CLOSE WINDOW

GT3001: khro bo'i rgyal po khams gsum rnam par rgyal ba'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀྲོ་ཏ་ར་ཙ་ཏྲེ་ལོག་ཀྱ་ས་དྷ་ན་ན་མ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་ཁམས་གསུམ་རྣམ་པར་རྒྱལ་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། དུས་གསུམ་བདེ ་གཤེགས་མ་ལུས་པའི།། ནུས་པ་མཆོག་མངའ་ཁྲོ་བོ་ཆེ།། ཁམས་གསུམ་ལས་རྒྱལ་ལྷ་ཁྱོད་ལ།། ཕྱག་བྱས་བསྒྲུབ་པའི་རིམ་པ་བྲི།། བསྒྲུབ་ལ་བརྩོན་པའི་སྔགས་པ་ཡིས།། དབེན་ཞིང་བར་ཆད་སྤངས་པའི་གནས།། བདེ་བའི ་སྟན་ལ་མཉམ་བཞག་སྟེ།། བླ་མ་དཀོན་མཆོག་གསུམ་མཆོད་ནས།། སྡིག་པ་བཤགས་པ་ལ་སོགས་བྱ།། ཚད་མེད་སྟོང་པའི་རང་བཞིན་བསམ།། དེ་རྗེས་པདྨ་ཉི་མ་ལ།། ཧཱུཾ་གི་ཡི་གེ་ཤེལ་ལྟར་གནས།། འཕྲོས་འདུས་སླར་གྱུར ་རྡོ་རྗེ་སྟེ།། དེ་ལས་ཁྲོ་བ་ཆེན་པོ་ནི།། དཀར་པོ་ཞལ་གཅིག་ཕྱག་བཞི་པ།། གཡས་པ་རྡོ་རྗེ་རྩེ་གསུམ་འཛིན།། གཡོན་པ་དྲིལ་བུ་ཆེན་པོ་སྟེ།། རིན་ཆེན་རྒྱན་གྱིས་ལུས་ལ་བརྒྱན།། ཐོད་པའི་འཕྲང་བ་སྟག་ལྤགས་ཅན།། སྟོད་དུ ་གླང་གི་ལྤགས་པ་མཛེས།། སྤྱན་གསུམ་མཆེ་བས་འབྱུང་པོ་གསོལ།། ཡི་གེ་གསུམ་གྱིས་བྱིན་བརླབས་ལ།། ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ།། དབང་བསྐུར་རྣམ་པར་སྣང་མཛད་ཆེ།། ཧཱུཾ་གིས་གདུག་པ་མ་ལུས་འཇོམས ་དེ་ནས་གསང་སྔགས་བཟླས་པ་ནི།། ཨོཾ་བཛྲ་ཀྲོ་ཏ་ཏྲེ་ལོག་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། རྟགས་དང་སྦྱར་ལ་བསྙེན་པ་བྱ།། གལ་ཏེ་བསྒྲུབ་པ་བྱེད་འདོད་ན།། མོ་དྷལ་གྲུ་གསུམ་མཐིང་ཀ་ལ།། འཁོར་ལོ་བྲིས་ལ་ཡི་གེ་དགོད།། དེ་སྟེང་རྒྱ ་ཤོག་ཡི་གེ་ཅན།། རྩཝང་ལ་བརྒྱངས་ལ་བསད་པ་བྱ།། དེ་ཡི་དྲག་པོའི་སྔགས་གསུངས་པ།། ཨོཾ་བཛྲ་ཀྲོ་ཏ་ཏྲེ་ལོག་ཀྱ་བི་ཛ་ཡ། ཆེ་གེ་མོ་མ་ར་ན་སོང་སོང་། མ་ར་ན་བྱིང་བྱིང་། མ་ར་ན་མུགས་མུགས། མ་ར་ན་ཧ་ལ ་ཧ་ལ། མ་ར་ན་མྱོས་མྱོས། མ་ར་ན་མྱོས་ཕྱིང་། ཐུམ་རིལ། ཆེ་གེ་མོ་མ་ར་ཡ་ཙི་ཏ་རྦད་རྦད། སྟེང་ནས་ཐུན་བྲབ་འོག་ནས་ཀྱང་།། གུ་གུལ་ལ་སོགས་རྫས་ཀྱིས་བདུག། བར་དུ་བསྒྲུབ་བྱ་བསོད་པར་བསམ།། གདོན་དང་བྲལ་བར་མ་གྱུར་པར།། ་ལས་དེ་བཏང་བར་མི་བྱའོ།། ཐུན་པར་ཤ་ཆང་སྒོག་པ་དང་།། ལ་ཕུག་ཁུར་བའི་གཏོར་མ་ཡང་།། ཨ་ཁ་རོ་ཡི་བྱིན་བརླབས་ནས།། སྔགས་འདིས་གདོན་གྱི་ཤ་ཁྲག་དུ།། བསམས་ལ་ལན་ལྔ་བརྗོད་པར་བྱ།། ཨཱ~ཾ་བཛྲ་ཀྲོ་ཏ་ཏྲེ་ལོག་ཀྱ་བི ་ཛི་ཡ། ཨི་དམ་བྷ་ལྀང་ཏ་ཁ་ཧི་ཁ་ཧི་ས་མ་ཡཱ་བྷཱ་ཤྲཱི་སྭཱ་ཧཱ། དེ་ལྟར་བྱས་པས་རྟགས་བྱུང་ན།། འཁོར་ལོ་བསྲེགས་ཏེ་ཐལ་བ་དང་།། གཟུགས་སུ་བྱས་པ་མཆོད་རྟེན་གནན།། ཡང་ན་རླུང་ལ་བསྐུར་པ་ལམ།། ཆ་ཚ་བྱེས་ལ་ལམ་དུ་གནན།། ་དེ་ལྟར་ལན་ཅིག་བྱས་པ་ཡིས།། ཚངས་པ་བརྒྱ་བྱིན་སྲེད་མེད་བུ།། སྟོབས་ཆེན་རྣམས་ཀྱང་ཐུལ་བར་འགྱུར།། རྟག་ཏུ་གསང་སྔགས་བཟླས་པས་ཀྱང་།། གདོན་རྣམས་འབྲོས་པར་ཐེ་ཚོམ་མེད།། ལྷ་ལ་སོགས་པའི་གདོན་ཆེན་རྣམས།། ་གང་གནོད་སྔགས་ལ་བསྔགས་པར་བྱ།། བུམ་པོ་གཙང་མེ་ཆུས་བཀང་སྟེ།། ཁ་བརྒྱན་གཟུངས་ཐག་དཀར་པོ་ཡིས།། པདྨ་འདཔེ་བཞིའི་སྟེང་བཞག་ལ།། རིག་པའི་ཁྲོ་བོ་བསམ་བྱས་ལ།། སྔགས་བཟླས་ཆུ་དེས་ལུས་དཀྲུ་དང་།། ཁོང་དུ ་བཏུང་བ་བྱས་གྱུར་ན།། འབྲས་དང་ཤུ་བ་མེ་རྦལ་འཇོམས།། ནད་རྣམས་ཐམས་ཅད་ཞི་བར་བྱེད།། ཡང་ན་བུམ་པར་གནོད་སྦྱིན་ནི།། སྔོན་པོ་གཡས་པ་རྡོ་རྗེ་འཆང་།། གཡོན་པ་སྡིགས་མཛུབ་མོ་འབར་བ།། ལྟོ་བ་མ་བན་འམ་བཅུ་བསམ ་ཏེ།། ཨཱ~ཾ་མ་ཧ་ནི་ལཾ་བྷ་ར་དྷ་ར་བཛྲ་པ་ནི་མ་ཧ་ཡག་ཤ་ཙྪ། མུ་རུ་ཏ་མུ་རུ་ཏཱ། བི་རུ་ཏ་བི་རཱ་ཏ། སྥོ་ཏ་ཡཱ་སྥོ་ཏི་ཡཱ། སརྦྦ་བི་ན་སྐྲྀ་ཧཱ། གཟུངས་ཐག་སྔོན་པོ་དཀྲིས་ཏེ། ཞག་བཅུ་བཟླས་པའི་ཆུ་ཡིས་ནི། མཛེ་ལ་ལེགས་པའི་ནང་ཆེན་རྣམས། ་དེ་ཡི་མོད་ལ་འབྱང་བར་འགྱུར།། གནོད་སྦྱིན་རྣམས་ལ་ཉི་ཤ་དང་།། ཆང་གི་གཏོར་མ་ཅི་རིགས་སྦྱིན།། རྟག་ཏུ་སྔོན་པོའི་གོས་འཆང་ཞིང་།། རམས་དང་རའི་ཚིལ་ལུ་དང་།། ཨུཏྤལ་གྷི་ཧང་ཆང་བསྲེས་ནས།། རྣལ་འབྱོར་པ་ཡི་སྙིང་ཁ་རུ།། རྔ ་རྗེའི་ལྟེ་བར་ཆུང་བའི་སྔགས།། ཨཱ~ཾ་ནཱི་ལཾ་བྷཻ་ར་དྷ་ར་བཛྙཱ་པ་ནི་ཡག་ཀྵ་ས་མ་ཡ་མ་ནུ་ཤྭ་ར་ཨ་ཨ་ཛྙེ་ཧཱུ~ཾ། འདི་བྲོས་ཉྞིན་རཱི་མ་ཆག་ན།། གནོད་སྦྱིན་རྣམས་ཀྱིས་བསྒྲུབ་པ་པོ།། སྐད་ཅིག་ཙམ་ཡང་མི་གཡེལ་བཱ་ར།། ལུས་དང་གྲིབ་མ་བཞིན་དུ་འགྲོག ་དེ་སྩོགས་བསམ་གྱིས་མི་ཁྱབ་པའི།། གནོད་སྦྱིན་གྱིས་ནི་བྱེད་པར་འགྱུར།། རྟག་ཏུ་བླ་མ་མཆོད་བྱ་ཞིང་།། རྡོ་རྗེ་འཛིན་པ་མཉེས་པར་བྱ།། ལྷ་གཞན་བརྙས་པར་མ་བྱས་ན།། འདོད་པའི་འབྲས་བུ་འབྱིན་པར་འགྱུར།། ཁྲོ་བོ་ཁམས་གསུམ ་རྣམ་པར་རྒྱལ་བའི་སྒྲུབ་ཐབས། སློབ་དཔོན་ལོས་ཀྱི་རྡོ་རྗེས་མཛད་པ་རྫོགས་སྷོ།། བླ་མ་ཝ་ལ་ཙན་ཏྲ་དང་། ལོ་ཙ་བ་སླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་བྷི་ཌ་ནའི་དགོན་པར་བསྒྱུར་བའོ།། ་