| Wylie | e-texts produced with BDRC’s OCR application |
རྗེས་མཛད་པ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་པན་ཌི་ཏ་མ་ཧཱ་འཛ་ནེ་དང་། བོད་ཀྱི་ལོ་ཙྪ་པ་མ་ལ་བློ་གྲོས་གྲགས་ཀྱིས་བསྒྱུར་ཅིང་ཞུས་པའོ།། །། རྗེ་བཙུན་ལྷ་ལྔའི་བསྟོད་པ་བཞུགས།། རྒྱ་གར་སྐད་དུ། བ་སུ ་བ་ཏི་ཨུ་པ་དྷྱ་པཉྩ་སྟོཏྟ་བ་སུ་མེ་གྷཱ་ཨ་བེ་ཤ་ནཱ་མ། བོད་སྐད་དུ། ནོར་བདག་གཙེ་འཁོར་ལྔའི་བསྟོད་པ་དབྱིག་གི་ཆར་འབེབས་ཞེས་བྱ་བ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཨེ་མཿའཇིག་རྟེན་དབང་ཕྱུག ་ནོར་བདག་སྐུ་སྦྲུལ་འཕགས་པ་ནི།། གཏི་མུག་རྣམ་དག་ཆེས་དབྱིངས་ཡེ་ཤེས་ངོ་བོ་ཉིད།། ཞལ་གཅིག་ཕྱོག་གཉིས་དབུ་སྐྲ་གྱེན་བརྗོས་ནོར་བུས་བརྒྱན།། ཤ་རྒྱས་གསུས་འཕྱང་སྣ་ཚོགས་དར་གྱི་ན་བཟའ་ཀླུབས།། ཕྱག་གཡས ་བཙོན་འཛིན་པས་འཇིག་རྟེན་དབང་དུ་སྣང་།། གཡོན་པ་ནེཉྫ་ལེ་འཛིན་པས་ལོངས་སྤྱོད་ཆུར་བཞིན་འབེབས།། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་འབྲུག་ལ་ཆིབས།། སྣ་ཚོགས་རིན་ཆེན་རྒྱན་གྱིས་མཛེས་ལ་ཕྱག་འཚ ་བསྟོད།། གཡོན་གྱི་གླུ་མོར་རྡོ་རྗེ་ཁཊྭཱཾ་བསྣམས་པ་ནི།། ཉིད་ཀྱི་སྐུ་ལ་གཉིས་མེད་འ་ཁྲིལ་བའི་སུམ་མཆོག་མཚོན།། སྤྱན་གསུམ་ཁྲོ་གཉེར་ཅུང་ཟད་བསྡུས་པའི་ཁྲོའི་ཚུལ།། ཡིད་ལ་རེ་བའི་འབྲས་བུ་བྱིན་ལ་ཕྱག་འཚལ་པོ་སྟོང་། ་ཤར་དུ་ཞེ་སྡང་རྣམ་དགི་མ་ལོང་ཡེ་ཤེས་སྐྱེ།། རྡོ་རྗེ་མཁའ་འགྲོ་མཐོང་ནག་ཞལ་གཅིག་ཕྱག་གཉིས་མ།། གཡས་པ་རྡོ་རྗེ་གཡོན་པ་རྟེན་འབྲེལ་རྫས་རྣམས་འཛིན།། བགེགས་རིགས་ཀུན་འཇོམས་རྡོ་རྗེ་མཁའོ་འགྲོ་ཕྱོག་འཚལ་བསྣད་། ་རུ་སར་སྣ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ།། རིན་ཆེན་མཁའ་འགྲོ་སེར་མོ་ཞལ་གཅིག་ཕྱག་གཉིས་མ།། གཡས་པ་ནོར་བུ་གཡོན་པ་རིན་ཆེན་བུམ་པ་བསྣམས།། དབྱིག་གི་ཆར་འབེབས་རིན་ཆེན་མཁའ་འགྲོ་ཕྱོག་འཚལ་བསྟོད།། རླུབ ་ཏུ་འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་སྐུ།། པདྨ་མཁའ་འགྲོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ།། གཡས་པ་པདྨ་གཡོན་པ་འགུགས་བྱེད་ལྕགས་ཀྱུ་བསྡོམས།། འགྲོ་རྣམས་དབང་སྡུང་པདྨ་མཁའ་འགྲོ་ཕྱག་འཚལ་བསྟོད།། ་བྱང་དུ་ཕྲག་དོག་རྣམ་དག་བྱ་སྒྲུབ་ཡེ་ཤེས་སྐུ།། ལས་ཀྱི་མཁའ་འགྲོ་ལྗང་གུ་ཞལ་གཅི་ག་ཕྱག་གཉིས་མ།། གཡས་པ་རྒྱ་གྲམ་གཡོན་པ་ནེའུ་ལེའི་རྐྱལ་པ་བསྣམས།། ལས་ཀུན་འགྲུབ་བྱེད་སྣ་ཚོགས་མཁའ་འགྲོ་ཕྱག་འཚལ ་བསྟོད།། ཅེས་མར་མེ་མཛད་ཡེ་ཤེས་ཀྱིས་ནོར་བདག་གཙོ་འཁོར་ལྔ་ཞལ་གཟིགས་པའི་དུས་སུ་བསྟོད་པ། རྒྱ་གར་གྱི་པན་ཌཾ་ཏ་ཆེན་པོ་དང་ལོ་ཙ་བ་ཆེན་པོ་བརྩོན་འགྲུས་སེང་གེས་བསྒྱུར་བའོ།། ་