| Wylie | e-texts produced with BDRC’s OCR application |
གཞུང་རྣམས་དང་།། འགལ་ཞིང་ནོར་བ་འདི་ལ་མེད།། ། ཨཱིཾ། ཨརྱཱ་དྷེ་ཝས་མཛད་དོ།། ། རྒྱ་གར་སྐད་དུ། བྷ་ལི་དྷ་བྷི་ཏི་ན་མ། བོད་སྐད་དུ། གཏོར་མའི་ཆོ་ག་ཞེས་བྱ་བོ། ཁྲོ་བོ་རེག་ཚིག་གི་གཏོར་མ། ་རང་ན་གྷུ་རུ་ལ་ཕྱག་འཚལ་ལོ།། བཤམ་དང་སྦྱང་དང་བསང་བ་དང་།། བསྐྱེད་དང་བྱིན་གྱིས་བརླབས་པ་དང་།། དགྲ་བགེགས་བཀུག་བསྟིམ་སྤྱན་དྲང་དང་།། དེ་བཞིན་གཏོར་མ་དབུལ་བ་དང་།། བསྟོད་ཅིང་གསོལ་གདབ ་གཤེགས་གསོལ་ལོ།། འབྲུ་སྣ་ལྔ་ཡི་ཟན་ལོ་ནི།། ཟུར་གསུམ་ཟུར་རྣོ་རྩ་བ་བརྟེན།། དཀྱིལ་འཐུག་དཔལ་བྱས་དཀྱིལ་དུ་གཟུགས།། དེ་ཡི་མཐའ་མ་འཐེབ་སྐྱེས་དགང་།། ར་ཁྱི་ཕག་གསུམ་རོག་པོ་ཡི།། ཤ་དང་ཁྲག་གིས ་བརྒྱན་པ་སྟེ།། ཆུས་སྦྱངས་བཤམ་སྣོད་ཐོད་པའོ།། བར་དུ་གཅོད་པའི་བགེགས་རྣམས་ཀུན།། སེ་གོལ་རྟོག་ཅིང་སྔགས་བཟླས་ལ།། རང་རང་གནས་སུ་བསྐྲད་པར་བྱ།། གཏོར་མ་གཏོར་སྣོད་བཅས་པ ་རྣམས།། དག་པའི་སྔགས་བརྗོད་སྟོང་པར་བྱ།། སྟོང་པ་ཉིད་ཀྱི་རང་བཞིན་ལས།། ཎི་ལས་ཀྱང་གསུམ་སྐྱེད་བུ་སྟེ།། ཨཾ་ལས་རིན་ལག་པ་གཡི་ནཔས་ཆེན་ཐོད་པའི་སྣོད།། ཡཾ་ར་ལཾ་ཁཾ་ཨཾ་ལས་ནི།། མཁྲིས་པ་ཁྲག་དང་གླང་པ་ཤ། ་རུས་པ་ལ་སོགས་དྲུག་ས་བྷབའི་ལྔ་པས་མ།། ཡཽ་གཱི་འབྲུ་གསུམ་སྟེང་བསམས་ལ། ཞུ་མ་དང་འདྲབ་ཅན་ས་ཐིམ་པའི་བདུད་རྩིར་གྱུར། བྱེད། ལ་ནང་དམར་བ་མདུད་དང་ལ་བསྟན་པ། དབྱས་སུ་གཡས་ཏུ་གས་ན་མདདུ་བྲེག་པ། འདི་མགས!་ལྕགས ་ཀྵུ་ཞེས་འདྲ་བའི་འོད་འཕྲོས་པས།། སྙིང་ཕུག་ཨ་ཨཱིཿ་གྷུ་ཤས་བཀུག་སྟེ།། གཉིས་སུ་མེད་པར་དངོས་བསྟིམ་པར་བྱ།། འོད་འཕྲོས་ལྷ་དགུ་ཕོ་ཉ་དང་།། བཅས་པར་མདུན་དུ་སྤྱན་དྲངས་ལ།། སྔགས་འདི་བརྗོད་ལ་སྙིང་པ་ས ་དབུལ་བར་བྱ།། ཨོཾ་བྷ་ཡ་ན་ས་ནི་ཏཱ་ས་ནི། བཛྲ་ཀྲོ་ཏ་བྷཱ་ལིན་དྷ་ཁའི་ཁ་ཧི། ཐུམ་བྷ་ཐུ[]9བྷ་ཁ་ཧཾ་ཁ་ཧི་མ་ཧཱ་རག་ཏ་ལོ་ཁ་ཁ་ཧཾ། མ་ཧཱ་མཾ་ས་ཁ་ཁ་ཧི། གཏི་མུག་ཤ་ཡི་མཚང་པ་བཱ་ཞེས།། ཞེ་སྡང་རུས་པའི་མཆོད་པ་བཞེས།། ་འདོད་ཆགས་ཁྲག་གི་མཆོད་པ་བཞིས།། མ་ར་ཡ་ཙི་ཏ་སྲོག་ཐུན་ཁ་ཁ་ཧཾ། བདུན་ནམ་གསུམ་བརྗོད་ཞལ་དུ་དབུལ།། ཁྲོ་རྒྱལ་རེག་ཚིག་སྟོབས་པོ་ཆེ།། མུན་ནག་ལྟ་བུའི་སྐུ་འཛིན་ཅིང་།། ཕཊ་ཀྱི་སྒྲ་འབྱིན་མེ་དཔུང་འབར།། མགོན ་དུ་གྱུར་ལ་ཕྱག་འཚལ་ལོ།། བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ན།། ཁྲོ་རྒྱལ་བརྒྱད་པོ་སྟང་སྟབས་ཚུལ་དུ་བཞུགས།། ཞལ་དུ་དགྲ་བགེགས་དོན་སྙིང་མ་ལུས་གསོལ།། ཁྲོ་རྒྱལ་གཏུམ་ཆེན་ལས་ཀུན་གྲུབ་པར ་མཛད།། དངོས་གྲུབ་ཅི་འདོད་གསོལ་བ་གདབ།། བཛྲ་མུ་བརྗོད་གཤེགས་སུ་གསོལ་བར་བྱ།། དགེ་བ་འདི་ཡིས་ཐམས་ཅད་འབྱོར་ལྡན་ཤིག།། །། རྒྱ་གར་སྐད་དུ། མ་ཧཱ་དྷེ་བ་ཏྲ་བྷ་སན་ཙ་ན། བོད་སྐད་དུ། ལྷ་ཆེན ་