CLOSE WINDOW

GT2996: a pa ra tsi ta rin chen bzang po'i sgrub thabs zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨ་བ་ར་ཙིཏྟ། རང་ན་པ་ལས་ཏ་ན་མ། བོད་སྐད་དུ། ཨ་པ་ར་ཙི་ཏ་རིན་ཆེན་བཟང་བའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་མོ།། གནས་འཐེམ་ཞིང་ཡད་དུའ། ་བར་མ་འདུལ་དང་མཆོད་པ་བཤམས་ལ། སེམས་བསྐྱེད་པ་ནི་བསམ་པར་བྱ་སྟེ། དཀོན་མཆོག་ལ་མཆོད་པ་དང་། བླ་མ་ལ་ཞབས་རྟོག་བྱ་བ་དང་། དབུལ་འཕོངས་རྣམས་ལ་སྦྱིན་པ་བཏང་བ་དང་། རང་སྒྲུབ་པ་བྱེད་པའི ་ཡོ་བྱད་ཀྱི་ཆེད་དུ་ག་མོད་སྦྱིན་གཏེར་གྱི་བདག་པོ་སྒྲུབ་སྙོམ་དུ་སེམས་བསྐྱེད་དོ།། དེ་ནས་ཡན་ལག་བདུན་པ་དང་། ཚད་མེད་པ་བཞི་དང་། སྟོང་པ་ཉིད་དུ་བསྒོམ་པར་བྱའོ།། གནོད་སྦྱིན་པ་དེའི་སྒྲུབ་ཐབས་ཡ་དོན་གསུམ ་སྟེ། དང་པོ་རང་ལ་ཁུ་མདོག་མི་ཡོད་པའི་ཕྱིར་རང་ཆས་སུ་གཞུག་པ་དང་། སྒྲུབ་པ་བྱ་བ་དང་། ལས་ལ་སྦྱར་ཞིང་མ་གྲུབ་ན་སྤོགས་ཆོ་ག་བྱའོ།། གནས་དབེན་ཞིང་ཡིད་དུ་འོང་བར་ཕྱག་ན་རྡོ་རྗེའི་སྟེན་ཐངས་སྐུ་འམ། ་ལུགས་མ་བཞུགས་པ་ལ། མཆོད་པ་དང་གཏོར་མ་བཤམས་ལ། གཏོར་མས་པ་རོ་ཆོད་སོལ་གཅིག་བྱས་ལ་རྟག་གཏོར་བྱའོ།། དེ་ནས་རང་བཛྲ་པ་ནི་སྐྱེང་ལ་ཡེ་ཤེསོ་སེམས་པ་སྤྱན་དེ་ལ་ཡ་དྲངས་ལ ་སྙོམ་འདུན་པ་བྱས་ལ་གམལ་པ་གང་བ་དེའི་ཐུགས་ཁ་ར་ཨ་ལས་ཟླ་བའི་སྟེང་ཧཱུཾ་གི་མཐའ་མ་སྔགས་ཀྱིས་བསྐོར་བར་དམིགས་ལ། ཨཱཾ་ཙན་ཆེ་ཆེ་བྱུང་ལ་དྷ་མ་ཧཱ་རོ་ཤ་ཎ་ཧཱུཾ་ཕཊ། ཅེས་བཟླས་པ་ཞག་ལྔ་པྱ་བ་ནི་བསྙེན་པའོ།། དེ་ནས ་སྒྲུབ་པ་བྱ་བ་ནི། ཚེས་གཅིག་ལ་གནས་དེར་མ་འདལ་པདྨ་ས་བརྒྱད་པ་གཅིག་བྲི། འདབ་མ་བཞི་སེར། མཚམས་བཞི་མཛེས་ཚེན། དེའི་དབུས་སུ་ཁ་དོག་དཀར་པོར་སྐྱེད་ན་ནག་པོར་བྲི། ཁ་དོག ་ནག་པོར་སྐྱེད་ན་སེར་པོར་བྲི། ལྟེ་བ་ལ་ཧྲི་བྲི། སྒོ་གཅིག་ཤར་དུ་བལྟ་བར་བྱ། གཏོར་མ་གཉིས་བྱས་ལ། གཅིག་རྟར་བཟུང་། ཅིག་འཕྲལ་བཏང་ངོ་།། ནོར་གང་འདོད་པའི་ཚིག་ཟངས་ཀྱི་བྱང་བུ་ལ་བྷྲྀ། དེ་ཡང་འདོད ་ཡོན་ལྔ་ལ་ལོངས་སྤྱོད་དང་། ཅེས་བསམ་ཕུན་སུམ་ཚོགས་པའི། དངོས་གྲུབ་ཆེན་པོ་བདག་ལ་སྩོལོ་ཞེས་བྱའོ།། བླ་རྡོ་བཟུང་། དེ་དར་དམར་སེར་ཁ་གཔ་རི་བང་རྐང་དང་དབང་ལག་དེར་གསུ། རྟག་མ་ན་འཆརིན་པོ་ཆེས་རྦ་གཏོར་ལ་འབྲུ ་སྣ་དང་། རིན་པོ་ཆེ་དང་། ཤིང་ཐོག་དང་ངར་ཟབ་གཟུགས། མཆོད་པ་བཤམ། རང་ཕྱག་རྡོར་སྙིང་པོ་བརྒྱ་ཙམ་བཟླས་པ་ནི་བསྙེན་པའོ།། དེ་ནས་སྐད་ཅིག་གིས་མ་འདལ་ཁར་གནོད་སྦྱིན་སྐུ་མདོག་དཀར་པོ།། ཞལ་གཅིག ་པི་ཕྱག་གཉིས་པ། གཡས་ན་ལྕགས་ཀྱུ། གཡོན་ན་རིན་པོ་ཆེའི་བུམ་པ་བསྣམས་པ། རིན་པོ་ཆེ་བུམ་པའི་སྟེང་ན་ཞབས་གཡས་པ་དང་འདྲ་བསྐུམ་པས་བཞུགས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དར་སྔོན་པོའི ་ཤོམ་ཐབས་ཅན། སྤྱན་ཆེ་བ་ལུག་ལ་ཁད་པ་ཅིག་ཏུ་བསམས་ལ། དེ་ནས་སྤྱན་དྲངས་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་ཐུགས་ཁའི་ཧཱུཾ་གི་འོད་ཟེར་དང་། སྙིང་པོའི་ཞབས་ལ་ཛ་ཧཱུཾ་བ~ཾ་ཧེ་ཧགས་ལ་རི་རབ་ཀྱི་བྱེང་ཤར ་མཚམས་ནས་སྤྱན་དྲངས་ནས་གཉིས་སུ་མེད་པར་སྟིམ། དེ་ནས་སྙིང་པོའི་ཞབས་སུ། བུས་པ་པུ་ཙ་ཧཱུཾ་ཞེས་བྱ་བ་ལ་སོགས་བསགས་ལ་མཆོད་པ་འབུལ། སྙིང་པོའི་ཞབས་ལ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི་ཉགས་པ་འམ། ཨཱ ་ཁ་རོ་གགས་ལ་གཏོར་མ་འབུལ། དེ་ནས་བསྟོད་པ་བྱེ། ཁོལ་དམིགས་པ་གསལ་བསྡུ་འོད་ཟེར་ཕར་འཕྲོས་པས་མཆོད་པར་བསམ། ཚུར་འདུས་པས་ནོར་སྟེར་བར་བསམས་ལ་བཟླས་པ་བྱ། བཟླས་པ་རྫོགས་ནས ་པུ་ཙ་བྱ། གཏོར་མ་འབུལ་བསྟོད་པ་བྱའོ།། དེ་ནསོ་གསོལ་བ་བཏབ་པ་ནི།། མཆོད་སྦྱིན་གཏོར་མ་འདི་བཞེས་ལ།། འདོད་ཡོན་ལྔ་ལ་ལོངས་སྤྱོད་དང་།། ཅི་བསམས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐམས་ཅད་བདག ་ལ་སྩོལ།། ང་ཡི་བཀའ་ལས་མུ་འདའ་ཅིག། ང་ཡི་བཀའ་ལས་འདས་གྱུར་ན།། ཕྱག་ན་རྡོ་རྗེས་མགོའོ་ཁོས།། མི་ཡིས་སེམས་བརྒྱལ་གཅིག་བྱའོ།། དེ་ནས་སྙིང་པོའི་ཞབས་སུ་མུ་ཞེས་བཤགས་པ་འམ། ཡང་ནཱ་ལུས་དྲང ་གྲིབ་མ་བཞིན་བྱ་བ་མན་ངག་ཡིན་ནོ།། དེ་ལྟར་ཐུན་དྲུག་དུ་ཞག་གཅིག་བཞིན་སྒྲུབས་པས། ཉའི་ནུབ་དང་ལྷན་མངོན་པའི་ཕྱག་རྒྱ་མི་བཤིག་མོ་གནོད་སྦྱིན་བྱོན་ཏེ། རྟགས་རབ་འབྲིང་གསུམ་འབྱུང་བས། འཛགས་པ་མེད་པའི ་སེམས་ཀྱིས་དངོས་སུ་བྱོན་ནས་མཆོད་པ་བྱ། སུམ་ལ་སོགས་གཏོར་མ་འབུལ་གུ་གུལ་སྲེག། དྷམ་ཉའི་ནུབ་མོ་ཐུད་ཀྱལ་དང་ཤ་ཁོག་ལ་སོགས་པ་ཙེ་ར་ལ་ཁོ་ལ་འབུལ། གཏོར་མ་འབུལ་དུས་ཐམས་ཅད་དུ ་ལས་ཁོ་ན་ག་པོ་ཥམྦྷ་དྲཱཀཱརཪྵ་བོར་སྐྱེད་ལ་འབུལ་ལོ།། རང་དྷེརྱ་སྒོམ་པའི་ལག་ལེན། བྱུག་རྒྱ་རྡོ་རྗེ་བསྣམས་པ་ལ་གླུ་མ་གཉིས་སྦྱར་ཏེ། བསྒྲེང་བ་ལ་རང་གི་མཚལ་མ་ནཱན། དེ་བཟུང་ལྕ ་ཚིགས་བྱ་བ་ནི་དམ་སྲེ་བའི། དངོས་གྲུབ་ཀྱི་ཚིག་བྲིས་པའི་བྱང་བུ་ཟུང་ལ། སྔར་གྱི་ཚིག་གིས་གསོལ་པ་བཏབ་པའོ།། དངོས་གྲུབ་གང་འདོད་བྱུང་ངོ་།། རྟོགས་རབ་འབྲིང་ཐ་མ་གསུམ་གང་བྱུང་ཡང་། མཆོད་བསྟོད ་ལ་སོགས་དེ་ལྟར་བྱའོ།། དེ་ནི་འགྲུབ་པའོ།། ། དེ་ནས་ལས་སྦྱར་ནི་འདིའོ།། སྐྱ་རེངས་ཤར་བའི་མཐོ་རིངས་ཁ་ལྕགས་ཀྱུས་རྫས་ཅི་འདོད་དགུག་པར་བསམ་ནོར་རྙེང་བའི་སྙིང་པོ་བཟླས་སོ།། སྔར་ལྟར ་གསོལ་བ་བཏབ་བོ།། ནམ་ལངས་པ་དང་གཏོར་མ་ཐམས་ཅད་བཏང་ངོ་།། མ་ལུས་གཤེགས་པ་འམ། ལུས་དང་གྲིབ་མ་བཞིན་དུ་བསམ་མོ།། དེ་ལྟར་བྱས་ན་ཁོ་ཟླ་བ་ཕྱེད་ཀྱིས་འགྲུབ་བོ།། ་དེ་མ་འགྲུབ་ན་སྤོགས་པ་ཟླ་བ་ཕྱེད་བྱའོ།། དེས་ཀྱང་མ་འགྲུབ་ན་ཡང་ཟླ་བ་ཕྱེད་བྱ། དེས་མི་འགྲུབ་མི་སྲིད་དོ།། དེས་ཀྱང་མ་འགྲུབ་ན་ཁོ་བདག་མཆིའོ།། གཏོར་མ་དཀ་རོ་གཏོར་བྱ། འབྲས་ཆན་རྣམ་པ་སྣ་ཚོགས ་ཀྱིས། དཀར་གཏོར་བཀང་ལ་བ་ཞོག། ཉའི་ནུབ་མོ་ཁོ་འོད་བས། ཤིན་ཏུ་འཛེགས་པར་མི་བྱའོ།། ཕྱག་རྒྱ་མི་བཤིག་གུ་གུལ་སྲེག། ཁོའི་གཟུགས་ལ་ཇི་ལྟར་བྱུང་ཡང་དངོས་གྲུབ་བླང་ངེས་པ་མེད།། རེས་དགའ ་བྱིས་པ་ཁྱེའུའི་གཟུགས།། མིག་ནི་བག་ཙམ་ལྟུང་ལ་ཁང་།། བྱོན་པའི་དུས་སུ་དངོས་གྲུབ་བླང་།། འདོད་པ་ལྔའི་ལོངས་སྤྱོད་དང་།། ཅི་བསམ་ཕུན་སུམ་ཚོགས་པ་དངོས་གྲུབ་ཆེན་པོ་བདག་ལ་སྩོལ།། མི ་ཡོས་སེམས་དགུ་ལ་གཅིག་བྱ། འདི་མིས་སྙིང་སྐུལ་བའི་སྔགས།། རྩ་སྔགས་ཤིན་ཏུ་ཤེས་གསོལ་བ་གཅིག་རྫབ་རྗེ་ཉིད་ཀྱང་འདི་ཉིད་ཡིན།། ཡིད་འཕྲོགས་སྔགས་ཀྱང་འདི་ཉིད་ལྷན་གྱི་གྲུབ ་ཡིན།། ཨོཾ་ཧཱི་ཛ་ཨ་པ་ར་ཙིང་ཏ་ཛ་ཛ། སྲོག་རྩ་བྲེང་བྲེང་ཐུལ་ཐུལ། ཐམས་ཅད་འདུས་པར་འགྱུར་བ་ཡིན།། ལྷ་འདྲེ་མི་གསུམ་དབང་དུ་བསྡུས།། དེ་བས་བསོད་ནམས་སྐྱེད་པ་ཡིན།། གང་ན་འདུག་པའི་ས་ཕྱོགས ་སུ།། དགྲ་ཡི་གནོད་པ་མི་འབྱུང་ངོ་།། ཁྲོས་པས་མི་རྣམས་འཆི་བར་འགྱུར།། འདི་ལྷ་མོ་ཀླུ་མ་སྦུབས་ཡོན་ཏན་བསམ་མི་ཁྱབ།། སུམ་ཅུ་རྩ་གསུམ་ལྷའི་གནས་སྐྱེལ།། ལྷ་མིན་ཤིང་ཐོག་བདག་ལ་རང་ལ་སྟེར།། ་རིན་ཆེན་སྟེར་རྣམས་བདག་ལ་སྟར།། བདག་ལ་ཤིན་ཏུ་ཆགས་པར་འགྱུར།། དེ་བས་དེ་མཐོང་ངོ་མཚར་ཆ།། བསྒྲུབ་དུས་གསུམ་ལ་རབ་ཟླ་བ་ཕྱེད། འབྲིང་གཉིས། མཐའ་མ་གསུམ། སྒྲུབ་དུས་གསུམ་ལ ་རབ་དངོས་འབྲིང་ས་ལོག་གི་སྟུག་ཚིམ། མཐའ་མ་རྨི་ལམ་དུ་འོང་། དངོས་གྲུབ་གསུམ་ནི། རབ་ལུང་སྟོན། འབྲིང་ལྷ་ཡུལ་དུ་ལྷ་མེས་ཁྲིད་དེ། མཐའ་མ་འཁོར་དང་ནོར་འདུ། དེ་ལྟར་གྲུབ་པའི་རྫས་དེ་ཆ་བཞིར ་བྱས་ཏེ། ཆ་གཅིག་བླ་མ། ཆ་གཅིག་དཀོན་མཆོག། ཆ་གཅིག་འགྲོ་བ་རྣམས་ལ་སྦྱིན། ཆ་གཅིག་རང་བཤད་དོ།། དེ་ནི་ནོར་འཕེལ་བའི་གདམས་ངག་ཡིན་ནོ།། བསྒྲུབ་དུས་སུ་དམ་ཚིག་རྩ་བ ་བཞི་སྲུང་། ཤ་ཆང་སྒྲོག་རྩོད་སྲུང་། སྨྲ་བཅད་མཚམས་སྔམ། ཟས་དཀར་གསུམ་མངར་གསུམ་ལ་བྱའོ།། འདི་བླ་རྡོ་བཅང་བ་ནི་གཉིས་ཏེ། བསེ་བྱང་ལ། གསེར་རམ་དངུལ་གྱི་འཁོར་ལོ་རྩིབས་བརྒྱད་བྲིས ་ལ། རྩིབས་སྔགས་བྲི། དབུས་སུ་རྩ་ཀ་ལ་བྲིས་ལ་དར་དུ་དྲིལ་ལ་བཟུང་ངོ་།། ཁྲོ་བོའི་སྐུ་དེ་སྒྲུབ་དུས་ན་དྲིལོ་རྦ་ལྡོམ་དུ་བཅུག་ལ་བསྒྲུབ་ཁང་དུ་གཞུག། བྱེས་སུ་འགྲོ་ན་གྲཝར་འགྲོ་ཁྱེར་ལ་འགྲོ། ཡང་རྡོ་ཕ་བང་ལོང་བུ་ལ ་རི་བོང་གི་ཁྲག་གི་བྲིས་ཏེ་དར་དུ་དྲིལ་ཏེ་རྟག་ཏུ་བཅང་ངོ་།། ། ལས་གྲུབ་པ་འམ་རྟགས་མ་བྱུང་ན། ཕ་ཝང་ལོང་བུ་དེ་རི་བོང་གི་སྙིང་དུ་གཞོག། དེ་རི་བོང་གི་ཐོད་པ་རོ་གཞུག། དེ་གཉིས་བྲ་བ་གཡག་པོ་རླུང ་ཐུར་གཞུག། བྲིས་སྐུ་སྟོང་བ་དང་བླ་རྡོ་རྣམས་ཉུངས་ཀར་གྱི་དུད་པ་ལ་བདུག་ཅིང་རང་ཕྱག་ན་རྡོ་རྗེའི་རྡོག་པས་གནན་པས། ཡི་གེ་བཅུ་པ་ལ་ཁྲོ་བོའི་སྙིང་པོར་ལོག་པར་རྟགས་ལ་གཟེར་རོ།། དེ་ནས་སྒྲུབ་པ་བསྒྱུར ་ན་འགྲུབ་ངེས་སོ།། ཉནམ་བྱུང་གི་སྐྱ་རེངས་ཤར་བ་ལ་ཀར་རེ་བཏང་ཞིང་ནོར་དྲང་བའི་སྙིང་པོ་བཟླས། དོན་གཉེར་རམ་ནོར་དགོས་པའི་ཚེ། དུས་ནམ་ཡང་འདྲིས་ཏེ་གཏོར་མ་སྦྱིན་ལ་ནོར་དྲང་བའི་སྙིང་པོ་བཟླས་ལ ་གསོལ་བ་གདབ། ཟས་ནམ་ཟ་བའི་ཚེ་དཀོན་མཆོག་གསུམ་ལ་ཕུལ་བའི་རྗེས་ལ། ལྦུ་བཤོས་ཀྱི་གཟུགས་རེ་བྱས་ལ། ནཱ་བ་ཎརྨྨཱ་ནས་བརྗོད་ལ་ཁོ་ལ་འབུལ་ལོ།། དྷ་རཱི་རབ་ར་ཡ་རྩེ་མོ་ནས།། བྱུང་ཤར ་མཚམས་ཀྱི་རྩེ་མོ་ནས།། ཕྱག་ན་རྡོ་རྗེར་རྫུ་འཕྲུལ་སྟོབས།། གཏེར་བདག་ཆེན་པོ་འདིར་གཤེགས་དང་།། ནོར་པོ་དག་ཆེན་པོ་འདིར་གཤེགས་དང་།། ལས་རྣམས་སྒྲུབ་བྱེད་འདིར་གཤེགས་དང་།། མཐུན་པའི་རྫས་ལ ་འདིར་གཤེགས་དང་།། བྱོན་ནས་འདི་ཉིད་བཞུགས་སུ་གསོལ།། དམ་ཚིག་གཉེན་པོ་སྲུང་བ་དང་།། སྒྲུབ་པ་པོ་ལ་རྩེ་བའི་ཕྱིར།། འགྲོ་བའི་དོན་ལ་བཞུགས་སུ་གསོལོ།། གནོད་སྦྱིན་རྒྱལ་པོ་རིན་ཆེན་སྦྱིན།། དགྱེས ་པའི་ཞལ་ཟས་སྣ་ཚོགས་དང་།། དཱར་སོགས་སྤྱན་གཟིགས་སྣ་ཚོགས་དང་།། སྐྱེམས་སོགས་སྣ་ཚོགས་བཞེས་སུ་གསོལ།། ཞེས་སྤྱན་དྲང་བའོ།། །། ཧྲི་ལས་མཁན་ཆེན་ཁྱོད་ཉིད་ལ།། མོས་པའི་ཚུལ་གྱིས ་བདག་བསྟོད་དོ།། ལྷ་རྣམས་ཀུན་གྱི་ཁ་ལོ་སྒྱུར།། ལྷ་ཡི་རྒྱལ་པོ་ཁྱད་ལ་བསྟོད།། ལྷ་མིན་མི་རྣམས་དབང་དུ་བསྡུས།། གནོད་སྦྱིན་རྒྱལ་པོ་ཁྱོད་ལ་བསྟོད།། གང་ན་འདུལ་བའི་ས་ཕྱོགས་སུ།། རིན་ཆེན་ཆར་འབེབས ་ཁྱད་ལ་བསྟོད།། དགྲ་ཡི་བར་ཆད་སེལ་བར་བྱེད།། མཐུ་སྟོབས་བདག་པོ་ཁྱོད་ལ་བསྟོད།། ཁྱེད་ལ་མཆོད་ཅིང་བདག་བསྟད་ནོ།། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ།། བསྟོད་པའོ།། ཨཱ~ཾ་ཧྲི་ཛ་ཨཱ་བ་ར་ཙིང ་ཛ་ཛ་རྩཝ་སྔགས་སོ།། ཨོཾ་བྷུ་ཏ་ནཱ་ཨོཾ་བ་ར་ཅིང་ཏཛད། སརྦ་མ་ནྱཱ་\ུ0f7fས་མ་ཛྲཛྫསྭཱ་དཱ། ནོར་དྲང་བའོ་སྔགས་སོ།། 46ཏཙ་རམ་པ་ཨཿཛ.ོཾ།། གནང་ལ་འབེབས་སྔགས་ས།། ་ཤྲཱི་རི་ཧཱུཾ། སྲིང་མོའི་སྔགས་སོ།། ཡང་རིགས་གཅིག་ལ་རྡོ་རྗེ་པ་ལྕང་ལོང་སྲུལ་སྲོག་སྔགས་བྲིས་ལ་པྲ་བའི་བྱུང་བུར་བཅུག་སྟེ། ཁེ་བཅིངས་ལ་རྒྱུན་སྟོར་ནང་དུ་གཞུག། ལས་མ་སྒྲུབ་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ ་ཨ་པ་རྀ་ཙི་ཏ་ས་ངའི་ལེས་མ་སྒྲུབ་བོ།། བྱས་ལ་ལངས་ལ་བཏབ་པོ།། དེ་ནས་ཁོ་ཕྱུང་ལ་ཟངས་མའི་བྱང་བུ་ལཾ། འདོད་དོན་གསོལ་བའི་ཚིག་བྲིས་ལ་ཁོ་ལ་སྟན་ནོ།། དེས་ནི་བར་དུ་མི་ཆོད་པ་ཡིན་གསུང་ངོ་།། རྟགས ་ནི་ཚོང་པ་མང་པོ་དང་། ནོར་དང་ལོངས་སྤྱོད་མང་པོ་སྟེར་བ་ད་རདྭ་དབང་བ་ལས་རྨི་ལམ་དུ་འབྱུང་ངོ་།། དེ་ལྟར་བྱུང་ན་གྲུབ་པ་ཡིན་པས། གཏོར་མ་ཁོ་ལ་སྔོས་ལ་སྔར་བཟུང་ངོ་།། སྤོགས་ཆོག་མི་དགོས་སོ།། མ ་གྲུབ་ན་སྤོགས་ཆོག་བྱ་བ་ནི་བཞི་སྟེ། གནན་པ་དང་། གཟིར་པ་དང་། སྦྱིན་སྲེག་དང་། བཟུང་བའོ།། དེ་ལ་གནན་པ་ནི། འཁོར་ལོ་རྩིབས་བཅུ་པ་བྱས་ལ་དཀྱིལ་དུ་ཁོ་བོའི་གཟུགས་བྲི། མཐའ་མ་ལ་སྔགས་བྲི། ཕྱག ་ན་རྡོ་རྗེ་འཁོར་ལོ་གཅིག་གིས་སྟེང་ནས་བཀབ་བོ།། དེ་གཉིས་ཁམ་ཕོ་ར་ཁ་སྦྱར་གྱི་ནང་དུ་བཅུག་ལ་གུ་གུལ་གྱི་དུང་པས་བདུག། རྡོ་རྗེ་པ་ཝང་ལོང་བུ་དང་། དར་ཟབ་དང་རིན་པོ་ཆེ་བརྡར་ལ་དེར་གཞུག། རྡོ་རྗེ་རྒྱ ་རམ་བྲིས་ལ་རང་གི་མལ་འོག་ཏུ་གནན་པ་བྱ། དེ་ནས་བཛྲ་བ་ནི་བཟླས་པ་བྱས་པས་ཁོ་མ་བཟོད་དེ་འོང་། དེ་ནས་ཡང་སྟོན་ལ་སྤོས་ཁུང་ངུ་བ་འག་ལ་བསྙེན་པ་ཟླ་བ་ཕྱེད་བྱའོ།། དེས་ཀྱང་མ་གྲུབ་ན་གཟིར་བ་ནི། ལང ་ག་ངེ་གཏོར་མའི་སྟེང་དུ་བཞག་ལ། གུ་གུལ་དཀར་པོའི་དྲུང་པ་དང་མི་གཙང་མའི་ཤ་ཆེན་སྐྱེགས་ལྔ། ལག་དུ་རྡོ་རྗེ་ཐོགས། རླུང་ཕྱུག་རྡོར་གྱི་སྔགས་བཤམ་ལ་ཁོ་རང་གི་སྔགས་རྟགས་ལ་གཟིར་རོ།། དེས་ཁོ་ཉན ་ན་གཏོར་མ་ཁོ་ལ་སྔོས་ཏེ་སྦྱིན་ལ། གནོད་སྦྱིན་ཨ་པ་ར་ཅིང་ཏ་མིའི་སྙིང་སྐུལ་ཅིག། ངའི་གྲོགས་ཀྱིས་བྱའོ།། སྦྱིན་སྲེག་ལ་ཤིང་གང་ཡང་རུང་བའི་མེ་བླང་ངར་སྟང་ལ་འོག་མའི་འཁོར་ལོ་དེ་མེ་ལྕེ་ལ་སྲེག་ཞིང ་ཉུངས་ཀ་ར་ལ་སྔགས་ལ་དང་པོ་ཐབས་སུ་སྲོག་གོ།། དེ་ནས་ཁོ་ལ་སྦྱིན་ལ་ལོངས་སྤྱོད་ལ་སོགས་པ་རྒྱས་པར་གྱུར་ཅིག་བྱས་ལ། སྔར་བཟུང་བ་དེ་ཁོ་ལ་སྤོས་ཀྱིན་མི་སྣང་ངོ་།། ཡི་དམ་ལྷའི་བཟླས་པ་དང་འདོན ་འདོད་ཀྱི་བཟླས་ཞབས་ལ་ཁོའི་བཟླས་པ་སུམ་བརྒྱ་ཙམ་རེ་མ་རྗེད་པར་བྱའོ།། དེས་ལྟར་བྱས་ན་ཁོ་དེ་བཞིན་དུ་བྱེད་པ་ལ་ལན་གསུང་ངོ་།། གུ་གུལ་གྱི་སྤོས་སྲིག་ལ་ཉ་ལའོ།། ནུབ་རངས་པ་ལ་བཟླས་པ་བྱ། མཐོ ་རེངས་བསྒྲུབ་པ་བྱ། བདག་གིས་ཇི་ལྟར་བྱ་ཟེར་ནས་འོང་སྟེ། ངོའི་དུས་སུ་བདག་གི་ཁོལ་པོ་གྱིས་བྱས་ལ། མི་བྱེད་ན་རྡོ་རྗེའི་དམྱལ་བར་སོང་བྱས་ལ་ག་ལ་བཟུང་། དང་པོ་མཎྜལ་མཛེས་པའི་ཐོག་དུ་རྒྱ ་བོར་གྱི་ནང་དུ་ཆུང་ཕུང་མ་ཉམས་པ་དང་། གཏོར་མ་བརྒྱན་དང་བཅས་པ་དང་། སྨན་དང་ཨ་མྲྀ་ཏ་དང་། སྤྱན་གཟིགས་སྣ་ཚོགས། དར་དམར་སེར་མཛེས་པའི་སྨན་དང་། རྒྱན་ལ ་སོགས་པ་སྲོག་གི་སྙིང་པོ་ནས་སྦྲེང་ཞིང་བསྟོད་བཅོལ་བྱའོ།། རྟགས་ནི་སྲད་བུའི་ཚོགས་དང་། ཞུང་ཅན་གྱི་ཚོགས་དང་། བཙུན་པོ་དང་། བནྡྷ་དེ་ནག་པོ་དང་། འོད་རྣམས་འབྱུང་ངོ་།། སྨན་གྱི་དྲི་བཟང་བ ་བྱུང་ན་ཤིན་ཏུ་བཟང་ངོ་།། དམ་ཚིག་ཉམས་ན་སྲོག་ལ་འོང་ངོ་།། གནོད་སྦྱིན་ཨཱ་པ་ར་ཙིང་ཏའི་སྒྲུབ་ཐབས་རྒྱལ་པོ་ཨིན་འདྲ་བྷཱུ་དྷི་ས་མཛད་པ་རྫོགས་སོ།། ་