒྱ་ཙམ་ཁུར་བས་འཇིག་རྟེན་གྱི་ཆོས་དོན་དུ་གཉེར་འོངས་པ་དང་། སློབ་དཔོན་གྱིས་པར་བྱས་ནས། གསེར་ཏོ་ལོ་བདུན་འཇལ་གྱི་འདུག་པ་དང་། དེ་ནས་ཞག་འགྲའ་ཙོམ་ན ་ཀུཉྫི་ཕོ་བའི་མེ་དྲོད་ཤོར་བཱ་དང་། ཁྭ་ཟས་དྲེགས་པའི་རྐྱེན་གྱིས་ཕོ་བ་ན་བྱས། དེའི་མཛད་ཕྱེད་ན་ཕྱི་རོལ་ཏུ་ཕྱིན་པ་ནཽ་ལཱུམྦ་རའི་ནང་ནས་ཤིན་ཏུ་དྲོ་ཞིམ་པ་དང་འོད་ཅིག་འོདྲ་བ་མཐོང་ནས་དེར་ཕྱིན་པས། ཁོལ ་པོ་ངོ་བུ་མོ་བཅོ་ལྔ་ཙམ་གྱིས་ནི་བསྙེན་བཀུར་བྱེད། ཁོ་རང་ཁྲིའི་སྟེང་དུ་འདུག་པ་མཐོང་ནས་ངོ་མཚར་སྐྱེས་ཏེ། རིམ་པར་ཁྱིམ་དུ་ཕྱི་ནི་ནས་སྨད་འཚོང་མ་ལ་སྨྲས་པ་དང་། དེ་ལྟར་གཉིས་ཀ་ཕྱིན་པས་སྔ་མོ་བཞིན་མཐོང ་ནས་སྨད་འཚོང་མ་འགྱོད་པ་སྐྱེས་ཏེ། དེའི་ཞོབས་ལ་ཕྱག་བྱས་བསྐོར་བ་བྱེད་ཅིང་བདག་ཅག་སེམས་ཅན་ལགས་པས་འཕྲུལ་དོ་སྟོན་ཅན་དུ་མ་ཤེས་ནས་ཉིད་བཀོལ་བས་བདག་ལ་སྡིག་པ་བྱུང་བ་བཟོད་པར་གསོལ ་ཞིང་ལོ་བཅུ་གཉིས་ཀྱི་བར་མཆོད་གནས་མཛད་པར་ཞུ་ཞུས་པ་མ་བཞེད་དེ། དེ་ནས་སྨད་འཚོང་མ་དང་ཛི་ན་པས་བདག་ཅག་རྗེསུ་གཟུང་དུ་གསོལ་བྱས་པས། དར་སྣང་ནུས་གྲོང་ཁྱེར་སྟོང་པར་འབེབས་པ ་ཞེས་བྱ་བའི་མན་ངག་གསུངས་པ། འཇིག་རྟེན་ཕལ་བའི་རྒྱལ་པོ་ཡིས། གདུགས་དང་གླང་པོའི་ཁྲི་དག་ལས།། ང་ཡི་རྒྱལ་སྲིད་ཁྱད་པར་འཕགས།། ཐར་པའི་གདུགས་དང་ཐེག་ཆེན་ཞོན།། སྲིད་པ་གསུམ་གྱི་གདན ་ཁྲི་ལྀ། དྷ་རི་ཀ་པ་ལོངས་སྤྱོད་བྱེད།། ཅེས་གསུངས་པ་ལ། སློབ་དཔོན་འདི་དྷ་རི་མོའི་ཁོལ་པོ་བྱས་པས་མཚན་དྷ་རི་ཀ་པར་གྲགས་ཤིང་འཁོར་བདུན་བརྒྱ་དང་བཅས་ཏེ་མཁའ་སྤྱོང་དུ་གཤེགསོ།། གུ་རུ་དྷ་རི་ཀ་བའི་ལོ་རྒྱུས་རྫོགསོ།། ་གུ་རུ་པུ་ཏ་ལི་པོའི་རྒྱུས་ནི། བྷཾ་ག་ལ་ན་དམང་རིགས་ཀྱི་གང་ཟག་ཅིག་གིས་ཁྱིམ་ཐོབ་བླངས་ནས་ཡོད་པའི་དུས་སུ། བླ་མ་རྣལ་འབྱོར་པ་གཅིག་བྱོན་ནས་བསོད་སྙོམོས་མཛད་པས་བཟའ་བ་དང་བཅའ་བ་གྱ་ནོམས་པ ་དྲངས་ཤིང་། ཡང་དག་པར་དད་དེ་བླ་མར་གཟུང་བ་ན།། དེས་དགྱེས་རྡོར་གྱི་དབང་དང་གདམས་པ་གནང་། དགྱེས་རྡོར་གྱི་ཐང་ཀ་ཞིག་ཀྱང་གནང་ནས། འོད་ཁྱེར་ལ་གྲོང་དོང་གྲོང་ཁྱེར་དུ་བསོད་སྙོམས་གྱིས་ལ་སྒྲུབས་ཤིག་གསུངས་པས། ་དེས་ཀྱང་དེ་བཞིན་དུ་ལོ་བཅུ་གཉིསུ་བསྒྲུབས་པས་གྲུབ་པ་ཐོབ་ནས་ཡོད་པ་སུས་ཀྱང་མ་རྟོགས་པ་ན། ཞག་གཅིག་རྒྱལ་པོའི་ཁང་པར་སློང་དུ་ཕྱིན་པས། དེའི་ཐང་སྐུ་ལེ་ལོའི་ལྷ་གདན་དུ་བྱས་ནས་འདུག་པོ་མཐོང་བས། རྒྱལ་པོས་དེ་ལ ་གཤེ་རུ་བྱུང་བས། འདི་དག་གིས་བྲིས་པ་མ་ཡིན། ལྷ་བཟོ་བས་བྲིས་པ་ལགས་པས། ཉིད་རང་ཡང་དག་གི་ལྷ་ཁྱེར་རང་གི་ལྷའི་གདན་དུ་བྱས་པ་བྲིས་ཆོག་མོང་བྱས་པས། དེ་བདེན་སྙམས་ཏེ་ལྷ་བཟོ་བ་བཀུག་ནས་བྲིས་པས། ང་ན་ར། ངའི་ལྷ ་གདན་དུ་ཁྱེད་ཀྱི་ལྷ་འོང་བ་ལ་འདི་ལྟར་བྲིས་ཀྱང་ཅི་སྒྲུབ་བྱས་པས། དེ་ཅི་ཏེ་ཟེར་བས། ངའི་ལྷ་ནི་ལྷའི་ལྷར་གྱུར་པོསོ་བྱས་པས། དེའི་རྟགས་ཅི་ཡོད་ཟེར། རྒྱལ་པོའི་ལྷ་སྟེང་དུ་བྲིས་ཀྱང་ནང་པར་འོག་ཏུ་བབས་ནས་སྡོད་པ་ཡིན་བྱས་པས ་རྒྱལ་པོ་ན་རེ་དེ་ལྟར་བྱུང་ན་ང་ཡང་ཁྱེད་ཀྱི་བསྟན་པ་ལ་འཇུག་ཟེར་ཆད་བྱས་པའི་དགོངས་ཁ་རྣལ་འབྱོར་པས་དེ་ལྟར་བསྒོམས་པས་ཕྱི་བ་དེ་ལྟས་པ་ན་རྒྱལ་པོའི་ལྷ་གདན་དུ་སོང་ནས་འདུག་པས། རྒྱལ་པོ་ངོ་མཆིར་སྐྱེས་ཏེ་བླ་མར ་གཟུང་ནས་ཆོས་ལྭ་བཾ་ཞུག་སོ།། དེའི་རྒྱལ་ཁམས་ཐམས་ཅད་ཀྱང་ཆོས་ལ་ཞུགས་པས། བླ་མཽ་པུ་ཏྲ་ལི་པ་བྱ་བར་གྲགས་ཤིང་། ལོ་ལྔ་བརྒྱར་འགྲོ་དོན་མཛད་ནས་རྟོག་པ་བརྗོད་དེ། མཐར་འཁོར་དྲུག་བརྒྱ་དང་བཅས ་མཁའ་སྤྱོད་དུ་གཤེགསོ།། གུ་རུ་པུ་ཏ་ལི་པའི་ལོ་རྒྱུས་རྫོགསོ།། ་བཉན་མམོ་རྒྱས་བཞུག་སོ།། གུ་རུ་བ་ན་ཧའི་ལོ་རྒྱུས་ནི། བ་ནཱ་ཧ་སྟེ་མཆིལ་ལྷམ་ཅན་ནོ།། དེ་ཡུལ་སནྟོ་ན་གར་བྱ་བ་ན་དམང་རིགས་ཀྱི་གང་ཟག་གཅིག་མཆིལ་ལྷམ་ལ་རྟེན་ནས ་ཡོད་པ་ལ། དུས་གཅིག་གི་ཚེ་རྣལ་འབྱོར་པ་མཐུ་སྟོབས་ཅན་ཅེས་པས་གསོད་སྙོམས་བླངས་ནས་མཐར་གྱིས་དུར་ཁྲོད་དགོན་པར་བྱོན་པ་མཐོང་བས། དེ་ལ་དད་པ་སྙམ་སེམས་ནས་ངས་དེར་ཕྱིན་པས་ཁྱོད་ཅི་ལ་འོངས་གསུང ་བ་ན། ཆེས་ཞུ་བ་ལ་འོངས་ཟེར་ནས་འཁོར་བའི་ཉེས་པ་དང་ཐར་པའི་ཕན་ཡོན་གསུངས་པས། དེ་འཁོར་བ་རཾ་ལ་སྐྱོ་བ་སྐྱེས་ནས། བླ་མ་འཁོར་བ་ལས་ཐར་པའི་ཐབས་གཅིག་ཞུ་ཟེར་བསཽ། དེ་ལ་བྱིན་རླབས ་འཕོ་བའི་དབང་བསྐུར་བྱས་ནས། མངོན་ཞེན་ལམ་ཁྱེར་གྱི་གདམས་པ་འདི་གནང་ངོ་།། མཆིལ་ལྷམ་རྒྱན་ཅན་གྱོན་ནས་འགྲེ་བ་སོགས།། རྒྱུགས་པས་སྒྲ་ནི་སྙན་པ་བྱུང་བ་དེར།། སྒྲ་ཙམ་དག་ཀྱང་དེ་རུ་འདུག་པ་ན། ་དེ་ཡང་གྲགས་སྟོང་དེབྱེར་མྱེད་སྒོམ་པར་བྱ།། ཅེས་གསུངས་པས་དེའི་དོན་གོ་ནུས་སྒོམས་པས། ལོ་དགུ་ནས་མཐོང་སྤང་གི་དྲི་མ་དག་སྟེ་གྲུབ་པ་ཐོབ་ནས། བླ་མ་པ་ན་ཧ་བྱ་བར་གྲགས་ཤིང་རྟོག་པ་བརྗོད་དེ། ལོ་བརྒྱད ་བརྒྱར་འགྲོ་དོན་མཛད་ནས་འཁོར་བརྒྱད་བརྒྱ་དང་བཅས་པ་མཁའ་སྤྱོང་དུ་གཤེགསོ།། གུ་རུ་པ་ན་ཧའི་ལོ་རྒྱུས་རྫོགསོ།། ། ་ཀོ་ཀ་ལ~ཾ་བའི་ལོ་རྒྱུས་བཞུགས། གུ་རུ་ཀོ་ཀཱ་ལཱི་པའི་ལོ་རྒྱུས་ནི། གྲོང་ཁྱོར་ཙམ་བརྙ་ན་རྒྱལ་པོ་གཅིག་ཡོད་བྲ་ན་སོས་ཀའི་དུས་རྒྱལ་སར་ཆད་པས་མཱ་ཟུག་ནས། ཤིང་ཨ་སྨའི་སྐྱེད་མོས་ཆེལ ་གྱི་གྲིབ་མ་དང་ཆུ་དྲང་མོ་དང་། མ་ཏོག་དང་ཤིང་ཐོག་སྣ་ཚོགས་དང་དྲི་ཞིམ་པ་ཁ་དེ་གོ་ལེགས་པ་ལ་སོགས་པས་དགྱེས་ནས་ཨ་མྲའི་སྐྱེད་མོས་ཚལ་དུ་དར་ཟབ་ལ་སོགས་པའི་བསྟན་དང་རྔས་ལ་ནི་འདུག། རྒྱལ་བུ་ལ ་སོགས་པ་བསྙེན་བཀུར་བ་དང་། བུ་མོ་གཞོན་ནུ་མང་པོ་ལ་མས་དྲིལ་ཕྱིས་བྱེད། ལ་ལས་རླུང་གཡབ་གཡོ་བ། ལ་ལས་གླུ་དང་ལོ་ལས་གར་བྱེད། ལ་ལས་མེ་ཏོག་འཐོར་ཅིང་རྒྱལ་སྲིད་ཀྱི་འདོ་སྣོ་ལ་ཆགས ་པས་མི་ལུས་ཆུད་ཟོས་པའི་ཚེ། ཡང་དག་པའི་དགེ་སློང་ཞིག་དེར་བྱོན་པས་སྒོ་བ་སུམ་བརྒྱ་ཙམ་ཡོད་པ་དེས་ནང་དུ་མ་བཏང་བ་ན། རྒྱལ་པོས་ཐོས་ཏེ་ནང་དུ་ཐོང་ཅིག་གསུངས་ནས་ནང་དུ་བྱོན་པས། དེས ་བཟའ་བ་ལ་སོགས་པ་དྲང་སྔ་ནས་ཁྱེད་ཀྱི་ཆོས་དང་ངའི་ཆོས་གང་དགའ་བྱོས་པས། དགེ་སློང་གི་སྨྲས་པ། བྱིས་པས་པས་བལྟས་ན། ཁྱོད་ཀྱི་བཟང་།། མཁས་པས་བལྟས་ན་དུག་དང་བཅས།། གསུངས་པས།། ་རྒྱལ་པོས་དུག་ཅེས་བྱ་བ་ཅི་ལ་ཟེར་བ་ལགས་བྱས་པས། དེས་དུག་གསུམ་རྒྱས་པར་གསུངས་པས། དུག་དེ་དང་རྒྱལ་སྲིད་སྲེས་ན་ཐ་མཽ་ངན་སོང་དུ་འགྲོ་ཞིང་སྡུག་བསྔལ་ཏེ། དཔེར་ན། དུག་དང་འདྲེས་པའི ་བཟའ་བཏུང་བཟང་པོ་ཟོས་པ་དང་འདྲའོ་བྱས་པས། རྒྱལ་པོ་རིགས་སད་ཀྱི་གང་ཟག་ཡིན་པས་དེ་བླ་མར་གཟུང་ནས་གདམ་ངག་ཞུས་པས། བདེ་མཆོག་ཏུ་དབང་བསྐུར་ནས་ལམ་བསྟན་ནོ།། ་དེས་རྒྱལ་སྲིད་བུ་ལ་གཏད་དེ་རྩ་བ་ནས་སྤང་ནུས་ཀྱང་ཨ་མྲའི་ཚལ་གྱི་བྱ་ཀོ་ཀ་ལིའི་སྒྲ་ལ་ཡིད་ཆགས་ནས་ལམ་སྒོམ་དུ་མ་སྒྲུབ་པ་ལ། དེར་རྟོག་པ་གྲཝར་སྐྱེས་ཅིག་ཆར་གྲོལ་བའི་གདམས་པ་འདི་ལྟར་གནང་ངོ་།། ་དཔེར་ནུ་ནམ་མཁའ་སྟོང་པ་ལས།། འབྲུག་སྤྲིན་རྣམས་འདུ་བར་བྱེད།། དེ་ལ་ཆར་རྒྱུན་འབྱུང་བ་ཡིས།། རྩི་ཤིང་ལོ་ཏོག་རྒྱས་པ་ལྟར།། དེ་བཞིན་རྣོ་བ་སྟོང་པར་ནི།། ཀོ་ཀ་ལ་ཡི་འབྲུག་སྒྲ་ཡིས།། རྣམ ་ཤེས་རྟོག་བྱེད་སྤྲིན་བྱུང་ནས།། ཉོན་མིངས་དུག་གི་ཆར་རྒྱུན་གྱིས།། ཆགས་སྡང་ལོ་འདབ་རྒྱས་པར་བྱེད།། མི་མཁས་བྱིས་པའི་རང་བཞིན་ཅན།། སེམས་ཉིད་སྟོང་པའི་ངང་ལས་ནི།། གྲགས་སྟོང་དབྱེར ་མེད་འབྲུག་ཡིས།། བདེ་ཆེན་ཟག་མེད་སྦྱིན་བཞིན་བསྡུ་ས།། གནས་ལུགས་རེང་གསལ་ཆུར་རྒྱུན་ལས།། ཡེ་ཤེས་ལྷོ་ཡི་ལོ་ཐོག་རྒྱུས།། ཨེ་མ་བློ་ལྷུན་ངོ་མཚར་ཆེ།། ཅེས་གསུངས ་པས་དེས་ཀྱང་སྒོམས་པས་ཟླ་བ་དྲུག་ན་གྲུབ་པ་ཐོབ་སྟེ་མཚན་ཡང་ཀོ་ཀ་ལི་བི་ཞེས་གྲགས་ནས་འགྲོ་དོན་མང་དུ་མཛད་དེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ།། ་གུ་རུ་ཀོ་ཀ་ལི་པའི་ལོ་རྒྱུས་རྫོགསོ།། ་མནམ་ས་མགུ་རུ་ཨ་ནཱ་གོའི་ལོ་རྒྱུས་ནི། ཡུལ་གྷ་ཧུ་ར་བྱ་བ་ན་དམར་རིགས་ཀྱི་གང་ཟག་ཞིག་སྐྱེ་བ་སྔ་མ་ལ་བཟོད་པ་བསྒོམས་པས་གཟུགས་བྱུང་ཤིན་ཏུ་མཛེས ་པ་ཞིག་ཡོད་པ་དེས་གཞན་ལ་བལྟས་པས་ང་རྒྱ་ལ་སྐྱེས་པ་ན། དེའི་གམ་དུ་དགེ་སློང་ཞི་བ་དུལ་བ། སྤྱོད་ལམ་མཛེས་པ་ཞིག་བྱོན་ནས་བསོད་སྙོམས་མཛོད་པས། དེ་ན་རེ། ནང་དུ་གཤེགས་བདག་གིས་ཉིན་ཞིག ་འཚོ་བ་འདྲེན་པ་ཡིན་ཟེར་ནས་སྤྱན་དྲ་ས་ཏཱཾ། ཞབས་བཽཀྵས་སྟོན་ལྟབ་པ་ལ་སོགས་པ་བྱས་ནས་བྱ་ཞེས་ཚི་བྱེ་གྷ་ནོམས་པ་དྲངས་ཏེ།། དེ་ན་རེ། ཉིད་འཕགས་པ་ཟས་བསོད་སྙོམས་དང་དཀར་ཐུབ་འདི་ལྟར་མཛད་པ ་ཆེད་དུ་བྱཱ་བ་ཅི་ལགས་ཟེར་བསྒོ། དགེ་སྦྱོང་གིས་ངོ་ལྕི་བདག་འཁོར་བ་ལ་འཇིགས་ནས་ཐུབ་ཐོབ་པར་འདོད་པའི་ཕྱིར་ཡིན་གསུངས་པས། ཡང་ངེས་འཕགས་པའོ་སྐོལ་གཉིས་ཀྱི་རྟེན་ལ་ཁྱད་པར་ཅི་ཙམ་བདོག་བྱས ་བྱས་པས། དེས་ཁྱད་ཆེ་སྟེ་ཁྱོད་ཀྱི་རྟེན་ང་རྒྱལ་ལ་ཡོན་ཏན་གྱི་ཆོས་མི་འབྱུང་ལ། བདག་གིས་རང་པའི་རྟེན་ལོ་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་གསུངས་པས། ཡང་དེས་འཕགས་པ་སྟོན་བྱ་བ་ཅི་ལ་ཟེར་ཞུས ་པས། དེས་ཚེ་འདིར་ཆོས་བྱེད་པའི་རྟེན་ལ་མི་དང་མྱི་མ་ཡིན་པའི་བར་ཆུད་མི་འབྱུང་ཞིང་། མཐར་ཐུག་སངས་རྒྱས་ཀྱི་སྐུ་ཐོབ་པ་ལ་སོ་ཌ་འཛིནྟེ་དང་འཛིན་ལས་འདས་པའི་ཡོན་ཏན ་བཤད་པས། དེ་འདྲ་བ་ཐོབ་པའི་ཐབས་གཅིག་ཞུ་ཟེར་བས། དེས་དེ་ལ་སཾ་བརྐོ་བ་དང་འཚོང་བ་ལ་སོགས་པའི་འཇིག་རྟེན་པའི་ལས་ནུས་སམ་གསུངས་པས། དེ་འདྲ་བ་གང་ཡང་མི་ནུས་ཟེར་བས། འོ་ན་སྟན་ཐོག ་གཅིག་ཏུ་བསྡད་ནས་སྒོམ་ནུས་སམ་གསུངས་པས། ནུས་ཟེར་ནས་དེ་བདེ་མཆོག་ཏུ་དབང་བསྐུར་ནས་ཚོགས་དྲུག་རང་གསལ་གྱི་གདུམ་པ་འདི་གནང་ངོ་།། སྣ་ཚོགས་སྣང་བ་སེམས་ཀྱི་རང་བཞིན་ལས།། འགའ ་ཡང་གུད་ནས་ཡོད་པ་མུ་ཡིན་པས།། ཚོགས་དྲུག་ཡུལ་ལ་རང་སྔར་བཞག་པར་བྱ།། མ་ཞེན་མི་འགག་དེའི་ངང་ལ་གཞོག། ཅེས་གསུངས་པས་དེ་བསྒོམས་པས་ཟླ་བ་དྲུག་ན་གྲུབ་པ་ཐོབ་ནས་བླ་མ་ཨ་ནཾ ་གོ་བར་གྲགས་ཤིང་འགྲོ་དོན་མང་དུ་མཛད་ནས་མཐར་ལུས་དེ་གཉིད་ཀྱིས་མཁའ་སྤྱོད་དུ་གཤེགསོ།། གུ་རུ་ཨ་ནཾ་གོའི་ལོ་རྒྱུས་རྫོགསོ།། ། ་ལེཀླཱི་ཀ་རའི་ལོ་རྒྱུས་བཞུག་སོ།། ། གུ་རུ་ལཀྵི་ཀ་རའི་ལོ་རྒྱུས་ནི། ཡུལ་ཨོཾ་རྒྱན་གྱི་སཾ་བོ་ལ་ཞེས་པ་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་གྱི་རྒྱལ་པོ་ཨིནྡྲ་བོ་དྷིའི་ལྷམ་མོ་ཡིན་ལ། དེ་གཞོན་ནུ་ནས ་རིགས་སད་པའི་ཡོན་ཏན་དུ་མ་མངའ་ཞིང་། གྲུབ་ཆེན་ལྦ་བ་པ་ལ་སོགས་པ་ལ་ཆོས་ཀྱང་མང་དུ་གསན་ཞིང་རྒྱུད་སྡེ་མང་པོ་ཡང་མཁྱེན་པ་ལ། དེ་ལངྐའི་རྒྱལ་པོ་ཛི་ལེནྟིའི་བུ་སཾ་པྲོ་ལ་བྱ་བའི་ཆུང་མར་བླང ་པས། རང་གི་མིང་པོ་རྒྱལ་པོ་ཨིནྡྲ་བོ་དྷིས་ཀྱང་བྱིན་པར་བྱས་ཏེ། ལེན་པའི་ཕོ་ཉ་བ་བྱུང་བ་ན། འཁོར་ཆོས་ཤེས་པ་མང་པོ་དང་བཅས་ཏེ་ནོར་རྫས་ཟད་པ་མེད་པར་བསྐུར་ནས་གྲོང་ཁྱེར་ལངྐ་པུ་རར་བྱོན ་བས། བཟའ་སྐར་དྲན་ཟེར་ནས་རྒྱུ་ལ་སརཱི་སྤྱན་མོ་དྲངས་པོའི་དུས་སུ། ལྡུམ་གྱིས་སྐྱེ་བོ་དག་གཟིགས་པས། ཐམས་ཅད་ཕྱི་བར་འདུག་པས་ཐུགས་སྐྱོ་བའི་ཚེ། རྒྱལ་བུ་དེའི་འཁོར་རྣམས་ཀྱིས ་ཤུ་མང་པོ་ཁྱེར་ཏཾ་ལིངས་པ་ལོག་ནས་དེའི་མདུན་ནུ་མར་སོང་བས། ལྕེམ་ནཱ་རེ། འདི་ཀུན་སུ་ཡིནྡ་ཅི་བསད། གང་ནས་འོངས་གང་ཡིན་གསུངས་པོས། ལིངྒེ་ལ་ཕྱིན་པ་ཡིན། ཁྱོད་ཀྱི་ཁྱོ་རྒྱལ ་པོས་རི་དགསོ་གསོད་དུ་གཏང་བ་ཡིན་བྱས་པས་ལྟོ་འགྲངས་པ་ལ་ཁ་ཟས་ཀྱི་གཏམ་བཏང་བ་ལྟར་ཤིན་ཏུ་ཡང་ཐུགས་ལོག་སྟེ། ངའི་མིང་པོ་དེ་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པ་ལ། མུ་སྟེགོས་འདི་འདྲ ་བ་ལ་ང་གཏོང་པ་བསྙམ་ནས་དེ་ཉིད་དུ་བརྒྱལོ།། དེ་ནས་བརྒྱལ་བ་སངས་པ་དང་། གྲོང་ཁྱེར་བ་དེ་རྣམས་ལ་ནོར་རྣམས་བྱིན། འཁོར་ཀུན་ལ་རྒྱན་ཆ་བསྐུར་ནས་ཡུལ་དུ་བཟློག ་དེ་ནས་དེ་མན་ཆད་ཞག་བཅུ་རུ་སུ་ཡཱ་མ་བཏང་ཅིག་ཟེར་ནས། ཁང་པ་གཅིག་ཏུ་ཞུགས་ཏེ་ལུས་ལ་མར་ནག་དང་སོལ་བ་བྱུགས། སྐྲ་གཤིག། གཅེར་བུར་ཕྱུང་ནས་སྐྱོ་རྫུན་བྱེད་ཅིང་སྙིང་པོའི་དོན་ལས་མ་གཡོས་པར་བཞུགས ་པས། དེའི་རྒྱལ་པོ་ལ་སོགས་པ་མྱ་ངན་གྱིས་ནོན་ནས། སྨན་པ་ལ་སོགས་པས་སྨན་གྱི་སྦྱོར་བ་བྱེད་པར་བྱས་པས། དེར་སུ་འོངས་པ་ལ་བརྡེག་འཚིག་ཁྲོ་འཕྱང་འཕག་པ་ན། དེ་རྣམས་ཀྱིས་མིང་པོ་ཅན་དུ་པོ ་ཉ་བཏང་བས། དེ་ཐུགས་བདེ་བར་གནས་ཏེ། འཁོར་བ་ལ་ཐུགས་ལོག་ཏེ་འོང་སྙོམས་དུ་དགོངས་སོ།། ལྕམ་གྱིས་དེ་མུན་ཆད་སྨྱོན་པའི་བརྟུལ་ཞུགས་ཀྱི་གོནས་ནས། ལངྒ་པུ་རར་ཟས་ཀྱི་ལྷག་མ་ཟ་ཞིང ་དུར་ཁྲོད་དུ་ཉལ་ནས་སྙིང་པོའི་དོན་ཉམས་སུ་བླངས་བྱས། ལོ་བདུན་ནས་གྲུབ་པ་ཐོབ་ཅིང་རྒྱལ་པོ་དེའི་ཕྱག་དྲར་བ་ཞིག་གིས་ལྕ་མོ་ལ་བསྙེན་བཀུར་བྱས་པས། དེ་ལ་ཡང་གདོམས་པ་གནང་ནས་ཡོན་ཏན ་ཐོབ་པས་དེས་ཡོན་ཏན་རྟོགས་ལ་གཞན་གྱིས་མ་རྟོགས་པའི་དུས་སུ་རྒྱལ་པོ་ཛ་ལེནྡྲ་འཁོར་དང་བཅས་པ་ལིངས་ལ་བྱོན་པ་ན་ནམ་ཚོད་མ་རིགས་ཏེ། དེ་ཉིད་ལ་རྒྱལ་པོ་གཉིད་དུ་སོང་ནས། དེ་ནས་ཕྱིན་པས ་ལམ་ལོག་པར་འཁྱམས་ཏེ། དེ་རྒོངས་ཡུལ་དུ་ལོག་མ་ནུས་པས་ཉལ་ས་མེད་དེ། ལཀྵྨཱི་ཀ་རེ་ཉལ་བའི་ཕུག་ཏུ་ཕྱིན་ནས། སྨྱོན་མ་འདི་ཅི་རང་བྱེད་དམ་སྙམ་ནས་ལྟས་པས། དེ་ནི་རང་ལ་འོད་འཕྲོ་བས་གནས་པ་ལ། ཕྱོགས ་ཐམས་ཅད་ནི་ལྷའི་བུ་མོ་དཔག་ཏུ་མེད་པས་བསྐོར་ནས་མཆོད་པ་བྱེད་པར་མཐོང་བས། དད་པ་ཡང་དག་པོ་སྐྱེས་ཏེ་རྒོངས་ཁ་དེར་སྡད་ནས་ཕྱི་དེ་ཡུལ་དུ་ཕྱིན། སླར་ལོག་སྟེ་ཕྱག་བྱས་པས། ང་འདྲ་བའི་བུད་མེད ་ལ་ཕྱག་བྱེད་པ་ཅི་ཡིན་ཟེར་བ་ལ། གདམས་པ་ཞུ་བྱས་པས། དེས་དེ་ལ་འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བཅས་པ། བདེ་བ་འགའ་ཡང་ཡོད་པོ་མ་ཡིན་ཏེ།། དེ་ཡང་སྐྱེ་རྒས ་ན་འཆི་ལོ་སོགས་པས།། འགྲོ་བའི་གཙོ་བོ་ལྷ་མི་དག་ཀྱང་བརྡུངས།། ངན་སོང་གསུམ་ན་སྡུག་བསྔལ་ཉིད་ཡིན་ཏེ།། ཕྲིན་ཚུ་ནི་ཟ་ཞིང་བཀྲེས་བྱས་རྟག་ཏུ་ཉེན།། ཆེ་ཞིང་གྲང་བས་ཉེན་པ་དཔག་ཏུ་མེ།། དེས ་ན་རྒྱལ་པོ་ཐར་པའི་བདེ་ཆེན་ཚོ་ལ།། ཞེས་གསུངས་པའི་མཐུར་ཁྱོད་ངའི་གདུལ་བྱ་མ་ཡིན་གྱི།། ཁྱོད་རང་ཕྱག་དར་བ་ངའི་སློབ་མ་ཞིག་སྒྲུབ་པ་ཐོབ་ནས་ཡོད་པས། དེ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན ་ནོ་གསུངས་པས། དེ་མང་དུ་ཡོད་པས་ཇི་ལྟར་ཤེས་པ་ཡིན་ཟེར་བས། དེ་ནི་ཕྱོག་དར་བྱས་ནས་བཟའ་བ་སེམས་ཅན་ལ་སྟེར་བ་ཡིན་པས་དེ་ལ་མཚན་མར་གཟུ་ཅིག་གསུངས་པས། དེས་ཀྱང་ལེགས ་པར་ཕྱག་དར་བ་ལ་བལྟས་པས་གཅིག་དེ་ལྟར་བྱེད་པདེ་སྤྱན་དྲངས་ཏེ་ཁྲི་ལ་བཞག་ནས་ཕྱག་བྱས་གདམས་པ་ཞུས་པས་བྱིན་རླབས་འཕྲོ་བའི་དབང་བསྐུར་སྟེ། རྡོ་རྗེ་ཕག་མོའི་བསྐྱེད ་རྫོགས་གཉིས་བསྟན་ནས། ཕྱག་དོར་བ་དང་ལྕམ་གཉིས་ཀྱི་ལངྒ་བུ་རིར་རྫུ་འཕྲུལ་བསྟན་ཏེ་ལུས་དེ་ཉིད་མཁའ་སྤྱོད་དུ་ག་ཤོགས་སོ།། གུ་རུ་ལཀྵྨཱི་ཀཱ་རའི་ལོ་རྒྱུས་རྫོགསོ།། ་ས་མུ་དའི་ལོ་རྒྱུས་བཞུས་སོ།། གུ་རུ་ས་མུ་དེའི་ལོ་རྒྱུས་ནཽ། ཡུལ་སྱརྦ་ཌི་ར་བྱ་བ་ན~ཾ། རིགས་དྲན་ཞིག་རྒྱ་མཚོ་ནས་ནོར་བུ་བླངས་ཀྱིན་བཙོངས་ནས་འཚོ་བ་ལས། དུས་གཅིག་ན་དེ་ཡང ་མ་རྙེད་ནས་འཚོ་ས་ཆད་པས་སྐྱོ་བ་སྐྱེས་ཏེ་དུར་ཁྲོད་དུ་བསྡད་པས། རྣལ་འབྱོར་པ་ཨ་ཙིནྟ་བྱོན་ནས་དེ་ལ་དྲིས་པས། ཁྱོད་འདི་ན་ཙྭི་བྱེད་ཅིང་འདུག་གསུངས་པས། དེས་སྔར་གྱི་གཏམ་དྲི་བདེན་པར་སྨྲས་པས།། ་དེས་འཁོར་བའི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་ཅིང་། ཁྱོད་ཀྱི་སྔ་མ་ཡན་ཆད་ཀྱང་སྡུག་བསྔལ་མི་བཟོད་པ་དྲག་པོ་དགྲ་མྱོང་ལ། ད་དུང་སྡུག་བསྔལ་མ་ཡིན་པ་བདེ་བ་སྐད་གཅིག ་ཀྱང་མི་འོངས་གསུངས་པས། རྣལ་འབྱོར་པ་སྡུག་བསྔལ་ལས་ཐར་པའི་ཐབས་གཅིག་ཅེས་ཀྱང་ཞུ་ཟེར་བས། དེས་ཀྱང་དབང་བསྐུར་ནས། ཕྱི་ཚད་མེད་བཞི། ནང་དགའ་བཞིའི་གདམས་པ་གནང་སྟེ། ་བྱམས་དང་སྙིང་རྗེའི་དགའ་བ་དང་།། བཏང་སྙོམས་ཆུད་མེད་བཞི་པོ་ཡིས།། འཇིག་རྟེན་ཆོས་བརྒྱུད་མ་སྙོམས་ནས།། དབུས་ནས་བདེ་རྒྱུན་འབབ་བྱས་ཏེ།། འཁོར་ལོ་བཞི་ལ་དགའ་བ་བ་ནི།། འད ་སྟོང་དུ་ར་མིང་རྣམ་པ་ཅན།། ཡང་དག་པར་ནི་སྒོམ་བྱས་ནས།། བྱེདེ་བ་ཟག་མེད་འབར་ཞིག་མྱོས།། སྡུག་བསྔལ་སྐད་ཅིག་ཙམ་མོ་སྲིད།། ཅེས་གསུངས་པ་གོ་ནས་བསྒོམས་པས། ལོ་གསུམ ་ན་གྲུས་ཐོབ་སྟེ་ཕྱོ་ཐམ་ཅང་དུ་བླ་མུ་ས་མུ་ད་བྱ་བར་བྲེགས་ལ། དེས་རྟོག་པ་བརྗོད་ཅིང་འགྲོ་བའི་དོན་བྱས་ནས་འཁོར་བརྒྱད་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེག་སོ།། ་གུ་རུ་ས་མུ་དའི་ལོ་རྒྱུས་རྫོགས་སོ།། ་བྷཱུ་འི་ཟན་མོ་རྒྱུས་བཅུག་གོ། གུ་རུ་བྱཱ་ལི་བའི་ལུ་རྒྱུས་ནི། ཡུལ་ཨ་པ་ཏྲ་ར་ཅེས་པར། བྱཱ་ལི་པ་བྱ་བའི་བྲམ་ཟེ་ཞིག་ལ་ནོར་མུང་དུ་ཡོད་ལ། བདུད་རྩིའི་ཉམས་ལེན་བྱེད་ཅིང་དངུལ ་ཆུ་མང་དུ་ཉོས་པ་བཏུལ་ནས་སྨན་རྣམས་འཇུག་པ་ཡིན་ལ། སྨན་གཅིག་མ་ཤེས་ནས་གྲུབ་རྟགས་འབྱུང་དུ་མ་འདོད་པ་དང་། དེ་ཁྲོས་ན་སྣ་བེ་བུམ་དེ་ཆུ་བོ་གང་ག་ལ་སྒྱུར་ནས་གཏང་ངོ་།། ཁོའི་ནོར་ཡང་ལོ ་བཅུ་གསུམ་དུ་སྒྲུབས་པས་ཟད་དེ། གྲོང་ཁྱེར་ན་མར་བསོད་སྙོམས་ལ་བྱོན་པ་ས། རྒྱལ་པོ་ར་མའི་གཙུག་ལག་ཁང་ཡོད་པའི་གྲོང་ཁྱེར་དུ་ཕྱིན་པས། དེ་ན་དྷ་རི་མོ་ཞིག་གིས་གང་གའི་འགྲམ་དུ་ཁྲུས་ལ ་ལ་ཕྱིན་པས་བེ་བུམ་དེ་རྙེད་ནས་བྲམ་ཟེ་དེ་ལྷོ་བསྟན་པས། ཁིའི་སྔར་གྱི་སྨན་ཡིག་ཏུ་འདུག་ནས་རྒད་པས་ཅི་ཟེར་བས། སྔར་གྱི་ལོ་རྒྱུས་བསྟོད་པས། ད་དུང་ང་ལ་གསེར་ཁལ་གཅིག་ལ་སོགས་པ་ཡོད་པས ་སྒྲུབ་པ་བྱ་དགོས་ཟེརདེས་སྔར་ཡང་འདིས་བསླུས་ནས་འདི་ལ་ཐུག་པ་ཡིན་ཅང་ཡོད་དེ་བྱས་པས། བྲམ་ཟེ་ལ་རང་དབང་མེད་པར་གྱིས་ཟེར་ནས་དངུལ་ཆུ་མང་དུ་ཉོས་ཏེ་ལོ་གཅིག་ཏུ་སྒྲུབས་པས། སྐྱུ་རུ་ར་དམ ་པོ་བྱ་བ་མ་ཤེས་ནས་རྟགས་འབྱུང་དུ་མ་འདོད་པ་ན། དྷ་རི་མོ་དེས་ཁྲུས་བྱས་པས་རང་བྱུང་གི་མེ་ཏོག་སོར་མོར་འབྱུར་བ་དེས་སྤྲུགས་པ་ན། དེའི་ཟེག་མ་སྨན་ནང་དུ་ལྷུང་བས། དེ་མ་ཐིག་རྟགས་རྣམས ་བྱུང་བ་དང་། བྲམ་ཟེ་མོ་ལྔ་དྲིས་པས་འདི་འདྲ་བའི་ཟེར་མུ་སོང་བ་ཡིན་ནམ། གཞན་བཅུག་པ་མེད་བྱས་པས་དགའོ།། དྷཱ་རི་མོ་དེས་བྲམ་ཟེའི་བཟླའ་བཏུང་ལུ་ཏིག་ཏཱ་བཏབ་ནས་བྱིན་པས། སྔུར ་གྷི་དུས་སུ་མ་ཚོར་བ་ལ་དེའི་ཞག་གཅིག་ཚོར་བས་དྷ་རི་མོས་གྲུབ་བམ་བྱས་པས། རྒྱུ་མཚན་ཅི་ཟེར་རོ།། སྔར་བཟར་བཏུང་ལ་ཏིག་ཏ་བཏབ་པ་མི་ཚོར་བ་ལ་དེ་རིང་ཚེར་དྲིས་བྱོས་པ། དེ་ན་རེ། དེ་ཡང་གྲུབ་པའི་རྟགས ་ནི་འདི་ཡིནཱཾ་སྟེ། གཡས་སུ་འཁོར་བ་བཀྐུ་ཤྲིས་ལ་བརྟགས་བརྒྱད་ལོ་སོགས་པ་འབྱུང་བའོ་བྱས་པས། དེས་བཀྲ་ཤིས་བརྒྱ་ཆེན་པོ་བྱས་པ་སྟེ། བྲམ་ཟ། དྷུ་རི་མོ། རྟ་དང་གསུམ་གྱིས་ཟོས ་པས། དེ་གསུམ་གྱིས་འཚེ་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་སྟེ། གདམས་པ་ལ་ཕྲ་དོག་བྱོས་ནས་སུ་ལ་ཡང་མི་སྟེར་བའི་ཕྱིར་ལྷ་ཡུལ་དུ་ཕྱིན་པས་ལྷ་ཀུན་གྱིས་མ་བསྟེན་ནས། དེས་རྒྱལ་པོ་ཀཾ ་ལྡུམ་པར་བྱ་བའི་ཡུལ་དུ་ཕྱིན་ནས་གནས་ཏེ། དེ་ནི་བྲག་དབངས་སུ་དཔག་ཚད་དང་། རྒྱུར་རྐྱོང་གྲགས་བཅུ་ཡོད་ལ། མཐའ་མ་འདམ་གྱིས་བསྐོར་བས། དེའི་སྟེང་ན་ཤོང་དྲུང་གཅིག་ཡོད་པས ་དེའི་གྲིབ་མོ་ལ་གནས་པར་བྱེདདོ།། དེ་ནས་སྨན་དེའི་མན་ངག་རྒྱུན་ཆད་ནས་མེད་པ་ན། འོང་གས་ཀླུ་སྒྲུབ་ཀྱིས་མཁའ་སྤྱོད་སྒྲུབས་ནས་དེར་བྱོན་སྟེ། ལྷ་མ་ཡ་གཅིག་སྦས་ཡ་གཅིག་བསྣམས་ནས ་ཕྱག་བྱས་ཏེ་གདམས་པ་ཞུས་པས། འདིར་གཙུག་བྱས་འོངས་ཟེར། མཆིལ་ལྷམ་འདིའི་མཐུ་ལ་བསྟེན་ནས་འདིར་འོངས་པ་ལགས་གསུངས་པས། དེས་གདམས་པ་བྱིན་ཏེ། དང་ལ ་ཡོན་དུ་ལྷམ་དེ་ཕུལ་ཅིག་ཟེར་བས། དེ་ཕུལ་ནསྭ་ཡ་གཅིག་སྦས་པ་དེ་བསྣམས་ནས་སླར་འཛམ་གླིང་དུ་བྱོན་ནས། དཔལ་གྱི་རིར་སྒྲུབ་པ་མཛད་དེ་འགྲོ་བྱ་ལ་ཕན་བརྟག་སོ།། དེས་ནཱ་གསེར་ལ་སྩོགས་པ་ཉོན་མོངས ་བ་གང་རྒྱུད་ལ་ཡོད་པ་དེ་ལ་ཡོན་ཏན་བླང་མི་ནུས་ཤིང་། ཡོན་ཏན་ཡང་དག་པི་རྒྱུད་ལ་མི་སྐྱེ་བས་ན་བླ་མཱིའི་མན་དུག་དང་ལྡན་པ་གལ་ཆེ་བ་ཡིན་གསུང་ངོ་།། གུ་རུ་བྷ་ལཱི་པིའི་རྒྱུས་རྫོགསོ།། ་ཇི་ལྟར་འཇིག་རྟེན་གྲགས་པ་ཝཱ་ཡི་པ་ལ་སོགས་གྲུབ་ཐོབ་བརྒྱད་ཅུ་རུ་བཞིའི་ལོ་རྒྱས་གོང་།། རིགས་མཆོད་རྨད་བྱེད་མཱ་ག་དྷཱར་འཁྲུངས་ཡང་དག་ཡོན་ཏན་གྱིས་བརྒྱན་མི་འཇིགས་པ་དཔལ་གྱི།། མགུར ་གྱི་བུམ་པ་ལས་བྱུང་བཞིན་དུ་བདག་གིས་ཡང་དག་དེ་རྣམས་ལེགས་རྒྱུས་བསོད་ནམས་དེས།། དུག་གིས་མནར་རྣམས་འཚོ་བྱེད་བླ་མས་ཟིན་ནས་དུག་ཉིད་སྨན་གྱི་ངོ་བོར་རྟོགས་པར་ཤོག། གྲུབ་ཐོབ་བརྒྱད ་ཅུ་རྩ་བཞིའི་ལོ་རྒྱུས་རྒྱ་གར་ཙམ་པནྡྷའི་བླ་མ་ཆེན་པོ་མ་འཇིགས་པ་སྦྱིན་པ་དཔལ་གྱི་ཞལ་ནས་གསུངས་པ་ལྟར། དགེ་སློང་སྨོན་འགྲུབ་ཤེས་རབ་ཀྱིས་ལེགས་པཱ་བསྒྱུར་བ་རྫོགསོ།། ། ་