CLOSE WINDOW

GT3048: dpal nag po rdo rje zhabs kyi mi zad pa'i mdzod kyi rgya cher 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲི་ཀྲིཥྛ་བཛྲ་པཱ་ད་དོ་ཧ་ཀོ་ཥ་ཊི་ཀཱ། བོད་སྐད་དུ། དཔལ་ནག་པོ་རྡོ་རྗེ་ཞབས་ཀྱི་མི་ཟད་པའི་མཛོད་ཀྱི་རྒྱ་ཆེར་འགྲེལ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། འཁོར་བའི་རྒྱ་མཚོ་སྔུ་ཌ ་ཚུལ་དྲི་མེད་ཀྱི།། ཆུས་གང་མཚོ་ལ་པདྨ་སྤྱོད་པའི་གཞི།། འགྲོ་དོན་སྦྲང་རྩི་ལྡན་པ་ནག་པོ་པའི།། གསུང་གིས་མེ་ཏོག་རྟག་ཏུ་རྒྱལ་གྱུར་ཅིག། མཁས་པ་དཔག་མེད་རྡོ་རྗེ་ཡིས།། སློབ་མ་དམ་པས་གསོལ་བཏབ་དོར།། སྤྱོད་པའི ་ཞབས་ཀྱིས་མཛོད་འདི་ཡི།། ཚིག་དོན་སོ་སོར་དབྱེ་བར་བགྱི།། འདིར་ལོག་པའི་ཤེས་པ་ཉིད་ཀྱིས་འཇིག་རྟེན་པ་རྣམས་བདག་ཅག་ནི་དོན་དམ་པ་ལ་མཁས་པའི་བདག་ཉིད་མཉམ་དུ་ང་རྒྱལ་བས་དེ་ཁོ་ན་ཉིད་རིག་པའོ་ཞེས་ང་རྒྱལ་འཆང ་བར་གྲགས་པས། དེ་རྣམས་ལ་གཟིགས་ནས་སོང་རྗེས་བརླན་པའི་ཐུགས་ཀྱིས། དེའི་ང་རྒོལ་གྱི་བདོག་པོ་ཐམས་ཅད་དབོག་པའི་ཕྱིར་དང་། སྔགས་ཀྱི་ཚུལ་གྱིས་ཡང་དག་པ་ཇི་ལྟ་བའི་དེ་ཁོ་ན་ཉིད་བསྟན་པ་བཞེད་པས། སྐྱེ་བོ་ཐམས་ཅད ་དང་ཐན་མོངས་པའི་བོན་དུ་ཕལ་པའི་སྟང་གིས་སློབ་དཔོན་སྤོང་བའི་རྡོ་ཛས། ང་ནི་དོན་དམ་ལ་མཁས་ཞེས། འཇིག་རྟེན་པ་ནི་ང་རྒྱལ་བྱེད། ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་པ་ང་རྒྱལ་བྱེད་པ་དེ་ཅི་ཞེ་ན། ང་ནི་དོན་ལ་མཁས ་ཨ། ནས་པ་བ་གསུངས།། འང་ཡང་ད་ལྔས་མང་དུ་སྲིད་དམ་སས་མི་འཐད་པར་བསྟན་པའི་ཕྱིར། བ་བའི་ནང་ན་གཅིག་ཙམ་སྲིད་ཅེས་གསུངས་ཏེ། རྣལ་འའལ་ན་པ་པའི་རང་ན་གལ་བཙལ་བལ་ལ་ཞུགས་པར་གྱུར་ན་སྟེ། འདིར ་རྡུལ་བྲལ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྡུག་བསྔལ་དང་བྲལ་ཏེ། ལྷན་ཅིག་སྐྱེས་པའི་སྐུའོ།། དེ་ལ་ཞུགས་པ་ནི། ཡིད་རྡུལ་བྲལ་ལ་ངེས་པར་ཞུགས་པ་རྣལ་འབྱོར་གྱི་དབང་པོ་སྟེ། དེ་ཡང་ང་ལྟ་བུ ་ཡིན་ཞེས་དགོངསོ།། ལོག་པའི་ང་རྒྱལ་དང་ལྡན་པ་རྣམས་སུན་ཕྱུང་ནས། འཇིག་རྟེན་པའི་བདེན་པ་ཤེས་པས་དོན་དམ་པའི་བདེན་པ་ཤེས་པའི་མངོན་པའི་ང་རྒྱལ་དང་ལྡན་པའི་མཁས་པ་རྣམས་ཀྱིས་དབང་དུ་བྱས་ནས་ལུང ་དང་རིག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་ལ་སོགས་པ་ཤེས་པས་མཁས་པ་རྣམས་ང་རྒྱལ་དུ་གྱུར་ནས་དོན་དམ་པའི་བདེན་པ་ཤེས་པར་མངོན་པའི་ང་རྒྱལ་བྱེ་།། དེ་ལྟར་གྱུར་པ་གང་ལ་ཅི་ལྟ་བུ་ཞིག་བྱེད་མཉམ་པ ་ལ་དཔལ་འབྲོས་སྨིན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་འབྲས་སྨིན་ལ་བུང་པ་དག་སྦྲང་རྩིའི་ཕྱིར་ཕྱི་རོལ་ནས་འཁོར་བ་ཇི་ལྟ་བ་དེ་བཞིན་དུ། ཕྱི་རོལ་གྱིས་སྔགས་དང་ཕྱག་རྒྱ་ལ་སོགསྡུ་པས་བྲལ་ཏེ་དེ་ལ་མངོན་པར ་ཞེན་ཏེ་ལྟ་བའི་ཕྱིརརོ།། ཟབ་མོ་དེ་ཁོ་ན་ཉིད་ཀྱིས་བདུད་རྩི་མི་ཐོབ་ཅེས་བྱ་བའི་དོན་ཏོ།། དེ་ལྟར་ཡང་རྣལ་འབྱོར་གྱི་རྒྱུད་ལྷ་མོ་བཞིས་ཞུས་པ་ལས། ཐུབ་པ་ཆེན་པོའི་ཆོས་ཕུང་པོ།། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས།། གང་གིས་དེ་ཉིད་མི་ཤེས ་ནསང་དག་ཐམས་ཅད་འབྲས་བུ་མེད།། ཅེས་གསུངས་སོ།། གལ་ཏེ་དེ་ལྟ་ཡིན་ན་ཅི་ལྟར་སྤྲོས་པའི་རྣམ་པ་དངོསུ་བྱེད་ཅེས་ན་བརྗོད་པར་བྱ་སྟེ། སྤྲོས་པའི་རྣམ་པ་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པ་དེ་དག་ཁོ་ན་སྤྲོས ་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་བསྐྱེད་པའོ།། དེ་ལས་སྐྱེས་པ་ཉིད་སྤྲོས་པའི་རྣམ་པ་སྟེ། དེ་བསྟན་པའི་ཕྱིར། སྤྲོས་པས་སྤྲོས་པ་མེད་པར་བྱ།། ཞེས་དེ་སྐད་ཅེས་གསུངསོ།། དེའི་ཕྱིར་ཨེ་བཾ་གྱི་ཡི་གེ་ངོ་བོ་ལྷན་ཅིག་སྐྱེས་པའི་སྐུ་ལས ་འགྲོ་བ་ཇི་ལྟར་འབྱུང་བ་དེ་ལྟར་བསྟན་པའི་ཕྱིར།། བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དང་རྡུལ་གྱིས་བརྒྱན།། མི་སྐྱོད་པ་ཡིས་འཁྱུད་གྱུར་པ།། ཞེས་པ་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ ་རྣམས་དང་། སྣང་བ་དང་། སྣང་བ་ཚང་བ་དང་། སྣང་བ་ཉེ་བར་མཐོང་པོ་རྣམས་དང་། སེམས་དང་། སེམས་ལས་བྱུང་བ་དང་། མ་རིག་པ་རྣམས་དང་། བུད་མེད་དང་། སྐྱེས་པ་དང་། མ་ནིང་རྣམས་དང་། མཚན་མོ་དང་། ཉིན་མོ་དང་། ཐུན་མཚམས ་རྣམས་དང་། སྤྲུལ་པ་རྣམས་དང་། ལོངས་སྤྱོད་རྫོགས་པ་ཆོས་ཀྱི་སྐུ་རྣམས་དང་། ལུས་དང་ངག་དང་སེམས་རྣམས་དང་། བླང་བ་དང་། མྱུར་བ་དང་། རྣམ་པར་བ་ཅིང་བ་རྣམས་དང་། སྤྱན་དྲངས་པ་དང་། གཤེགསུ་གསོལ་པ་དང་། ་བཞུགས་པ་རྣམས་དང་། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་རྣམས་དང་། འོག་དང་། སྟེང་དང་། གནང་བྱེད་པའི་སྒོ་རྣམས་དང་། བདག་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱིས་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱིས་དེ་ཁོ་ན་ཉིད་རྣམས་དང་། སྙིང ་སྟོབས་རྣམས་དང་། རྡུལ་དང་། མུན་པ་རྣམས་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་རྣམས་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པ་རྣམས་ཏེ། དེ་ལྟར་དེ་ལྟ་བུ་ལ་སོགས་པ་རྣམས་ནི། བྱང་ཆུབ་ཀྱི་སེམས་དང་། རྡུལ་དང་། མི་སྐྱེད་པའི ་སྒྲས་བརྗོད་དོ།། དེ་གང་དུ་མཐོང་ཞེས་ན། པདྨ་ཡིས་ས་བོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་ནི་ལུས་སོ།། པདྨ་དེའི་ས་བོན་ནི་རང་བཞིན་གྱིས་དག་པ་སྟེ། དྲི་མ་མེད་ཅིང་འོད་གསལ་བའི་ཕྱིར། དེ་ཉིད་ལྷན་ཅིག ་སྐྱེས་པའི་སྐུའོ།། འདི་གང་དུ་མཐོང་ཞིང་བརྟག་ཞེས་ན། འདིའི་དོན་ནི། ལུས་དང་ངག་དང་སེམས་ཀྱིས་རང་བཞི་ནི་བཅོམ་ལྡན་འདས་ཐམས་ཅད་སྟོང་པའི་དབྱིངས་ལ་བཞུགས་པ་སྟེ། འགྲོ་བ་ཨེ་ཝཱཾ་ཡི་གེའི་ངོ་བོ་ཞེས་པའོ།། དེ་ལྟར ་ཡོང་རྒྱུད་དང་པོའི་སངས་རྒྱས་ལས། ཐིག་ལེ་ཟླ་བ་ཁུ་བ་སྐུ།། རྣམ་བཅད་རྡུལ་དང་ཉི་མ་གསུང་།། ཞེས་གསུངས་ཏེ། སྒྲ་གཅན་དང་དུས་མེ་དག་གི་ངོ་བོ་ཨེ་བ~ཾ་གྱི་ཡི་གེ་འདི་ནི། འགྲོ་བ་མཐའ་དག་གི་ས་བོན་ཅིག་པུའོ།། དེ་ཉིད་ཀྱི་ཕྱིར། ་མཁའགྲོ་མའི་འཁོར་ལོ་སྐྱེ་བ་དང་། གནས་པ་དང་། ཐིམ་པ་དང་། རབ་ཏུ་ཞི་བ་ཞེས་གསུང་སོ།། དེའི་ཕྱིར་ཨེ་བ~ཾ་གྱི་ཡི་གེ་ལས་རྣམ་པ་དུ་མ་སྣ་ཚོགས་པ་འབྱུང་།། འཇིམ་པའི་གོང་བུ་རེ་རེ་ཡོངསུ་གྱུར་པ་ལས་བུམ་པའི་མཚན་ཉིད ་འབྲུ་འབྱུང་།། དེ་ལ་ཇི་ལྟར་ཅིག་ལས་གཟུགས་དུ་མ་དང་། དབྱིབས་དུ་མ་དང་། ཡུལ་དུ་མ་ན་གནས་པ་རྒྱུན་མ་ཆད་པ་མཐའ་མེང་པའི་འགྲོ་བ་འབྱུང་ཞེ་ན། འདི་ལ་སྐྱོན་མེད་པར་བརྗོད་པར་བྱ་སྟེ། ཇི་ལྟར་མཁན་པོ་དག་ལས་རིག། ་མར་མ་ལས་ནི་མར་མེ་བཞིན།། ཇི་ལྟར་རྒྱ་ལས་རྒྱ་ཉིད་དང་།། གདོང་དང་མེ་ལོང་ལས་ནི་གདོང་།། སྒྲ་ལས་བྲག་ཆ་འབྱུང་བ་དང་།། ཇི་ལྟར་མེ་ཤེལ་ལས་ནི་མེ།། ཉི་གཟུགས་ཉི་མ་མེད་པར་མིན།། སྒྱུར་ཟོས་པ་ལས་ལྕེ་འཛག་དང་།། ཇི་ལྟར ་ཀྱུ་རུ་ར་སོགས་ཀྱི།། ས་བོན་མེད་པར་མྱུ་གུ་མིན།། རྒྱུ་དང་འབྲས་བུའི་རང་བཞིན་ལས།། དེ་མེད་པར་ནི་སྐྱེ་བ་མེད།། རང་ལས་མ་ཡིན་གཞན་ལས་མིན།། གཉིས་ཀཱ་ལས་མིན་རྒྱུ་མེད་མིན།། དངོས་པོ་གང་དང་གང་ལས་ཀྱང་།། སྐྱེ་བ་ནམ་ཡང་ཡོད ་མ་ཡིན། ཕ་དང་མ་ཡི་དཀར་དང་དམར།། དེ་བཞིན་སྲོག་དང་ཐུར་སེལ་གཉིས།། ཐུགས་ཀྱི་རྡོ་རྗེ་ཡང་དག་ལྡན།། ལུས་ཀྱི་སྐྱེད་པར་བྱེད་པའི་རྒྱུ།། འོད་དཔག་མེད་དང་རིན་ཆེན།། སྲོག་དང་ཐུར་སེལ་རིམ་ཇི་བཞིན།། ལུས་ངག་ཡིད་དང་ཆགས་པ ་རྣམས།། ཐུགས་ཀྱིས་རྡོ་རྗེའི་ཞལ་རྣམསོ།། ཁུ་བ་ལས་ནི་ཟླ་བ་བསྐྱེད།། ཁྲག་ལས་ཉི་མ་ཡང་ངག་འབྱུང་།། སྲོག་ལེས་སྒྲ་གཅན་འགྲུབ་པོ་སྟེ།། དུས་ཀྱི་མེ་ནི་ཐུར་གསེལ་ལས།། ཁུ་བ་ལས་ནི་རྩ་རྣམས་དང་།། རུས་པ་ཡང་དག་འབྱུང་བ་སྟེ།། རྡུལ་ལས ་ཁྲག་ནི་ཀུན་ཏུ་འབྱུང་།། ཁྲག་ལས་ཤ་ནི་འབྱུང་བར་འགྱུར།། ཤ་ལས་ལྤགས་པ་བསྐྱེད་འགྱུར་ཏེ།། རུས་པ་ལས་ན་རྐང་འབྱུང་།། ཟླ་བ་ལས་ནི་ཆུ་སྐྱེ་ཞིང་།། ཁྲག་ལས་མེ་ནི་འབྱུང་བར་འགྱུར།། སྒྲ་གཅན་ལས་ནི་སྲོག་སྐྱེ་ཞིང་།། མེ་ལས ་ཐུར་དུ་གསེལ་བར་མཛོད།། ལུས་ཅན་རྣམས་ཀྱི་ལྕེ་དང་ནི།། ལྕེ་ཆུང་ཁུ་བ་དག་གིས་བསྐྱེད།། གཡས་པ་དང་ནི་གཡོན་པ་ཡི།། མིག་དག་དུས་ཀྱིས་བསྐྱེད་པ་སྟེ།། དེ་བཞིན་སྣ་ཡི་བུ་ག་གཉིས།། སྲོག་གི་ངེས་པར་སྐྱེད་པ་ཡི་ནོ།། དེ་བཞིན་རྣ་བའི ་ག་གཉིས།། སྟོང་པ་ལས་ནི་ངེས་པར་སྐྱེས།། དེ་བཞིན་འོག་གི་བུ་ག་གཉིས།། ཐུར་སེལ་གྱིས་ནི་ཀུན་ཏུ་བསྐྱེད་།། དེ་བཞིན་ནུ་མའི་བུ་ག་གཉིས།། སྒྲ་གཅན་གྱིས་ནི་བསྐྱེད་པར་གྱུར།། དེ་བཞིན་འབྲས་བུ་ཟུང་དག་ནི།། ཐུར་སེལ་རྒྱས་ལ་ཡང ་དག་བྱུང་།། དེ་ལྟར་རིམ་པ་འདིས་ལུས་ཀྱི་པདྨ་སྐྱེ་བར་འགྱུར་བར་དེའི་ཕྱིར་དེ་སྐྱེ་བའི་ཚོགས་པ་ཀུན་རྫོབ་དང་དོན་དམ་པའི་རིམས་པས་བསྟན་པའི་ཕྱིར།། ན་མཁའི་ཆུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཁའི ་ནི་མི་བསྐྱོད་པའོ།། དེ་ཉིད་ཆུ་ཉིད་དུ་བརྟག་པ་སྟེ། ཤིན་ཏུ་དག་པའི་ཕྱི་རོ།། ནམ་མཁའ་བདུད་རྩིའི་ཐིགས་པ་དང་། ཞེས་ཀྱང་གསུངསོ།། འོད་དཔག་མེད་ཀྱི་དམ་ཞེས་པ་འོད་དཔག་མེད་ནི་བྱང་ཆུབ་ཀྱི་སེམས་ཏེ། རྡུལ་གྱིས་བརྒྱན་པ ་ཞེས་རྟོགས་པར་བྱའོ།། དེ་ཉིད་འདམ་སྟེ། ཅི་ལྟར་གྱུར་པས་ཞེ་ན། དངོས་བཞི་དང་དགུའི་གཙོ་བོར་རྣམ་པར་བསམ་པའི་བར་རོ།། དེ་ཉིད་བདེ་བ་ཆེན་པོ་སྟེ་འདིའི་དོན་ནོ།། གཞན་ཡང་ས་བོན་དང་ཆུ་དང་འདམ་འདྲེས་པ་ལས་མྱུ་གུ་དང ་སྡོང་བུ་ལ་སོགས་པ་སྐྱེ་བ་ཡོད་པ་དེ་བཞིན་དུ། འདྲིར་ཡང་ཆོས་ཀྱི་དབྱིངས་ཀྱི་ས་བོན་དང་ན་མཁའི་ཆུ་དང་། བྱང་ཆུབ་སེམས་ཀྱི་རྒྱུ་ལས་སྲིང་བའི་གཟུགས་བཅོམ་ལྡན་འདས་གཞོམ་དུ་མེད་པ་དེའོ།། པདྨ་ནི་མེ་ཏོག་ཀྱིའོ། ་ཆུ་དང་འདམ་དང་སྡོང་བུ་རིམས་ཀྱིས་འགྲུབ་སྟེ། དེ་ནི་འདི་ལྟར་བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། ཞེས་གསུང་སོ།། ཨ་བ་དྷཱུ་ཏཱི་ཉིད་གཙོ་བོའི་རྩ་བ་སྡོང་བུར་བྱས་པ་སྟེ། དེ་གང་ཡིན་པ་ནི་ཨ་བ་དྷཱུ་ཏཱི་རྩ་བ་སྡོང་བུར་བྱས ་པའོ། དེ་གང་ཞེ་ན། ཧཾ་གཾ་ཡི་གེ་ཞེས་གསུངས་ཏེ། གཞན་གྱིས་བསྟན་པ་མངོན་པར་བརྗོད་པ་ཧཾ་དེ་ནི་ས་བོན་ཏེ། དེ་ཉིད་གཞོམ་དུ་མིང་པ་ས་ལས་ཕ་རོལ་ཀྵེ་ཡི་གེ་མཐའ་ཅན་ཧཾ་དེ་བཞི་པ་སྟེ། རྡོ་རྗེ་ཡ་ནི་ལག་མེད་པའི་ཡི་གེ ་ཐུང་ངུ་དང་རིང་པོ་དང་། ཤིན་ཏུ་རིང་པོ་བསྡུས་པའི་ངོ་བོ་དེ་ནི་བདེ་བ་ཐམས་ཅད་ཀྱི་ས་བོན་གཅིག་པུ་ཀུན་ཏུ་གང་བའི་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ཞེས་བྱའོ།། དེ་ལྟར་ཡང་དཔལ་སམྦྷ་ཏི་ལས། དབྱངས་དང་གསལ་བྱེད ་ལས་བྱུང་བ།། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས།། པདྨའི་དབུསུ་སོན་པའི་སྔགས།། དེ་ལ་དཀྱིལ་འཁོར་ཞེསུ་བརྗོད་།། སྣ་བའི་རུས་དང་མགོ་དབུས་སུ།། གང་ཞིག་གནས་པར་བརྗོད་པ་སྟེ།། ང་དབུསུ་ནི་ཡི་གེ་ཧཾ།། ཐིག་ལེསཽ་ང ་བོ་གཞོམ་དུ་མེད།། དེ་ནི་བརྟན་གཡོའི་བདག་ཉིད་དང་།། སེམས་ཅན་ཀུན་གྱི་རྩེ་བ་སྟེ།། གསལ་དང་མི་གསལ་རང་བཞིན་ལས།། དེ་ནི་ས་བོན་ཚུལ་གྱིས་གནས།། ལུས་ཅན་ཐམས་ཅད་རྣམས་ཀྱིས་གཟུགས།། དང་པོ་དེ་ལས་སྐྱེ་བར ་འགྱུར།། བདུད་རྩི་འཛག་པའི་ཚུལ་གྱིས་ནི།། ནི་བསམ་ཆེན་པོར་རྣམ་པར་གནས།། དེ་ཉིད་ཀྱིས་ཕུག་ན་ད་ཡི།། མ་ནི་ཀུན་ཏུ་དགའ་བའི་རྒྱུ།། དེས་ནི་དཀྱིལ་འཁོར་ཡོངས་རྫོགས་པར།། འགྱུར་བ་འདི་ལ་ཐེ་ཚོམ་མེད།། དངོས་རྣམས ་སྙིང་པོ་མཆོག་ཡིན་ཕྱིར།། དེ་ཉིད་དཀྱིལ་འཁོར་ཞེསུ་བརྗོད།། དེ་ཉིད་ལེན་ཅིང་འཛིན་པ་ཡི།། ལུས་ནི་དཀྱིལ་འཁོར་ཉིད་དུ་འདོད།། རྣམ་པར་སྐྱེས་གྱུར་པ་ཞེས་པ་ལ་རྣམས་ཀྱིས་སྒྲ་ནི་འདིར་རང་བཞིན་གྱི་ཚིག་གིས་རྒྱ་ནོ།། སྐྱེས ་གྱུར་པ་ཞེས་པ་ནི་སྔར་བཤད་པའི་མཚན་ཉིད་ཅན་གྱིས་ཧི་ཡིག་ལས་སྐྱེས་པའོ།། གལ་ཏེ་ཨ་བ་དྷཱུ་ཏིས་རྩ་བ་དང་སྡོང་བུར་བྱས་པ་དེ་ལྟ་ན་ནི། རྩ་བའི་ཡན་ལག་དང་། སྡོང་བུའི་རྣམ་པ་གང་ཞིག་ཡིན་ཞེ་ན། རོ་མ་རྐྱང་མ་གཉིས་དག ་ནིའི་གཡས་གཡོན་གཉིས་ཀྱི་སྡོང་བུར་གནས།། པདྨ་འདབ་བཞི་རྩ་བ་བ་ནི།། བདེ་བ་ཆེན་པོའི་ཚོང་ན་གནས།། ཅེས་གསུངས་ཏེ། དེ་ལ་རྒྱང་མི་སྨྲས་ནི་ཨཱ་ལི་དང་ཤེས་རབ་དང་ཟླ་བ་མངོན་པར་བརྗོད།། དེ་ཡང ་སྣའི་བུ་ག་གཡོན་པའི་རང་བཞིན་ཏེ། རང་བཞིན་དེས་སྲོག་གི་རླུང་རྒྱུ་ཞིང་བརྐྱང་མར་གནས་སོ།། རོ་མའི་སྒྲ་ནི་ཀ་ལིའི་གཟུགས་དང་ཐབས་ཉི་མའི་ངོ་བོ་མངོན་པར་བརྗོད་།། དེ་ཡང་སྣའི་བུ་ག་གཡས་པའི་རང་བཞིན་ཏེ། རང་བཞིན་དེས ་སྲོག་གིས་རླུང་རྒྱུ་ཞིང་རོ་མར་གནས།། དེ་སྲིད་པ་སྐྱེ་བའི་རིམ་པས་རྣམ་པར་ཤེས་པ་དང་། འདུ་བྱེད་དང་། འདུ་ཤེས་དང་། ཚོར་བ་དང་། གཟུགས་ཀྱིས་ངོ་བོའི་རང་བཞིན་དཀྱིལ་འཁོར་ལྔ་རྣམས་ནི་བརྐྱང་མ་ནས་སོ།། སྲིད་པ་བསྡུད་པའི་རིམ ་པས་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་དཀྱིལ་འཁོར་ལྔ་རྣམས་ནི་རོམ་ནས་སོ།། དེ་ལྟར་དུས་སྦྱོར་བཅུ་གཉིས་ཀྱི་རིམ་པས་མཉམ་པ་དང་མི་མཉམ་པར་རྒྱུ་བས་ཕྱོགས་རེར་དཀྱིལ་འཁོར་སུམ་ཅུ་ལོངས་སྤྱོད་དོ།། རོ་བརྐྱང་གཉིས ་ཀྱིས་སྡོང་བུར་གནས། ཞེས་པ་དེ་ཉིད་ཀྱིས་ཕྱིར་སྡོང་བུ་གཉིས་གཡས་དང་གཡོན་གྱི་ངོས་གཉིསུ་གནས་པའོ།། དེ་ལྟར་ཡང་ཀྱཻ་རྡོ་རྗེ་ལས།། བརྐྱང་མ་ཤྲཱིར་རང་བཞིན་ཏེ།། རོ་མ་ཐབས་ཀྱིས་ཡང་དག་གནས།། ཀུན་འདོར་མ་ནི་དབུས་ཕྱོགསུ།། ་གཟུང་དང་འཛིན་པ་རྣམ་པར་སྤངས།། ཞེས་སོ།། པདྨ་འདབ་བཞི་ཞེས་པ་ནི་སྟོང་པ་བཞིའི་རང་བཞིན་འདབ་མ་བཞིའོ།། རྩ་བ་བཞི་ཞེས་པ་ནི།། ཁམས་བཞིའི་རྩའི་རང་བཞིན་རྩ་བ་བཞིར་གནས་པའོ།། གང་དུ་གནས་ཞེ་ན། བདེ་བ་ཆེན་པོའི ་ཆང་བུ་སྟེ། དགའ་བ་བཅུའི་རང་བཞིན་སྟོང་པ་བཞིའི་བདག་ཉིད་བདེ་བ་ཆེན་པོའི་གནས་དེར་གནས་པས་ན་བདེ་བ་ཆེན་པོའི་ཆང་དུ་སྟེ།། ཙྪབ་པར་གྱིས་པདྨའང་།། ང་ནི་སྟོང་པའི་བཞི་སྟེ། མཁའ་གྱུ་དང་མཁའ་གྲོ་མའི་ཚོགས་འདུ་བྱ ་ལན་དྷཱ་ར་ཞེས་བྱ་བའི་མིང་ཅན་ལྷུན་པོ་རིའི་རྩེ་མོ་ཞེས་བྱ་བའི་དོན་ཏོ།། ཨེ་ཝཾ་ས་བོན་དགུ་ནི་བླངས་ནས་ནི། ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ལཱྀ་ནི་སྔར་བཤད་པའི་མཚན་ཉིད་ཅན་གྱི་ཨེ་ཝཾ་ཡི་གེའོ།། ས་བོན་བླངས་ནས་ཞེས་པཱ་ནི། དེ་ཡིས ་བོན་སྙིང་པོར་གྱུར་པ་སྟེ། གཞོམ་དུ་མེད་པའི་པདྨ་རྒྱས་པར་གྱུར་པ་ཞེས་པའོ།། འདིའི་དོན་ནི། ས་བོན་གང་གིས་ཤིང་གང་ཐོག་མར་བསྐྱེད་པའི་ཤིང་དེའི་མེ་ཏོག་ཀྱང་དེའི་ས་བོན་གྱིས་སྙིང་པོ་ཅན་ཉིད་།། འདིར་ཡང་ཨེ་བཾ་གྱི་ཡི་གེས ་བསྐྱེད་པའི་པདྨ་ཡང་ཨེ་བཱཾ་གྱི་སྙིང་པོ་ཅན་གྱིས་མེ་ཏོག། བུང་པོའི་གཟུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བུང་བ་ནི་ཐུགས་རྡོ་རྗེ་སྟེ། ངོ་ནི་དྲི་མ་ནམ་པའི་གཟུགས་ཀྱི་རང་བཞི་ནོ།། དཔའ་བོ་ནི་རབ་ཏུ་དགའ་བ་སྟེ་དེ་དང་དེའི་ཤེས་རབ ་དང་ཐབས་རབ་ཏུ་སྦྱོར་བའི་རབ་ཏུ་དགའ་བ་དེ་ལ་རྒྱུན་མཆེད་པར་འདོད་ཆགས་ཆེན་པོའི་ཚུལ་གྱིས་རྣམ་པར་གསལ་བས་ན་དཔའ་བོ་སྟེ། དེ་ཉིད་བཅོམ་ལྡན་འདས་གཞོམ་དུ་མེད་པའོ།། འཐུང་བ་ཞེས་པ་ནི་མྱང་བ་སྟེ། སྦྲང་རྩི་མེ ་ཏོག་གི་བཅུ་དོ།། རབ་ཏུ་དགའ་བའི་དཔའ་བོ་ཉིད་ཀྱིས་འཕོ་བ་མེད་པའི་ཆགས་པ་ཆེན་པོའི་བདེ་བ་ཉམ་སུ་མྱོང་བའོ།། ཞེས་པའི་དོན་ཏོ།། དེ་ལྟ་བུའི་བཅོམ་ལྡན་འདས་ཨེ་ཝཾ་ག་རང་བཞིན་ནི།། ཅི་ལྟར་ཟག་པ་དང་བཅས་པའི་འབྱུང་བ ་ཆེན་པོ་ལྔའི་བདག་ཉིད་བདག་ཉིད་ལ་སྐྱེས་ཞེས་སོ་དོགས་པ་ལ། འབྱུང་བ་ཆེན་པོ་ལྔའི་ས་བོན་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་ཆེན་པོ་ལྔ་ནི་ས་ལ་སོགས་པ་ལྔའོ།། དེ་ཉིད་ནི་ཨེ་ཝཾ་གྱི་ཡི་གེ་ས་བོན་ནོ།། བླངས ་ནས་ཚོགས་པ་ནི། བོ་ལ་དང་ཀཱཀྐོ་ལ་སྦྱོར་བའོ།། སྐྱེ་བ་ནི་འབྱུང་བ་སྟེ། དེ་ཉིད་བསྟན་པའི་ཕྱིར། སྲ་བར་གྱུར་པ་ཞེས་པ་ལ་སོགས་པ་གསུངས་ཏེ། སའི་ཁམས་ནི་སྲ་བ་ཉིད་ཀྱི་ཕྱིར་སྲ་བ་ནི་སའོ།། ཞུ་བར་གྱུར་པ་ནི་ཆུའི་ཁམས་སོ།། དྲོ་བར་གྱུར ་བས་ན་མེའི་ཁམ་སོ།། འགྲོ་བའི་ཕྱིར་རླུང་གི་ཁམས་སོ།། བདེ་བའི་རང་བཞིན་གྱིས་ཕྱིར་ན་མཁའི་ཁམས།། ལྔ་ནི་ཡོངསུ་རྫོགས་པ་ཞེས་བྱ་བ་ནི། འབྱུང་བ་ལྔ་པོ་འདི་དག་ཡོང་སུ་རྫོགས་པ་ནི་བསྡུས་པ་སྟེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན ་ཏྲོ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི་དཔལ་ཀྱེ་རྡོ་རྗེ་ཕུང་པོ་རྣམས་འབྱུང་བ་ལས་གྱུར་པར་གསུངས་ཏེ། བོ་ལ་ཀཀྐོ་ལ་སྦྱོར་བས། རེག་པཽ་སྲ་བ་ལས་ཆོས་ཀྱིས་ནི། ས་ནི་དེ་ལས་སྐྱེ་བར་འགྱུར།། བྱང་སེམས་ཤིར་བའི་རྣམ་པ་ལྔ།། ཆུའི་ཁམ ་ནནི་འབྱུང་བར་འགྱུར།། སྲུབས་པ་ལས་ནི་མེ་འབྱུང་སྟེ། འགྲོ་བ་རླུང་དུ་རབ་ཏུ་གྲགས།། བདེ་བ་ན་མཁའི་ཁམས་ཡིན་ཏེ།། རྣམ་པ་ལྔ་ཡི་ཡོངསུ་བསྐོར།། ཞེས་སོ།། དེ་ཉིད་ཀྱིས་ལྔའི་ཡོངསུ་རྫོགས་པ་སྟེ། ལྔ་པོ་འདི་དག་ཡོངསུ་རྫོགས་པ་ནི ་བསྡུས་པའོ།། མཐའ་དག་ལྷ་དང་ལྷ་མིན་འདི་ལ་སྐྱེས།། ཞེས་བྱ་བ་ལ་སོགས་པ་ལ། མི་དང་མི་མ་ཡིན་པ་དང་། ལྷ་རྣམས་མཐའ་དག་སྐྱེ་བའི་རྒྱུ་ན་འདི་ཉིད་དོ་ཞེས་པའོ།། འདིའི་དོན་ནི། ས་ལ་སོགས་པ་བཞི་དང་། དེ་ཁོ་ན་ཉིད་སྟོང་པ་བཞི ་སྟེ། དངོས་པོ་བརྒྱད་ནི་སྐྱེ་བ་དང་འཇིག་པའི་རྒྱུར་རྣམ་པར་ཤེས་པ་བྱའོ།། འོད་གསལ་ལས་ནི་སྟོང་ཆེན་ཏེ།། དེ་ལས་ཐབས་ནི་འབྱུང་བར་འགྱུར།། དེ་ལས་ཀྱང་ནི་ཤེས་རབ་འབྱུང་།། དེ་ལས་རླུང་ནི་འབྱུང་བར་འགྱུར། ཁྲུ་ལྟ་ན་རྒྱུ་གྱུ་། ་འབྱུང་བར་འགྱུར།། ཆུ་ལས་ས་ནི་འབྱུང་འགྱུར་ཏེ།། འདི་ལས་སེམས་ཅན་རྣམས་འབྱུང་བའོ།། ས་ཁམས་ཆུ་ལ་ཐིམ་པར་འགྱུར།། མི་ནི་ཕྲ་བའི་ཁམས་ལ་སྟེ།། རླུང་ནི་སེམས་ལ་ཐིམ་པར་འགྱུར།། སེམས་བྱུང་མ་རིག་པ་ལ་སྟེ།། དེ་ཡང་འོང ་གསལ་བར་ནི་འགྲོ། འདི་ནི་སྲིད་གསུམ་འགག་པའོ།། ཞེས་སོ།། དེ་ཉིད་ཀྱིས་ཕྱིར། རྨོངས་པ་འདི་དག་རྣམས་ནི་སྟོང་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ཐེག་པ་འདི་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རྨོངས་པ་ཞེས་བདེ་བ་སྟེ། ཀྱེ་རྨོངས་པ་སྟེ། ་སྔགས་ཀྱི་ཚུལ་གྱི་དེ་ཁོ་ན་ཉིད་མ་རིག་པའོ།། འདི་ཉིད་སྟོང་པ་ཞེས་པ་ནི་ཐམས་ཅད་སྟོང་པ་འོད་གསལ་བ་སྟེ། འདི་ལས་གཞན་པའི་སྟོང་པའི་དེ་ཁོ་ན་ཉིད་ཡོད་པ་མ་ཡིན་ཞེས་པའི་དོན་ཏོ།། འདིས་ནི་འདི་སྐད་བཤད་པ་ཡིན་ཏེ། སྲིད་པ ་དང་མྱ་ངན་ལས་འདས་པ་ངོ་བོ་གཅིག་པ་བདེ་བ་ཆེན་པོ་རྡོ་རྗེ་བཅོམ་ལྡན་འདས་རང་ཉིད་ཀྱིས་ལུས་ཀྱི་པདྨ་མངོན་པར་སྤྲུལ་ནས་གཞོམ་དུ་མེད་པའི་མེ་ཏོག་གི་བཅུད་སེམས་བུང་བའི་གཟུགས་ཀྱི་རྒྱུན་མི་ཆད་པར་འཕྲོག་ཅིང་གནས་པ་སྟེ། དེ ་ལྟར་ཡང་དཔལ་གྱིས་རྡོ་རྗེ་ལས། རང་ཉིད་བྱེད་པོ་རང་འཕྲོག་སོ།། རང་ཉིད་རྒྱལ་བ་རང་གཙོ་བོ།། ཞེས་གསུང་སོ།། དེ་ལྟར་བསྒྲུབ་བྱའི་ངོ་བོ་ངེས་པར་བྱས་ན་ཡང་དང་ཡང་དུ་བསྒྲུབ་བྱེད་ལ་དཔྱད་པར་བྱ་སྟེ། རེ་ཞིག་ཡུལ་ལ་ཉེ་བར་ལོངས ་སྤྱོད་པ་སྤངས་པ་ཡང་སྒྲུབ་བྱེད་མ་ཡིན་ལ། ཡུལ་ལ་ཀུན་ཏུ་ཞན་པས་གནས་པ་ཡང་བསྒྲུབ་བྱེད་མ་ཡིན་ཏེ། ཉན་ཐོས་དང་ཕ་རོལ་ཏུ་ཕྱིན་པ་དག་གི་རྣམ་པར་བཞག་པ་ཉིད་ཀྱི་ཕྱིརརོ།། སྐྱོན་དག་པའི་ཡུལ་མཐའ ་དག་ལ་མ་ཞེན་པའི་དོང་ཆགས་ཆེན་བོའི་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིར་ཡུལ་གྱི་བདེ་བ་ཕུན་སུམ་ཚོགས་པ་ཉིད་འདིའི་བསྒྲུབ་བྱེད་ཡི་ནོ།། དེ་ལྟར་ཡིང་དཔལ་ས་ར་ཧའི་ཞལ་ནསོ།། ཁ་ཙོག་ཡུལ་རྣམས་དག་ནི ་སྤོང་བར་བྱེད། ཁ་ཅིག་ཡུལ་རྣམས་ངག་གིས་འཆིང་བར་བྱེང་། ཁ་ཅིག་ཡུལ་རྣམས་ཉིད་ནི་བླངས་ནས་ནི།། མི་ཡི་ཁྱུ་མཆོག་རྣམས་ནི་བྱང་ཆུབ་བྱི་དོ།། ཅེས་གསུང་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་། གང་དང་གང་གིས་འཇིག་རྟེན ་འཆིང་གྱུར་པ།། དེ་དང་དེ་ཡི་འཆི་ལས་གྲོལ་བར་བྱེད།། འཇིག་རྟེན་རྨོངས་པས་དེ་ཉིད་མི་ཤེས་ཏེ།། དེ་ཉིད་སྤངས་པས་དངོས་གྲུབ་ཐོབ་མི་འགྱུར།། འདོད་ཆགས་ཀྱིས་ནི་འཇིག་རྟེན་འཆིང་།། འདོད་ཆགས་ཉིད་ཀྱི་རྣམ་གྲོལ་བྱེད།། ་ཟློག་པའི་བསྒོམ་པ་དེ་ཉིད་ནི།། སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས།། ཞེས་གསུང་སོ།། གལ་ཏེ་དེ་ལྟ་ན་སྲོག་ཆགས་ཐམས་ཅད་ཀྱང་ཡུལ་ལ་དགའ་ཞིང་ཆགས་པས། དེ་རྣམས་ཀྱང་འདོད་ཆགས་ཆེན་པོའི་མངོན་པར་བྱང་ཆུབ་ཐོབ ་པར་ཐལ་ལོ་ཞེ་ན། དེ་ལྟར་མ་ཡིན་ཏེ། ཡུལ་ལེ་ལོངས་སྤྱོད་པ་འབའ་ཞིག་གི་རྒྱུན་མ་ཆང་པའི་བདེ་བ་ཆེན་པོ་ཐོབ་བོ་ཞེས་ཁོ་བོ་མི་སྨྲའི། འོན་ཀྱང་དེ་ཉིད་ཐབས་དང་བཅས་པ་ལ་བརྗོད་ཀྱི། ཐབས་དང་བྲལ་བའི་ཡུལ་ལ་སྤོང་བྲོས་ཡུལ་གྱིས ་འགྱུར་བ་མེད་པའང་བསྣང་བ་གསུམ་ཤེས་པ་མང་བའི་རྔ་བ་སྣང་བ་གསུམ་ཤེས་པ་མེད་པའི་ཕྱིར། འདོད་ཆགས་ཆེན་པོའི་བདེ་བ་ཆེན་པོ་མངོན་དུ་བྱེད་པ་མེད་དོ།། དེ་ལྟར་ཡང་ཡེ་ཤེས་ཀུན་ལས་བདུས་པ་རྣལ་འབྱོར་ཆེན ་པོའི་རྒྱུད་ལས། བྷ་གར་ལིང་གཞན་ཅིང་ཆགས་པས་གཅིག་ཏུ་གཞོལ་བ་དེས་ནི་བྱང་ཆུབ་ཆེན་པོ་ཐོབ་པར་འགྱུ་རོ།། གང་གིས་ཚེ་བདེ་བ་འབརའ་ཞིག་ལ་ལྷག་པར་མོས་པ་ཙམ་གྱིས་ལས་དང་པོ་བའི་ས་ལ་གནས་པ་དེའི་ཚེ་སློབ་པར ་འགྱུར་རོ།། གང་གིས་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་བདེ་བས་རང་བཞིན་གྱིས་སྣང་བ་ཡང་དག་པའི་ཡོན་ཏན་མཚོན་པར་བྱེད་པ་དེ་ནི་འདོད་ཆགས་ཆེན་པོའི་བདེ་བ་ལ་ཞུགས་པ་ཡིན་ཞེསོ།། དེ་ལྟར་ཡང་དཔལ་ཀྱེ་རྡོ་རྗེ།། སྐྱེ་བོ་མི ་བཟད་པ་ཡི་ལས།། གང་དང་གང་གིས་འཆིང་འ་གྱུར་པ།། ཐབས་དང་བཅས་ན་དེ་ཉིད་ཀྱིས།། སྲིད་པའི་འཆིང་བ་ལས་གྲོལ་འགྱུར།། ཞེས་གསུང་སོ།། ཐབས་དང་བཅས་ཀྱང་ཡུལ་གྱི་བདེ་བ་ནི་མཚན་མ་དང་བཅས་པ་ཉིད་མ་ཡིན་ནོམ།། དེ ་ཅི་ལྟར་ན་བདེ་བ་ཆེན་པོ་མཚན་མ་མེད་པར་འགྱུར་ཞེ་ན། དེ་ལ་བརྗོད་པར་བྱ་སྟེ། མཚན་མ་དང་བཅས་པའི་བདེ་བ་ཉིད་ཀྱང་། བླ་མ་དམ་པའི་མན་ངག་གིས་མཚན་མེད་པར་འགྱུར་བ་ཡིན་ཏེ། དེ་ལྟར་དཔལ་ས་ར་ཧའི་ཞལ་མངའ ་ནས་གསུངས་པ། གང་འདི་མཚན་བཅས་བདེ་དེ་ཉིད།། ཆེན་པོ་རྣམས་ཀྱིས་མཚན་མེད་ཡིན།། རང་བྱུང་ཡེ་ཤེས་ངོ་བོ་ནི།། བདེ་ཆེན་རྟོགས་པས་སྟོང་པའོ།། ཞེསོ།། དེའི་ཕྱིར་ཐབས་དང་བཅས་པས་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ཉིད་འདོད ་ཆགས་ཆེན་པོས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦུབས་ཐབས་ཡིནོ།། དེ་ཉིད་ནི། ས་དང་ཆུ་དང་མེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་ནི་སའི་དཀྱིལ་འཁོརརོ།། ཆུ་ནི་ཆུའི་དཀྱིལ་འཁོར་རོ།། ་མེ་ནི་མེའི་དཀྱིལ་འཁོར་རོ།། རླུང་ནི་རླུང་གི་དཀྱིལ་འཁོརརོ།། ནི་མཁའ་ནི་ནམ་ཁའི་དཀྱིལ་འཁོརརོ།། ལྔ་པོ་དེ་ཉིད་སྤྲོ་བ་དང་བསྡུ་བའི་རིམ་པས་ཟླ་བ་དང་ཉི་མའི་དབྱེ་བས་བརྗོདདོ།། དེ་ལྟར་ཡང་དཔལ་དང་པོ་སངས་རྒྱས་ལས། རྣམ ་རྣམ་ཤེས་ལ་སོགས་རབ་ཏུ་ག་ཡོན།། སྤྲོ་བའི་བསྡུ་ལས་ས་སོགས་གཡས།། ཞེས་སོ།། དཔལ་འདུས་པ་ཕྱི་མར་ཡང་། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས།། འབྱུང་བ་ལྔ་ཡི་རང་བཞིན་ཅན།། པདྨའི་སྣ་རྩེར་བྱུག་ནས་ནི།། གོང་བུའི་ཚུལ ་གྱིས་བརྟག་པར་བྱ།། རིན་ཚོན་ཆེན་པོ་ཁ་དོག་ལྔ།། སྲོག་དང་རྩོལ་བ་ཞེས་བྱར་བརྗོད།། རང་འདིར་རྒྱོ་པེ་ལ་སོགས་ཏནྟྲ་ཞེས་འབྱུང་བས་རང་རྒྱུད་དུ་བསྒྱུར། རང་སྔགས་ཞེས་པ་ལྟར་ན་རྒྱུད་པར་སོགས་མནྟ་ཡོད་པར་བསལ་ལོ།། རང ་རྒྱུད་སྙིང་གར་བསམ་ནས་ནི།། སེམས་ནི་ཐིག་ལར་སོན་པར་དགོད།། ཅེས་སོ།། འདི་ཡང་སོ་སོར་བཤད་པ་ནི།། རྡོ་རྗེ་ཕྲེང་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྣ་རྩེར་ཡུངས་ཀར་ཞེས་བྱ་བ།། སྲོག་དང་རྩོལ་བ་ཞེསུ་བརྟག། སྲོག། ་དང་བརྩོལ་བ་ལ་གནས་པ།། འོད་ལྔ་སངས་རྒྱས་ངོ་བོ་ལས།། ཞེས་གསུང་སོ།། དེ་ལྟར་དུ་རྡོ་རྗེ་སྙིང་པོའི་ཞབས་ཀྱིས་ཀྱང་། སྣའི་བུ་ག་གཡོན་པ་འམ། གཡས་པ་གཉིས་ནིས་དང་པོ་འམ་མཐར་ཡོང་རུང་སྟེ། གང་གི་ཚེ་ན་མཁའི་དཀྱིལ ་འཁོར་འབབ་པ་དེའི་ཚེ་དབུས་ནས་རྒྱུའོ།། གང་གི་ཚེ་རླུང་གི་དཀྱིལ་འཁོར་རྒྱུ་བ་དེའི་ཚེ། གཡོན་ལ་བརྟེན་ནས་རྒྱུའོ།། གང་གིས་ཚེ་སའི་དཀྱིལ་འཁོར་འབབ་པ་དེའི་ཚེ་འོག་ལ་བརྟེན་ནས་རྒྱུ་སྟེ། འདི་ནི་དཀྱིལ་འཁོར་གྱིས་འཁོར་ལོའོ།། ་ཡུལ་དུ་བློ་ཡིས་བླངས་ཞེས་བྱ་བ་ལ་སོགས་པ་ལ། ཡུལ་ནི་རྡོ་རྗེ་དང་པདྨ་སྦྱོར་བ་སྟེ། དེ་ལ་ཡོད་པའི་བློ་གང་ཡིན་པ་སྟེ། བདེ་བའི་སེམས་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་ནི་ཡུལ་གྱིས་བློ་སྟེ། དེ་བླངས་ནས་དཀྱིལ་འཁོར་གྱི་འཁོར་ལོ་དེ་རྟོགས ་པར་བྱའོ།། ཡོངསུ་གྱུར་པ་ནི་བསམ་པ་ཐམས་ཅད་ཀྱིས་ཏེ། ཇི་ལྟར་དྲུག་པའི་ཡེ་ཤེས་སོ་སོར་གནས་འགྱུ་བ་དེ་ལྟར་རྟོག་པར་བྱའོ།། འདིས་ཅི་འདྲ་བ་ཞིག་ཏུ་འགྱུར་ཞེ་ན། སྦ་རླབས་མེད་པ་མཉམ་པ་ལྷན་ཅིག་སྐྱེས་པའི་ཚུལ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱན་འདྲེན་པ་དང་། གཤེགསུ་གསོལ་བ་ལ་སོགས་པ་མེད་པའི་ཕྱིར་སྒྲ་རླབས་མེད་པའོ།། རླུང་བུམ་པ་ཅན་ལས་འདས་པའི་ཕྱིར་མཉམ་པའོ།། ཡང་དག་པ་ཇི་ལྟ་བའི་ཨེ་ཝ~ཾ་གཽ་ཡི་གེའི་ངོ་བོ ་ཉིད་ཀྱིས་ཕྱིར་ལྷན་ཅིག་སྐྱེས་པའི་ཚུལ་ལོ།། མཐའ་དག་སྐྱོན་སྤངས་ཞེས་བྱ་བ་ལ། སྐྱོན་མཐའ་དག་ནི་ཆགས་བྲལ་གྱིས་རང་བཞིན་སྡིག་པ་མཐའ་དག་སྟེ། དེ་དང་གྲོལ་བ་ལ་བརྗོད་དོ།། དེ་ལྟར་ཡང་དཔལ་དང་པོ་སངས་རྒྱས་ལས། ཆག ་བྲལ་ལས་གཞན་སྡིག་པོ་མེད།། བདེ་བ་ལས་གཞན་བསོད་ནམས་མེད།། དོ་ཕྱིར་འགྱུར་མེད་བདེ་བར་སེམས།། རྟག་ཏུ་གནས་བྱ་མི་ཡི་བདག། ཅེས་གསུང་སོ།། དེ་ལྟར་གྱུར་པའི་བདེ་བ་ཆེན་པོ་ལ་བདེ་བའི་མངོན་པའི་ང་རྒྱལ་ཡང་མེད ་པའི་ཕྱིར། དེ་ལ་སྡིག་དང་བསོད་ནམས་ཅི་ཡང་མེད།། ཅེས་བྱ་བ་གསུངས་ཏེ། སྡིག་པ་ནི་ཆགས་བྲལོ།། བསོད་ནམས་ནི་བདེ་བ་སྟེ། མ་འགྱུར་བའི་བདེ་བ་ཅིག་ཀྱང་ཡོད་པ་མ་ཡིནོ།། དེ་ལྟར་དཔལ་ཁ་སྦྱོར་ལས། ཆགས་པ་དང ་ནི་ཆགས་བྲལ་ཉིད།། སྤྱང་ལས་སྲིད་པ་ཉིད་དུ་གནས།། ཅེས་གསུང་སོ།། གསལ་བར་ནག་པོ་བདག་གིས་བསྟན། ཞེས་པ་ནི། འདི་ནི་ནག་པོ་སྤྱོད་པའི་རྡོ་རྗེ་གསལ་བར་བསྟན་ཏེ། གཞན་གྱིས་གསལ་བར་མ་བསྟན་ཞེས་པའི་དོན།། དེ་ཡེ་ཤེས ་ལ་ཕྱིར་ཕྱོགས་པའི་བདོག་ཉིད་ཀྱིས་རྣལ་འབྱོར་པས་རྟོགས་པ་མ་ཡི་ནོ་ཞེས་བསྟན་པའི་ཕྱིར། ཕྱི་རོལ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིའི་འཁོར་ལོའི་རྣམ་པ་རང་གི་བློ་ངེས་པར་བརྟག་པ་སྟོང་པའི་རྣམ་པར་རྟོགས་པའོ།། ་སྟོང་མིནི་རང་གི་ལུས་ལ་བརྟག་པའི་རྣལ་འབྱོར་ལ་སོགས་པ་བློ་རབ་ཏུ་འཇུག་ཅིང་དེ་ལ་དམིགས་པར་གྱུར་པས་སྟོང་དང་སྟོང་མིན་བདག་ལ་འཇུག་པར་གྱིས།། ཞེས་པའོ།། སྟོང་དང་སྟོང་པ་མིན་པ་འདི་གཉིས་དབུསུ་ནི། ཀྱཻ་ཧོ་རྨོངས་པས་དེ ་ཉིད་ཅི་ཡང་མཐོང་བ་མེད།། དེ་ལྟ་བུ་ཡིན་ན་ཇི་ལྟར་དེ་ཁོ་ན་ཉིད་ཡོད་མཉམ་དུ་དགོངས་པ་ལ། ལྷན་ཅིག་སྐྱེས་པ་ཅིག་པུ་མཆོག་ཏུ་ཡོད། ཅེས་པ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་ཅིག་པུ་ཁོ་ན་མཆོག་ཏུ་ཡོད་པ་དེ་ཡང་ནག་པོ་རྡོ ་རྗེ་མཆོག་ཏུ་ཤེས་སོ།། བསྟན་ཆོས་ནི་རྟོག་གེ་ལ་སོགས་པའོ།། ལྷུང་ནི་བྱ་བ་དང་བྱ་བ་སྤྱོད་པ་ལ་སོགས་པའོ།། རྣམ་པ་མང་པོ་དེ་རྣམས་ཀློག་པ་དང་། ཉན་པ་དང་སེམས་པ་དང་གོས་པོར་བྱེད་པས་ཀྱང་ཅི་ཡང་མི་ཤེས་ཏེ། དེ་རྣམས་ལ་དེའི་ངོ་བོ ་མེད་པའི་ཕྱིརརོ།། རྦ་རླབས་མེད་པའི་སྔགས་ཀྱིས་ཚུལ་གྱིས་མན་ངག་རིག་པ་བདག་རྒྱུས་མཆོག་ཏུ་ཤེས།། ཞེས་པའི་དོན་ཏོ།། དེ་ལ་བུའི་གདམས་པ་ཚིག་དེ་ལྟར་བསྟན་པའི་ཕྱིར། སྟེང་དང་འོག་ཏུ་མི་རྒྱུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟེང་དུ ་མི་རྒྱུ་བ་ནི། འདིས་སྲོག་གིས་རླུང་འགོག་པ་སྟེ། ལུས་དང་སེམས་ཀྱིས་དབྱེ་བས་ཟླ་བ་དང་ཉི་མ་སྒྲ་གཅན་ཏེ། ཆུ་དང་མེ་དང་སྟོང་པའི་རང་གིས་རིགས་ཀྱིས་ལམ་གསུམ་འགོག་པའོ།། འོག་ཏུ་མི་རྒྱུ་བ་ནི་འདི་ཐུ་རོ་གསེལ་གྱིས་རླུང་འགོག་པ་སྟེ། ལུས ་ངག་དང་སེམས་ཀྱི་དབྱེ་བས་བཤང་བ་དང་གཅི་བ་དང་། ཁུ་བ་འབབོ་པ་དང་། རླུང་དང་ཡེ་ཤེས་ཀྱི་ཁམས་ཀྱིས་རང་གི་རིགས་ཀྱིས་ལམ་གསུམ་འགོག་པ་སྟེ། དེ་ལྟར་སྟེང་དང་འོག་དང་ཐུར་སེལ་གྱིས་ལམ་བཀག་པས་སྔར་ཉེ་བར་མཚོན ་བྱས་པའི་ཡེ་ཤེས་ཀྱི་གཟུགས་བརྙན་མཐོང་བས་ན། དེའི་འོག་ཏུ་རྡོ་རྗེ་བཟླས་པའི་ཆོ་གས་སྲོག་སྩོལ་བར་མ་ཆད་པར་བསྒྲུབ་པ་བྱེད།། དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ལས་གཟུགས་བརྙན་མཐོང་ནས་དེ་ནས་ནི། བར་མ་ཆད་པར ་སྲོག་བརྩོལ་བྱ།། སྟེང་འོག་རྩ་གསུམ་པོ་རྣམས་ལ།། ལུས་ངག་སེམས་ནི་འགོག་པ་ལས།། ཆུ་མེ་སྟོང་པ་ས་རླུང་དང་།། ཡེ་ཤེས་ཁམས་རྣམས་སྐྱེས་རྣམས་ལ།། གང་ཞིག་ཟླ་ཉི་མུན་ཅན་དང་།། བཤིང་གཅི་ཁུ་བ་འབབ་པ་རྣམས།། སྲོག་ཐུར ་གསེལ་རིམ་པོ་ལས།། ལུས་ངག་སེམས་ཀྱི་རྩ་རྣམསོ།། ཟླ་བ་ཐམས་ཅད་ཀྱིས་སྐུ་ཡིན་ཏེ།། ཉིན་པོར་བྱེད་པ་ཤེས་རབ་གསུང་།། ཤེས་རབ་སྐུ་ནི་བཤང་བའི་རྩ།། གཅི་བ་འབབ་མ་ག་ཙེའི་གསུང་།། སྟེང་འོག་ཐུགས་ཀྱི་རྩ་གཉིས་དག། མུན་ཅན ་ཁུ་བ་འབབ་པའོ།། ཐབས་ཀྱིས་ཐུགས་ཀྱིས་མུན་པ་ཅན།། ཁུ་བ་འབབ་མ་ཤེས་རབ་ཀྱིས།། སྟེང་འོག་རིག་དྲུག་འདི་རྣམས་ནི།། སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ལས།། ཤེས་རབ་ཐབས་དངོས་ཡན་ལག་གིས།། ལུས ་ཅན་ཀུན་ལ་ཡང་དག་གནས།། ཞེས་གསུང་སོ།། དེ་ལྟར་གྱུར་པ་ལ་སྲོག་དང་བརྩོལ་བ་ཇི་ལྟར་གནས་ཞེ་ན། གཉིས་ལ་མི་རྒྱུ་བ་ནི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་ནི་སྟེང་དང་འོག། སྲོག་རྩོལ་དང་བྲལ་བ་ནི་ཡོངསུ ་སྤངས་པའོ།། དེ་དེ་ལྟ་བུའི་ཚུལ་གྱིས་མི་གཡོ་བར་གནས་པ་ནི་དབུ་མ་མཆོག་གི་དབུགས་ཞེས་བྱའོ།། དེ་ལྟར་ཡང་རིག་ལྡན་མ་ཧེ་རུ་ཀ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་དང་། དབུ་མ་མཆོག་གིས་དབུགས། བཤང་བ་དང ་གཅི་བ་དང་ཁུ་བ་དང་ཉི་མའི་རྩ་བཞི་དང་ལྡན་པའོ།། དངོས་པོ་གསལ་བའི་རྗེ་སུ་འགྲོ་བའི་དེ་ཁོ་ན་ཉིད་གྲུབ་པར་ཡང་གསུངས་པ། རང་གནས་ལ་གནས་ལྷོན་ཅིག་སྐྱེས་པའི་རླུང་།། རྟོག་པའི་དྲ་བ་དག་ལས་རབ་ཏུ་གྲོལ།། རང་གི ་ནང་དུ་དགའ་བསྐྱེད་བརྗོད་དུ་མེད།། དེ་ནི་སྟོང་པ་ཉིད་ཀྱིས་རང་བཞིན་ནོ།། ཞེས་སོ།། དེ་ལྟར་གྱུར་པའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་འགྱུར་བ་མེད་པ་བསྟན་པའི་ཕྱིར་ནག་པོ་ན་ར་ཡིད་ནི་གང་དུ་མི་ཕྲོ་བར། ཞེས་བྱ་བ་ལ་སོ ་པ་གསུངས་ཏེ། ནག་པོ་སྤྱོད་པ་ན་རེ་ཡིད་བྱང་ཆུབ་ཀྱིས་སེམས་མི་གཡོ་བ་ནི་ནམ་དུ་ཡང་ཕྱིར་མི་འཕོ་བ་སྟེ། གཉི་གའི་བགྲོད་པ་བཅོམ་པས་བསྟན་པར་བྱས་པོས་དུས་ཀྱི་རྩའི་ངོ་བོར་གྱུར་པའི་ཕྱིར་ཞེས་གསུང་སོ།། འདིའི ་དགོངས་པ་ནི། ཐིག་ལེ་རི་བོང་འཛིན་པ་མི་ལྟུང་བར་བྱ་བའོ།། འདིར་འདིའི་བསྒྲུབ་པར་བྱ་བ་ཅི། བགྲོད་པ་གཉིས་ཀྱི་ངོ་བོ་ཅི། མི་འགྱུར་བའི་བདེ་བ་ཆེན་པོའི་ངོ་བོ་བྱང་ཆུབ་ཀྱི་སེམས་འདི་གང་དུ་གནས་ཞེ་ན། མ ་གཡོ་རླུང་ཁྱིམ་བདག་མོའི་ཁྱིམ་དུ་གནས།། ཞེས་བྱ་བ་ལ་སོགས་པ་གསུངས་ཏཱཾ། མི་གཡོ་བའི་རླུང་ནི་དབུ་མ་མཆོག་གི་དབུག་སོ།། དེ་ཉིད་ཁྱིམ་བདག་མོ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། བདེ་བ་ན་མཁའི ་ཁམས་ཨ་ཝ་དྷཱུ་ཏི་སྟེ། དེར་གནས་པས་ཁྱིམ་དུ་གནས་པའོ།། འདིའི་དགོངས་པ་ནི། རླུང་འགྲོ་བ་དང་འོང་བའི་ཆོས་ཅན་ན་མཁའི་ཁམས་ལ་བརྟན་པ་འགྲོ་བ་དང་འོང་བ་ལས་རྣམ་པར་གྲོལ་བའི་ན་མཁའི་ཁམས་ལ་ཐིམ་པ་སེམས ་ཀྱི་བཞོན་པ་སྣང་བའི་རང་བཞིན་དང་བཅས་པ་ཡེ་ཤེས་གསུམ་དང་ལྷན་ཅིག་ཐིམ་པའོ།། དེས་དེའི་བདག་ཉིད་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་དེར་གནས་པ་ཞེས་བརྗོད་དོ།། དེ་ལྟར་ཡང་དགོངས་པ་བླ་ན་མེད་པ་ལས ་སྣང་བ་སྣང་བ་ཕྱེད་པ་དང་། སྣང་བ་ཉེ་བར་ཐོབ་པ་ཅན།། སྣ་ཚོགས་རྣམ་པ་གསུམ་ཞེས་བརྗོད།། རླུང་ནི་ཕྲ་བའི་གཟུགས་ཀྱིས་ནི།། ཡེ་ཤེས་དང་ནི་འདྲེས་པར་འགྱུར།། དབང་པོའི་ལམ་ནས་ཕྱུང་ནས་ནི།། ཡུལ་རྣམས་ལ་ནི ་དམིགས་པར་བྱེད།། གང་ཚེ་སྣང་བ་ལྡན་གྱུར་ཅིང་།། རླུང་གིས་བཞོན་པའི་རྒྱུར་གྱུར་པ།། དེ་ཚེ་དེར་ནི་རང་བཞིན་ཀུན།། རིམ་དང་རིམས་པ་མིན་པར་འཇུག། གང་དང་གང་དུ་རླུང་གནས་པ།། དེ་དང་དེར་ནི་རང་བཞིན ་རྒྱུ། ཇི་སྲིད་རླུང་ནི་རྒྱུ་གྱུར་པ། སྣང་བ་གཡོ་མེད་འགྱུར་མ་ཡིན།། ཞེས་གསུང་སོ།། དེ་ཉིད་སེམས་ཅན་ཐམས་ཅད་དང་མཐུན་མོང་དུ་ཇི་ལྟར་འགྱུར་ཞེ་ན། མཆོག་གི་རི་བོ་དག་གི་ཕུག་ཟབ་མོ།། ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། མཆོག་ནི་གཙོ་བོའོ།། རི་བོའི་ཕུག་ལྟོ་བར་གནས་པ་སྟེ། སྒལ་ཚིགས་རྐང་རུས་ཀྱི་དབྱུག་པའི་གཟུགས་ཀྱི་བདག་ཉིད་དོ།། དེ་ལྟར་ཡང་དཔལ་ཁ་སྦྱོར་ལས། རྐང་པའི་འོག་ཏུ་རློམ་ཆེན་རླུང་།། གཞུ་ཡི ་དབྱིབ་ཏུ་ཡང་དག་གནས།། འདོམས་ཀྱིས་སུམ་མདོའི་ཕྱོགསུ་ནི།། དེ་ནི་གྲུ་གསུམ་འབར་བའོ།། ཟླུམ་པའི་གཟུགས་ཀྱི་ངོ་བོ་ཉིད།། ཆུ་ནི་ལྟོ་བར་གནས་པའོ།། སྙིང་ག་རུ་ནི་སོ་ཉིད་ཀྱང་།། ཀུན་ནས་གྲུ་བཞི་པ་ཉིད།། ཀེང་རུས་དབྱུག ་པརི་ངོ་བོ་ནི།། དེ་བཞིན་རི་རབ་རི་ཡི་རྒྱལ།། ཞེས་སོ།། དེ་ཡཽ་ཕུག་ནི་རི་ཕུ་གོ། དེ་ཉིད་ཟབ་མོ་སྟེ། ལུས་དང་ངག་དང་སེམས་ཀྱིས་སྤྱོད་ཡུལ་མ་ཡིན་པའོ།། དེས་ཅི་འགྱུར་ཞེ་ན། འགྲོ་བ་མ་ལུས་པ་ནི་ཆད་པར་འགྱུར། ཞེས་བྱ་བ་ལ་སོགས་པ་སྟེ།། ་འགྲོ་བ་མཐའ་དག་དེར་དེ་ལྟར་ཆད་པ་སྟེ་ཉམས་པར་འགྱུར་ཞིང་། དེ་ལས་གོང་དུ་སྤྱི་བོའི་མཐར་ཐུག་པའི་རྩ་རྣམསུ་འགྲོ་པོས་དབང་པོ་གཉིས་སྦྱོར་བའི་བདེ་བར་མངོན་པར་བརྗོད་པའི་སེམས་མི་བརྟན་པ་ཉིད་ཀྱི་ཕྱིརརོ།། འོ་ན་འདི ་ལས་འགྲོ་ཆད་པར་འགྱུར་བ་འདི་ཅིས་ཤེས་པར་བྱེད་ཅེ་ན། དྲི་མ་མེད་པའི་ཆུ་ནི་སྐྱབོས་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲི་མ་མེད་པ་ནི་དོན་དེ་སའི་བདེ་བའི་ངོ་བོ། ཆུ་ནི་ཀུན་རྫོབ་ཞུ་བསྔོའི་རྣམ་པས་ཏོ། དྲི་མ་མེད་པའི ་ཆུ་བདེན་པ་གཉིས་ཀྱི་ཡེ་ཤེས་བྱང་ཆུབ་ཀྱིས་སེམས་གང་ཡིན་པ་སྐམས་པར་འགྱུར་བ་སྟེ། འོག་ཏུ་ལྟུང་བའོ།། གང་གིས་ཕྱིར་འགྲོ་དེ་རྣམས་ཀྱི་བདག་ཉིད་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་དེར་འོག་ཏུ་ལྷུང་བ་ལས་འགྲོ་བ་ཐམས་ཅད་ཆད ་པར་འགྱུར་བ་སྟེ་མཆེ་བ་ཉིད་།། དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ལས། ལུས་ཅན་ཐམས་ཅད་འཆི་བ་ན།། ཟླ་བ་བདུད་རྩི་འོག་ཏུ་འགྲོ། སྟེང་དུ་ཉི་མ་རྡུལ་སྒྲ་ག་ཅན།། རྣམ་ཤེས་དངོས་པོའི་མཚན་ཉིད་ལའོ།། ཞེས། དེས་ཅིར་འགྱུར ་ཞེ་ན། དུས་ཀྱིས་མེ་ནི་རབ་ཏུ་ཞུགས་གྱུར་ན། ཞེས་བྱ་བ་གསུངས་ཏེ། དུས་ཀྱི་མེ་ནི་འཕོ་བའི་གནས་སྐབས་ནག་པོའི་ཕྱོགས་ཀྱི་ཚེས་གཅིག་འཇུག་པའི་མཚན་ཉིད་དེ། འཆི་བའི་དུས་སུའོ།། དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ལས། འཕྲོ ་པ་ལས་ནི་ཚིགས་བྲལ་འགྱུར།། ཆགས་བྲལ་ལས་ནི་སྡུག་བསྔལ་འགྱུར།། སྡུག་བསྔལ་སྐྱེས་བུའི་ཁམས་ཟད་བྱེད།། ཟད་པ་ལས་ནི་འཆི་བར་བརྗོད།། ཤིས་ལས་སླར་ཡང་དེ་རྣམས་ཀྱི།། སྲིད་པའོ་སྲིད་ལས་སླར་འཆི་འཕོ།། དེ་ལྟར་སེམས ་ཅན་གྱིས་སྲིད་པ།། ཆགས་བྲལ་ལས་འགྱུར་གཞན་ཡོད་ཡིན།། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས།། འཕོ་བའི་ཆགས་པ་རྣམ་པར་སྤངས།། གང་གིས་འགྱུར་མེད་བདེ་བར་འགྱུར།། རྣལ་འབྱོར་འཁོར་བ་བཅིངས་པ་ཡི།། ཞེས་སོ།། ཅི་ལྟར་འདི ་མི་འགྱུར་བའི་བདེ་བ་ཆེན་པོར་འགྱུར་ཞེ་ན། ས་འཛིན་དག་ལས་འདི་ནི་གཟུང་དཀའ་སྟེ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུང་དཀའ་བ་ཞེས་པ་ནི་འདིར་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་གྱིས་སྲོག་བཅིངས་ཏེ་བྱང་ཆུབ་ཀྱི་སེམས ་ཚོགས་ཀྱི་གཟུང་དག་སྨྲ་བ་ལ། ས་འཛིན་སྟན་པ་ཊཱ། ག་མྱུར་མཱ་མ་དང་མཱམ་ན་ས་ད་ས་པ་ས་ས་ས་ནྣ་ནུ་མ་། པག་། ་མི་མཉམ་པའི་དུས་སྦྱོར་རིམ་གྱིས་རྒྱུ་བས་ན་མི་མཉམ་པ་སྟེ། ཟླ་བ་རྒྱུབ་མི་མཉམ་པའི་ལ་མོ།། མཉམ་པ་དང་མི་མཉམ་པ་གཉིས་ཀའི་ལམ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ལྕི་བར་བྱེད། རྣམ་པར་ལྟ་བར་བྱང་བ་སྒྲ ་ལྟ་བུ་ཤེས་པར་བྱེད་ཅེས་པའི་དོན་ཏོ།། དེ་ལྟར་གྱུར་པའི་ཡིད་ཀྱིས་གལ་ཏེ་མི་ཤེས་ན་ཟླ་བ་དང་ཉི་མ་དག་གི་མཉམ་པ་དང་མི་མཉམ་པའི་རྒྱུ་ལས་སེམས་ཅན་རྣམས་ཀྱིས་རྣམ་པར་ཤེས་པའི་ཁམས་དེ་བསྒྲོལ་བ་དང་འངའོ་བར་དཀ ་བབྷྲཱུཾ་སྤྱི་གཙུག་གི་བར་དུ་འགྲོ་བར་མ་ནཱས་ནིས་པའོ།། དེ་ཉིད་ཀྱི་ཕྱིར་ནག་པོས་སྨྲས་ཞེས་བྱ་བ་ལ་སོགས་པ་སྟེ། ནག་པོ་རྡོ་རྗེས་དག་སྤྱད་ཀྱིས་རྨུགས་ཐུལ་གྱི་གནས་ན་ས་སྨྲས་པའི་ཡེ་ཤེས་ཀྱིས་རིག་གོ་མཚོན་པར་བྱས་པས་ན ་མཚན་དུ། འབ་སྟེ། ཐམས་ཅད་སྟོང་གཱའི་ཕྱྀརྱཱ་དང་། རྣམ་པ་ཐམས་ཅང་དང་མཉམ་པདྨ་ཕྱིརོ།། དཀའ་སྨད་ཀྱིས་རྟོགས་ཤིང་མ་ན་མྱོང་བ་དའི་ཧྲཱི་རྟོགས་པ། བྱའོ།། ཉིད་དེ་ལྟ་བུ་མནྡྲ་ན་ཡིད་ཀྱི་ཅི་སྟོང་སུ་བསྒོམ་པོ་བྱུ་། ་ཀྱང་ཅི་ཞིག་ཤེས་པར་བྱེད་ཅེམ། གང་གི་སོ་ཡིད་ཀྱིས་རིན་ཆེན་རྟོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏོ། གང་རྡོ་རྗེ་དང་ཆུ་སྐྱེས་ཡང་དག་པར་སྦྱོར་བ་མས་ཡིད་ཀྱི་དམིགས་པས་དོན་ཇི་ལྟ་རིག་པ་ནི། ཡང་དག་པ་ཇི ་ཡིད་ཀྱི་བདག་ཉིད་དོ།། དགའ་ར་ཏི་བ་བླ་ན་མེད་པའི་བདེ་བ་རྒྱས་པར་བྱེད་པའི་ཕྱིར་རིན་པོ་ཆེའོ།། དེས་ན་ཡིད་ཀྱིས་རིན་ཆེན་ཏེ།། སངས་རྒྱས་ཀྱི་གཟུགས་ཅ་ནོ།། དེ་ལྟར་ཡང་དཔལ་འདུས་པར། བྷ་གར་ལིང་ག་རབ་བཞག་ནས།། བྱང་ཆུབ ་སེམས་ནི་སྤྲོ་མི་བྱ།། ཁམས་གསུམ་པ་ནི་མ་ལུས་པ།། སངས་རྒྱས་གཟུགསུ་བསྒོམ་པར་བྱའོ།། ཞེས་སོ།། དཔལ་དང་པོ་སངས་རྒྱསུ་ཡང་།། སྟོང་པ་ལས་བྱུང་གཟུགས་ནི་རྒྱུ།། མི་འགྱུར་ལས་སྐྱེས་བདེ་བ་འབྲས།། ཞེས་སོ།། དེ་ཉིད་ཀྱི་ཕྱིར།། ་ཉི་མ་རེ་རེ་ལྷན་ཅིག་སྐྱེས་པ་འཕྲོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉིར་ཞིང་སོ་སོར་སྐྱེས་པའི་ཐམས་ཅད་སྟོང་པའོ།། ཡོངསུ་འཕྲོ་བ་ནི་ན་མཁའ་ལྟ་བུའོ།། དེ་ལྟར་ཡང་མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའ་ལས་བྱུང་རང་བྱུང ་བ། ཤེས་རབ་ཡེ་ཤོས་མེའོ་ཆེ།། ཞེསོ། དེ་བཞིན་དུ་དཔལ་འདུས་པ་ཡང་།། བསྙེན་པའི་དུས་སུ་གཙུག་ཏོར་ཆེའི།། གཟུགས་ཅན་འབད་པས་རྣམ་བསྒོམ་བྱ།། ཉེ་བར་བསྒྲུབས་པའི་དུསུ་ནི།། བདུད་རྩི་འཁྱིལ་པའི་གཟུགས་ཅན་ནོ།། སླར་ཡང ་གསལ་བར་བྱ་ཞིང་བསྒོམ།། སྒྲུབ་པ་ཆེན་པོའི་དུས་ནི།། སངས་རྒྱས་བདག་པོའི་གཟུགས་ཅན་སེམས།། ཞེས་བྱའོ།། དེ་ཉིད་རིག་ཅན་ལས་ཀྱང་། དགོངས་པའི་སྐྲོད་གཞན་གྱི་གཙུག་ཏོར་གྱི་གཟུགས་ཅན་ནི་ཁམས་གསུམ་པ་མ་ལུས་པའི ་སངས་རྒྱས་ཀྱིས་གཟུགས་ཅི་ན་ཏེ། ན་མཁའ་ཆོས་འབྱུང་ཐུགས་རྡོ་རྗེ་རབ་ཏུ་བཞག་ནས། བསྙེན་པའི་དུས་སྟེ་དང་པོར་སོ་སོར་བདུད་པས་བསྒོམ་པར་བྱ་ཞིང་། བསམ་གཏན་གྱིས་ཡན་ལག་བསྟན་པར་བྱའོ།། འདིར་བཅོམ་ལྡན་འདས་ཀྱིས ་དམ་བཅའ་བ་ནི། བསམ་པ་ཐམས་ཅད་ཡོངས་སྤངས་ནས།། ཉི་མ་གཅིག་ནི་ཡོངསུ་བརྟག། གལ་ཏེ་ཡིད་ཆེས་མ་གྱུར་ན།། དེ་ཚེ་ང་ཡི་ཚིག་དེ་བརྫུན།། ཞེས་གསུངས་ཏེ། དེ་ལ་ཡིད་ཆེས་པ་ནི་དུ་མ་ལ་སོགས་པའི་མཚན་མ་སྟེ།། ་གང་དེ་ལྟ་བུའི་རིམ་པས་ཡིད་དགའ་བའི་རིན་ཆེན་སངས་རྒྱས་ཀྱི་གཟུགས་ཅན་ཡང་དག་པར་རིག་པར་འགྱུར་བས། དེ་ཡིས་ཆོས་ཀྱིས་རང་བཞིན་དག་ནི་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱིས་རང་བཞིན་ཤེས་པ་གང ་ཡིན་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་བཞིན་ཁོངས་སུ་ཆུད་པའོ།། གཞན་ལ་བསྟན་དུ་ཟིན་ཀྱང་མི་ཤེས་ཞེས་པ་ལས། གཞན་གྱིས་དབང་པོ་གཉིས་ཀྱིས་བདེ་བ་ལ་མངོན་པར་ཞེན་པའོ།། མི་ཤེས་ཞེས་པ་ནི་བསྟན་དུ་ཟིན་ཀྱང་མི ་ཤེས་ཞེས་པའི་དོན་ཏོ།། དེ་ཉིད་རྣམ་པ་གཞན་གྱིས་གསུངས་པ། རླུང་གིས་བཞོན་པ་ཉིད་ཀྱིས་སྣང་བ་གསུམ་གྱིས་ངོ་བོ་ཉིད་ཀྱིས་ཕྱིར་རང་བཞིན་བརྒྱ་དྲུག་ཅུའི་ངོ་བོ་དབང་པོ་གཉིས་ཀྱི་སྒོ་ནས་མཐོན་ཏེ་ཡུལ་རྣམས་ལ་དམིགས ་པར་བྱེད།། ལམ་འགྲོ་ཞེས་པ་ལ་སོགས་པཱ་ལ། འཁོར་བའི་ལམ་དུ་འགྲོ་བ་རྣམ་པར་ཤེས་པའི་ཁམས།། ཡིད་ནི་ལྷན་ཅིག་སྐྱེས་ལུས་ཏེ།། གང་གིས་དེ་བྱེད་བྱེད་ན་རྣལ་འབྱོར་གྱིས་དབང་པོ་འདི་སྦྱོར་བ་ཡན་ལག་དྲུག་གིས་ཟླ་བ་དང་ཉི་མ ་འགོག་པས་སྲོག་བསྟན་པར་བྱེད་ཅིང་འཆིང་བའོ།། སྲིད་གསུམ་མཐའ་དག་སྤྲོ་ཞིང་བྱ་བ་ལ་སོགས་པ་ལ། སྲིད་པ་གསུམ་མཐའ་དག་སྤྲོ་ཞིང་བྱ་བ་ལ་སོགས་པ་ལ། སྲིད་པ་གསུམ་ནི་སྐྲ་དང་གསུང་དང་ཐུགས་ཀྱི་འཁོར་ལོའོ།། ་མཐའ་དག་ནི་བ་སྤུའི་བུ་ག་སོ་སོའི་མཐར་ཐུག་པའོ།། གཉིད་སད་པའི་གནས་སྐབས་སུ་དགའ་བ་ལ་སོགས་པའི་དབྱེ་བས་བྱང་ཆུབ་ཀྱི་སེམས་སྤྲོས་ནས་སླར་ཡང་སྟེང་དུ་བགྲོད་པས་ཟད་ཅི་རྒྱུ་མཐུན་པ་ལ་སོགས་པའི་དབྱེ་བས་ཨ་ཝ ་དྷཱུ་ཏི་དེར་སྡུད་པ་སྟེ། ན་ད་དང་ཐིག་ལེ་དང་ཆ་ལས་འདས་པའི་ཐམས་ཅད་སྟོང་པའི་ཁམས་ལ་རབ་ཏུ་བཅུག་སྟེ། དེས་རྡོ་རྗེ་འཆང་ཆེན་པོ་ཉིད་སྔོན་དུ་བྱེད་ཅེས་པའི་དོན་ཏོ།། དེ་ཉིད་ཀྱིས་ཕྱིར་དེ་བཞིན་གཤེགས་དང་ཤེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། མཁའ་འགྲོའི་ཚོགས་ལ་སྲེད་པ་ཅི་ཞིག་བྱེད་དེ། དཀྱིལ་འཁོར་གྱི་འཁོར་ལོ་ལས་རྣམ་པར་གྲོལ་བ་ལྷན་ཅིག་སྐྱེས་པོའི་སྐད་ཅིག་མ་གནསོ་ཞེས་བྱ་བའི་དགོངས ་པ་འདི་ཡིན་ཏེ། ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་དང་། ངག་དང་ཡིད་རྣམས་དང་དཀྱིལ་འཁོར་གྱི་ལྷ་རྣམས། གལ་ཏེ་བདེ་བ་ཆེན་པོའི་མན་ངག་གིས་རོ་མཉམ་པའི་ངོ་བོར་གྱུར་ན་དེ་ཉིད་དཀྱིལ་འཁོར་ཆེན་པོ་སྟེ། དེ་ལྔས་ཐ་དད་པའི ་དཀྱིལ་འཁོར་གཞན་ཡོང་པོ་མ་ཡིན་ནོ།། དེ་ལྟར་ཡང་། དཔལ་གསང་བ་ཐིག་ལེའི་རྒྱུད་ལས། ཡན་ལག་ཀུན་བསྒོམ་ལས་འདས་ཤིང་།། རྟོག་དང་རྟོགས་བྱེད་རྣམ་པར་སྦྱངས།། གུག་སྐྱེད་ཐིག་ལེ་ཡང་དག་འདས།། འདི་ནི་དཀྱིལ་འཁོར ་ཞེས་བརྗོད་དོ།། ཞེས་སོ།། ཡང་དེ་ཉིད་རྣམ་པ་གཞན་གྱི་སྒོ་ནས་དཀྱིལ་འཁོར་དུ་བསྟན་པ་ནི། ལྷན་ཅིག་སྐྱེས་གཡོ་མེད་ཅེས་པ་སོགས་གཉུག་མའི་ཡིད་ཀྱི་ཆགས་པའི་རྡོ་རྗེའི་ཡན་ལོག་གོ།། དེའི་དུས་ཉིད་གྲུབ་པར་འགྱུར་ཞེས་བྱ་བ་ལ ་སོགས་པ་ལ། གྲུབ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ། དེ་ཡང་རྡོ་རྗེ་འཆང་ཉིད་ཐོབ་པ་སྟེ། དེའི་སྐད་ཅིག་མ་དུ་མ་ཉིད་ཀྱིས་སོ།། དེ་སྐད་དུ་དཔལ་སྡོམ་པར། མཐོ་རིས་མི་ལུས་ས་འོག་རྣམས།། སྐད་ཅིག་གིས་ནི་སྒྱུ་ཅིག ་འགྱུར།། ། རང་གཞན་རིག་པའི་ཚོར་བ་ཡིས།། སྐད་ཅིག་ཏུ་ནི་གནོད་མི་འགྱུར།། ཞེས་གསུང་སོ།། དེ་ཉིད་ཀྱི་ཕྱིར་རྒ་དང་འཆི་བའི་འཇིགས་པ་མེད་ཅེས་གསུངས།། ཕྱག་རྒྱ་ཆེན་པོའི་རང་བཞིན་བསྟན་པའི་ཕྱིར་མི་གཡོ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། མི་གཡོ་བ་ནི་ཉམས་པ་མེད་པའི་ཕྱིར་རོ།། རྣམ་པར་རྟོགས་པ་མེད་པ་ནི་ཉམས་སུ་མྱོང་བ་དང་རོ་གཅིག་པ་ཉིད་ཀྱིས་འདི་དང་དེ་ཞེས་པའི་རྣམ་པར་རྟོགས་པ་དང་བྲལ་བའི་ཕྱིར་རོ།། འགྱུར་བ་ནི་འདོད་ཆགས་དང་བྲལ ་བ་དག་སྟེ། དེ་དག་དང་བྲལ་བའི་ཕྱིར་འགྱུར་བ་མེད་པའོ།། སྐྱེ་འཇིག་དང་བྲལ་བ་ནི། ཉི་མ་དང་ཟླ་བ་དག་བཀག་པའི་ཕྱིརརོ།། ཤིན་ཏུ་མཛེས་པ་ནི་བདེ་བ་ཆེན་པོ་ཉིད་ཀྱི་ཕྱིརརོ།། སྙིང་པོ་ནི། འོད་གསལ་བའི་ཕྱིར། འདི་ནི་འདི་རུ་མྱ་ངན་འདས་པར ་གསུངས། ཞེས་བྱ་བ་ལ་སོགས་པ་ལ། དེའི་ཕྱིར་ན་དེ་མྱ་ངནི་ལས་འདས་པར་རློམ་པ། མྱ་ངན་ལས་འདས་པའི་སྒྲས་མངོན་པར་བརྗོད་པ་རང་བཞིན་གྱི་མྱ་ངན་ལས་འདས་པ་ནི་མ་ཡིན་སྟེ། རབ་ཏུ་མི་གནས་པའི་མྱ་ངན་ལོས་འདས་པ ་ཡིན་པའི་ཕྱིར་རོ།། དེ་ལ་ཁྱད་པར་ཇི་ལྟ་བུ་ཞེ་ན། གང་ལ་སེམས་དང་སེམས་ལས་བྱུང་བ་མེད། ཅེས་གསུངས་ཏེ། གང་ལ་ཇི་སྲིད་རྣམ་པ་གསུམ་སྟེ། སེམས་ཀྱིས་རང་བཞིན་བརྒྱ་དྲུག་ཅུ་པོ་རྣམས་སོ།། སེམས་དེ་རྣམས་ཀྱང་ཅི་ཡང་མི་བྱེད་དེ། ་དེ་ལྟ་བུའི་ཀུན་ཏུ་རྟོགས་པ་ཅི་ཡང་མི་ཤེས་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་ཨེ་ཝཾ་ཡི་གེ་ཞེས་བྱ་བ་ལ་སོན་པ་གསུང་ཏེ། དེའི་དོན་ནི་འདི་ཡིན་ཏེ། ལྷའི་དབང་པོས་ཞུས་པ་ལས་ཨེ་ནི་སྟོང་པའི་རང་བཞིན་ཏེ། ཝཾ་ནི་ཐུགས་རྦྦ་ཆེན་པོར་བརྗོད།། ཐིག ་ལེ་གཉིས་མེད་སྦྱོར་བ་ཡིས།། འདི་ཡི་ཟུང་འཇུག་དྲན་པར་བྱ།། ཨེ་ནི་མི་རུ་བརྗོད་པ་སྟེ།། ཝཾ་ནི་ཕཱ་རུ་ཤེས་པར་བྱ།། ཊཱི་ག་ལེ་གཉིས་མེད་སྦྱོར་བར་འགྱུར།། སྦྱོར་དེ་ཤིན་ཏུ་རྨད་འབྱུང་།། ཨེ་ནི་པདྨ་ཉིད་དུ་གསུངས།། ཝཾ་ནི་རྡོ་རྗེའི་རང་བཞི་ནོ།། ་དེ་ལས་ཐིག་ལེ་ས་བོན་འགྱུར།། དེ་ལས་སྲིད་གསུམ་ཡང་དག་འབྱུང་།། ཨེ་ནི་ཤེས་རབ་ཉིད་དུ་འགྱུར།། ཝཾ་ནི་ཐབསུ་ཡང་དག་པོ་རྗོད།། ཐིག་ལེ་དེ་ཉིད་མི་ཤིགས་པའོ།། དེ་ལས་ཡི་གི་མ་ལུས་འབྱུང་།། གང་གིས་ཆོས་ཀྱི་ཕྱག ་རྒྱུ་ཡིས་ཡི་གེ་གཉིས་ཀྱིས་དེ་ཉིད་ཤེས།། དེ་ཡི་སེམས་ཅན་ཐམས་ཅད་ལྔ།། ཆོས་ཀྱི་འཁོར་ལོ་རབ་བསྐོར་འགྱུར།། འགྲོ་བ་གང་གིས་ཡི་གེ་གཉིས།། དེ་ཉིད་མི་ཤེས་རྟག་ཏུ་འདོན།། སངས་རྒྱས་ཆོས་དང་སྤྱིར་འབྱུང་སྟེ།། ཕྱུག་པོ ་ལོངས་སྤྱོད་སྤང་བཞིན་ནོ།། ཞེས་གསུང་སོ།། འདིར་དེ་ལྟ་བུའི་ཨེ་ཝཾ་གྱི་ཡི་གེ་ཤེས་པ་ནི་རྟོགས་པ་སྟེ། གང་གིས་མངོན་དུ་བྱས་པ་དེ་ཡིས་སངས་རྒྱས་རྟོགས་པའོ།། མཐའ་དག་ནི་ཨེ་ཝཾ་གྱི་ཡི་གེ་ཐམས་ཅད་མ་ལུས་པ་སྟེ། དེ་ཉིད ་སྣ་ཚོགས་གཅིག་གིས་ངོ་བོ་ཉིད་ཀྱི་ཕྱིར་རོ།། དེ་ཅི་ལྟར་གྱུར་པ་ཡིན་ཞེ་ན། ཀྱེ་ཧོ་ང་ཉིད་ཆོས་ཀྱི་ཟ་མ་ཏོག། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་རྣམས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམསོ།། ཀྱེ་ཧོ་ཞེས་པ་ནི ་བོང་པའི་ཚིག་གོ།། དེ་ནི་གཉུག་མའི་བདག་པོའི་ཆ་ལུགས་སོ།། ཞེས་པ་ལ་གཉུག་མའི་བདག་པོ་ནི་ཐུགས་རྡོ་རྗེའོ།། ཆ་ལུགས་ནི་བརྒྱན་ནོ།། དེས་མཁྱུད་པས་དེ་ཉིད་གསལ་བར་འབྱུང་བའི་ཕྱིར་རོ།། ཡང་དེ་ཉིད་ཀྱི་བསྒྲུབ་ཐབ། ་མདོར་བསྟན་པ། གལ་ཏེ་རླུང་ནི་འགྲོ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་འགྲོ་བའི་སྒོ་ནི་སྟེང་དང་འོག་གོ།། ང་ལ་བསྟན་ཞིང་མི་ཕྱེད་པའི་སྒོ་ལྕགས་ཏེ་རླུང་ཁ་སྦྱོར་དུ་བྱེད་པས་ཟླ་བ་དང་ཉི་མོ་དང་མེ་འགོག་པ་བྱེད་ཅིང་བསྒྲུབ་ས་། ་འདིས་ནི་ལུས་བཅིང་བའོ།། གལ་ཏེ་ནང་གིས་མུན་པ་ནག་པོ་ལ། ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དེར་མུན་པ་མི་བཟད་པ་ལ། རླུང་བུམ་པ་ཅན་གྱི་ངོ་བོ་གཡོ་བ་མེད་པའི་ཏིང་ངེ་འཛིན་གྱིས་ཡིད་གཞོམ་དུ་མེད་པའི་སྒྲ། ཆོས་ཀྱི་དབྱིངས་དེ ་ཉིད་ནི། བདེ་བ་ཆེན་པོ་གསལ་བར་བྱེད་པའི་ཕྱིར་མར་མེའོ།། དེ་ཡང་དུ་མ~ཾ་ལ་སོགས་པའི་མཚན་མས་བསྒྲུབ་པར་བྱའོ།། དེ་ལྟར་ཡང་དཔལ་འདུས་པར། འགོག་པ་རྡོ་རྗེ་བགྲོད་སེམས་ལ།། མཚན་མ་ཉེར་འཛིན་འབྱུང་འགྱུར་ཏེ།། ཞེས་གསུངས ་ཏེ་འདིས་ངག་བཅིང་བའོ།། རྒྱལ་པོ་རིན་ཆེན་ཞེས་པ་ལ་སོགས་པ་ལ། རྒྱལ་བ་རིན་ཆེན་ནི་གཞོམ་དུ་མང་པོ་དེ་ཉིད་དོ།། སྟེང་དུ་ཞེས་པ་ནི་གང་གིས་ཚེ་བརྟེན་དུ་གྱུར་པ་དྲུག་པ་ཡེ་ཤེས་ཀྱིས་དཀྱིལ་འཁོར་གྱི་ཐིག་ལེ་ལ་རེག་ཅིང་དེ་ལ་འཁྱུད་པའོ།། ་དེ་སྐད་དྲུག་པ་རྡོ་རྗེ་མི་རྣམས་ཀྱི།། ནོར་བུ་རྒྱལ་རྣམས་སྤྱི་བོར་གནས།། ཆར་རྒྱུན་འབབ་པ་དག་ཏུ་དྲན།། ཡང་གསུངས་པ། ན་ད་ཐིག་ལེ་ཡང་དག་ལྡན།། གང་ཚོ་རྣམ་ཀུན་འགྱུར་བ་ན།། དེ་ཚེ་འབྲས་བུ་ཞེས་བརྗོད་པར།། རྣལ་འབྱོར་ལྡན་པ་མཆོག ་རྣམས་སྒྲ།། ཞེས་སོ།། དེས་ཅིར་འགྱུར་ཞེ་ན། ནག་པོ་ན་རེ་ཞེས་གསུངས་ཏེ། ནག་པོ་རྡོ་རྗེ་ན་རེ་སྲིད་པའི་ལོངས་སྤྱོད་ཤེས་རབ་ཀྱི་བདེ་བ་ཉིད་ཉམསུ་མྱོང་བས་འདོད་ཆགས་དང་བྲལ་བའི་སྡུག་བསྔལ་ཐམས་ཅད་ལས་ལོག་པའི་ཕྱིར། མྱ་ངན་ལས ་འདས་པའི་གོ་འཕྱང་ཆེན་པོ་དངོས་སུ་གྲུབ་པར་འགྱུར་རོ་ཞེས་སྨྲསོ།། དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ལས། དབུ་མར་སྲོག་ནི་རབ་བཞུགས་ཉི་མ་དང་བཅས་རི་བོང་ཅན་གྱིས་བགྲོད་པ་གཡས་དང་གཡོན་ལ་བཅིང་།། ཕྱག་རྒྱ་རབ་ཏུ་འགྲོགས ་ལ་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བླང་བ་ཡང་།། པདྨར་རྡོ་རྗེའི་སྒྲའམ་རང་གིས་ལག་པའི་ཆུ་སྐྱེས་དག་གིས་གསོར་བ་བདེ་བའི་སླད་དུ་སྟེ།། ས་བོན་སྟོང་པ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་འདི་ནི་དཔལ་ལྡན ་བླ་མའི་ཞལ།། ཞེས་གསུངསོ།། སེམས་བཅིངས་པ་ཉིད་ཀྱིས་ཐམས་ཅད་འགྲུབ་པོ་སྙམ་དགོངས་ནས། སེམས་མི་གཡོ་བ་ཉིད་གསུངས་པ། གང་གིས་ཡིད་ནི་མི་གཡོ་བྱས་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱོར་བ་ཡན་ལག་དྲུག་ལ་སོགས་པས ་རྡོ་རྗེ་ཆུ་སྐྱེས་སྦྱོར་བ་བསྒྲུབ་སེམས་མི་གཡོ་བར་བྱས་པའོ།། དེ་གང་དུ་ཞེས་ན། དེ་ནི་ཆོས་ཀྱིས་ཡི་གེའི་ངོས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་ཡི་གེ་ནི་གཞོམ་དུ་མེད་པ་བདག་མེད་པའི་ས་བོན་ཏེ། དེའི་ངོས་སུ་ན་དེ་ལ་ཞེས་བྱ་བའི་དོན་ཏོ།། ། ་དེ་ཅིར་འགྱུར་ཞེ་ན། སྐད་ཅིག་དེ་ལ་རླུང་ནི་འཆིང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་ནི་སྲོག་གི་རླུང་སྟེ། སྐད་ཅིག་ལ་འཆིང་བར་འགྱུར་རོ།། གཞན་ཅིར་འགྱུར་ཞེ་ན། དེ་ཚེ་ཡུལ་རྣམས་ལ་ཡང་ཆགས་མེད་འགྱུར། ཞེས་གསུངས ་ཏེ། ཡུལ་རྣམས་ནི་གཟུགས་ལ་སོགས་པ་རྣམས་སོ།། ཉེ་བར་ལོངས་སྤྱོད་ཀྱང་མངོན་པར་ཞེན་པ་མེད་པས་འཁོར་བའི་འཆིང་བ་ལས་གྲོལ་ཞེས་བྱ་བའི་དོན་ཏོ།། ཆོས་ཀྱི་ཡི་གེ་དེ་གང་དུ་གནས་ཞེ་ན། མཆོག་དང་ཁྱུད ་དགའ་དག་གི་ཞེས་བྱ་བྱ་ལ་སོགས་པ་གསུངས་ཏེ། མཆོག་དང་ཁྱད་དགའ་དག་ནི་ཟླ་བ་དོང་ཉི་མ་སྟེ། ཆགས་པ་དང་ཆགས་བྲལ་དག་གོ།། དེ་གཉིས་ཀྱིས་དབུས་སུ་ལྟོ་བར་བྱ་སྟེ། དེ་ལ་ཆོས་ཡི་གེ་དེ་སྐད་བཤད་པའི་མཚན་ཉིད་ཅན་དེ ་ངག་གི་དབུས་སུ་མཽ་ཚོན་པར་བྱའོ།། གལ་ཏེ་འདི་འདྲའི་གང་མ་ངག་གསལ་གྲུབ་ན། ཞེས་བྱ་བ་ལ་སོགས་པ་ལས། འདི་འདྲ་བའི་སྔགས་ཀྱི་ཚུལ་གྱིས་མན་ངག་གི་གལ་ཏེ་གསལ་བར་འདི་ཐམས་ཅད་གྲུབ་ཅིང་རྫོགས་པར་གྱུར་ན།། ་དེའི་ཚེ་རླུང་ཁྱིམ་བདག་མོ་སྔར་བཤད་པའི་མཚན་ཉིད་ཅན་ངེས་པར་འཆིང་བར་འགྱུར་ཏེ། གཡེང་བ་མེད་པར་འགྱུར་ཞེས་བྱ་བའི་དོན་ཏོ།། འདིར་སྲོག་བཅིངས་པས་གཡོ་བ་མེད་པར་གྱུར་པ་དེར་ཆོས་ཀྱི་ཡི་གེ་བདེ་བ་ཆེན་པོ་རྡོ ་རྗེའོ།། གཟུགས་ཇི་ལྟ་བུས་གང་དུ་གནས་ཞེ་ན། རི་བོ་མཆོག་གི་རྩེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་གི་རིན་པོ་ཆེའི་རི་བོ་སྟེ། དེ་ཉིད་སྔར་བཤད་པའི་རི་བོའོ།། དེའི་ཟོམ་ནཱི་རྩེ་མོ་དགུ་དང་མི་དགུ་པ་དང་བཅས་པའི་གཟུགས ་མཐའ་དག་གི་བདེ་བ་ཆེན་པོ་གཞི་ཡིན་པའི་ཕྱིར་ཏེ། ཡན་ལག་མཆོག་གིས་ཐང་ཆེན་མོའོ།། རི་ཁྲོད་མའི་ས་དེར་གནས་བྱས་ལ་ཞེས་པ་ནི་རི་ཁྲོད་མ་དེ་ལྟ་བུ་ངོ་བོས་གང་དུ་ཆོས་ཀྱི་ཡི་གེ་ཡེ་ཤེས་བཅོམ་ལྡན་འདས་ཀྱི་གནས་སུ ་བྱས་པ་དེར་གནས་པའོ།། ཁྱད་པར་ཇི་ལྟ་བུ་ཞེ་ན། སེངྒེ་ཡིས་ཀྱང་མཆོང་བར་མི་ནུས་ཞེས་པ་ལ་སོགས་པ་སྟེ།། མཆོང་བར་མི་ནུས་ན་ནི་གཞོམ་པར་མི་ནུས་པའོ།། གང་གིས་ཞེས་ན་སེངྒེས་ཏེ། གདོང་ལྔ་ནི་དཀྱིལ་འཁོར་ལྔའི་སྒོ་རྣམས་ཏེ། ་དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱིས་ཕྱིར་རོ།། མིག་ལྡན་མཆོག་གི་རེ་བ་རིང་དུ་འགྱུར། ཞེས་པ་ལ་སོགས་པ་ལ་གླང་པོ་ཆེ་ནི་ཕྱུགས་ཏེ། ཟླ་བ་དང་ཉི་མ་དག་གོ།། དེ་དག་གི་མཆོད་པའི་རེ་བ་རིང་དུ་གྱུར་པའོ།། དེ་སྐད་དུ་ཟླ་ཉི ་ངག་ནི་ཕྱུགས་ཆེ་ནོ།། ཞེས་སོ།། འདིའི་དགོངས་པ་ནི་ཟླ་བོ་དང་ཉི་མའི་དཀྱིལ་འཁོར་འབབ་པའི་རླུང་ལ་ཞོན་པའི་རྣམ་པར་ཤེས་པའི་ཁམས་ཀྱིས་དུས་ཐམས་ཅད་ལ་གནས་པའི་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་མི་རྟོག་ཞེས་པའོ།། དེ་ལྟར ་ལས་སྐྱེས་པ་ལུས་ལ་ངེས་པ་གང་དུ་གནས་ཞེ་ན། འདི་ནི་མཆོག་གི་རི་བོར་བདག་གིས་བསྟན།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནག་པོ་རྡོ་རྗེ་བདག་གིས་འདི་ནི་མཆོག་གི་རི་བོར་བསྟན་ཏེ། གྲུབ་ཐོབ་གཞན་གྱིས་མ་བཤད། གཞན་གྱིས ་བརྗོད་པོར་མི་ནུས་ཞེས་དགོངས་པའོ།། འདི་ཉིད་བདེ་བ་ཆེན་པོའི་གནས་ཡིན་ཞེས་བྱ་བ་ལ་སོགས་པ་ལས། དོན་དམ་པའི་སྒོ་ནས་དེ་ཉིད་བདེ་བ་ཆེན་པོའི་གནས་སྔར་བཤད་པའི་ཐང་ཡངས་པའོ།། ལྷན་ཅིག་སྐྱེས་པའི་སྐད་ཅིག་འདི་རུ་ལྟོས།། ཞེས ་བྱ་བ་ལ་སོགས་པ་ལ། འདི་ཉིད་སྟེ་ལྷན་ཅིག་སྐྱེས་པའི་སྐད་ཅིག་དེར་རོ།། རྡོ་རྗེ་འཛིན་ལ་སོགས་པ་ལས་གོམས་པ་ཉིད་དོ།། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་རྙེད་པར་དུའོ།། ཞེས་གསུངས་ཏེ། ས་བཅུ་གསུམ་གྱི་དབང་ཕྱུག་རྡོ་རྗེ་འཆང་གི་གོ ་འཕང་ཐོབ་ཀྱི་བར་དུའོ།། རྡོ་རྗེ་འཆང་དེ་ཅི་ལྟ་བུར་གྱུར་ཞེས་དགོངས་པ་ལ། འགྲོ་བ་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཐམས་ཅད ་གཟུགས་ཀྱི་ཕུང་པོའི་ཚུལ་གྱིས་འགྲོ་བའི་རྣམ་པའོ།། དེ་རྣམས་ཀྱི་སྐུ་དང་གསུང་དང་། ཐུགས་དང་ས་ལ་སོགས་པའི་ཁམས་ཀྱི་ངོ་བོ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སོ།། དེ་རྣམས་འདྲེས་པ་སྟེ། གཅིག་ཏུ་རོལ་པར་གྱུར་པ་འདོད ་ཆགས་ཆེན་པོས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕུན་སུམ་ཚོགས་པའི་མཚན་ཉིད་རྡོ་རྗེ་འཆང་གི་སྐུ་སྟེ། ཆུ་དང་འོ་མའི་ཚུལ་གྱིས་འདི་དག་རོ་མཉམ་པར་གྱུར་པ་ཞེས་དགོངས་པའོ།། དེ་ཉིད་རྡོ་རྗེ་འཆང་གི་སྐུ་སྟེ། སྐུ་དང ་གསུང་དང་ཐུགས་ལ་སོགས་པ་ཆུ་དང་རླབས་ཀྱི་ཚུལ་གྱིས་རྣམ་པར་འཕྲོ་བ་སྟེ། ཁམས་གསུམ་པའི་སྐུ་ཅན་ཞེས་པའི་དོན་ཏོ།། དེ་ཉིད་གསལ་བར་བསྟན་པའི་ཕྱིར།། ཀྱེ་ཧོ་དེ་ཉིད་བདེ་ཆེན་རྒྱལ་པོ་ཅིག་པུ་ཉིད། ཞེས་བྱ་བ་གསུངས ་ཏེ། དེ་ཉིད་ཅིག་པུ་བདེ་བ་ཆེན་པོའི་རྒྱལ་པོའི་རྡོ་རྗེ་འཛིན་པ་སྟེ། རྣམ་པ་སྣ་ཚོགས་པའི་སོ་སོར་སྣང་བས་རྣམ་པར་མཛེས་པའི་ཕྱིརཱི་ཞེས་པའི་བར་རོ།། དེ་ཉིད་ཕྱག་རྒྱ་ཆེན་པའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀྱི་ཡིས་ཀྱི་ཕྱག་རྒྱ་དང་ལ ་བས་མི་འགྲུབ་པོ་ཞེས་དགོངས་པ་ལ། སྔགས་དང་རྒྱུད་ནི་ཅིག་ཀྱང་མི་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅིག་ཀྱང་བྱ་བ་མ་ཡིན་ཏེ། སྔགས་ནི་སྔགས་ཀྱི་བཟླས་པའོ།། རྒྱུད་ནི་རྒྱུད་ཀློག་པ་སྟེ་ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། གཉུག་མའི ་ཁྱིམ་བདག་མོ་ཞེས་བྱ་བ་ལ་སོགས་པ་སྟེ། གཉུག་མའི་ཁམ་བདག་མོ་ཡེ་ཤེས་ཀྱི་ཕྱག་རྒྱ་རང་གིས་སེམས་ཀྱི་སྣང་བ། བླ་མ་དམ་པའི་མན་ངག་གིས་བླངས་ནས་རྣལ་འབྱོར་པས་ཡིད་དང་མཐུན་པའི་གནས་ཕྱག་རྒྱ་དེ་ལ་ལྷན་ཅིག་སྐྱེས་པའི ་རོལ་རྩེད་བྱའོ།། ཞེས་པའོ།། དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱ་ལས། སེམས་ཀྱི་སྣང་པོ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད།། གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བརྟན་པ་རྣོལ་འབྱོར ་དབང་པོས་བརྟེན་བྱ་སྟེ།། ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་བསྲེག་བྱེད་ཅིང་།། ལུས་ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣམ་པར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད།། ཅེས་གསུངས་ཏཽ།། ་བཅོམ་ལྡན་འདས་མ་དེ་ཉིད་ལ་ཞན་པའི་རྣལ་འབྱོར་པ་དེས་དེའི་ཚེ་སྔགས་དང་རྒྱུད་ལ་ཞེན་པ་ཐམས་ཅད་མི་བྱའོ།། དཔལ་ཀྱཻ་རྡོ་རྗེ་ཡང་། སྔགས་བཟླས་དཀའ་ཐུབ་སྦྱིན་སྲེག་མེད།། དཀྱིལ་འཁོར་པ་མེད་དཀྱིལ་འཁོར་མེད།། དེ་ཉིད་དཀའ་ཐུབ ་སྦྱིན་སྲེག་བཟླས།། དཀྱིལ་འཁོར་པ་དེ་དཀྱིལ་འཁོར་དེ།། ཞེས་གསུང་སོ།། གཉུག་མའི་ཁྱིམ་དུ་ཞེས་པ་ལ། གཉུག་མའི་ཁྱིམ་ན་ཐམས་ཅད་སྟོང་པ་ཉིད་ཨ་ཝ་དྷྲྀ་ཏིའི་གནསོ།། ཕྱག་རྒྱ་ཆེན་པོའི་རྒྱུད་ཀྱིས་ཁྱིམ་བདག་མོ་དཾ་ཛ་སྲིད་གནས ་པོར་མ་གྱུར་པ་ནི་ཐིམ་པར་མ་གྱུར་པའོ།། དེ་སྲིད་འདོད་ཡོན་ལྔ་སྟེ། རེ་ཞིག་མངོན་པར་བྱང་ཆུབ་པ་ལྔས་སེམས་ཅན་དུ་མའི་བསམ་པའི་དབྱེ་བས་ཞལ་དང་ཁ་དོག་དང་དབྱིབས་ཀྱིས་གནས་ཏེ། དེ་ལྟར་ཡང་དང་པོའི་སངས་རྒྱས་ལས། ལས ་ཀྱིས་ཕྱག་རྒྱའི་སྙོམས་འཇུག་དང་།། ཡེ་ཤེས་ཕྱག་རྒྱ་སོགས་དམིགས་དང་།། ཕྱག་རྒྱ་ཆེན་པོ་ཅིག་སྦྱོར་བས།། མི་འགྱུར་བ་དེ་འཕེལ་བར་འགྱུར།། ཞེས་དང་། ཀུན་ནས་ཕྱག་དང་ཞབས་ལ་སོགས།། ཀུན་ནས་དབུ་དང ་སྤྱན་དང་ཞལ།། ཀུནྡ་ཏུ་འཇིག་རྟེན་ཐོས་པར་ལྡན།། ཐམས་ཅད་ཁྱབ་པར་བྱས་ཏེ་བཞུགས།། ནསོ་གསུངས་སོ།། མཆོག་གི་ཕྱག་རྒྱ་དེ་ཉིད་ཀྱི་འབྲས་བུའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པོའི་གདོམ་དྲུག་ངེས་པར་བསྟན་ཅིང་། ཡང་དེ་ཉིད་བསྐྲུན ་པ་ནི། བཟླས་དང་གིན་སྲེག་དཀྱིལ་འཁོར་ལས་འདི་ཡིན།། ཞེས་གཽསུངསོ།། ཕྱི་རོལ་ཏུ་གྱུར་པའི་སྦྱིན་སྲེག་དང་། བཟླས་པ་དང་། དཀྱིལ་འཁོར་གྱིས་ལས་འོདིས་ཉི་མ་རེ་རེ་ཞིང་གནས་པས་ཅི་ཞིག་བྱ་སྟེ། ཡིད་གཡེང་བར་གྱུར་པ་ཀུདྷཱ་ཀྐི ་རི་རེའི་ངོ་བོ་ནི་འབྲས་བུ་མེད་ཅེས་བྱ་བའི་དོན་ཏོ།། ཅི་ལྟ་འདི་ཐམས་ཅད་དོན་མེད་པ་ཡིན་ཞེ་ན། གཞོན་ནུ་མ་རྟག་ཏུ་མཛའ་བ་དེ་མེད་ན། ཞེས་གསུངས་ཏེ། གཞོན་ནུ་མ་ནི་མཆོག་གི་ཕྱག་རྒྱ་སྟེ། དེ་ཉིད་རྟག་ཏུ་ཆགས་པའི་རང་བཞིན་ཉིད་ཀྱི་ཕྱིར ་བར་མེད་ཅིང་རྒྱུན་འཆད་པའི་དགའ་བ་ལ་སོགས་པའི་ས་ཀྱིས་རྗེ་སུ་ཆགས་པ་བསྐྱེད་པའི་མཛའ་བ་དེ་ཡིས་གཞོན་ནུ་མ་དང་བར་མེད་པར་མཛད་པའོ།། ལུས་འདི་ཡིས་ནི་བྱང་ཆུབ་ཇི་ལྟར་འགྲུབ་ཅེས་བྱ་བ་ལ། བྱང་ཆུབ་ནི་ཕྱག་རྒྱ ་ཆེན་པོའོ།། ཅི་ལྟར་འགྲུབ་ཅེས་བྱ་བ་ནི་སྔ་བཤད་པའི་ཨེ་ཝཾ་གྱི་ཡི་གེའི་ལུས་མེད་ན་མི་འགྲུབ་ཅེས་བྱ་བའི་དོན་ཏོ།། གང་གིས་རྟག་ཏུ་ལྷན་སྐྱེས་བདེ་རྟོགས་ན།། ཞེས་བྱ་བ་ལ། གང་གིས་རྟག་ཏུ་འཚོར་བའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ལྷན ་ཅིག་སྐྱེས་པའི་མཚན་ཉིད་ཀྱི་སྐད་ཅིག་རྟོགས་པ་སྟེ། ལྷག་མ་གོ་བླའོ།། གང་གིས་རིན་ཆེན་སེམས་ནི་བརྟན་བྱས་པ་ཞེས་བྱ་བ་ལ། གང་གིས་བསྟན་པར་བྱས་པ་ནི། རབ་ཏུ་གཏུམ་པའི་གཏུམ་མོའི་མེ་ཞུ་བར་བྱས་ཀྱང་བསྐྱོད་མི་ནུས་པའི་ཕྱིར་པ། གས ་བ་མེད་པའི་ཡིད་ཀྱིས་རིན་པོ་ཆེ་བྱང་ཆུབ་ཀྱི་སེམས་སོ།། ཅི་ལྟར་བྱས་ནས་ཞེས་ན། གཉུག་མའི་ཁྱིམ་བདག་མོ་བླངས་ནས་ཞེས་གསུངས་ཏེ། གཉུག་མོའི་ཁྱིམ་བདག་མོ་མཆོག་གི་ཕྱག་རྒྱ་དེ་ཉིད་ཨེ་ཝ~ཾ་གི་ཡི་གོ་བདེ་བ་ཆེན་པོའི་གནས ་སུའོ།། ཞེས་གསུངས་ཏེ། དེ་ཉིད་རྡོ་རྗེ་འཆང་མགོན་པོ་སྐུ་གསུང་ཐུགས་ཀྱི་མངའ་བདག་གོ།། དེ་ཉིད་ཅེས་པ་བོད་པའི་ཚིག་གོ།། མཆོག་གི་དོན་འདི་བདག་གིས་བརྗོད། ཅེས་བྱ་བ་ནི། ནག་པོ་རྡོ་རྗེ་བདག་གིས་མཆོག་གི་དོན་མ་བཅོས ་པའི་དོན་འདི་བརྗོད་ཞེས་པ་སྟེ། འདི་ལས་གཞན་པའི་དོན་མེང་ངོ་ཞེས་པའི་དོན་ཏོ།། དེ་ཉིད་དཔེ་བསྟན་པའི་ཕྱིར། ཛ་ལྷུར་ལན་ཚྭ་ཆུལ་ཞུ་བ་བཞིན།། ཞེས་གསུངས་ཏེ། ཛཾ་ལྟར་ལན་ཚྭ་ཆུལ་ཞུགས་པ་ཞུབ་དེ་བཞིན་དུ་ཁྱིམ་གྱི་བདག་མོའི ་གཟུགས་ཅན་མ་བཟུང་ནས། སེམས་དང་བྱང་ཆུབ་ཀྱི་སེམས་རོ་མཉམ་པ་ཉིད་དུ་འགྱུར་རོ།། དེ་ལྟར་ཡང་དཔལ་ཀྱེ་རྡོ་རྗེ་ལས། ཁུ་བའི་རྣམ་པ་བཅོམ་ལྡན་འདས།། དེ་ཡི་བདེ་བ་འདོད་པར་བརྗོད།། ཅེས་གསུངས་སོ།། ཁུ་བ་དང་བདེ་བ་དེ ་གཉིས་གང་ཡང་རྟེན་དང་རྟེན་པའི་ཚུལ་ཅོན་ཐམས་ཅད་སྟོང་པའི་རང་བཞིན་འགྱུར་བ་མེད་པའི་བདེ་བར་རོ་མཉམ་ཞིང་གཅིག་ཏུ་འདྲེས་པར་སྐད་ཅིག་དེ་ལ་འགྱུར་རོ།། དེ་ལྟར་ཡང་དཔལ་དང་པོའི་སངས་རྒྱས་ལས། བརྟན་དང ་བརྟེན་པའི་འབྲེལ་པ་དག། ཇི་སྲིད་འགྱུར་མེད་བར་དུ་འགྲོ།། སེམས་ཀྱིས་འགྱུར་མེང་ཉིད་ཐོབ་ན།། བརྟེན་དང་བརྟེན་པའི་མཚན་ཉིད་མེད།། ཅེས་གསུངས།། དེ་བཞིན་དུ་ཁ་སྦྱོར་ལས་ཀྱང་། སྣ་ཡི་བུ ་ག་གཉིས་སུ་རླུང་།། འཇུག་པ་བདེ་བའི་དུས་ཞེས་བརྗོད།། འབྱུང་བ་སྡུག་བསྔལ་ཞེསུ་འགྱུར།། དེ་དག་གཅིག་པར་རབ་ཏུ་བསྒྲགས།། གྲགས་མེད་གཅིག་པུར་འབྱུང་བ་ནི།། བསམ་གྱིས་མི་ཁྱབ་དུས་སུ་འགྱུར།། སྲོག་དང་རྩོལ་བས་རྣམས ་སྨན་ཞིང་།། འབྱུང་དང་འཇུག་པ་རྣམ་པར་སྤངས།། འགྲོ་དང་འོང་ལས་རྣམ་པར་གྲོལ།། དུས་གཅིག་ཏུ་ནི་བརྗོད་པར་བྱ།། ཆགས་པ་མ་ཡིན་ཆགས་བྲལ་མིན།། དབུ་མར་དམིགས་པར་མི་འགྱུརརོ།། ཆགས་པ་དང་ནི་ཆགས་བྲལ་དག ་གཉིས་པོ་འདྲེས་པ་གཞོམ་དུ་མེད།། ཇི་ལྟར་མར་ལ་མར་བཞག་ལྟར།། འདྲེས་པར་གྱུར་པ་རྙོག་པ་མེད།། དེ་བཞིན་ཆགས་དང་ཆགས་བྲལ་དག། གཅིག་པ་རོ་མཉམ་སྐད་ཅིག་གོ། ཞེས་གསུངས་སོ།། གང་གིས་དེ་དང་རྟག་ཏུ་མཉམ ་པར་གནས། ཞེས་བྱ་བ་གསུངས་ཏེ། གལ་ཏེ་དེ་ཉིད་ཕན་ཚུན་དུའོ།། རྟག་ཏུ་གནས་པ་ནི་རྒྱུན་མི་འཆད་པའོ།། གང་གིས་ཚེ་ཡང་འདི་ལྟར་འགྱུར་ཞེས་པའོ།། འདིའི་དོན་ནི། དེ་ལྟ་དེ་ལྟར་བསྟན་པའི་ཐབས་ཀྱིས། ཁུ་བ་དང་རྡུལ་གྱི་ངོ་དང་། དེད་བའི ་བོཔོ་དག་ཕན་ཚུན་རྒྱན་མི་ཆད་ཅིང་གཞན་མ་ཡིན་པ་ཁུ་བའི་རང་བཞིན་ཟླ་བའི་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུའོ།། རྡུལ་གྱི་རང་བཞིན་ཉི་མའི་སྣང་བ་སྤྲུལ་པའི་སྐུ་སྟེ་ནུབ་པར་གནས་པའོ།། བདེ་བའི་ངོ་བོ་ཉིད་དུ་གནས་པའི་ཁྱིམ་བདག ་དང་ལྷན་ཅིག་བྱང་ཆུབ་ཀྱི་སེམས་འདི་གཉིས་ཀའི་སྦྱོར་བས་གོང་བུར་གྱུར་ནས་སྐྱེ་བ་དང་འཇིག་པའི་རང་བཞིན་འཁོར་བའི་ལམ་ལས་འདས་ཏེ་རོ་མཉམ་པར་གྱུར་ནས་རྒྱུ་མཐུན་པའི་རང་བཞིན་དཔལ་ཧེ་རུ་ཀར་འགྱུར་རོ།། ་དེ་ལྟར་ཡང་དཔལ་ཁ་སྦྱོར་ལས། གང་ཚེ་མགྲིན་གནས་ཆགས་ཆེན་པོ།། ཟླ་བའི་ཚུལ་གྱིས་གནས་གྱུར་པ།། དེ་ཚེ་ལོངས་སྤྱོད་རྫོགས་སྐུར་བཤད་།། སངས་རྒྱས་རྣམས་ཀྱི་སྐུ་མཆོག་ཡིན།། གང་ཚེ་འདི་ནི་སྣ་རྩེ་དང་།། གང་ཚེརོ ་རྗེའི་རྩེ་མོར་གནས།། ཚེ་ལོངས་སྤྱོད་རྫོགས་པ་ཡི།། སྐུ་ཡང་ནུབ་པར་འགྱུར་བ་ཡིན།། འདི་ནི་བྷ་གའི་དབུས་སུ་གནས།། ཡུ་ངས་ཀར་ཞེས་ནི་རྣམ་པར་གྲགས།། ཉི་མའི་གཟུགས་སུ་ཡང་དག་བཤད།། སྤྲུལ་པའི་སྐུ་རུ་བརྗོད ་པབར་བྱ།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། དེ་ཡིས་སྤྲོ་ཞིང་བསྐྱེད་པར་བྱེད།། པད་མ་གར་གྱི་དབང་ཕྱུག་རྒྱ་ལ།། པད་མའི་གཙོ་བོ་ཞེས་སུ་བརྗོད།། ཅེས་གསུངས་སོ།། དྷོ་ཧ་མཛོད་ཀྱི་རྒྱ་ཆེར་བཤད་པ་བཱཎྜི་ཏི་དཔལ ་དཔག་མེད་རྡོ་རྗེས་མཛོད་འདི་རྫོགས་སོ།། ། འདི་ནི་སྙིགས་དུས་ཀྱི་འགྲོ་བ་མཐའ་ཡས་པའི་འདྲེན་པ་དམ་པ། རྒྱལ་བའི་དབང་པོ་ཀརྨ་པའི་སྤྲུལ་སྐུ་བདུན་པའི་ཞལ་མངའ ་བཀའི་བསྐུལ་བ་བཞིན། ས་སྐྱོང་བསྟན་པའི་སྦྱིན་བདག་ཆེན་པོ་དཔོན་ཆེན་རིན་ཆེན་རྣམ་རྒྱལ་དབང་པོའི་སྡེ་སྐུ་མཆེད་པས་བདག་རྐྱེན་སྥ་ར་ཏེ། ཞ་ལུ་ལོཙྪ་བ་དགེ་སློང་དྷརྨ་པཱ་ལ་བྷ་ཏྲ་ཞེས་བགྱི་བ་ས་ཆོས་གྲཱ་གྲཱ་ཐང་གངས ་ཙན་ཁྲོད་ཀྱི་བི་ཀྵ་མ་ཤཱི་ལའི་གཙུག་ལག་ཁང་དུ་རྔ་ཆེན་ཞེས་བྱ་བ་ལྕགས་པོ་ཁྱིའི་ལོའི་ཁྲུམས་ཀྱི་ཟླ་བའི་ཉེར་དྲུག་ལ་རྫོགས་པར་བསྒྱུར་ཅིང་དག་པར་བྱས་པའོ།། ་