| Wylie | e-texts produced with BDRC’s OCR application |
འཁོར་ལོ་བཞི་རྒྱུས་དབྱུང་བཞི་ཡོངས་རྫོགས་འགྱུར།། དེ་ནས་གསེར་དངུལ་རྟ་དྲང་གླང་པོ་དབུལ།། ཚོགས་དང་གཏོར་ཚོགས་བཀྲ་ཤིས་བསྔོ་བ་བྱ།། ཉི་ཤུ་རྩ་བཞི་འཁོར་བཅསྲ་རྗེས་གནང ་ཐོབས་དེ་ཕྱིར་སྤྲོས་པས་དབང་ཆོ་ག་འདྲི་བཀོད་དོ།། རྫོགས་སྷོ།། ། པཎྜི་ཏ་ཆེན་པོ་ཨེ་ཏཾ་བའི་ཞལ་མངའ་ནས། བོད་ཀྱི་དམར་ལོ་ཙྪ་ཏེ་དྲོ་རོ་བསྒྱུར་བའོ།། དགེ་ཞིང་བཀྲ་ཤིས་པར་གྱུར ་ཅིག། སངས་རྒྱས་རྒྱལ་མཚན་གྱིས་དཔེའོ།། @#།། མཎྜལ་དཔེ་ཆུང་ལྟར་བྲིབ་ལ། དགྲལ་བཞུག་མཆོད་བསྟོད། སྐུ་གསུང་ཐུགས་རྒྱས་གང་བ་དེ་ནས་འཆིང་མའི་རྟག་པ་ལས་འབྲས། འཁོར་བའོ་ཉེས་དམིགས་བཤད། སངས་རྒྱས་ཆོས ་དང་འཕགས་པའི་ཚོགས་རྣམས་ལ་ཙས་པའི་སྐྱབས་འགྲོ་དང་། སྨོན་འཇུག་གི་ཆོ་ག་བྱ། ནང་འཇུག། གནང་སྦྱིན་སྡིག་བཤེགས། རྗེ་སུ་ཡི་རང་། སྐབས་དང་སྦྱར་བའོ།། དངོས་ཀ་ཨི་ནི། མཎྜལ་གྱི་ལྔ་པ་ལ་འཁོར་ལོ་བ་མཆོག་སྐུ་མདོག་སྔོན་པོ་མི་མགོ་དང་ནུས་པའི་རྒྱམ་ཅན། སྤྱན་དམར་བ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་དང་གཉིས་མང ་བར་བསྒོམས། ཕྱོགས་བཞིར་བདེ་མཆོག་གི་ལྷ་མོ་བ་ནི་བསམ། དེ་རས་རང་གི་ལུས་ལོངས་སྐྱོང་ས་མེད་དུ་ཕུལ་ལ། ཐ་མ་རིན་པ་ཆེ་བདག་ལ་བུམ་པའི་དབང་བསྐུར་དུ་གསོ་ལ། སྒྲའི་བྱིན་རླབས་མ་ལུས་པ་གཞུག་ཏུ་གསོལ་ཞེས་གསོལ་བ་བཏབ་པས། ཐ་མའི་སྤྱི་བའི་ཨོཾ་དཀར་པོ་ལས། ཁང་མཚག་དཀར་པོ་རྒྱ་ཆུང་ལ་རྣམ་པ་དང་བ ་དཔག་ཏུ་མེད་པ་ཆང་ཅིང་། ཡར་སྟབས་ཀྱི་ལིང་ལིང་བྱུང་ནས། རང་གི་དྡྷི་ཅར་ཨོཾ་ལ་ཐིམ་པས། མགྲིན་པ་ཡན་ཆད་བདེ་མཆོག་དཀར་པོས་གངས། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་ཐམས་ཅད་དག་པར་བསམ། ཐམས་ཀྱང་དེ་བཞིན་དུ་བསམ་ཞིང་། གུ་གུལ་གྱི་རུང་བ་དང་། རོལ་མོའི་སྒྲ་དང་བཅས་པས། རྩ་དང་བཏུང་པར ་བཅས་པའི་བླ་མ་རྣམས་ཀྱི་བྱིན་གྱིས་བརློབས་ཤིག། རྗེ་བཙུན་ཆེན་པོ་བཱི་ར་ཝ་པས་བྱིན་གྱིས་བརླབས་ཤིག། ཅེས་བརྗོད་ལ་སྒྲའི་ཕྱིར་རླབས་དབབ། ཡང་རང་གི་ལུས་ལོངས་སྤྱོད་ཕུལ་ལ་གཉིས་པ་གསུམ་པ་སྔར་བཞིན་བླངས། བཞི་པ་ནི། མཆོད་པ་ཕུལ་ནས། བླ་མ་རིན་པོ་ཆེ་བདག་ལ་དབང་བཞི་པ་བསྲུར་དུ་གསོལ། ་གསུང་ཐུགས་ཀྱི་བྱིན་རླབས་མུས་པ་གཞུག་ཏུ་གསོལ། ཞེས་པས་སྤྱི་བོའི་བདེ་མཆོག་དཀར་པོ། མགྲིན་པའི་དམར་པོ་ལ་ཐིམ། དམར་པོ་སྙིང་ཁའི་མཐིང་ཀ་ལ་ཐིམ། མཐིང་ཀ་ལྟེ་བར་བྱུང་། འོད་དུ་ཡལ་སོང་བ་ལས། སྟོང་པའི་ངང་ལ་སེམས་མ་བཅོས་པ་བཞག་པ་ནི་བཞི་པའོ།། ཡང་གཉིས་པ། བླ་མའི་གནས ་གསུམ་གྱི་ཡིག་འབྲུ་མཐིང་ཀ་ཡོད་པ་ལ། བདེ་མཆོག་མཐིང་ཀ་དཔག་ཏུ་མེད་པཾ་ཆད་ནས། གནས་གསུམ་དུ་ཐིམ་པ་དང་དབང་གསུམ་པ་དང་ལྟེ་བ་ནས་མཐིང་ཀ་དཔག་ཏུ་མེད་པ་ཆད་ནས། ལྟེ་བར་ཐིམ་པས། མཐར་སྟོང་སངས་ཀྱི་འོད་དུ་ཡལ་སོང་བ་ལ་མཉམ་པར་བཞག་པ་ནི་བཞི་པའོ།། ་འདི་ཟབ་ལམ་གྱི་ཡིན་གསུང་ངོ་།། གྲོང་པས་མ་གོས་མི་གོས་གཉིས། དབང་གི་སྨིན་བྱས་དམ་ཚིག་ལྡན། དཀའ་ཐུབ་དྲག་པ་བརྟེན་བྱས་ཏེ། ཅེས་པ་ལ་སོགས་པའི་བཤང་པ་ཞིང་རྒྱས་སུ་གསུང་ངོ་།། ་