CLOSE WINDOW

GT3014: phyi sgrub kyi rten 'brel
Wyliee-texts produced with BDRC’s OCR application

བཅུ་གཉིས་མ།། ཡིད་འོང་མིག་གི་དཀྱུས་རིང་མ།། གཟུགས་དང་ལང་ཆོས་རྣམ་པར་མཛེས།། བརྟན་ཞིང་མི་གཡོ་དམ་ཚིག་ཅན།། འདམ་ལས་སྐྱེས་པའི་དྲི་འབབ་མ།། ཆགས་པ་ཆེན་པོའི་རོལ་རོལ་པ།། མཆོག་ཏུ ་མཁས་ཤིང་སྒེག་པ་དང་།། ཉམས་དང་ལྡན་པའི་རྣལ་འབྱོར་པས།། རང་ཉིད་འཁོར་ལོའི་དབུསུ་གནས།། དམ་ཚིག་ཅན་ནི་རྒྱུད་དག་པའི།། ནང་དུ་ཉིན་མཚན་འདུ་བར་བྱ།། སྤུ་ལྡང་འདར་ཞིང་ཆེར་འདར་ལ།། འཛུམ་དང་དགོད་དང ་རབ་ཏུ་དགོད།། མྱོས་དང་ནི་བཅས་པ་ཡི།། འབེབས་པ་རྣམ་པ་བདུན་དུ་བཤད།། རེངས་དང་མྱོས་དང་འགྱུར་བ་དང་།། རོལ་དང་ཡུར་དང་ཤིན་ཏུ་འཕེལ།། རྐང་པ་འདོར་དང་ལེག་པ་བསྒྱུར།། ཕྱག་རྒྱ་མཚན་མ་ལྔ་སྟངས་དང་།། ། ་སྔགས་དང་རྒོད་དང་དྲག་པོ་སོགས།། ཀི་ལི་ཀི་ལི་ཕྲེང་སྒྲོགས་བྱེད།། རོལ་པ་དཔའ་ཁོ་རྣམ་པར་ཉེད།། ས་བསྐྱོད་ཅི་ཅོའི་བྱེ་བྲག་ལྡན།། རྒྱལ་བ་རབ་ཞི་དུ་བས་རྟོགས།། བྱམས་ཤིང་དགའ་བ་རྒྱ་མ་ཚོ་ནི།། བདེ་བའི་རྟགས་ལས་སྐྱེས་པའི ་འོད་ངོ་བོ་ཉིད་ཀྱིས་གསལ་བའི་ཡཱི།། གཉིས་མེད་རྣམ་གསོལ་བ་ཡི།། རྫུ་འཕྲུལ་མངོན་ཤེས་དག་དང་ལྡན།། དེ་ལྟར་བདེན་དོན་རབ་ཞི་བའི།། བྱེ་བྲག་བཅུ་གཉིས་ངག་གིས་མཛེས།། ཨེ་ཡི་ཆ་བྱད་བཟང་པོ་གང་།། དབུས་སུ ་བཾ་གིས་རྣམ་པར་བརྒྱན།། བདེ་བ་ཀུན་གྱི་གནས་ཡིན་ཏེ།། སངས་རྒྱས་རིན་ཆེན་ཟ་མ་ཏོག། དེར་ནི་དགའ་བ་སྐྱེ་འགྱུར་ཏེ།། སྐད་ཅིག་དབྱེ་བས་ཕྱེ་བ་ནི།། དག་པའི་གྲངས་ཀྱི་རིམ་པ་ཡིས།། དེ་དག་སོ་སོར་གསལ་བར་བྱས།། སྡོང ་ཉིད་གསུམ་གྱི་ཉམས་སྦྱར་བས།། ཐམས་ཅད་སྟོང་ཉིད་རབ་ཏུ་གསལ།། དེ་ཉིད་གསལ་བས་དག་པ་ནི།། མཆོག་གི་གོ་འཕང་དེ་གསལ་འགྱུར།། དེ་ཕྱིར་མི་གཡོ་ཕྲ་བའི་ཡིད།། ལྡན་པའི་རྣལ་འབྱོར་པས་མཚོན་བྱ།། ཇི་སྲིད་གསལ་བར ་མ་གྱུར་པ།། དེ་སྲིད་པ་སྒོམ་པ་ལ་འཇུག་བྱ།། རབ་ཏུ་གསོལ་བ་ཐོབ་ནས་ནི།། རང་དགའི་གཟུགས་སུ་སྐྱེ་བར་འགྱུར།། དེར་ནི་སྐད་ཅིག་མ་བཞི་དང་།། དེ་བཞིན་དུ་ནི་དགའ་བ་བཞི།། དེ་ལ་སྣ་ཚོགོས་སྐད་ཅིག་དང་།། རྣམ་པར་སྨིན་པར་རྣམ ་པར་ཉིད།། མཚན་ཉིད་མེད་པར་བརྗོད་པ་ཡཽས།། བྱེ་བྲག་མཁས་པས་ཤེས་པར་བྱ།། སྣ་ཚོགས་དུ་མ་འི་རྣམ་པ་ཅན།། འཁྱུད་དང་འོ་བྱེད་ལ་སོགས་པའོ།། རྣམ་སྨིན་དེ་ལས་གྱུར་པ་སྟེ།། བདག་གི་བདེ་བ་ལ་སྤྱོད་མཛེས།། རྣམ་ཉིད ་སྤྱོད་པའི་བདག་ཉིད་དེ།། བདག་གི་བདེ་བ་ལ་སྤྱོད་མཛེས།། དེ་དག་ལས་གཞན་མཚན་ཉིད་བྲལ།། དགའ་བ་དང་པོ་མཆོག་དགའ་དང་།། དགའ་བྲལ་ལ་སོགས་ལྷན་ཅིག་སྐྱེས།། དགའ་བའི་བདེ་བ་ཅུང་ཟད་པདེ།། མིཆོག་ཏུ་དགའ་བ་དེ། ་བོས་ལྷག། དགའ་བྲལ་ཆགས་པ་བྲལ་བ་སྟེ།། ལྷན་ཅིག་སྐྱེས་པ་དེ་དག་སྤངས།། བ་རྒྱུ་ལ་དང་ཕྱི་མོ་ཕྱེད་ཙམ་དང་།། ཕྱི་མོ་ཞེས་བྱ་སྐད་ཅིག་གསུམ།། དམ་པའི་བདེ་བ་རྣམ་པ་རོ་རོལ།། དབྱེ་བས་ལྷན་ཅིག་སྐྱེས་པ་ཤེས།། བརྒྱལ་བ་ཀུན་ནས ་ཡེ་ཤེས་མེད།། ཅུང་ཟད་ཤེས་པ་ཕྱི་མོའི་ཕྱེད།། རྣམ་པ་ཀུན་གྱི་མཆོག་ལྡན་པའི།། ཡེ་ཤེསཽ་ཕྱེ་མོ་ཉིད་དུ་འགྱུར་རོ།། དེ་ཕྱི་རོ་དེ་ཉིད་ཡེ་ཤེས་ནི།། གཉིས་མེད་ཡེ་ཤེས་རབ་ཏུ་གསལོ།། དེ་ལ་ཆགས་དོང་ཆགས་བྲལ་མེད།། གཉི་ག་མ ་ཡིན་སྟོང་ཉིད་ཡིན།། ཀུན་མིན་ཐམས་ཅད་མིན་པ་མིན།། ཡང་ན་ཐམས་ཅད་རྣམ་པར་ཐིམ།། ཇི་ལྟར་ཆར་གྱི་རྒྱུ་སྣ་ཚོགས།། རོ་གཟུགས་དུ་མ་གཞན་ཡིན་ཀྱང་།། སྣོད་གཅིག་ཏུ་ནི་ཞུགས་པ་ན།། ཞུ་ནུས་རོ་གཅིག་ཉིད་དུ ་