CLOSE WINDOW

GT3015: bla ma sgrubs pa
Wyliee-texts produced with BDRC’s OCR application

ཡིན་སྟོང་ཉིད་ཡིན།། ཀུན་མིན་ཐམས་ཅད་མིན་པ་མིན།། ཡང་ན་ཐམས་ཅད་རྣམ་པར་ཐིམ།། ཇི་ལྟར་ཆར་གྱི་རྒྱུ་སྣ་ཚོགས།། རོ་གཟུགས་དུ་མ་གཞན་ཡིན་ཀྱང་།། སྣོད་གཅིག་ཏུ་ནི་ཞུགས་པ་ན།། ཞུ་ནུས་རོ་གཅིག་ཉིད་དུ ་འགྱུར།། དེ་བཞིན་ཡེ་ཤེས་བདེ་ཆེན་པོ།། རྣམ་པར་ངོ་བོ་ཉིད་ཀྱིས་གསལ།། གཉིས་མེད་རྣམ་པའི་རྣལ་འབྱོར་གྱིས།། ཆོས་ཀུན་རྣམ་པ་བཅོམ་པས་ན།། ཡེ་ཤེས་རྒྱན་འབབ་གཏོང་བའི་བློ།། མཁས་པས་དེ་ལྟ་བུ་ཉིད་མཚོན།། མི་གཡོ་སྒྲིབ་བྲལ ་ཕྲ་བ་ཡི།། ཐིག་ལེའི་གཟུགས་ཅན་རྟོག་པ་མེད།། ཐོག་མཐའ་མེད་པའི་དེ་ཉིད་ནི།། མ་བྱུང་མ་བྱས་མཆོག་ཡིན་ནོ།། སྐྱེ་བོའི་ཆོས་རྣམས་ཐམས་ཅད་ཀྱི།། གཞི་ནི་དེ་ཉིད་ཡི་ནོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རྣལ་འབྱོར་པ་ཡིས་དེ ་ཉིད་མ་མཐོང་བ།། དེ་ལ་ཕྱི་རོལ་ཅི་ཞིག་བསམ།། དེ་ཕྱིར་འཁྲུལ་པའི་མཆོད་པ་སོགས།། ཕྱི་རོལ་པ་ཡིས་ཅི་བྱར་ཡོད།། ཐམས་ཅད་སྤངས་ནས་དེ་ཉིད་བསྒོམ།། ཐམས་ཅད་འདི་ལས་འགྲུབ་པར་འགྱུར།། ཨཱ་ལི་ཀཱ་ལི་མཉམ་སྦྱོར་ལས།། གླང ་ཚ་ནོར་བུར་ཆུད་པ་ན།། མན་ངག་གིས་ནི་རླུང་བཟོང་སྟེ།། དེ་ཚེ་ཡེ་ཤེས་མཐོང་བས་འགྲུབ།། བསྐུལ་བ་མཐའ་ཡས་བར་དུ་ནི།། དེར་ནི་འདོད་པ་ཡང་དག་གནས།། འོད་གསལ་བའི་གནས་ཐོབ་ནས།། སེམས་ཅན་ཀུན་གྱིས་ཕྱོག་བྱས་པའི།། ་ཐ་མལ་སྣང་བའི་རྣལ་འབྱོར་གྱིས།། བཞི་པའི་དེ་ཉིད་ལ་བརྟན་བྱ།། མངོན་དུ་གོམ་བྱེད་རྣལ་འབྱོར་པས།། དེས་ནི་མྱུར་དུ་འགྲུབ་པར་འགྱུར།། རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང་།། འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ།། རྒྱུ་འབྲས་གཅིག ་ཏུ་རྒྱུས་བཏབ་པས།། ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར།། མཚན་མོ་སྣང་བའི་ཆུ་སྟེ་གསལ་བའི་ཉི་མའི་འོད་ཟེར་འགྱེད་པ་སྣང་བ་མཆེད་པ་ཡིན།། མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལནྡ་གཅིག་མིན་པར ་འགྲོ། མཚན་མིན་ཉིན་པར་མིན་པ་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ།། དེ་ནི་བྱང་ཆུབ་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཉིད་ཡུལ།། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་།། ཇི་ལྟར ་ནང་བཞིན་ཕྱི་རོལ་ཏེ།། གཉིས་སུ་མེད་པའི་རྣལ་འབྱོར་འདིས།། སྒྲུབ་པ་རུ་ནི་རིགས་པ་ཡིན།། སློབ་དཔོན་ཆེན་པོ་ཀ་ར་ལི་བཱས་མཛད་པ་དེ་ཁོ་ན་ཉིད་གྲུབ་པ་རྫོགས་སྷོ།། ། ་བཀྲ་ཤིས་དགའོ།། །། ། མངྒ་ལཾ།། ་དམ་ཚིག་ལྔ་བཅུ་པ་བཞུགས་སྷོ།། ་རྒྱ་གར་སྐད་དུ། ས་མ་ཡ་པཉྩ་ཤི་ཀཱ། བོད་སྐད་དུ། དམ་ཚིག་ལྔ་བཅུ་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཐུགས་བརྩེར་བཅས་ལ་ཕྱག་འཚལ་ཏེ།། ཡང་དག་བདེ་བས་མཐའ ་ངག་དངོས་གྲུབ་གཏེར་ནི་སྒྲུབ་བྱེད་པ།། དཔལ་ལྡན་གསང་བའི་རྒྱུད་མང་ལས་གསུངས་ཤིན་ཏུ་གསང་བ་ཡི།། ཚོགས་ཀྱི་འཁོ་ར་ལོའི་ཆོ་ག་བཟང་པོ་མདོར་བསྡུས་གསལ་བར་བྱ།། ཉིན་དང་མཚན་མོའམ་ཉིན་རེ་བཞིན་ནམ་ཡང ་ན་ནི། ཇི་ལྟར་ཐོབ་པའམ་དེ་བཞིན་ཡང་ན་ཚིགས་ཀྱི་ཉིན།། ཡང་ན་ཟླ་བ་སོ་སོར་འཁོར་ལོ་བྱ་བ་སྟེ།། ལོ་ལས་འདས་པར་གྱུར་ན་བགེགས་ནི་བྱེད་པ་ཉིད།། ཉེར་ཚེ་མེད་པའི་དུར་ཁྲོད་དང་ནི་དགོན་པའམ།། ཡང་ན་རྫིང་བུའི་འགྲམ་དང ་སྐྱེས་མོས་ཚལ་དག་དང་།། ཆུ་གཏེར་འགྲམ་དང་རི་བོ་ཡི་ནི་སུལ་དག་དང་།། ཕུག་བཟང་སོགས་སུ་འཁོར་ལོ་འབྲས་བུ་རབ་ཏུ་སྟེར།། དཔལ་ལྡན་ཡང་དག་རབ་སྦྱིན་ཐོབ།། ཆོ་ག་ཤེས་ཤིང་སྙིང་རྩེར་ལྡན།། འཇིག་རྟེན་ཚུལ་མ་ཆགས་ཤིང་།། ་ཚོགས་དང་སྒྲ་ལ་སོགས་པ་ཡངས།། སྙན་པར་སྨྲ་ཞིང་བཞིན་འཛུམ་ལྡན།། བཟོད་བཅས་དྲན་དང་བརྩོན་འགྲུས་ལྡན།། ཚོགས་ཀྱི་དཀྱིལ་འཁོར་འདྲེན་པ་རུང་།། དཔལ་ལྡན་རྡོ་རྗེ་སེམས་དཔས་གསུངས།། དེ་ཡ་དཀྱིལ་འཁོར་པ་རྣམས ་ཀྱང་། སྐལ་པར་ལྡན་ཞིང་ཆགས་སོགས་སྤངས།། དབང་བསྐུར་ཐོབ་ཅིང་བློ་གྲོས་དང་།། བཟོད་བརྩོན་དྲན་དང་སྙིང་བརྩེར་ལྡན།། རྒན་རིགས་བཞིན་དུ་འདུག་པར་འདོད།། དམ་ཚིག་སྤྱོད་པའི་སྤྱོད་པ་ལྡན།། དབང་མ་ཐོབ་པས་མི་རིགས་པར།། ་