| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ས་མ་ཡ་པཉྩ་ཤི་ཀཱ། བོད་སྐད་དུ། དམ་ཚིག་ལྔ་བཅུ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཐུགས་བརྩེར་བཅས་ལ་ཕྱག་འཚལ་ཏེ།། ཡང་དག་བདེ་བས་མཐའ ་ངག་དངོས་གྲུབ་གཏེར་ནི་སྒྲུབ་བྱེད་པ།། དཔལ་ལྡན་གསང་བའི་རྒྱུད་མང་ལས་གསུངས་ཤིན་ཏུ་གསང་བ་ཡི།། ཚོགས་ཀྱི་འཁོ་ར་ལོའི་ཆོ་ག་བཟང་པོ་མདོར་བསྡུས་གསལ་བར་བྱ།། ཉིན་དང་མཚན་མོའམ་ཉིན་རེ་བཞིན་ནམ་ཡང ་ན་ནི། ཇི་ལྟར་ཐོབ་པའམ་དེ་བཞིན་ཡང་ན་ཚིགས་ཀྱི་ཉིན།། ཡང་ན་ཟླ་བ་སོ་སོར་འཁོར་ལོ་བྱ་བ་སྟེ།། ལོ་ལས་འདས་པར་གྱུར་ན་བགེགས་ནི་བྱེད་པ་ཉིད།། ཉེར་ཚེ་མེད་པའི་དུར་ཁྲོད་དང་ནི་དགོན་པའམ།། ཡང་ན་རྫིང་བུའི་འགྲམ་དང ་སྐྱེས་མོས་ཚལ་དག་དང་།། ཆུ་གཏེར་འགྲམ་དང་རི་བོ་ཡི་ནི་སུལ་དག་དང་།། ཕུག་བཟང་སོགས་སུ་འཁོར་ལོ་འབྲས་བུ་རབ་ཏུ་སྟེར།། དཔལ་ལྡན་ཡང་དག་རབ་སྦྱིན་ཐོབ།། ཆོ་ག་ཤེས་ཤིང་སྙིང་རྩེར་ལྡན།། འཇིག་རྟེན་ཚུལ་མ་ཆགས་ཤིང་།། ་ཚོགས་དང་སྒྲ་ལ་སོགས་པ་ཡངས།། སྙན་པར་སྨྲ་ཞིང་བཞིན་འཛུམ་ལྡན།། བཟོད་བཅས་དྲན་དང་བརྩོན་འགྲུས་ལྡན།། ཚོགས་ཀྱི་དཀྱིལ་འཁོར་འདྲེན་པ་རུང་།། དཔལ་ལྡན་རྡོ་རྗེ་སེམས་དཔས་གསུངས།། དེ་ཡ་དཀྱིལ་འཁོར་པ་རྣམས ་ཀྱང་། སྐལ་པར་ལྡན་ཞིང་ཆགས་སོགས་སྤངས།། དབང་བསྐུར་ཐོབ་ཅིང་བློ་གྲོས་དང་།། བཟོད་བརྩོན་དྲན་དང་སྙིང་བརྩེར་ལྡན།། རྒན་རིགས་བཞིན་དུ་འདུག་པར་འདོད།། དམ་ཚིག་སྤྱོད་པའི་སྤྱོད་པ་ལྡན།། དབང་མ་ཐོབ་པས་མི་རིགས་པར།། ་དེར་ནི་སྒྲུབ་བོས་འཁོར་ལོ་བྱཱ།། མེ་ཏོག་བཟང་དང་བདུག་སྤོས་སྒྲོན་མ་དང་།། བྱུག་པ་རྣམ་མང་བཟའ་བཏུང་སྣ་ཚོགས་དང་།། མཱ་ལ་སྟན་དང་ནི་རྨ་མང་ཡིད་འང་ཡོན་རྣམས་ཏེ།། འདི་དག་ཆེས་མང་བའམ་ཇི་ལྟར ་རྙེང་པ་བསྒྲུབ།། དེ་ནས་རོ་འམ་སྟག་གི་ནི།། པགོས་པར་འཁོར་ལོའི་དབང་འདུག་སྟེ།། མི་རུས་ཀྱི་ནི་རྒྱུན་ཆ་འམ། ཡང་ན་ས་ཝ་བྱས་བྲི་བརྒྱན།། ཕྱི་ཡི་རིག་མ་མཆོག་དང་བཅས།། སློབ་མ་བཟང་པོས་ཡོངསུ་བསྐོར།། དེ་ཡང་རང་རིག་རིག ་མར་མེད་བཅས།། མི་ནུས་ན་ནི་བསམས་ཀྱང་རུང་།། སློབ་མ་མཁས་ཤིང་ཆོ་ག་ཤེས།། དྲན་དང་། བརྩོན་འགྲུས་བཟོད་པར་ལྡ་ནི།། བླ་མ་ལ་ནི་ཡང་དག་གུས།། ལས་ཀྱི་རྡོ་རྗེར་བཞག་པར་བྱ།། གང་ཡང་དབང་བསྐུར་མ་ཐོབ་དང་།། ཐོབ་ཀྱང ་གཡོན་ཅན་གདུག་པ་ཅན།། དེ་དག་གིས་ནི་འཁོར་ལོ་དག། ཐུག་རིང་ནས་ཀྱང་མི་མཐོང་བྱ།། བླ་མས་བདེ་བ་ཚེ་བསམས་ནུས།། ཤ་སོགས་སྦྱངས་པའི་གཏོར་མ་ནི།། འབྱུང་པོ་ཐམས་ཅད་པ་ལ་སྦྱིན།། མེ་ཏོག་རྣམས་ཀྱིས་རང་ལུས་མཆོད ་སོ་སོར་སྣོད་ནི་རི་རེ་སྟེ།། བླ་མ་ལ་ནི་སླར་ཡང་དབུལ།། དེ་བཞིན་བཟའ་བའི་སྣོད་གཉིས་དང་།། བཏུང་སོགས་ཉིས་འགྱུར་ཚོགས་སུའོ།། དེ་ནས་རྣལ་འབྱོར་རིག་པ་ཡིས།། རང་ཞལ་ཐབ་ཁུང་ཡིད་ཀྱི་མར།། འབྲས་ཆན་ཤ་སོགས་མཆོད། ་པ་ཡིན་བསྲེག་བླུགས་ལག་པའི་དགང་བླུགས་ཀྱིས།། ནང་གི་སྦྱིན་སྲེག་ཚུལ་གྱིས་ནི།། འདོད་པའི་ལྷ་ནི་ཚིམ་པར་བྱ།། ཀོལླ་ཨི་རི་སོགས་དང་གཞན།། ཀླུ་རྣམས་ཀྱིས་ཀྱང་ཚིམ་པར་བྱ།། དགོངས་པའི་སྐད་ཀྱང་སྨྲ་བར་བྱ།། བདུད་རྩི་ལྔ ་དང་སྒྲོན་མ་དང་།། སྤྱན་བཟང་རིག་མ་བརྒྱད་པོ་རྣམས།། ཆོ་ག་ཤེས་པས་བསྟེན་པར་བྱ།། དྲན་པ་མངོན་གྱུར་རྣལ་འབྱོར་གྱིས།། ཁྲག་འཐུང་གཟུགས་ཀྱིས་གར་བྱ་སྟེ།། སྒོམ་ལ་དགའ་ཞིང་གོམས་པ་དང་། ་དགའ་བ་གོམས་པའི་ཡིད་ཀྱིས་ནི།། རྡོ་རྗེ་ཆོས་དང་སངས་རྒྱས་དང་།། དེ་བཞིན་རྣལ་འབྱོར་མ་དང་ཡུམ།། འདི་དག་ལྡན་ཅིག་གླུ་དང་ག་ར།། ཡང་ཡང་གླུ་བྱུང་གར་བྱའོ།། འདི་ཉིད་ཚོགས་བསྲུང་བ་ཡིན་ཏེ།། བདག་བསྲུང་བ ་དང་འདི་ཉིད་ཡིན།། འཇིག་རྟེན་བསྲུང་བའང་འདི་ཉིད་དེ།། སྔགས་བཟླས་པ་ཡང་འདི་ཉིད།། གང་དུ་གུས་བཅས་གླུ་བླང་དང་།། གང་དུ་གིས་བཅས་གར་བྱེད་པ།། ཚོགས་ཀྱི་གཙོ་བོའི་བདུན་དུ་སྟེ།། དེར་ནི་དྲི་ཡང་མཚོན་པར་བྱ།། སྒྲོག ་བའི་དྲི་ནི་དང་པོ་སྟེ།། དེ་ནས་ཡང་ནི་བྱ་རྒོད་དྲི།། གར་བུར་མ་ལ་ཡ་སྐྱེས་དྲི།། ཀླུ་ཡི་བྱིན་རླབས་མཚན་ཉིད་།། སྒྲ་ནི་ངང་པ་བུང་བ་དང་།། ངེས་པར་ཕན་པའི་སྐད་དང་ནི།། ཁྱད་པར་དུ་ཡི་གླུ་སྨྲའོ།། བཾ་ལང་འཚེ་ཡི་སྒྲ་ཡང་ནི།། ཕྱི་རོལ་ཚོལ ་དུ་མཚོན་པར་བྱ།། གང་ཡང་ཐོབ་བྱ་མིན་པ་དང་།། གང་ཡང་སྐལ་མོད་དེ་དག་སྤང་།། བདུད་རྩི་ལྔ་དང་སྒྲོན་མ་སོགས།། དེ་བསམས་ནས་ནི་ཡོངསུ་བརྟག། འཁོར་ལོའི་དབང་པོས་བྱིན་བརླབས་པའི།། སྣོད་དུ་དམའ་བར་གཟུང་ནས་སྦྱིན།། ་གང་ལ་སྣོད་དེ་བྱིན་པ་ན།། བོ་བ་མ་ཡིན་འཕྱང་བ་མིན།། སྒེག་དང་བརྙས་སོགས་དང་བྲལ་བས།། པད་མའི་ཕྱག་རྒྱས་གཟུང་བར་བྱ།། རང་གི་ལག་གིས་མ་ཡེངས་པར།། ཅུང་ཟད་བཏུང་ཞིང་ལེགས་པར་བཀང་།། དེ་ཡི་ཕྱག་རྒྱས་གཏང་ནས་ནི།། ་ལེགས་པར་བཏུད་དེ་ཡང་དག་འདུག། དར་ནི་སྒྲུབ་པོས་ཡང་དང་ཡང་།། དམ་པའི་ཕྱག་ནི་བཙལ་བར་བྱ།། སྣོད་གང་ས་ལ་བཞག་པ་འམ།། ཡང་ནཱ་གང་ཞིག་གཞན་ལ་སྦྱིན།། ཡང་ན་གང་གི་ལག་ནས་ལྷུང་།། དེ་ལ་བླ་མས ་ཆད་པ་སྦྱིན།། རང་ཉིད་ཟ་བར་འདོད་པ་ཡིས།། བཟའ་དང་བཏུང་བ་འཛིན་བྱེད་དང་།། གང་ཡང་རྩོད་པ་སྨྱོ་བྱེད་པ།། དེ་དག་མྱུར་དུ་གནས་ནས་དབྱུང་།། བླ་མས་བསྒོ་བ་མི་ནུས་ནས།། དེ་ཚེ་དེ་དག་སྡིག་པ་ཅན།། རང་ཉིད་གཞན་དུ་འགྲོ་བ་འམ།། ་ཡང་ན་མི་སྨྲ་གནས་པར་བྱ།། ལས་ཀྱི་རྡོ་རྗེ་བཏུང་བ་སོགས།། རང་གིས་བླངས་པ་སུན་མི་དབྱུང་།། བཤང་གཅིས་གཟིར་ན་ཕྱི་རོལ་འགྲོ།། ཤུགས་དགག་པར་ནི་མི་བྱའོ།། ང་རྒྱལ་ཞེ་སྡང་གཞན་ལ་སྤྱོད།། དེ་བཞིན་དམ་པ་མིན་པའི ་གཏམ།། རྩོད་དང་ཅ་ཅོ་སེམས་པ་དང་།། སུན་འབྱིན་རྣམ་པར་སྤང་བར་བྱ།། བཀག་པ་སྤྱད་ན་རྩ་བ་དང་།། སྦོམ་པོའི་ལྟུང་པོ་འབྱུང་བར་འདོད།། ལྟུང་བུ་ཆོ་ག་བཞིནི་བྱས་ན།། ལྟུང་ལས་ལྡང་བར་ཡོངསུ་བསྒྲགས།། སློབ་དཔོན་གྱིས་ནི ་བར་དུ་ཡང་།། འབྱུང་པོ་ཚིམ་ཕྱིར་གཏོར་མ་སྦྱིན།། དེ་ཚེ་བཀའ་བཞིན་གུས་བཅས་པས།། གོར་དང་གླུ་ལ་སོགས་པ་བྱ།། ཚིགས་ཀྱི་ལས་དང་གཞན་གྱི་ཚེ་འང་།། རྐང་པ་ལག་པ་ལ་སོགས་བསྐུམ།། ཤིན་ཏུ་བག་མེད་རྒྱུར་གྱུར་པ།། ཤིན ་ཏུ་དགའ་བ་བཟློག་པར་བྱ།། ཤིན་ཏུ་དགའ་ལས་རྣམ་གཡེང་འགྱུར།། རྣམ་གཡེང་ལས་ནི་རྣལ་འབྱོར་ཉམས།། རྣལ་འབྱོར་དམན་ལས་དངོས་གྲུབ་མེད།། བཟློག་དཀའ་བདུད་ཀྱི་ལས་ཀྱང་འབྱུང་།། གང་ཞིག་ཡིད་ཀྱི་ཚུལ་ཁྲིམས་བསྲུངས།། རང ་གཞན་ཡང་དག་མཆོད་པར་བྱ།། གཟུགས་སོགས་རྣམ་མང་དག་གྱུར་པ།། དེ་ཡིས་འདི་ལ་གྲུབ་པར་འགྱུར།། དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར།། རྣམ་པར་སྡང་བའི་སེམས་དང་ནི།། གཞན་པའི་གཟུགས་ཀྱིས་སྐད་ཅིག་ཀྱང་།། མཁས་པས་གན ་པར་མི་བྱའོ།། ཇི་སྙེད་མཚན་མའི་རྣམ་གཡེང་དང་།། བརྗོད་པ་རབ་འབྱམས་ཐམས་ཅད་ཀྱང་།། དཔལ་ལྡན་ཁྲག་འཐུང་གནས་འདུག་ན།། དེ་སྙེད་སྔགས་དང་ཕྱག་རྒྱར་འགྱུར།། དུག་གི་དུམ་བུ་གང་ཉིད་ཀྱིས།། སྐྱེ་བོ་ཐམས་ཅད་འཆི་འགྱུར་བ།། དུ་གི ་དེ་ཉིད་ཤེས་པ་ཡིས།། དུག་གིས་དུག་ནི་འབིགས་པར་བྱེད།། བྱ་བ་འགའ་ཡིས་བྲེལ་བའམ།། རིང་དུ་འདུག་པར་མི་བཟོད་པ།། དེ་ཡིས་ཞུས་ནས་འགྲོ་བར་བྱ།། བཟོད་པ་གསོལ་ནས་ཕྱག་ཀྱང་བཙལ།། མྱུར་བའི་བྱ་བ་ཐམས་ཅད་དང་།། གཞན་ཡང ་རྒྱུད་ལས་གསུངས་པ་རྣམས།། དགའ་བའི་བསམ་པོས་རྣལ་འབྱོར་པས།། འདི་དག་དལ་བུ་དལ་བུ་བྱ།། དེ་ལྟར་བསྒྲུབས་པའི་འཁོར་ལོ་ཆེ།། སློབ་མ་བཟང་པོ་དང་བཅས་པ།། སྒོམ་ལ་སོགས་པའི་སྟོབས་ཀྱིས་ནི།། སྲིད་པ་འདི་ལ་གྲུབ་པར་འགྱུར།། ་དེ་བཞིན་འདིར་ནི་སྒོམ་པ་སོགས།། ཡིད་ནི་བཞིན་དུ་མ་ཡེངས་བྱ།། གལ་ཏེ་ལྟུང་བ་མང་གྱུར་ན།། བཅུ་དྲུག་པ་ལ་གྲུབ་པར་འགྱུར།། བླ་མས་ཐ་མའི་གཏོར་མ་སྦྱིན།། དེ་བཞིན་ལྷག་གཏོར་ཕྱི་རོལ་དུའོ།། སྒྲུབ་པོ་རྣམས་ཀྱིས་ཅི་འདོད་པའི།། སྨོན་ལམ ་ཡང་ནི་གདབ་པར་བྱ།། རྣམ་རྟོག་མཐའ་དག་ནུབ་ཅིང་སྲིད་ཞི་དགོ།། མཉམ་པར་གཟིགས་ཤིང་རྟག་ཏུ་རྣམ་འགྱུར་མེད།། དཔེ་མེད་བདེ་བའི་རོ་ལ་དགྱེས་གྱུར་པ།། དཔའ་བོ་རྣལ་འབྱོར་འཁོར་ལོ་མཆོག་ལ་འདུད།། རྡོ་རྗེའི་ལྷ་མོ་ལུས་དང་ཡན་ལག་བཅཝ ་རྟོག་པའི་རྩ་བ་ཏིང་ངེ་འཛིན་གྱིས་སྦྱངས།། དགེ་བ་འདི་ཡིས་བདག་གིས་མི་རིང་བར།། ཐབས་ཀྱིས་དེ་ནི་ཡང་དག་མཐོང་གྱུར་ཅིག། དེ་ནས་དངོས་ཀྱིས་ཕྱག་འཚལ་ཏེ།། དཔལ་ལྡན་འཁོར་ལོ་གཤེགས་གསོལ་བྱ།། ཚོགས་ཀུན ་གཤེགས་གསོལ་བྱས་ནས་ནི།། ཅི་བདེ་བར་ནི་གནས་པར་བྱ།། དེ་ལྟར་བླ་མ་བརྒྱུད་པ་ལས་ཐོབ་པའི།། ཆོ་ག་ཤིན་ཏུ་ཉུང་ངུར་བརྗོད་པ་འདི།། བདག་ཉིད་དྲན་པའི་ཆེད་དུ་བྱས་གྱུར་པ།། དེ་ལ་མཁས་པ་རྣམས་ཀྱིས་བཟོད་པར་མཛོད།། དང ་གྲུབ་རྣམས་ཀྱི་གཏེ་གྱུར་རྒྱུན་ཆགས་ཚེགས་འཁོར་ཆོ་ག་ནི།། རྣམ་གསལ་བྱས་ལས་བདག་གིས་བསོད་ནམས་གང་ཐོབ་ངེས་འགོ་རྣམས།། འབྲས་བུ་དཔལ་ལྡན་རྡོ་ཙཱ་རབ་དགྱེས་ཆགས་མེད་སྐལ་བཟང་ཉིད།། སྲིད་ལས་རྣམ་གྲོལ། ་རབ་ཞི་ཕྱག་རྒྱ་ཆེན་པོ་གྲུབ་གྱུར་ཅིག། ཞེས་པ་དམ་ཚིག་ལྔ་བཅུ་པ་རྫོགསྷོ།། ། འདི་ནི་གྲོང་ཁྱེར་ཆེན་པོ་དགྲ་འཇོམས་ཞེས་བྱ་བ་པུ་ཀ་མ་ཡུལ་གྱི་དགེ་སློང་ཨཱ་ནནྡ་པྲ་ཛྙཱ་ཞེས་བྱ་བ་དང་།། ཞ་ལུ་ལོ་ཙཱ་བ་དགེ་སློང ་དྷརྨ་པཱ་ལ་བྷོ་དྲས།། དཔལ་དགེ་བ་འབྱུང་བའི་ཡུལ་གྲུ་གྲཝའི་གནས་ཁ་ལྷུན་གྲུབ་གླིང་དུ།། ས་སྐྱོང་ཆོས་ཀྱི་སྤྲིན་ལྡན་དཔོན་ཚུན་ཀུན་དགའ་རིན་ཆེན་རྒྱལ་པོ་པའི་བཀའ་བཞིན་བསྒྱུར་ཅིང་ཟླས་ཏོ་གཏན་ལ་ཕབ་པའོ།། ་སླར་ཡང་བྱམས་པ་གླིང་དུ་ལོ་ཙཱ་བ་བ་རི་དྷརྨ་ཀཱིརྟིས་བསྒྱུར་བཱིའི་སྙིང་ཞིག་ལ་གཏུགས་ཏེ་དག་པར་བྱའོ།། སྔར་གྱི་འགྱུར་སྙིང་ལ། དམ་ཚིག་ལྔ་བཅུ་པ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་ཞེས་སྣང་།། བཀྲིས། ་