| Wylie | e-texts produced with BDRC’s OCR application |
མས་ཀྱི་པ་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་ཐས་ན་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཨཱརྱཱ་འཇམ་བྷ་ལ་སྟོང་ཏཱ་ན་མ། བོད་སྐད་དུ། འཕགས་པ་འཛམ་བྷ་ལ ་ལ་འཁོད་པཞེས་བྱ་བ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ།། ཆུ་ལ་གཟིགས་ཞིང་ཆུ་ལ་དགེས།། ཆུ་ཡི་ཚོགས་ལ་རྟག་ཏུ་བཞུགས།། ཆུ་སྐྱེས་འཇིག་རྟེན་ནོར་གསོལ་པ།། གནོད་བཅས་ཁྱོད་ལ་ཕྱག་འཚལ ་ལོ།། བཅོམ་ལྡན་གང་གི་ཁྱབ་འཇུག་ལ།། དཔལ་གྱི་ལྷ་མོ་གནང་མཛད་ཅིང་།། ལྷ་ཡི་ལྷ་ཡི་སྤྱི་གཙུག་དུ།། རི་བོང་ཅན་གྱིས་བརྒྱན་པར་མཛད།། དོན་ཀུན་བྱེད་པའི་དཔག་བསམ་ཤིང་།། གངས་ཀྱིས་ལྷ་གནས་སུ་བཞག་ཅིང་།། ་ལྷ་ལ་འཕོ་མེད་གནས་ཐོབ་ཕྱིར།། བདུད་རྩི་གང་གིས་བྱིན་པ་དང་།། དེ་ལྟར་གཞན་དོན་མཛད་ནས་ཀྱང་།། གང་གི་མཛད་པ་རྒྱུན་མི་འཆང་།། དེ་ཡི་སྦྱིན་པའི་སྟོབས་མཐོང་ནས།། སངས་རྒྱས་ཀྱང་ནི་ངོ་མཚར་འགྱུར།། ཐམས་ཅད ་མཁྱེན་པ་ཐོབ་པའི་རྒྱུ།། སྦྱིན་པ་གང་གི་སྟོབས་ལས་བྱུང་།། འཕགས་པ་འཛམ་བྷ་ལ་དེ་ཡི།། ཞབས་ལ་རྟག་ཏུ་འདུད་པར་བགྱི།། གང་ལ་དང་ན་འཇིག་རྟེན་འདིའི།། དགེ་བའི་རྩ་བས་ཕོངས་པ་ཡང་།། དགེ་བ་ཅན་བཞིན་ལོངས་སྤྱོད ་ནི།། བླ་ན་མེད་པ་ཐོབ་པར་འགྱུར།། བཙུན་མོ་དམ་པས་བསྐོར་བ་ཡི།། གཞལ་ཡས་ཁང་ལ་རྣམ་གནས་ནས།། གང་ལ་དང་ན་སྐལ་ལྡན་ནི།། ལོངས་སྤྱོད་ཀྱིས་གཞན་འབྱོར་པར་བྱེད།། འཇིག་རྟེན་སྡུག་བསྔལ་ཅན་གཟིགས ་ནས།། སྡིག་སོགས་འཇོམས་པར་བྱེད་པ་གང་།། སྤྲུལ་པ་སྣ་ཚོགས་སྤྲུལ་ནས་ནི།། དཔལ་གྱི་འཇིག་རྟེན་རྒྱས་པར་མཛད།། སྔགས་རྒྱུད་དག་གི་འདོད་དོན་ཀྱང་།། བསྒྲུབ་པའི་ཐབས་ལ་མཁས་པ་གང་།། དེ་ལ་ནོར་རྒྱུན་མ་དག་གིས།། ་དོན་མེད་སྤངས་ནས་རྒྱས་པར་མཛད།། བརྒྱུད་པ་ལས་བྱུང་སྔགས་ཐོབ་ནས།། ཕྱི་ནང་མཆོད་པ་ལ་མཁས་པ།། འཛམ་བྷ་ལ་ཡི་སྒྲུབ་བྱེད་ནི།། འཇིག་རྟེན་པ་དང་མཉམ་མེད་འགྱུར།། ཞེ་སྡང་ཅན་དུ་རིགས་མཐུན་པའི།། བུང་བ ་ལྟ་བུའི་གཟུགས་འཛིན་ཅིང་།། ནོར་ནི་རྒྱས་པར་བྱེད་པ་དང་།། དགྲ་རྣམས་གསོད་བར་བྱེད་པ་ཡི།། མི་བཟང་གཏེར་རྣམས་སྟེར་བའི་དང་།། སྐལ་བཟང་བྱེད་དང་སྡུག་བསྔལ་སྤོང་།། ཆོས་སྟོན་པ་དང ་ལྟས་ངན་སེལ་བ་ཡི།། དུས་གསུམ་གཟིགས་མངའ་འཇམ་བྷ་ལ་ལ་འདུང་།། སྦྱིན་བདག་ཆེན་པོ་གསང་བའི་བདག། དཔལ་ལྡན་འཛམ་བྷ་ལ་བསྟོད་པས།། སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ནས།། འགྲོ་རྣམས་དབུལ་དང་བྲལ་བར ་ཤོག། ཆོས་དཔལ་ཞུ་བའི་ངོ་རུ་ནི།། ལུང་ལས་ཇི་ལྟར་འབྱུང་བ་བཞིན།། དཔལ་ལྡན་རིན་ཆེན་རྡོ་རྗེ་ཡིས།། བཅོམ་ལྡན་འཇམ་བྷ་ལ་བསྟོད་དོ།། འཕགས་པོ་ནོར་ལྷའི་བསྟོད་པ། དངོས་གྲུབ་བརྙེས་པའི་བྲམ་ཟེ་རིན་ཆེན་རྡོ ་རྗེས་མཛད་པ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་པན་ཌི་ཏ་མ་ཧཱ་འཛ་ནེ་དང་། བོད་ཀྱི་ལོ་ཙྪ་པ་མ་ལ་བློ་གྲོས་གྲགས་ཀྱིས་བསྒྱུར་ཅིང་ཞུས་པའོ།། །། རྗེ་བཙུན་ལྷ་ལྔའི་བསྟོད་པ་བཞུགས།། རྒྱ་གར་སྐད་དུ། བ་སུ ་