CLOSE WINDOW

GT2999: gnod sbyin mo nag mos bsad pa'i sgrub thabs
Wyliee-texts produced with BDRC’s OCR application

བསྟོད།། ཅེས་མར་མེ་མཛད་ཡེ་ཤེས་ཀྱིས་ནོར་བདག་གཙོ་འཁོར་ལྔ་ཞལ་གཟིགས་པའི་དུས་སུ་བསྟོད་པ། རྒྱ་གར་གྱི་པན་ཌཾ་ཏ་ཆེན་པོ་དང་ལོ་ཙ་བ་ཆེན་པོ་བརྩོན་འགྲུས་སེང་གེས་བསྒྱུར་བའོ།། ་རྒྱ་གར་སྐད་དུ། ཡཀྵི་ཀ་ལི་མ་ར་ན་ས་དྷ། བོད་སྐད་དུ། གནོད་སྦྱིན་མོ་ནག་མོས་བསད་པའི་སྒྲུབ་ཐབས། བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། དང་པོར་བདག་ཉིད་རྡོ་རྗེ་འཛིན་པར་བསམས་ཏེ། མདུན་དུ་གནོད ་སྦྱིན་ནག་མོ་སྐུ་མདོག་ནག་མོ།། གཡས་པ་རལ་གྲི་བསྣམས་པ། གཡོན་པས་ནད་ཀྱི་རྐྱལ་པ་བསྣམས་པ། ན་བཟའ་སྔོན་པོ་གསོལ་བ། ཁ་ནས་ཁྲག་དང་དུག་གི་ཁ་ཆུ་ཅན་སྤྱན་གསུམ་པ། རལ་པས་ཚ་རའི་རྩོས་པོ་ཁར་སླེབས ་པ་ཅན་ཅིག་བསམས་ལ། མདུན་དུ་ཁྲག་སྣ་ཚོགས་པ་དང་། སྙིང་སྣ་ཚོགས་པའི་གཏོར་མ་བྱིན་ལ་སྔགས་འདི་བཟླས་སོ།། རུ་རུ་ཤང་ཤང་ཁ་ཁཾ་ལ་ཏུཾ་ཏུཾ། ཁ་ཤ་མ་མ་ཁ་ཏམ། ཙཽ་ཏ་ཙི་ཏ་རྦད་རྦད་། རིལ་རིལ་ཐུམ་རིལ་སོད་སོད། སུམ ་འབུམ་ཉི་ཤུ་རྩ་གཅིག་ལས་མི་ཉུང་བར་བཟླས་སོ།། དེ་ནས་འབྲུབ་ཁུང་དུ་དགྲའི་ཟག་པས་ཆག་ཆག་བྱས་ལ། གྲུ་གསུམ་བསྣོལ་མ་ཅིག་ཁྲག་གིས་པྲཾ། དེ་ནས་ཁྱི་མོ་དཀར་མོའི་གྲོང་པར་ཁྲག་སྣ་སྙེད་ཚད། ཕག་ཁྲ་མོའི་ཁྲག། ར་རྒྱ ་མོའི་ཁྲག། ཁྱི་མོའི་ཁྲག། དགྲ་བོའི་མིང་རུས་ལིང་ག་དང་བཅས་པ། དགྲ་བོའི་ཕ་མེས་ཀྱི་ཤ་རུས་ཕྱེ་མ་བླུགས་ལ། མཎྜལ་ཁར་རང་ལ་ཁ་བསྟན་ལ་བཞག། དེ་ནས་རེའུ་བྲ་བ་བྱི་བའི་རྒྱལ་བར་ཉུངས་ཀ་ར་ལ་སྔགས་བཏབ་ལ ་བླུགས་ལ། དུག་སྣ་ཚོགས་པའི་ཕྱེ་མ་བླུགས་ལ་དྲུད་པ་བྱ་སྟེ་གྲོང་པའི་ཁ་ན་མར་བུད་བར་བྱའོ།། བདག་ཉིད་རྡོ་རྗེ་འཛིན་པར་བསམ།། ཁྲོས་པས་གནོད་སྦྱིན་ནག་མོ་ནི།། ར་རྒྱལ་ནང་དུ་བསམ་བྱ་སྟེ།། དྲུག་གི་རྒྱལ་པ་འབུད་བར ་བསམ།། སྔགས་ཀྱི་གདུག་པ་འདི་ཡང་བཟླས།། དུ་དུ་མ་མ་ཤག་ཁུག། དུ་ཤ་མ་མ་མོ་རོལ། དུ་ནཾ་མ་མ་སྙིང་ཕྱུང་། ས་མ་ལ་སྲོག་ཆོད། པུ་ཤ་དུ་ཡ། མ་མ་ཏི་མ་དུ་ཡ། ཤ་ཤ་མ་མ་རྦད་པུ་ཡ། ནཻ་ན་མ་བྷྱོ་བྷཱ་སོད་སོད། མ་དུ་ཡ་མ ་དུ་ཡ། ཚལ་པ་རྦང་རྦད་ཡོད་ཡེད། ཤ་ཐུམ་ཤ་ཐུམ་རྦད། མར་དུ་ར་མ་ངུར་རྦད། ཤ་ཐུམ་མང་ས་བྷྱོ། རྩ་ཐུ་མ་མ་ཡ་བཟློག། ཡཀྵི་ཀ་ལི་དགྲ་བོ་ལ་ནང་ཕོབ། ཅེས་དྲངས་མང་དུ་བཟླས། གཏོར་མ་བྱིང་ཤཱར་མཚམས་སུ ་བཏང་།། ཁྲག་དང་གྲོད་པ་ཁྱིམ་ལ་བརྡེག། ལིང་ག་མིང་བྱང་གནན་པ་བྱ།། མ་མོ་འདུ་བའི་དུས་དག་ཏུ།། རྒུད་པ་དགྲ་བོའི་ཕྱོགས་སུ་ཆུད།། འདི་ཉིད་ལོ་གཅིག་བྱས་པ་ན།། དགྲ་བོ་རྦོད་གྲི་ལ་སོགས་པའི།། ནད་ཀྱི་རིགས་ཀུན་དེར ་ཕབ་ནས།། མ་ལུས་འཆི་བར་གདོན་མི་ཟ།། ། གནོད་སྦྱིན་མོ་ནག་མོ་ཡིས་དགྲ་བོ་བསད་པའི་ཐབས། སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པའོ།། རྫོགས་སོ།། ། པཎ་ཌི་ཏ་ཐ་ལ ་ཅན་ཆེན་པོ་དང་། ལོ་ཙ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ།། ། ་