CLOSE WINDOW

GT3081: phyag rgya chen po'i grub mtha'i man ngag
Wyliee-texts produced with BDRC’s OCR application

བླ་མ་དམ་པ་རྣམས་ལ་ཕྱག་འཚུལ་ལོ།། གྲུབ་མཐའི་མན་ངག་ལམ་བསླང་འདི། དེ་ལ་ཐེག་པ་གསུམ། གནས་པ་བཞི། སྦྱོར་བ་དགུ་ལས། ཐེག་པ་གསུམ་གྱི་ལམ་དང་འབྲས་བུ་བསུས་ཏེ། རྟེན ་གྱི་གང་ཟག་འཇུག་པའི་སྒོ་བསྟན་ཏེ། གནས་པ་བཞིའི་གནས་ལུགས་བསྟན་པ། སྦྱོར་བ་ཆུས་རྣལ་འབྱོར་པས་ཉམས་སུ་བླང་བ་བསྟན། དེ་རྣམས་ཀྱིས་སྦོས་པོའི་ཞེན་པ་བཟློག་པའི་ཕྱིར་བསྟན་པའོ།། དེ་ལ་ཐེག་པ་གསུཾ ་ནིཉན་ཐོས་ཀྱི་ཐོག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ།། དེ་ལ་གནས་བཞི་ནི། ཉན་ཐོས་ཀྱི་གནས་པ་དང་། རང་སངས་རྒྱས་ཀྱི་གནས་པ་དང་། སི་ཙཾ་པའི་གནས་པ་དང་། དབུ་མ་པའི་གནས ་པའོ།། ད་ཡང་སྦྱོར་བ་ཆུ་ནི། ཉན་ཐོས་དབང་པོ་ཐ་མ་དང་། ཉན་ཐོས་དབང་པོ་འབྲིང་དང་། ཉན་ཐོས་དབང་པོ་རབ་དང་། རང་སངས་རྒྱས་དང་། མདོ་སྡེ་པ་དང་། ས་ཙཾ་རྣམ་བཅས་དང་། ས་ཙཱི་སྣམ་མེད་དང་། དབུ་མ་སྒྱུ་མ་ལྟ ་བུ་དང་། རབ་ཏུ་མི་གནས་པའོ།། །། དེ་ལ་ཐེག་པ་གསུམ་ནི། གནས་པ་བཞི་ལ། གནས་པ་བཞི་ནི་སྦྱོར་བ་རྒྱལ་འཇུག་པའོ།། དེ་ལ་སྦྱོར་བ་ཆུས་རྣལ་བཱའི་ཉམསུ་བླང་བ་བསྟི་ཡིན་པ་ནི ་ཐ་མལ་བའི་ལུས་པོ་ལ་བསྔོས་པོའི་ཞེན་པ་བཟློག་པ་བསྟན་པའི་ཕྱིར། ཉན་ཐོས་ཐ་མ་བསྟན་པ་ནི། དེ་ལ་རྣམ་པར་རྟོག་པ་བཟློག་པའི་ཕྱིར། རྡོས་པོའི་རྩང་འཛིན་སྤང་བའི་ཕྱིར།། ཉན་ཐོས་ཟ་མ་བསྟེན་པ་ཡིན ་ཚོར་བ་དངོས་པོར་འཛིན་པའི་ཕྱིར།། ཉན་ཐོས་འབྲིང་པོ་བསྟན་པ་ཡིན། ཆོས་ལ་དངོས་པོར་འཛིན་པ་སྤང་བའི་ཕྱིར།། ཉན་ཐོས་རབ་ཏུ་བསྟན་པ་ཡིན།། ས་ལ་རྡོས་པོར་འཛིན་པ་སྤང་བའི་ཕྱིར་ང་རྒྱལ ་བསྟན་པ་ཡིན་ནོ།། ང་ལ་ཉན་ཐོས་པའི་ལྟ་བ་ལ་གཉིས་ཏེ། དང་པོར་བགྲང་བ་དང་སེམས་པོའོ།། དེ་ལ་དང་པོར་བགྲང་བ་ནི།། སྤྱི་རྩུ་གཽ་ནས་རྐང་འཐིལ་པར་དུ།། ལུས་ཀྱི་དྲན་པ་ཉེ་བར་གཞག་སྟེ།། མི་རྩིང་བའི་རྗེས་སུམ ་ཅུ་རྩ་གཉིས་ཀྱིས་གང་བའོ།། དེས་རང་གི་ལུས་ལ་རྩང་བར་འཛིན་པའི་ཞེན་པ་བཟློག་པས། བསྟན་པའི་ཚད་དུ་བླ་མས་གསུངས།། དག་ཅིང་རྩང་འཛིན་དྲི་མ་སྦྱངས་པའོ།། དེ་ལ་སེ་པཱ་ནི་རང་གི་དཔྲལ་བའི་སྨོན ་འཚམས་སུ།། རུས་པའི་ཚོགས་ཉུངས་འབྲུ་ཙམ་པའི་འོད་ལ་སེ་རྟང་ཏེ། དེ་ལས་འོད་འཕྲོས་པས་རང་གི་ལུས་ཀྱང་རུས་སུ་གྱུར། ཕར་འཕྲོས་པས་ནང་བཅུད་ཐམས་ཅིང་རུས་པར་གྱུར། ཕྱི་སྣོད་ཀྱི་འཇིག་རྟེན་ཐུག་གི ་དུ་འཕྲོས་པས་ཀྱང་རུས་ཉིད་དུ་གྱུར། དེ་ལྟཪྵ་འཕྲོ་ཞིང་སླར་འདུས་བསྒོམ། ཟས་ཟ་གོས་གློན་སླར་འདུག་ཆེ།། ཀྱང་རུས་ཉིད་དུ་བསྒྲིམ་པར་བྱའོ།། བསྟན་རྩ་དྲི་མ་སྦྱང་བའོ།། དེ་ལ་ཉན་ཐོས་པ་བྱིན་པའི་འདོད་པ་རིནི་སྲོག་དང་རྩོལ་བཱ ་བསྒོམ་པ་སྟེ། འཁོ་བར་སྐྱེ་བར་བྱེང་པའི་རྒྱུ་ནི་རྣམ་པར་རྟོག་པ་སྟེ། རངས་པ་སྤང་ཕྱིར་སྒོམ་པ་ཡིན།། དཔེར་ན་མི་ཕྱི་བོ་རྟ་ལ་བསྦྱིན་པ་བཞིན་དུ། རླུང་གི་རྣམ་རྟོག་སེ་ཞོན་ནས།། རྣམོ་རྟོག་སྣ་ཚོགས་ཉིད་དུ་འཕྲོ།། རླུང་ཟིན ་རྣམ་རྟོག་མི་འཕྲོ་བས།། དེ་ཕྱིར་སྲོག་དང་རྩོལ་བ་བསྡམ།། དེའི་ལུགས་ནི་རྣམ་གཉིས་ཏེ།། རླུང་སེ་འཛིན་པ་འདོད་པ་ན། ཁ་དོག་དབྱིབས་དང་རེག་བྱ་ལའོ།། འདི་ནི་སི་ཀི་རླུང་འཛིན་ཏེ།། འདི་ལ་དྲུག་ཏུ་ཤེས་བྱ་སྟེ།། བགྲང་དང་རྗེས ་འགྲོ་འཇོག་པ་དང་།། རྟོག་པ་དང་ནི་བསྒྱུར་བ་དང་།། ཡོངས་ངག་རྣམ་པ་དྲུག་ཏུ་འདོད།། ཁྭམས་ཚོང་བསྙམས་ཏེ་སྐྱིལ་ཀྲུང་བཅྡོཾས།། གཡས་དང་གཡོན་ནས་རྒྱུ་བའི་རླུང་།། ལྟས་ལ་སོར་བརྒྱ་བཅུ་དྲུག་ཚོད་དག་ཏུ།། ཕྱིར་དབྱུང ་རྗེསུ་སེ་འགྲོ་བསམ།། ནང་གི་དུས་སུ་འམ་དེ་བཞིན་བསམ།། དེ་གསུམ་གླེངས་གཅིག་ཏུ་བརྩིས་པས་ཐུན་འཚམས་འཛིན།། ལྟེ་དཀྱིལ་ཐུན་འཚམས་འཇོག་པ་སྟེ།། དང་པོར་ཉིན་མོ་ལན་གཙུག་གཞག། ནུབ་མོའང ་ཐུན་འཚམས་དེ་བཞིནོ།། དེ་ཕྱིར་ཉིན་མོང་ནུབ་ཏུ་སྤེལ།། དེ་ལྟར་ཟླ་ཕྱེད་ཟླ་བའི་བཱར།། རྗེས་འགྲོ་བགྲང་དང་གནས་པ་དག། རེ་རེ་བསྣན་ལ་ནང་དུ་གཟུང་།། དེ་རྟགས་རྣམ་པ་དྲག་པོ་ནི།། མེ་བྱུང་ནས་ནི་ལུས་ལ་གནོད་བྱེད ་འབྱུང་།། ལུས་ལ་རེག་བྱ་མེད་པ་འབྱུང་།། རྟག་པ་ནང་ནས་རླུང་དྲི་ལྀ།། རྟོག་མི་རྟོག་དང་བྲལ་བ་སྟེ།། བརྗོད་མེད་གང་ཟག་ཁས་ལེན་པའོ།། སྒྱུར་བའི་ཏིང་འཛིན་དེ་བསྟན་ནས།། བདེན་བཞི་དགེ་བཅུ་ལ་འཇུག་པ།། བསྒྱུར་བ ་ཡིན་པར་བླ་མས་གསུངས།། ཡོངས་དག་རང་སངས་རྒྱས་བཞིན་དུ།། དབང་པོ་ཡུལ་ལ་བཟློག་མི་རྒོས།། ནང་དུ་རླུང་ཟིན་སྟོབས་ཀྱིས་ནི།། ས་ནི་སྦྱར་ཤི་རྣམ་རྟོག་ལ།། མི་འཕྲོ་སེ་ཀི་བདེ་བ་འབྱུང་།། རླུང་གི་རྒྱུ་བ ་དང་བྲལ་ནས།། གཟུགས་ལ་སོགས་པའི་ཡུལ་དག་ལྔ།། མཱི་འཕྲོ་ཏིང་འཛིན་བསྟན་པའི་ཚང་།། དྲི་མ་སེང་གེ་རྣམ་གྲོལ་ཏེ།། ཕྱག་རྒྱ་བཙན་ཐབས་བཟུང་བའོ།། ། ་ཉན་ཐོས་རབ་ཀྱི་འདོད་པ་ནོ།། འཁོར་བའི་རྩ་བ་ནི་བདག་ཏུ་འཛིན་པ་ཡོད་པའི་ཕྱིར།། སྟོང་ཉིད་མར་མེ་བསད་པ་ལྟ་བུའོ།། བདག་མེད་རྣལ་འབྱོར་སྙོམས་པས་ཏེ།། དྲི་དང་རོ་དང་རེག་བྱ་ལ།། བདག་ཅེས་བཙལྟ་བས་མ་རྙེད།། ལུས ་ཀྱི་སྤྱི་རྟུག་རྐང་འཐིལ་བར།། ཆ་ཤས་དྲུག་ཏུ་གཞིགས་བྱས་ནས།། གང་ཟག་བདག་ནི་མེད་པར་རྟོགས།། དེ་ནས་སེ་ལ་བདག་བཙལ་སྟེ།། འདས་པའི་ས་ཀྱང་བདག་མིན་ལ།། མ་འོངས་པའང་བདག་མ་ཡིན།། དེ་ལྟར་མ་རྟག ་གས་བསན།། གང་ཟག་བདག་ནི་མ་གྱུང་སྟེ།། དཔེར་ནཱ་རང་ཏིག་ཆུ་རྒྱུད་ལྟར།། བདག་མྱེང་བ་ལ་ཚོན་མོས་བཞག། སྟེང་ཉིད་ཞི་བའི་སྒོ་འདོགས་ལས།། བསམ་གཏན་དྲི་མ་ཤེས་པར་བྱའོ།། དེ་ལ་རང་རྟུལ་འདང ་པ་ནི། བདག་མེད་རྟོགས་པའི་སྟེང་དུ་ནི།། འཁོར་བ་སྐྱེ་བའི་རྩ་བ་ནི།། ཕྱིའི་ཡུལ་ལས་བཟློགས་པས་ཏེ།། དེ་བཟློག་དབང་པོ་རང་ལོག་གི། རྣལ་འབྱོར་སྒོམ་པར་བྱ་བ་སྟེ།། རང་འབྱུང་ཡེ་ཤེས་བསམ་པ་དང་།། ཞི་གནས་དང་ནི་ལྷགས ་མཐོང་།། དེ་ལ་རང་འབྱུང་ཡེ་ཤེས་བསམ་པ་ནི།། སངས་རྒྱས་མེད་པའི་ཞིང་ཁམས་སུ།། སྐྱེ་བར་སྨོན་ལམ་འདེབས་བྱས་ཏེ།། དུར་ཁྲོད་ཕྱིན་ནས་ཀྱེང་རུས་བལྟས།། བརྟགས་པ་ཤི་བ་ལས་བྱུང་སྟེ། ཤི་བ་རྒས་པ་ཉིད ་ལས་བྱུང་།། མ་རིག་པ་ལ་ཐུག་པར་སྦྱར།། ཀུན་གྱི་རྩ་བ་མ་རིག་པ།། མ་རིག་པ་དེ་ཡང་དག་ཏུ།། རང་འབྱུང་ཡེ་ཤེས་བསྒོམ་བྱས་ཏེ།། ནམ་ལངས་སེ་དང་ནུབ་ཀཱ་མ།། ངལ་ཡུལ་དུ་བསྡུས་ཏེ་གཞག། ཞེས་པའི་ཚོགས་བཅད ་འབྱུང་ངོ་།། དེ་ལ་ནང་པར་གཉིད་སྡུད་པའི་སྐད་ཅིག་མ་ལ།། ཤེས་པ་གསལ་བ་མི་རྟོག་བཞིན།། གང་ཟག་བདག་མེད་རྟོགས་པ་པོས།། ཉོན་མོངས་སྒྲིབ་དང་བྲལ་བའོ།། ནུབ་ཀ་གསལ་ལ་མྱི་རྟོག་བཞིན།། ཕྱིའི ་ཡུལ་ལ་མི་རྟོག་པ།། ཤེས་བྱའི་སྒྲིབ་དང་བྲལ་བའོ།། དེ་རྟོགས་རང་འབྱུང་ཡེ་ཤེས་ཏེ།། ལྕུག་མཐོང་ཞེས་ཀྱངངྒ་དེ་ལྟ་བྱའོ།། ཞི་གནས་ལ་ཡང་གཉིས་ཡིན་ཏེ།། མཉམ་པར་གཞུག་དང་རྒྱུས་ཐོབ་པོ།། དེ་ལ་མཉམ ་བཞག་ཞི་གནས་ནི།། ལུས་ངག་ཡིད་གསུམ་གསོད་བྱེད་པའོ།། རྗེས་ཐོབ་བསམ་གཏན་སྡོམ་པས་ཏེ།། ལུས་ངག་ཡིད་ཀྱི་མི་དགེ་སྤངས།། དགེ་བ་བཅུ་ལ་འཇུག་པའོ།། མྱོས་དང་སེ་མེད་དྲི་མའོ།། ་དེ་ལ་ཐེག་པ་ཆེན་པོ་ལ་རྣམ་པ་གསུམ་ཡིན་ཏེ།། ཐ་མ་དང་འབྲིང་དང་། ཆེན་པོ། ཐེག་པ་ཆེན་པོའི་བད་མ་ངག་གིས།། ཐ་མ་ལ་འདོད་ཆགས་བྲལ་བའི།། འདོད་ཆགྲོས་ཆེན་པོ་སྙིང་རྗེ་ལ་གཟུང་བའི་ཕྱིར།། ཐེག་པ་ཆེན་པོ་བསྟན ་ཅེས་འབྱུང་ངོ་།། དེ་ལ་ཐེག་པ་ཆེན་པོ་མདོ་སྡེ་པར་འདོད་པ་ནི།། རང་སངས་རྒྱས་པའི་དབང་པོ་ནི།། ཡུལ་གྱི་གྲོང་ལས་ལོག་འགྱུར་ཀྱང་།། ལྐོག་གྱུར་དོན་ལ་ཐེ་ཚོམ་ཡོད།། རྟོག་པ་དེ་ཉིད་སྤང་དེ་ནི་དུ།། ཆོས་རྣམས་པའི ་རྣམ་པ་ནི།། ཤེས་བྱ་སྣ་རྗེའི་རིམ་པ་སྒོམ།། གོམས་པར་སྔོན་དུ་བྱཱ་བྱའོ།། གོམས་དུས་ཞི་གནས་ལྷག་མཐོང་ངོ་།། དེ་ཡང་རྣམ་རྟོག་ཤས་ཆུང་བས།། རང་གི་སྣའི་རྣ་མོ་རུ།། ཡིད་ཀྱི་གལ ་བརྟད་ཏེ་བསྒོམ།། དང་པོ་ལྕགས་ཀྱི་ཚ་ཚྭ་ནི།། འཕྲོ་བ་ལྟ་བུའི་ས་ཉམས་འབྱུང་།། མེར་བཻ་ཕྲེཾ་ཡིས་འཕྲོས་པས་ནི།། ས་ལ་དང་པོ་ཐིམ་བཞིན་དུ།། རྗེས་པོར་རྣམ་རྟོག་འཕྲོས་འགྱུར་ཀྱང་།། དེ་རྗེས་མི་དམིགས་པ་རུ ་འགྱུར།། གཉིས་པ་འགར་བ་མཁས་པའི་ས།། ལྕགས་ལ་ཇི་ལྟར་འདོད་པའི་མིས།། དྲང་དུ་བཏབ་ཏེ་དེ་བཞིན་དུ།། ས་ཀྱང་ཇི་ལྟར་འདོད་པས་ཟིན།། ལྷག་མཐོང་སྣ་རྩེས་ཟིན་ནས།། དེ་ཉིད་ལ་ཡང་མི་རྟོག་པར།། བདག ་ཉིད་མོ་རྟོག་དང་ལ་གནས།། རྣམ་རྟོག་ཤས་ཆེའི་སྐོམ་ལུགས་ནི།། གང་སྣང་ཡུལ་ལ་སྟེད་བསྒོམས་པས།། བཻ་རཱ་ན་སེ་ལྟ་བུའི་ཡུལ་ལ་ཤེས་པ་འཕྲོས་འགྱུ་རི་ན།། དེ་ཉིད་ལ་ནི་རྟདྭ་ཏ་གཟུང་།། ད་ལ་སེ་ནི་ཟིན་པ་ན། ་དེ་ལ་མི་བཞིན་མ་རྟོག་ཤེས།། རྡོ་རྗེ་བརྙན་ལ་འཕྲོས་འགྱུར་ན།། དེ་ཉིད་ལ་ནི་རྟི་ཏེ་གཟུང་།། དེ་ལྟར་བཟུང་བྱ་ནི་ཉམས་གཉིས་པའོ།། དེ་གོང་མ་ལྟ་བུར་སྐྱེ་བར་འགྱུར།། དེ་ལྟར་ཟིན་ནས་དེ་ཉིད་ལ་མི་རྟོག་མི་ཞན ་ང་དུ་བསྒོམ།། དེ་ལྟར་གོམ་པ་མཐར་ཕྱིན་ནས།། ཕ་རོལ་ཕྱིན་དྲུག་རྩོལ་བའི།། དགེ་བ་བཞིན་ལ་འཇུག་པར་བྱའོ།། དེའི་དྲི་མ་སྔ་བཞིན་ནོ།། །། དེ་ལ་ཐེག་པ་ཆེན་པོ་སེ་ཙེ་ཀི་འདོད ་པ་ལ་གཉིས་ཏེ། རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའོ།། དེ་ལ་འབྲིང་པོ་རྣམ་བཅས་ཀྱི་བསམ་གཏ་ནི། ཐེག་པ་ཆེན་པོ་མདོ་སྡེ་བས།། ཆོས་ཐམས་ཅད་ཤེས་པའི་རྣམ་པ་རུ་ནི་འདོད་པ་ལ། རྣམ་པ་འཇོག ་འཁན་རྐོག་ན་ཡོད་པར་འདོད་པ་བཟློག་པའི་ཕྱིར། རྣམ་པ་འཇོག་འཁ་ན་ཤེས་པ་ལས་ཐ་དད་ཡིན་པར་མི་འདོད་ངོ་དོ།། ཉི་མ་དང་འདི་ལྟ་བུ། སྣ་ཚོགས་གཉིས་མེད་རང་རིག་པ་གསོལ་ལ་རྟོག་པ་མེད་པར་འདོད།། ་སློབ་དཔོན་ཀླུ་གྲུབ་སྒོམ་ལུགས་ཀྱིས།། ཀུན་གྱི་ཐོག་མར་དབྱེན་པ་མཐོང་།། འོན་ཀྱང་མ་ངེས་ཐབས་མེད་པས།། ཐོག་མའི་ཚུལ་དུ་རྣམ་པར་ཞོག་ཞེས་པའོ།། ཤེས་སྐྱེས་པའི་སྐྲ་གཅིག་མ།། ཤེས་པ་གསལ ་མི་རྟོག་སྐྱེ།། སྐེ་གཅིག་ཕྱིན་མ་དེ་བཞིན་སྒོམ།། གཉའ་ན་ཤཽ་རི་མི་ཏྲ་ཡིས།། འགྲོ་ཚེ་རྩོལ་བ་རགས་བཞིན་གྱི།། ཤེས་པ་གསལ་བ་མི་རྟོག་བསྒོམ།། ། དེ་ལ་རྣམ་པ་མེད ་པའི་བསམ་གཏན་ནི།། རྣམ་པ་དཀར་མར་སྣ་ཚོགས་འདོད།། ཆུ་ཁྲིམས་གསེར་དང་ནཱམ་མཁའ་བཞིན།། འདོད་ཏྲ་རྣམ་པ་བྲལ་བྱའོ།། རང་རིག་མི་སྣང་མི་རྟོག་སྒོམ།། དོན་ངེས་བཟུང་ཚུལ་དུ་སྐེམ་པ་ནི།། བང་བའི ་བདན་ལ་སྐྱིལ་ཀྲུང་བཅས།། ཤེས་པ་སོ་མ་ལྷུག་པར་བཞག། རང་གི་རྒྱུད་ལ་ཉོན་མོངས་ལྔ།། གང་ཤས་ཚ་བ་གཅིག་སྐྱེད་ཏེ།། འདོད་ཆགས་ལྟ་བུ་སྐྱེས་པའི།། ཞེན་པའི་ཡུལ་ལ་མི་རྟོག་པར།། ཉམ་མྱེང་རང་རིག ་ཉིད་བཞག་ནས།། གསེར་གྱིས་གཡཥྨ་ནི་མྱི་འདོར་ལ།། གསེརྱ་དུ་འདོད་པ་ཇི་ལྟ་བར།། འདོད་ཆགས་ཡུལ་ལ་མི་འདོར་བར།། རང་རིག་གསལ་བར་མྱོང་བར་སྒོམ།། ཞེ་སྡང་རྩོལ་སྟེ་རྗེས་སུ ་མཐུན།། ཁྱེད་ཀྱི་ཐད་ཀར་མཱུག་མར་གནས།། དེས་ན་རང་ཏང་དྲི་ཉིད་ཞོག། ཞེས་གསུང་སོ།། ། དེ་ལ་ཐེག་པ་ཆེན་པོ་དབུ་མ་པ་ལ་ཡང་གཉིས་ཏེ། སྒྱུ་མཽ་ལྟ་བུ་དང་རབ་ཏུ་མི་གནས་པའོ།། དེ་ལ ་རབ་ཀྱི་སྒྱུ་མ་ལྟ་བུ་ནི། ས་ཉིད་རང་རིག་དོན་དམ་དུ་འདོད་པའི་ཞན་པ་བཟློག་བྱས་ཏེ། ཕྱི་རོལ་ནང་གནས་རྡོས་འདི་ལ།། རིག་པ་ཡིས་ནི་དཔྱང་བྱས་ནས།། ཡང་དག་དོན་མེང་རྡོས་པོས་སྟོང་།། གཟུགས་རྙན་ལྟ་བུ་ངལ ་འབྱོརཏེ།། དེ་ལ་ཞི་གནས་ལྷག་མཐོང་ངོ་།། གཟུགས་བརྙན་ལྟར་སྣང་ཞི་གནས་ལ།། ལྒ་ག་མཐོང་ཞེན་པ་ལོག་སྲེ་པའོ།། དེ་ལ་སྔོན་དུ་ཡི་དམ་མཆོད་བྱས་ལ།། བདུན་པོ་དག་པས་ཚོགས་བསྩགས་ནས། མདུན་དུ ་མེ་ལོང་གཟུགས་བརྙན་བལྟས།། བྱས་ཀྱི་ཤ་བཀྲག་སྔོས་པོས་སྟོང་།། གཟུགས་བརྙན་ཁ་ནི་ཚུར་ལ་བལྟས།། བྱད་ཀྱི་ཁ་ནི་ཕར་ལ་བལྟས།། དྲན་པ་མི་མཐུན་པའི་ཕྱིར།། ཡང་དག་བྱད་ཀྱི་རྗེས་པོས་སྟོང་།། མངོན ་ཞེན་ཟློག་པ་དེ་བཞིན་དུ།། གཟུགས་རྙན་སྣང་བ་རང་གི་སེ།། སེ་སྟོང་ཞེས་པའི་ཁ་དོག་ལ་སྒོམ།། འདོད་ཆགས་ལྟ་བུ་སྣང་བའོ།། སོ་དེ་གཟུགས་བརྙན་ལྟ་བུར་སྒོམ།། ལུས་སུ་སྣང་བ་རང་གི་སེ།། ལུས་དང་སེ་ནི ་གཟུགས་བཱརྙན་བཞིན།། དེ་ལྟར་སྐྱེས་བུ་མ་འདོད་ན།། ཡང་ནི་མེ་ལོང་གཟུགས་བརྙན་ལ།། བལྟས་པས་ཞེན་པ་འབྲལ་བར་འགྱུར།། ཞེན་བྲལ་སྟེ་དེ་གང་ལ་ཡང་།། མི་རྟད་སྒོམ་པ་བླ་མ་གསུང་།། ཞེན་ཁྭལ་ས་ཀྱང་མེད ་པ་ནི། འདི་ནི་བསམ་གཏན་དྲི་མཾའོ།། ། དེ་ལ་རབ་ཏུ་མི་གནས་པའི་བྲསམ་གཏན་ནི།། བརྡྷ་ནྟི་པའི་ཞེན་པ་བཟློག་པ་སྟེ།། ཞི་གནས་དང་ནཱི་ལྐོག་མཐོང་ངོ་།། ཞི་གནས་སྒོམ་པ་བྱ་ཐབས ་ནི།། མདུན་དུ་མ་འདལ་ལྟ་བུའི།། རྟེན་ལ་དམིགས་ནི་འབྲི་ཚུགས་ལྟ།། གཟུགས་བརྙན་ཞེན་ཟློག་ཇི་བཞིན་དུ།། རྗེས་པོའི་ཆོས་ཅན་དེ་ཉིད་ལ།། ཞེན་པ་བཟློག་པའི་སྒོ་དེ་ཉིད།། གཅིག་དང་དུ་མེར་བརྟོག ་བྱས་པས།། ཞེན་བྲལ་སྒྱུ་མ་ཙམ་དུ་ཡང་།། མི་གཱ་ནུས་རྟོག་པ་ཙམ་དུ་སྣང་།། སྣང་བ་མི་འགོག་སྟོང་པར་གཻ་ནས།། གསལ་བ་ཉམ་མྱོང་སྟོང་པར་སྒྲོམྦྷ།། དེ་ལྟར་སེ་ནི་བརྟན་པ་དང་།། རང་ལུས་སྣང་བའི་ས་ང་ལ།། ་ཙོར་གྱིས་ལྟས་ཏེ་གོང་དུ་སྒོམ།། དེ་ལྟར་ས་ནི་གོམས་པ་དང་།། སྣང་བ་བཞིན་ལ་བརླབ་བྱས་ཏེ།། གང་སྣང་བའི་ཡུལ་ལ་ཡང་།། སྡོ་མ་བཞིན་དུ་བསྒོམ་པར་བྱ།། དེ་ལ་སེ་ནི་ལྟ་ནུས་ན།། འདོད་ཆགས་ལ་སོགས ་ཉོན་མོངས་པ།། སྣང་བའི་སོ་ལ་བསླབ་པར་བྱ།། དེ་ལྟར་སེ་ནི་བསྟན་ནས་སུ།། ཡང་ན་སཾ་དཽ་ན་མཁའ་ལ།། ཅེར་གྱིས་བལྟས་པས་གོང་བཞིན་བསྒོམ།། དེ་ལྷོར་སྣང་བ་ཐམས་ཅད་ཀུན།། སྟོང་པར་རྟོགས་པས ་ལྷག་མཐོང་ངོ་།། དེ་དོན་བཅོམ་ལྡན་འདས་ཀྱིས་གསུངས།། བསམ་པ་ཐམས་ཅད་ཡོངས་བཏང་སྟེ།། ཉི་མ་གཅིག་ཏུ་བརྟག་བྱས་ནས། གང་ཚེ་ཡིད་ཆེས་མ་གྱུར་ན།། དེ་ཚེའི་བརྫུན་པོ་ཡིན ་ཞེས་པའོ།། དེ་དྲོན་དགྲོལ་བར་བྱ་བའི་ཕྱིར།། བ་ན་པྲི་ཏའི་ས་གསུངས་པ་ཡིན།། སྟོང་པ་ཉིད་ཀྱིས་སྟོང་པ་ལྟར།། དམིགས་ནི་འབྲུ་ཚུགས་ཉིད་དུ་བྱུང་།། དངོས་པོ་ཐམས་ཅད་རླག་པར་བྱེང་།། ཞེས་གསུངས་པའི་དོན ་དེ་ཡང་།། སྟོང་ཉིད་རབ་ཏུ་མི་གནས་པའོ།། སྟོང་པའི་ལྟ་བ་སྒྱུ་མ་ལ།། དེ་ལ་རྒོས་པ་ཅི་ཡོད་ན།། སྒྱུ་མ་ལྟ་བུའི་ཞེན་པ་དང་།། བྲལ་བའི་འགོ་བོ་གནོན་པར་བྱེད།། རབ་ཏུ་མི་གནས་དོན་རྟོགས་པས།། ཤེས་པའི་རྒྱུད ་ནཱི་རླན་པར་བྱེད་།། ཉམས་པའི་གང་ཟག་དེའི་རྒྱུད།། འགོ་ལ་མཉམ་པའི་ཉམས་འབྱུང་ངོ་།། དེ་ཡན་ཙཱང་ངུ་ཕ་རོལ་ཏུ་ཕྱིན་པའི་གྲུབ་མཐའ་དང་སྦྱར་བྱའོ།། །། དེ་ལ་ང ་ནི་འབྲས་གསོང་སྔགས་ཀྱི་ཐེག་པ་དང་གྲུབ་མཐའ་བསྟོན་ཏེ།། དེ་ལ་སྤྱི་དོན་རྣམ་པ་བཞི་ཏེ།། ཕྱི་སྐྱེད་པའི་རིམ་པ་བསྒོམ་པ་དང་།། བཙན་བཅས་ཀྱི་རྫོགས་རིམས་སྒོམ་པར་བསྟན་པ་དང་།། ཡོངས་སུ་དག་པའི ་རིམ་པ་བསྒོམ་པར་བསྟན་པ་དང་། ངོ་བོ་ཉིད་ཀྱི་རྫོགས་རིམས་སྒོམ་པར་བསྟན་པའོ།། ཕྱི་སྐྱེད་པའི་རིམ་པ་སྒོམ་པ་ནི།། དང་པོ་བུམ་པའི་རིམ་པ་སྒོམ་པའི་དུས་སུ།། མེ་ཏོག་ཕོག་པའི་ལྷའི་ངལ་བསྒོམ་ཏེ།། དེ་ལ ་རྡུལ་ཚོན་གྱི་དལ་བྲིས་ལ།། དང་པོ་བདག་ཉིད་ཡིག་འབྲུ་ལས་ལྷའི་སྐུ།། ཧེ་རུ་ཀ་དང་རྡོ་རྗེཧཱུཾ་ཕག་མོ་ལྟ་བུ་བསྐྱེད་ལ།། མཁའ་གསང་བྱིན་གྱིས་བརླབས་ལ།། སྙོམས་པར་ཞུགས་ཏེ། ཐིག་ལེའི་ངོ་བོ་འོད་དུ་ཞུ ་བར་བསྒོམ།། དེ་ལ་ལྷ་མོ་བཞིས་དབང་བསྐུར་ནས།། ཆོ་ག་ལྔ་ལས་ལྷའི་སྐུར་བསྒྲེད་ཏེ།། སྔོས་པོ་སྣ་ཚོགས་ཐམས་ཅད་ཡིད་དམ་དུ་འོལ་གྱིས་སྒོམ་པའོ།། དེ་ལ་རང་བཞིན་གྱི་ངལ་སྤྱན་དྲང་སྟེ།། དགུག་གཞུག་དང ་མཆོད་བསྟོད་ལ་སྐྱོ་བ་བྱས་ཏེ། བཟླས་པ་ལ་སོགས་པ་བྱི་སྐྱེད་པའི་རིམ་པ་སྒོམ་པའོ།། །། དེ་ལ་མཚོན་བཅས་ཀྱི་རྫོགས་རིམས་བསྟན་པ་ནི། གང་གིས་དེ་ལྟར་ལྷ་དང་ལྡན་པའི ་གནས།། ཧཱུ~ཾ་བོ་བདྀ་རྒྱུནཱ་དྲོ་ཁྱོ་ལྡ་ན།། རྩཝ་འདུ་སུམ་སྤུན་གཉིས་ཟླས་ཀྱི་ལྦུ་བ་ལ།། ཨོཾ་ཁྱཱ་ཐུར་དྷ་ལྟ་བསྒོམ།། སྙིང་ཀ་ཆོས་ཀྱི་འཁོར་ལོན།། རྩཝ་འདབ་བརྒྱད་ཀྱྀ་ལྟ་བ་ན།། ཡི་གེ་ཧཱུ~ཾ་ཁ~ཾ་གྷྣཱནྣ་དེ་བྷ ་པསྒོམ།། དེ་དག་ཐིག་ལེ་བཞིའི་ངོ་བོར་བསྒོམ་པ་ནི།། མཚན་བཅས་ཀྱི་རྫོགས་རིམས་སྒོམ་པ་བསྟན་པའོ།། ། དེ་ཡོངས་སུ་དག་པའི་རྫོགས་རིམས་བསྟེན་པ་ནི།། ཕྱི་སྣོད ་ཀྱིས་བསྡུས་པའི་འཇིག་རྟེན་ནི།། གནས་བཞལ་ཡས་ཁང་དུ་སྒོམ།། ནང་བཅུད་ཀྱིས་བསྡུས་པའི་སེམས་ཅན་ཐམས་ཅད། ལྷ་དང་ལྷ་མོར་སྒོམ་ཏེ། སྣོང་ཀ་པ་ལ་ཟས་དམ་རྫས་བདུད་རྩི་ལྔ་ལ། ལོངས་སྤྱོད ་ཀིན་རོལ་ཏེ། བཏང་སྙོམས་ཆེན་པོ་གཉིས་སུ་མེད་པའི་ངང་དུ་སྒོམ་པ་ནི།། ཡོངས་སུ་རྫོགས་པའི་རིམ་སྒོམ་པའོ།། །། དེ་ལ་ངོ་བོ་ཉིད་ཀྱི་རྫོགས་པའི ་རིམ་པ་སྒོམ་པ་བསྟན་པ་ནི། རྣམ་པར་རིག་པ་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་།། རང་གི་ས་དྲན་པ་མེད་པར་གསུངས།། སེ་ངོས་གཟུང་མེད་པར་བསྡུས་ཏེ།། སྟོང་པ་ཉིད་ནམ་མཁའ་ལྟ་བུར་སྒོམ་པ་ནི།། ་ངོ་བོ་ཉིད་ཀྱི་རྫོགས་རིམས་སྒོམ་པར་བསྟན་པའོ།། ། གྲུབ་མཐའི་མན་ངག་ལམ་བསླང་འདིས།། ཐེག་གསུམ་གནས་པ་ནི་སྦྱོར་དགུའི།། འབྲས་བུ་གསང་སྔགས ་སྒྲུབ་མངྒའ་ད།། དག་ལྗིན་རཱྀ་ཁྱོད་བྱསྭཱ་དང་གཉིས་མེད་རྡོ་རྗེ་ཐུག་སྨྲ་བཆུང་ནས། རྗེ་བཙུན་བྱིག་ནས་སྒྱུ་མད་བང་ཆེན་ལ་གནྡྷ་པའོ།། ཕྱག་རྒྱ་ཚོན་པའི་གྲུབ་མཐོ་མནི་ངག་འདི། ལམ་དུ་བཕྲེང་བའི ་རིམ་པའོ།། རྫ་བཙུན་མེ་ཏྲི་པེས་མཛད་པ་རྫོགས་སྷོ།། ། སརྦ་མོངྒ་ལཾ།། བཀྲ་ཤིས། ་