CLOSE WINDOW

GT3087: tshogs kyi 'khor lo'i mchod pa'i rim pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྤྱད་དུ། གྷཱ་གཱ་ཙྱཀྲ་བིད་ཏི་ན་མ་ཀྲྀ་མ། བློད་སྐད་དུ། ཚོགས་ཀྱི་འཁོར་ལོའི་མཆོད་པའི་རིམ་པ་ཞེས་བྱ་བྱ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལོ།། མཁུ་འགྲོ་རྣམ་པ ་གཉིས་པོ་ཡིས། བླ་མ་རྣམས་ལ་ཚོགས་ཀྱི་མཆོད་པ་ལན་བརྒྱད་ཅུ་རྩ་བཞི་ཕུལ་བའི་དུས་སུ། མཁ་འགྲོ་ཚོགས་ཀྱི་མཆོད་པ་ཞེས་བྱ་བ་དོན་བསྡུས་པ་གཅིག་གསུངས་པ་ལས། དེ་ལ་བླ་མ་སུ་རྱ་ར་སྨའི་དཀྱིལ་འཁོར ་དང་འབྲེལ་པའི་མཆོད་པ་འདི་ལྟ་བུ་ཅིག་མཛད། དེ་ཡང་དཀྱིལ་འཁོར་ཆེན་པོ་ཡོངས་རྫོགས་ནས།། ཚོགས་ཀྱིས་མཉེས་པར་མཆོད་བྱ་སྟེ། ཅེས་གསུངས་པས། དང་པོ་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆོད་རྫོགས་པར ་བྱས་ནས། དེ་ནས་ཚོགས་ཀྱི་མཆོད་པས་མཉེས་པར་བྱ་བའི་དོན་དུ། ཚོགས་ཀྱི་ཆོ་ག་ལ་འཇུག་པར་བྱ་བླ་བཱ་ཤདྡྷེ། དང་པོར་ཡོ་བྱད་བཤམ་པ་དང་། མཆུད་དང་ལྡུམ་འདུལ་ལ་སོགས་པ་གང་ཡིན་པ་གྲལ་ལ་བཀོད་པར ་བྱིས་ཏེ། ཡོ་བྱད་ནི་དཀྱིལ་འཁོར་གྱིས་མཆོད་རྫ་སཽ་ལ་སོགས་པ་འབྱོར་ཚང་བཤམ། ཚོགས་ཀྱི་ཡོ་བྱད་ནི། དང་པོ་ཐོང་པོ་མཚན་དང་ལྡན་པ་གཅིག་ཏུ། ཤི་ལྔ་བདུད་རྩི་ལྔ་དང་། ཁྲག་སྣ་དང་། ག་པུ་ར་འགི་ཧང་། གླ་རྩི ་དང་། ཙན་དན་དང་། རིན་ཆེན་ལྔ་དང་། གོ་རོ་ཙ་ན་གང་རྙེད་རྣམས། ཚང་ཕུང་བསྲེས་ལ། དཀྱི་ལླ་གྱི་དབུསུ་བཞག། དེ་ནས་གཏོར་མ་འབྲས་སམ། འཁུར་བ་སོགས། རིན་ཆེན་གཙང་མའི་སྣོ་དྲི་བླུག། གཏོར་མ་གཞན་ཡང་ཅི ་རིགས་པ་ཤམ། ཟས་དང་ཚོགས་ནི་ཤ་དང་ཆངད་དང་ཁུར་བ་འབྲས་དངཔ་ལ་དུ་ལ་སོགས་པ་དང་། ཨ་སྨཱ་ལ་སོགས་ཏེ་ཤིང་ཐོག་སྣ་ཚོགས་དང་། ན་རི་ཀྱེ་ལ་སོགས་ཏེ་ཚོད་མ་སྣ་ཚོགས། ཀ་ར་བུ་རམ་སྦྲང ་ལ་སོགས་ཏེ་བནྡྷ་བ་ལྔ། དེ་ཡང་བཅའ་བ་བཅའ་བཏུང་ལ་སོགས་པ་འདོད་ཡོན་ལྔ་ཅི་འབྱོར་པས། དཀྱིལ་འཁོར་གྱི་མཐའ་མ་བསྐོར་ལ་བཞག། དེ་ནས་མཆེད་ལྡམ་ལ་སོགས་གྲལ་བཀོད་པ་ནི། མཆེད་ལྕམ་རྣམས ་ཕྱིར་ཕྱུང་སྟེ་ཁྲུས་བྱས་ལ། ཕྱི་ནས་འདི་སྐད་ཞུ་བ་དབུལ། དུར་ཁྲོད་ཆེན་པོ་ཉམས་དགའ་བར།། མཐོང་ངམ་ཐོས་ན་ཡིད་དུ་འོང་།། མགོན་པོ་ཁྱོད་ལ་སྐྱབསུ་མཆི།། གནས་ཆེན་གསང་བའི་སྒོ་དབྱེ་ཞུ།། ཞེས་ཞི་བ ་དབུལ། བླ་མས་ནང་ནས་འདི་སད་བརྗོད།། ཧཱུཾ་རྫོགས་སངས་རྒྱས་ཀྱི་ཞིང་འདི་ནས།། མཁའགྲོ་ན་མཁའི་སྤྲིན་བཞིན་འདུ།། ལས་ཀྱི་སྲིད་པ་དག་པར་བྱེད།། དགེ་བར་སྤྱོད་ན་འདུ་བྱར་འོས།། ཤེས་བརྗོད་ལ། བླ་མས་སྒོ ་ཕྱེ་ལ་འདི་སྐད་བརྗོད། ཕྱག་གཡས་པ་རྒྱང་ལྀ། གྲོལ་བར་བྱེད་དང་སྨིན་པ་ཐོབ།། ཚངས་པའི་གནསུ་ཕྱིན་པ་དང་།། ཎྜེ་སུཾ་འབྲེངས་པའི་རིགས་ཅན་ནི་མ།། རྒན་པོའི་རིགས་ཡིན་འདི་རུ་འདུ། ཞེས་བརྗོད་ལ་གྲལ་བྱ། ་དོ་ལ་གྲོལ་བར་བྱེད་དང་ཙོས་པ་རིག་པའི་གཽནས་ལྔ་ལ་སྦྱངས་པའི། ཐོབས་རྒྱུད་གྲོལ་བའི་པཎྜི་ཏ་གྲལ་གོང་མར་མཆིས་སྐད། དེ་ནས་སྨིན་པ་ཐོབ་ཅེས་པས་དབང་གི་རྒྱུད་སྨིན་པར་བྱས་པའི་གནས་དབང་ཐོབ་པོར ་བྱ་སྟེ། དབང་གི་བརྡ་བཏང་ནས། གཅིག་པ་བུམ་པ། གཉེ་བ་གསང་བའི་དབང་། དབང་གསུམ་པ་ཤེས་རབ་ཡེ་ཤེས། བཞི་པ་དེ་ཁོ་ན་ཉིད་ཐོབ་པ་རྣམས་བཟློག་པ་རིམ་གྱིས་བཀོད་པར་བྱའོ།། དེ་ནས་ཚངས་པའི་གནས་སུ ་ཕྱིན་པ་སྟེ། བསམ་གཏན་བསྒོམ་པ་དེ་བཀོད། དེའི་འོག་ཏུ་རིགས་ཅན་རྗེསུ་འབྲང་བ་ཞེས་པ། རྒྱལྔ་རིགས་ལ་སོགས་པ་རིགས་བཙུན་པ་བཀོད། དེ་ནས་རྒན་པོ་སྟེ་ན་སོ་རྒན་པོ་རྣམས་རིམ་པས་བཀོང་ས་དེ་ནས ་སྔོན་དུ་འགྲོ་བ་ལ་འཇུག་པ་ནི། གོང་གི་ཐོད་པའི་ནང་གི་བདུད་རྩི་དེ་དག་མཁ་འགྲོ་འདུ་བར་བྱེད་པའི་རྫས་ཡིན་པས། དེ་དག་ཐམས་ཅད་ཀྱི་དཔྲལ་བར་ཐིག་ལེ་རེ་བྱ། དེའི་ཐ་མ་ལི་དྲིས་བསྐོར། སྣ་ལ་ལི་དྲིའི་ཞུ་རུ་ར ་བྱ། གདོང་དང་ཡནྡ་ལག་རྣམས་གུར་གུམ་གྱི་ཆུས་བྱུག། ལུས་ལ་རྒྱན་དྲུག་གིས་བརྒྱན། ཌ་མ་རུ་ལ་སོགས་པའི་སྒྲ་རྣམས་བཀྲོལ་ཏེ་བསྐོར་བ་ལན་གསུམ་བྱས་ལ་དངོས་གཞི་ལ་འཇུག་པར་བྱའོ།། བོར ་འོའདིར་སེམས་བསྐྱེད་བྱིན་བརླབས་དབང་སོགས་བྱ། དངོས་གཞི་ནི་བདག་ཉིད་ལྷའི་ང་རྒྱལ་ལས། དང་པོ་བགེགས་རྣམས་བསྲུང་བྱ་སྟེ་ཞེས་པས། བདག་ཉིད་ལྷའི་ང་རྒྱལ་ནི། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད།། ་སྐུ་འཐིང་ནག་དབུ་གསུམ་ཕྱག་དྲུག་པ། དབྱུག་ཏོ། དགྲ་སྟ། རལ་གྲི། གཡས་པ་གསུམ་ན་རིམ་གྱིས་བསྣམས་པ། གཡོན་པ་གསུམ་ན་སྦྲུལ་ཞགས་སྔགས་མཛུབོ་བནྡྷ་དམར་གྱིས་བཀང་བ་བསྣམས་པ། དུ་ར ་ཁྲོད་ཆས་ཀྱིས་བརྒྱན་པ་ཅིག་བསྐྱེད། སུམ་བྷ་ནི་ཞེས་པའི་སྔགས་དང་། ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཅེས་པ། ཨོཾ་ཧྲི་ཏྲི་ཝི་ཏྲི་ཏ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་བཏགས་ལ་བར་དུ་གཅོད་པར་བྱེད་པའི ་བགེགས་རྣམས་ཐམས་ཅད་གང་ན་ཡོང་མི་གནས་པོ་རུ་བསམ། དེ་ནས་ཚོགས་བྱིན་གྱིས་བརླབས་ཏེ། འདོད་པ་པོ་ནི་ཀུན་ཡིན་ཀྱང་། ཁྱད་པར་དུ་མཱ་ཚོང་པ་ཉི་ཤུ་བས་བརླབས་པ་བསྟན་ཏི། ཨོཾ་སརྦ་ཏཽ་ཐཱ་ག་ཏ ་པུཥྤེ་པུ་ཙ་ཧཱུཾ། ཞེས་པ་ལ་སོགས་པས་རོལ་མོ་ཡན་ཆང་ཏིང་འཛིན་རེ་རེས་གསོལ་པར་བརླབ། དེ་ནས་གཏོརརྱ་མ་བྱིན་གྱིས་བརླབ་ཏེ། ཐུགས་ཀའི་ཨ་ལས་འོད་ཟེར་སྤྲོ།། ཅེས་པ་ནི། བདག་ཉིད་གྲོང་དུ་སེམས་དཔ ་གཉིས་བསྲེས་ཀྱི་སྙིང་ཁ་ཤེས་རབ་འཁོར་ལོའི་ལྟེ་བར་གནས་པའི་ཨ་དེ་ལས་འོད་ཟེར་སྤྲོ་ཞེས་པ་ནི་ཡི་གེ་བཞིའི་འོད་ཟེར་ལ་བྱ་སྟེ། ཡི་གེ་དང་པོ་པྲཾ་ལས་སྣོད་བཅུང་རྒྱ་ཆར་བརླབ་ཅེས་པ་དེ་ཡིན་ཏེ། ཨ་ལས་བྲུཾ ་ཁ་དོག་སྣ་ཚོགས་དང་ལྡན་པ་ཅིག་སྤྲོས་ནས། གཏོར་མའི་སྣོད་ལ་ཕོག་པས་འོང་ལམ་ལམ་འདུག་པས། སྣོད་དེ་ཕྱི་སྣོད་ཀྱི་འཇིག་རྟེན་ཡིན་པས་ཐོད་པ་གླིང་གིཅིག་པར་བསྐྱེད། གཏོར་མ་དེ་ནང་བཅུད་ཡིན་པས་སྣོད ་ཁེང་པར་བསྒོམ། ཧཱུཾ་གིས་ཉེས་པའི་སྐྱོན་སྦྱངས་ནས། ཅེས་པས་ཨ་ལས་ཧཱུཾ་སྔོན་པོ་ཅིག་ཆང་གཏོར་མ་ལ་ཕོག་པས་ཧཱུ~ཾ་དང་འོང་དུ་ཞུ་ནས་སྔོ་ལམ་ལམ་འདུག་པས་ཉེས་པའི་སྐྱོན་ཐམས་ཅད་སྦྱངས། གཏོར་མ་དེ་ཤིན ་ཏུ་དག་པར་བསམ། ཨོཾ་གྱི་ན་མཁའི་མཐའ་དང་མཉམ་པ། ཨ་དེ་ལསྱ་ཨ་དམར་པོ་ཅིག་ཆད་ནས་གཏོར་མ་ལ་ཕོག་པས། དམར་ལམ་ལམ་འདུག་པས་གཏོར་མ་དེ་ཤིན་ཏུ་རྒྱ་ཆེ་བ་ན་མཁའི་མཐའ་དང་མཉམ ་པར་བསམ། ཨོཾ་གྱིས་བདུད་རྩིར་གྱུར་པའི་ཅེས་པས། ཨ་ལས་ཨོཾ་དཀར་པོ་ཅིག་སྤྲོས་པས། གཏོར་མ་ལ་ཕོག་པས་དཀར་ལམ་ལམ་པ་ཅིག་འོང་དུ་ཞུ། གཏོར་མ་དེ་བདུད་རྩིར་གྱུར་པར་བསམ། སྤྱན་དྲང་ལ ་སོགས་པ་འདི་ཡིས་དྲང་ཅེས་པ་ལ་གཉིས་ཏེ། མཚན་ནས་བོས་ཏེ་དྲང་བ་ནི། འདུའི་ལི་ལ་ཅེས་པ་ནས་བྱ་རེ་ཅེས་ཡན་ཆད་ཀྱིས་དྲང་།། ཚོགསུ་བཅད་པས་དྲང་བ་ནི། བདེ་བ་ཅན་དུར་ཁྲོད་དང་།། དགྱེས་པར་རོལ་མཁས ་པར་སྤྱོད།། མཚན་མ་མེད་པའི་ཕྱག་རྒྱ་དང་།། རྟག་པར་མཚན་མེད་སྤྱོད་པ་ཉིད།། སྟུག་པོ་བཀོད་པའི་ཞིང་ཁམས་ནས།། དཀྱིལ་འཁོར་ལྷའི་གནས་ཉིད་དུ།། མུ་ལུས་སྤྱན་འདྲེན་གཤེགསུ་གསོལ།། ཨེ་ཧ་ཧི་འགུ ་རུ་བཛྲོ་ཅེས་པས་དཀྱིལ་འཁོར་གྱི་ལྷ་རྣམས་དུ། དཔག་བསམ་གྱི་ཤི་ང་ཉི་ཤུ་རྩ་བརྒྱད་ལ། བླ་མ་རྣམས་བཞུགས་པར་བསམ། དེ་ནས་ཕྱག་འཚལ་བ་ནི། ཚིག་རིསུ་བཅད་པ་ལྔ་པོ་དེས། སྐུ་གསུང་ཐུགས ་ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་སྟོང་པ་དང་ཕྱག་འཚལ། དེ་ནས་བླ་མ་དང་མཁ་འགྲོའི་ཚོགས་དང་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། ཆོས་ཉིད་ཀྱི་དོན་མཐོང་བ་དང་། ཡང་དག་ས་ལ་བཀོད་བྱའི་ཕྱིར།། མཁ་འགྲོ་རྣམས་ཀྱིས ་བསྟོད་གླུ་བླངས།། དེ་ནས་མཆོད་པ་ཉི་ཤུ་པ་ཡིས་མཉེས་པར་མཆོད་པ་ཕུལ་ལ། དེ་ཡི་རྗེས་ལ་གཏོར་མ་ལ་སོགས་ཀྱི་མཆོད་པ་རྣམས་དབུལ་ཏེ། གོང་གི་ཐོད་པའི་བདུད་རྩི་དེ་ལ་སྲིན་ལག་གཡོན ་པས་ཟེར་མྱ་ན་མཁའ་ལ་གཏོར། ཟེར་མ་དེ་རྣམས་མཁ་འགྲོ་མ་ན་མཁའི་མཐའ་དང་མཉམ་པར་འགྱུར། དེ་དག་ལ་ཡང་གཏོར་བས། དེ་དག་ཐམས་ཅད་བླ་མ་རྣམས་ལ་མཆོད་པ་རྒྱ་ཆེན་པོ་དབུལ་བར་བསམ། རྣལ ་འབྱོར་ཕོ་མོ་རྣམས་ཀྱིས་ལག་ཏུ་ཚོགས་ཀྱི་ལོངས་སྤྱོད་རྣམས་ཐོགས་ལ། རིན་ཆེན་མཛེས་པ་སྣོད་དུ་ག་ཏུ།། ཅེས་པ་ནས། པྲ་ཏི་ཛྭ་ཧོ་ཞེས་པ་ཡན་ཆད་ཀྱིས་མཆོད་། གཞན་ཡང་གནས་ཉི་ཤུ་རྩ་བཞིའི་མཁ་འགྲོ་རྣམས་ལ ་འདི་ལྟར་དུ་མཆོད།། ། སུ་ལི་ར་ལ་ཡ་ན་མཁའགྲོ་འདུ་བའི་གནས། ཀོ་ཏ་ན་དང་། ཨུ་པ་སཱི། དྷི་སུ་རི་དང་རྣམ་པ་གསུམ།། སྤྱི་གཙུག་འཁོར་ལོ་དག་ནི། མགུལ་པ་དཔུང་པ་སྐྱེད་པ་སོགས།། ་ཕྱག་ཞབས་རུས་པའི་དུམ་བུས་བརྒྱན། ཁ་ཊཱཾ་ཊཱ་མ་རུའི་སྒྲ།། སྙན་པའི་སྒྲ་སྒྲོགས་ཁྲོ་ལ་ལོ།། མཛེས་པའི་གར་བྱེད་ཁྱུག་གི་འཁྲུག། ཟབ་མོའི་གླུ་ལེན་མེ་རེ་རེ།། འག་ནའི་མཆོད་པ་འདི་བཞེས་ལྔ།། དག་པའི་དངོས་གྲུབ ་བརྩལ་དུ་གསོལ། འཛི་ལན་དྷ་ར་མཁའགྲོའི་གནས།། པེས་ས་དང་ན་ཀ་ར།། མ་རྟ་རུ་ན་དང་རྣམ་པ་གསུམ།། སྤྱི་གཙུག་འཁོར་ལོ་འདྲེའོ།། ཨུརྱན་སམ་བྷེ་ལ་ཡང་མཁའི་གནས།། འཛིན་ཏི་མ་དང་ཀམ་པ་ལ།། ་འགི་ཏི་བ་ལ་རྣམ་པ་གསུམ།། ར་མ་ཤ་རི་མཁ་འགྲོའི་གནས།། ས་ལུ་ཏ་དང་པ་ར་ཏ་ན།། ཧེ་ཤིམ་པ་ལ་རྣམ་པ་གསུམ།། དྷེ་པཱི་ཀོ་ཏ་མཁ་འགྲོའི་གནས།། མ་སི་ལཱི་དང་པོ་ས་ན།། ཨཱརྱཱ་ན་ག་རྣམ་པ་གསུམ།། མ་ལཱ་བྷཱ་ནི ་མཁ་འགྲོའི་གནས།། སུ་སུ་རི་དང་པ་ཤ་ཀྱི།། བི་ཁ་པ་དང་རྣམ་པ་གསུམ།། ཀ་མ་རུ་མ་མཁའ་འགྲོའི་གནས།། པ་ཏོ་ལ་དང་ཀིམ་པ་ཙེ་ར་སྣ་རྣམ་པ་གསུམ།། ཨོཾ་དེ་ར་ན་མཁ་འགྲོའི་གནས།། དྷེ་པ་པྲི་དེ་དེ་ཀན་དྷ་རི།། ཀུ ་གསུམ་རྩི་དྷ་རྣམ་པ་གསུམ།། གྲི་ཤ་ཀུ་ནི་མཁ་འགྲོའི་གནས།། སེ་ཡན་ལུ་དང་ཀ་པ་ལ།། ཐ་པི་རི་དང་རྣམ་པ་གསུམ།། ཀོ་ས་ལ་ན་མཱ་ཁི་འགྲོའི་གནས།། པ་ཧ་ན་དྷི་དང་སུ་ཀ་སྲྀ།། བྷཱ་ལམ་ཐི་བ་རྣམ་པ་གསུམ།། ཀཱ་ལི ་ན་ན་མཁའ་འགྲོའི་གནས།། ཨ་པི་ར་ཏ་དང་པ་ཧུ་སི།། བྷྲ་ཧུ་ར་དེ་བ་རྣམ་པ་གསུམ།། ལམ་པཱ་ཀ་ན་མཁ་འགྲོའི་གནས།། ཤེས་ཨུ་པ་ལ་དང་ནི།། མེ་རེ་ལི་སོ་བཱ་དེ་བ་རྣམ་པ་གསུམ།། ཀན་ཙི་ཀ་ནཱ་མཁའ་འགྲོའི་གནས།། ཧིར་པ ་དང་འགྱ་བྷ་ག་བི་ཏྲ་རྣམ་པ་གསུམ།། ཧི་མ་ལ་ན་མཁའ་འགྲོའི་གནས།། ཀྲི་ཤ་ཙི་པུ་ལ་དང་ནི་གུ་པ་རུ་རྣ།། ཕ་བུ་ཐ་བ་ལ་རྣམ་པ་གསུམ།། པྲེ་ཏཱ་པུ་རི་མཁའ་གྲེའི་གནས།། ཧཾ་འགུ་ལི་དང་འདུ་དྷཱ་སྲྀ།། ཏི་ལི་ཆི་པེ་རྣམ་པ་གསུམ། ་གྷྲྀ་ཧ་དྷེ་པ་མཁའ་འགྲོའི་གནས།། བྷི་བ་ཝ་རྣ་ལས། ཙ་རིས་ཀི་ཧ་ཀུ་རི་དང་རྣམ་པ་གསུམ།། སེའུ་ར་སྣ་མཁའ་འགྲོའི་གནས།། ཏེ་པ་རི་དང་ཏིལ་ཏི་ཀ། མ་ས་ཏ་ལི་རྣམ་པ་གསུམ།། སཽ་བ་ན་རི་བ་མཁའ་འགྲོའི་གནས ་ཀ་བ་རུ་ལ་མི་སུ་མ་ཏི་དང་།། གྷ་ན་དཔེ་རྣམ་པ་གསུམ།། ནཱ་ག་ར་ཡ་མཁ་འགྲོའི་གནས།། ཨེ་ལ་ཤ་ཏི་ཀ་ཀ་པ་ལུ།། ཧུ་ར་ཏུ་ང་དང་རྣམ་པ་གསུམ།། སིན་དུ་ག་ནས་ནི་མཁའ་འགྲོ་མ།། ཏེ་ཙ་མེ ་ཏི་ག་སུ།། ལི་ར་ཐ་ན་དང་རྣམ་པ་གསུམ།། མ་ཐོ་རཱ་ལི་གནས་ཀྱི་མཁའ་འགྲོ་མ།། ཙ་ཧཱུ་པ་རི་སེ་ཧ་ནན།། སན་ཏོ་མ་རྣམ་པ་གསུམ།། ཀུ་ལུན་དྷ་ན་མཁའ་འགྲོའི་གནས། གྷོ་ཧཱི་ཀོ་དུ་སེ་ས་ཧཱན་ཏ།། འི་ཛ་མཱ་བྷ་ལྷ་དང ་རྣམ་པ་གསུམ།། སྤྱི་གཙུག་འཁོར་ལྷོ་དག་དང་ནི།། མགུལ་པ་དང་དཔུང་པ་སྐེད་པ་སོགས།། ཕྱག་ཞབས་རུས་པའི་དུམ་བུས་བརྒྱན།། ཁ་ཊཱི་ཌཱ་མུ་རུའི་སྒྲ།། སྙན་པའི་སྒྲ་སྒྲོགས་ཁྲོ་ལོ་ལོ།། མཛེས་པའི་ག་རི ་བྱིང་ཁྱུག་ཁྱིག། ཟ་བ་མྦུའི་གླུ་ལེན་མེ་རེ་རེ།། འགའ་ནའི་མཆོད་པ་འདྲི་བཞེས་ལ།། དག་པའི་དངོས་གྲུབ་བསྩལ་དུ་གསོལཱ།། དེ་ལྟར་མཁའ་འགྲོའི་ཚོགས་ཀྱི་མཆོད་པ་འབུལ།། དེ་ལྟར་མཆོད་པ་རྫོགས་པ་དང་།། ་རྣལ་འབྱོར་ཚིགས་ལ་རོལ་པར་བྱ།། དང་པོ་ཕུང་བཀྲོས་དབུལ་བ་ནི།། ཏིང་འཛིན་ཟས་ནི་ལོངས་སྤྱོད་ཆེ།། བདུད་རྩི་སྐོམ་གྱི་ཆུ་རྒྱུན་འབབ།། སྦྱིན་པའི་ཕ་རོལ་འདི་ན་སྦྱིན།། བསམ་གཏན་ཚུལ་ཁྲིམས་བཟོད་པ ་བསྒོམ།། བརྩོན་འགྲུས་ཀུན་ཏུ་རྩོམ་པར་བྱེད།། ཐབས་དང་སྟོབས་དང་སྨོན་ལམ་རྫོགས།། ཡེ་ཤེས་དག་པ་ཆེན་པོར་འགྱུར།། བླ་མིང་ཐོབ་པའི་མཆོད་པ་འབུལ།། དགྱེས་པར་ཀུན་ཏུ་དཔྱོད་པར་མཛོད།། ་ཨོཾ་འགུ་རུ་པུ་ཙ་ཏེ་ཌ་ཀི་ནི། ཨི་དམ་བྷ་ལིང་གྷི་རྣ་གྷི་ནཱ་ཨ་མི་ཧཾ། པི་པ་ཏ། སཱ་མ་ཡཱ་སྭཱ་ཧཱ། ཞེས་ཕུལ་ལ། དེ་ནས་སྟོན་མོ་དང་། དེ་ཡང་དང་པོ་འདྲེན་པའི་ཕྱག་ཚང་གང་ཡིན་པས།། འདི་སྐད་བརྗོད་ལ་དྲང་ལྷག ་མ་ལྷའི་བསམ་པ་དང་། རིགས་བཅུ་ན་གཙང་མཱ་ཕྱིན་པ། རྒྱུ་ལྷ་བློ་བྲམ་ཟེ་རྗེའུ་རིགས། རྡོལ་པ་ཁྱི་དང་ཕག་པ་དང་།། འདི་དག་ཁྱད་པར་གང་གིས་བསྟན།། བདེ་བའི་མགོན་པོས་ལེགས་པར་སྤྱད།། ཀུན་དང་ཀུན ་ཏུ་སྐལ་བ་མཱཉམ།། ལེགས་ཅིང་མཛེས་པར་ཅིས་མི་སྤྱོད།། སརྦ་སཱི་ཏི། ཨེ་ཧཾ་སུ་ཀུ་ཞེས་དྲང་། དེ་ཡིས་འདི་སྐད་བྱས་ལྔ་བླང་།། བདེ་བའི་མགོན་པོས་ལེགས་སྤྱད་པའི།། ཀུན་དང་སྐལ་པ་མཉམ་པར་གསུངས།། དངོས ་གྲུབ་བདུད་རྩི་ཆེན་པོ་འདི།། ལེགས་ཤིང་མཛེས་པོ་ངག་གིས་སྤྱད།། སརྦ་སི་ཏི་ཨ་ཧོ་སུ་ཀ་ཅེས་བླངངོ་།། དེ་ནས་ཇི་ལྟར་དུ་བྱ་བ་ནི།། གར་དང་རོལ་མོ་རྒྱན་རྣམས་དང་།། དྲུག་སྐྱེས་ལྷན་སྐྱེས་གླུ་བྱུད་བྱ།། ཞེས་པས། ་དཔའ་བོ་དང་དཔའ་མོའི་གར་དང་།། རྒྱུད་ལས་ཇི་ལྟར་སྐྱེས་པ་ཡང་བྱ།། སྒྲ་དང་རོལ་མོ་ཐམས་ཅད་བཀྲོལ།། མཛེས་པའི་རྒྱན་རྣམས་ཀྱི་བརྒྱན་ལ།། ཉམས་དང་མཐུན་པའི་སྤྱོད་པ་རྣམས་ཀྱ་ང་བྱ།། ཚེ་སོ་སྦྱོང་དང་རང ་རང་གི་བསྟན་པ་བསྲུང་བ་རྣམས་ལ་གཏོར་མ་རྒྱས་པོར་གཏང་། དྲག་པོའི་ལས་ཀྱང་བྱ་སྟེ་རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་དང་། བསྟན་པ་སྤྱིའི་ངགྲ། རྣལ་འབྱོར་པ་ལ་བར་དུ་གཙོ་པའི་དགོས་དགྲ། དགྲ་བགེགས་ཐམས ་ཅངད་སྒུལ་བའི་ལས་བྱའོ།། ཟབ་མོའི་གླུ་རྣམས་བླང་བྱས་ཏེ།། མཁའ་འགྲོ་མ་དམའ་ཝེ་དབང་གིས་གླུ་བླངས་པ།། གཙུག་ཏོར་ཆེན་པོའི་སྐུ་མངའ་བ།། བླ་མ་བརྒྱད་ཅུ་རྩ་བཞི་བདོག། མཐོང་བ ་འམ་ནི་ཐོས་པ་ཡིས།། ཕུང་པོ་ཁམས་སྲོགས་རྣམ་པར་དག། འཇིག་ཚེ་གོས་འཁོར་བའི་རང་བཞིན་འདི།། ལམ་གྱི་དུས་ནི་བདེ་བ་ཆེ།། ཆོས་སྐུ་རི་བོ་ལྟ་བུར་གངའ།། མན་ངག་རྒྱུ་སྐར་ལྟ་བུར་གདའ།། རྟོགས་ཚད་ཉིད ་ཟླ་ལྟ་བུར་གངའ།། འོད་གསལ་རང་བཞིན་མེད་པར་རྟོགས།། ཨེ་མ་ངོ་མཚར་པན་ཊཱི་ཏ།། ཞེས་གསུངསོ།། མཁ་འགྲོ་མེ་ཀོ་ཀི་ལ་ཡིས་གླུ་བླངས་པ།། སཾ་ལ་ཡི་དུར་ཁྲོད་བྱ་སེམས་ཤིང་།། གྲུབ་ཐོབ་རྡོ་རྗེ་སེམས་དཔའི ་སྐུནྡ་རྟོག་ཚོགས་སེམས་དཔའ་སེམས་མའི་འཁོར།། རྣམ་འཕྲུལ་ཡེ་ཤེས་ཀྱི་རང་བཞིན་ཅན།། འདོད་པའི་ཡོན་ཏན་ཡིད་བཞིན་སྤྱོད།། རྒྱལ་པོའི་ཕོ་བྲང་དེ་ལྟ་བུ།། གར་ནི་སྐྱེས་ཤི་ནགས་ཆེ་ལྟ་ཙེ།། གླང་མོ་མཛེས ་པའི་མེ་ཏོག་དགོད།། ཟས་སུ་དུག་གསུམ་རོ་གསུམ་ཟེ།། སྐོམ་དུ་ཡེ་ཤེས་ཆུ་བོ་འཐུང་། ཁུ་བའི་རོ་ནི་མངར་བར་མྱོང་།། དེ་བཞིན་ལ་ཡང་བསིལ་བར་གྱུར།། ཆོས་སྐུའི་སྐྱེ་བ་འདི་བླངས་པས།། སྲིད་པའི་འཆིང་བ་རྣམ ་པར་ཆད།། ཨེ་མ་ངོ་མཚར་པཎ་ཌི་ཏ།། དུས་དང་ལང་ཚོ་ཕར་ཕར་ཐོང་།། རྣལ་འབྱོར་མ་སུ་ཏི་ཡིས་གླུ་བླངས་པ།། ལྷ་མོ་ལྷ་རུ་མཐོང་བ་བདོག། བྱིན་བརླབས་རྒྱུན་མི་ཆད་པ་བྱུང་ངོ་།། ཐུན་བཞི་མ་ཧེ་འཇོ་བཞིན་བསྒོམ།། ནམ ་ལངས་འདྲ་བའི་ཉམས་ཅིག་བྱུང་།། བརྟན་པ་མ་ཐོབ་པ་ལ་མི་སྨྲ།། འབྲལ་བ་མེད་པའི་ཉམས་ཅིག་བྱུང་།། སྣ་ཚོགས་ཡེ་ཤེས་ཀྱི་མེ་ལྕེ་དེས།། རྟོག་པའི་ནགས་ཚལ་གྱི་སྡོང་པོ་བསྲེགས།། སྣང་བ་ཐུག་ཕྲད་ཀྱི་གདམས ་ངག་བསྟན།། ལུ་ཡི་མཚར་ན་པཎྜི་ཏ།། དངོས་མེད་དག་ལ་རྟོག་པ་མེད།། གྲོང་ཁྱེར་སྟོངས་པའི་གདམས་ངག་བསྟན།། བྷི་ར་བ་མཚར་ན་པཎྜི་ཏ།། འཁོར་དང་མྱ་ངན་འདས་པ་མཉམ།། དྲན་པ་ཙག་པའི་གླདམས ་ངག་བསྟན།། ས་ར་ཧ་ལ་ངོ་མཚར་བདོག། མཉམ་པར་རྟོགས་དང་པཎྜི་ཏཱ།། ཟས་ཟོ་གོས་གྱོན་གདམ་ངག་བསྟན།། མི་ན་བ་ལཾ་ངོ་མཚར་བདོག། ཕྱི་ནང་ལྟ་བ་དྲུག་ཏུ་བསྟན།། ཤན་ཏི་པ་ལ་ངོ་མཚར་བདོག། ཏཱི་ལི་ཀུན་མྱ ་མཁས་པ་ཡིས།། བདག་གི་དུག་གསུམ་རྩད་ནས་ཕྱུང་།། ཕྱི་ནང་ཟད་པའི་མེ་རེག་བྱས།། འཆིང་པར་གྱུར་ཅིག་ཏེ་ལོ་པ།། རྔ་མོའི་མགྲིན་པ་ལྟ་བུ་ཡི།། འཁོར་བའི་འཕྲེང་འདི་ཤིན་ཏུ་རིང་།། ཟད་པར་གྱུར་ཅིག་ཏོ་ལོ ་པ། བདེ་བས་ཤིན་ཏུ་འཚེ་བ་མེད།། ལེགས་པར་ཚངསཽ་ཅིག་པཎྜི་ཏ།། ཅེས་གླུ་བླངས།། དེ་ནས་གཏོར་ཚོགས་ཕྱིར་བཏང་ལ།། རྣལ་འབྱོར་པ་རྣམས་ནང་དུ་འདུས་ལ། གཏོར་མཱའི་སྣོད་རྣམས་ཁ་སྒྲུབ་པའི་འོག་ཏུ། ་གདུག་པ་ཅན་གྱི་བགེགས་རྣམས་མནན་ལ། རྣལ་འབྱོར་པ་རང་ཉིད་ལྷའི་ང་རྒྱལ་བྱས་ལ་རྐང་པ་གཡས་གཡོན་སྤྲོ་ཞིང་ཧེ་རུ་ཀའི་གར་དགུས་མནན་ནོ།། འདི་དག་ནི་ཚོགས་ཀྱི་འཁོར་ལོའི་དུསུ་བྱ།། ཚོགས ་ལབྷཱུརྱ་ལ་ནཱ་གནས་སྒྲུབས་དང་སྠ་བྷྱ། དཱནམྦྷ་བྱུ་པའི་བདུ་དྷམྦྷ་རྣལ་ནནྡྷ་བ་མ་རྣམས་མྦྷ། བྷྱོ་མསྣུན་གཱ། སྙིང་ཁར་ཐིག་ལེ་བྷྱས་ལ། བྷཱུ་གྶ་ངྒཱ་བླུགས་ཀྱི་དངས་ཀླུ་བྱུ ་ཧཱུ~ཾཥྚྲཱྀདྷཱ་བྱས་པས་མཁའ་གྱི་འདུ་བྱེ་ད་ལས་བར་འགྱུར།། བྷྲིད་རྒྱའི་ཟེའི་ཁེཐུན་བྷཪྵ།། 9་གྷ་ན་རཱི་ནཱི་རྒྱུམ་།། སྨི་སྨྲ་ནྡན་སནས། མ་མོ་དུ་མེ་མཉིས་ཀྱིམ་ཆོ ་ལ་ན་སྦྱིན་རླུང་མྱ་ང་ན། ལ་དུ་ནྡྷ་བྷིདྡྷོདྷཱ.ཱ་དྷ་སྨྲསམ། རྟོགས་ཀྱི་ཁ་ཊཱི་ག་ར་ས་པའི་ཥྚ་འི་ཇིག ་xxx ་ས་མ་རྒྱའོ།། མ་མིའིའབྲིས་པེས་གདམས་པའི་བཅུང་དང་འཕྲོང་།། སྣངས་འགྲོ་ཡོང་པས་ཚོགས་ཀྱིནི་དོནི་རྣམས་ཤེས་ལ། ་