| Wylie | e-texts produced with BDRC’s OCR application |
ན་མོ་གུ་རུ། ཀུན་ཁྱབ་ཀུན་ཡིན་མཚོན་དུ་གང་ཡང་མེད།། བསམ་དུ་མེད་ཅིང་དམིགས་པའི་ཡུལ་ལས་འདས།། མཐའ་དབུས་མེད་ཅིང་ཕྱོགས་རིས་ཀུན་དང་བྲལ།། ཡེ་ཡིན་ཡང་དག་དོན་ལ་ཕྱག་འཚལ་ལོ།། ་རྗེ་བྲམ་ཟེ་ཆེན་པོ་ས་ར་ཧའི་དགོངས་པ་མཐར་ཐུག་པ་ཕྱག་རྒྱ་ཆེན་པོའི་ཞུ་ལན། རྣལ་འབྱོར་རང་གི་རྗེས་འཛིན་བྱ་བ་དང་།། རྗེས་འཇུག་དང་ལྡན་རྣམས་ལ་ཕན་པའི་ཕྱིར།། བླ་མ་རྣམས་ཀྱི་གསུངས་པ་ཟབ་མོའི་དོན།། ལྷག་ཆད ་མེད་པར་ཡི་གེར་བཀོད་པར་བྱའོ།། དེ་ཡང་བྲམ་ཟེ་ཆེན་པོ་ས་ར་ཧ་པ་ལ། མངའ་བ་དག་རྒྱལ་སྲས་མེ་ཏྲི་པས་ཞུས་པ། ཕྱག་རྒྱ་ཆེན་པོ་ཀུན་ཁྱབ་ཡིན་གསུངས་པ་མཆིས་ན།། དེ་ལྟར་དུ་ལགས་སམ་ཞེས་ཞུས་པས། གོ་བཞིན་རྟོགས ་ན་ཡིན་གསུང་།། འོ་ན་ཕྱག་སྣང་བ། རྒྱུ་སྟོང་པ་ཆེན་པོ་ཟུང་དུ་འཇུག་པ་སྟེ། སྣང་སྟོང་ཟུག་དུ་འཇུག་པ་གཅིག་ཕྱག་རྒྱ་ཆེན་པོ་ཟེར་བ་ལགས་སོམ་ཞུས་པས། ས་ར་ཧ་པའི་ཞལ་ནས། དེ་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཡིན། ཕྱག་རྒྱ་ཆེན་པོ ་རང་དེ་མིན་གསུང་། ཡང་ཞུས་པ། འོ་ན་ཕྱག་བདེ་བ། རྒྱ་སྟོང་པ་ཆེན་པོ་ཟུང་དུ་འཇུག་པས་སྟེ། བདེ་སྤྱོང་ཟུང་དུ་འཇུག་པ་གཅིག་ལ་ཕྱག་རྒྱ་ཆེན་ཟེར་བ་ལགས་སམ་ནུས་པ། རྗེའི་ཞལ་ནས། དེ་ལས་ཀྱི་ཕྱག་རྒྱ་བྱ་བ་ཡིན། ཕྱག་རྒྱ་ཆེན་པོ ་རང་མིན་གསུངས། ཡང་ཞུས་པ། ཕྱག་གསལ་བ། རྒྱ་སྟོང་པ་ཆེན་པོ་ཟུང་དུ་འཇུག་པ་སྟེ། གསལ་སྟོང་ཟུང་དུ་འཇུག་པ་གཅིག་ལ་ཕྱག་རྒྱ་ཆེན་པོ་ཟེར་བ་ལགས་སམ་ཞུས་པས། རྗེའི་ཞལ་ནས། དེ་འོད་ཀྱི་ཕྱག་རྒྱ་བྱ་བ་ཡིན། ཕྱག་རྒྱ་ཆེན་པོ་རང ་མིན་གསུངས། ཡང་ཞུས་པ། འོ་ན་ཕྱག་རིག་པ། རྒྱ་སྟོང་པ། ཆེན་པོ་ཟུང་དུ་འཇུག་པ་སྟེ། རིག་སྟོང་ཟུང་དུ་འཇུག་པ་གཅིག་ལ་ཕྱག་རྒྱ་ཆེན་པོ་ཟེར་བ་ལགས་སམ་ཞུས་པས། རྗེའི་ཞལ་ནས། དེ་ཡིད་ཀྱི་ཕྱག་རྒྱ་བྱ་བ་ཡིན། ཕྱག་རྒྱ ་ཆེན་པོ་རང་མིན་གསུངས། དེ་ཀུན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ཆ་ཙམ་ཕྱོགས་རེ་ཙམ་ཡིན་གསུངས། ཕྱག་རྒྱ་ཆེན་པོ་རང་མིན་གསུངས། འོ་ནི་ཕྱག་རྒྱ་ཆེན་པོ་རང་ལགས་ཞུས་པས། ཞལ་ནས་ཕྱག་རྒྱ་ཆེན་པོ་བྱ་བ་ནི། གཞོ་ལམ་འབྲས་བུ ་གསུམ་གྱི་མ་ཕྱེ་བ། ལྷ་སྒོམ་སྤྱོད་འབྲས་བཞིའི་སྲངས་སུ་མ་བཅུག་པ། དབང་བཞིའི་དོན་དང་བྲལ་བ། གསལ་བ། སྟོང་པ། མི་རྟོགས་པ་གསུམ་ལ་མི་ལྟོས་པ། ཞི་གནས་དང་ལྷག་མཐོང་གི་ཚ་ལ་མ་བརྟེན་པ། སློབ་དཔོན་གྱིས་བསྟན་དུ་མེད ་པ། སློབ་མསཽ་གོ་རུ་མེང་པཱ། ཆོས་ཐམས་ཅད་ཡེ་ནས་ཡིན་པ་ཇི་བཞིན་དུ་གནས་བྱ་གཅིག་ལ་ཕྱག་རྒྱ་ཆེན་པོ་ཞེས་མིང་དུ་བཏག་པ་གཅིག་ལགས་གསུངས། ཡང་ཞུས་པ། འོ་ན་ཇི་ལྟར་བྱས་ན་གོ་ཞིང་རྟོག་པ་ལགས་ཞུས་པས། མེ་ཏྲི་པ ་ཞེས་བོས་ནས། ཡང་དག་པའི་ལམ་ལཱ་ས་དང་ལ་མ་མེད་ཀྱི། ལམ་དུ་འཇུག་འཇུག་པོ་དང་། ས་བགྲོད་བགྲོང་པོ་མྱ་ཐེ་བསྣ། སངས་རྒྱས་ལ་ཐོབ་རྒྱུ་མེད་ཀྱི་མ་རེ། འཁོར་བར་ལྟུང་སཱ་མེད་ཀྱི་མ་དགོས། ཆོས་ཉིད་ཀྱི་ངོ་བོ་ལྔ་ཐ་དད་མེད་ཀྱི་མ་དབྱེ། ་ཙམ་གྱི་ཞོག་ལ་ཁ་རོག་པར་ཚོགས་ཀྱི་སྡོང་། ཅོན་གྱིས་ཞོག། བློས་ཅི་ཡང་མ་བསམ། ཡིད་ཀྱི་ཅི་ཡང་མེ་བསྒོམ། དམིགས་པ་ཅི་ལ་ཡང་མ་གཏོང་། སེམས་ཅི་ལ་ཡང་མ་འཁྲི། ཡེ་ཇི་བཞིན་དུ་ཞོག། སྤྲོས་མེད། ཤིན་ཏུ་སྤྲོས་མེད། མ་ད་མིག། ་ཤིན་ཏུ་མ་དམིགས་པར་ཟློག་ཅིག། བཤད་པ་ཚིག་ཡིན། མཚོན་པ་ཡི་གེ་ཡིན། བསྟན་པ་བརྡ་ཡིན། བསྒོམ་ན་དོན་ནང་ནས་འཆར། ཡང་དག་པའི་དོན་ལ་ཅི་ཡང་མེད། ཅི་ནཱས་འདི་ཡིན་ང་བས་སངས་རྒྱས་ཀྱིས་ཀྱང་བསྟན་དུ་མ་བཏུབ་པཱདྨ ་གདའི་གསུངས་སོ།། ཡང་མཻ་ཏཱི་བ་ཞེས་བོས་ནས། འོན་ཀྱང་འདི་བཞིན་དུ་གྱིས་དང་། ཡང་དག་པའི་དབྱིངས་དཔེ་ཡིན། སེམས་དོན་ཡིན། རྟགས་ནི་དབང་པོ་སྒོ་ལྔ་ལ་འཆར། མི་གསལ་ན་དབང་པོ་རྟ་ལ་སྐྱོན། མ་བདེན་ཉི་དགའི་འགག་ལ་ལྟོས ་མ་གོ་ན་གོ་བྱེད་ཀྱི་མཁན་པོ་བསྒྱུར་ལྔ་ཐོང་གསུངས། དེ་ལ་གཞན་མི་བདོག་གམ་ཞུས་པས། དཔེ་ལ་དོན་གྱི་ལྟེ་བའི་དུས་སུ། རྟགས་མིག་གི་དབང་པོ་ལ་འཆར་བ་ཡིན། ལྟ་སྟངས་ཀྱི་དུས་སུ། ཁོང་འཕྲོག་དང་ཐེ་ཚོམ་མ་ཟ། ཉམས་མྱོང ་གི་དུས་སུ་བསམ་གཏན་ཚྭ་དང་ཞི་གནས་དང་། ཡིན་མིན་མཐའ་བྲལ་དུ་གནས་པ་དེ་ལ་ཕྱག་རྒྱ་ཆེན་པོ་ཕྱག་རྒྱ་ཆེན་པོ་གསུམ་གྱི་དྲོད་ཚད་ངོ་ཤེས་པར་གྱིས། ཐ་མལ་གྱི་ཤེས་པ་ཡིན་པར་སྒྲོལ་གསུང་། ཡང་འདི་བཞིན་དུ་ཞོག ་སྒོམ་མེད་དུ་ཁྲེས། རྩོལ་མེད་དུ་ཤིག་གི། བསམྦྷ་མེད་དུ་བབས་སོ། རྟོག་མེད་དུ་ལྷན་ནེ། འཛིན་མང་དུ་ཧད་དོ། ཛྙཱན་མེད་དུ་ཆལ་ལེ། ལྟོས་མེད་དུ་ཆམ་མེར་ཞོག་གསུངས། རྩོལ་མེང་དུ་ཉམས་སུ་ལེན་པ་ལ་གཞན་གྱི་གེགས་མི་ཡོད། ་སྒོམ་མི་ནུས་པ་རྡོ་རྗེ་འཆང་གི་སེལ་མི་ནུས། མི་བསིལ་བའི་གེགས་དང་གཅིག། ཉེ་དྲགས་ནས་ངོ་མ་ཤེས་པའི་སྐྱོན་དང་གཉིས། ཟབ་དྲགས་པས་ངོས་མ་ཟིན་པའི་སྐྱོན་དང་གསུམ། སླ་དྲགས་པས་ཡིད་མཆིས་པའི་སྐྱོན་དང་གཞི ་བཟང་དྲགས་པས་བློར་མ་ཤོང་བའི་སྐྱོན་དང་ལྔའོ།། ལར་ཆོས་མ་ཤེས་ནས་བསྔགས་པ་མིན། མི་བྱེད་པར་བསྔགས་པ་ཡིན། གདམས་ངག་མེད་ནས་བསྔགས་པ་མིན། བསྒོམ་མ་ནུས ་ནས་བསྔགས་པ་མིན། ཚོགས་བསགས་རྒྱུ་མེད་ནས་བསྔགས་པ་མི་ནཽ། མི་བསོག་ནས་བསྔགས་པ་ཡིན། བྲམ་ཟེ་ཆེན་པོ་ས་ར་ཧ་པ~ཾ་དང་། མངའ་བདག་མཻ་ཏྲི་པའི་ཕྱག་རྒྱ་ཆེན་པོའི་ཞུ་ལེན།། ་སརྦ་མངྒ་ལཾ།། ་