CLOSE WINDOW

GT3043: dpal ldan bla ma nags kyi rin chen gyi bstod pa bdun pa
Wyliee-texts produced with BDRC’s OCR application

རྣས་ཀྱིན་ཅན་ཡང་བན་པ་ཉམ་པས་ས་ཁས་@#།། རྒྱ་གར་སྐད་དུ། ཤཱ~ཾ་གུ་རུ་མྦྷ་ན་རཏྣ་སྟྭ~ཾ་དྡྷཿསཔྟ་ཀོ། བོད་སྐད་དུ། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་ན ་ལ་ཕྱག་འཚལོ།། བལ་པོའི་ཡུལ་གྱི་རྒྱལ་པོ་བདེ་བར་གཤེགས་པ་ཡི།། ལུགས་ལ་རྟག་ཏུ་ཛཱ་སུ་བརྩོན་པ་ལ་བཀད་ཅིང་།། མཁས་པ་རྣམས་ཀྱི་མཛོད་གྱུར་མཐར་ཐུག་ཡོན་ཏན་གྱི།། ཚོགས་ཀྱི་ཟབ་མོ་སྣང་མཛད་དགེ་སློང་རྒྱལ་པོ་སྟེ།། རྣམ་པར ་གྲགས་ཤིང་མཚུངས་པ་མེད་པའི་གྲགས་པ་ཡི།། རྒྱལ་མཚན་བླ་བྲེ་དར་དབྱངས་ཟབ་ཅིང་རྒྱ་ཆེའི་བློ།། སྐུ་ཡང་སེམས་ཅན་རྣམས་ཀྱི་སྐྱབས་ནི་གཅིག་པུ་སྟེ།། ཐག་ཆེན་ཡང་དག་སྡོམ་པས་གྲུབ་པའི་མཐའ་ཡི་མཛོད།། ནགས་ཀྱི་རིན་ཆེན་ཞེས་བྱ ་སྡོམ་བརྩོན་མཆོག་གི་བློ།། གནས་བརྟན་འདི་ན་གཉིས་མེད་ཆོས་ཀྱི་དེ་ཉིད་རིག། འདུལ་བའི་སྡོམ་ལ་མངོན་པར་བརྩོན།། ཕ་རྒོལ་གླང་པོའི་དབང་ལ་རི་དགས་རྒྱལ་པོ་ལགས།། ཕྱག་འཚལ་སྡོམ་བརྩོན་ཆེན་པོའི་རྒྱལ་པོ་རྣམས་ཀྱི་མཆོག། མཆོག ་ཚུལ་ལ་རབ་ཏུ་རྣམ་པར་ངེས་པ་སྐྱེ།། སྐྱེ་བོ་སྡུག་བསྔལ་དག་ལས་འབྱིན་བྱེད་གཅིག་པུ་མཆོག། མཆོག་ཏུ་ནགས་ཀྱི་རིན་ཆེན་གནས་བརྟན་ཆེན་པོ་ལེགས།། ཆགས་བྲལ་སེམས་ཅན་མ་ལུས་པ་དག་སད་པར་མཛད།། ཕྱག་གི་ཆུ་སྐྱེས་དྲག་གིས ་མཚན་གྱི་གཞུ་འཆང་བ།། འཛིན་མའི་མཐིལ་གྱི་རྒྱན་དུ་གྱུར་པ་མཛེས་པའི་སྐུ།། གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་རབ་ཏུ་མཛེས།། དགའ་བྲལ་དགའ་བའི་གླང་པོ་ལ་སོགས་དྲི་མ་མེད།། དྲི་མ་དྲི་མ་མེད་ཅིང་བྲལ་བ་ཉམ་སུ་མྱོང་།། སྲིད་དང ་སྲིད་པ་མ་ཡིན་གཉིས་ཀྱི་དབེན་ལ་མདའ།། གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཚོན་སྐྱབས་སུ་གྱུར།། དགའ་བྲལ་དང་པོའི་བདུད་རྩིའི་བཏུང་བ་དག་ལ་དགྱེས།། དགྱེས་ཤིང་ངེས་ལ་དུལ་བའི་ཡལ་གཱ་བརྒྱ་ཕྲག་གིས།། ་སེམས་ཅན་བརྒྱ་ཕྲག་ཚོགས་རྣམས་ཡོངསུ་སྨིན་པ་དག། རྩི་མཛད་གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་པོ།། བདུད་སྡེ་ལ་སོགས་རྣམས་ཀྱི་ཁ་ལ་རོ་མེད་མཛད།། ཁ་ཡི་ཆུ་སྐྱེས་དག་ནི་སྒྲ་ཡིས་གང་བ་འཇོམས།། སྐྱེ་མཆེད་འདྲར་བའི ་ཕ་རྒོལ་རི་ཡི་དབང་པོ་འཁྲུ།། ཁྲུས་མཛད་ནགས་ཀྱི་རིན་ཆེན་གནས་བརྟན་ཆེན་པོའོ།། དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་འདི་ནི་རྫོག་སྷོ།། ། ཡུལ་མ་ག་དྷ་ནོས་ཟུང་བའི་དགེ་བསྙེན ་དམ་པ་ཉི་མ་པ་ཞེས་བྱ་བས་མཛད་པའོ།། འདི་ནི་སྤྱན་སྔ་ཆོས་ཀྱི་རྒྱལ་པོས་གསེར་གྱི་མེ་ཏོག་དང་བཅས་པའི་བཀའ་ལུང་གིས། རྩཝ་ཐང་ལོ་ཙ་བ་གཞོན་ནུ་དཔལ་གྱི་བསྒྱུར་བའོ།། ་