| Wylie | e-texts produced with BDRC’s OCR application |
ཉིད་ཀྱིས་སྟེར་བར་ནི།། ལུང་བསྟན་རྒྱལ་བ་མཆོག་གིས་གསུངས།། དབུལ་ཚོགས་ཀྱི་བདག་པོ་འདོད་པའི་དབང་ཕྱུག་སྒྲུབ་པ་ཞེས་བྱ་བ། རྨྨཀྲཱུར་གྷི་བླ་མ་ཆེན་པོ་ཅན་ཊཱ་པས། དཔལྔ་ཚོགས་ཀྱི་བདག་ཐུ་ན ་རྟོག་པ་ཆེན་པོ་དབང་གི་ལེའུ་ལ་བརྟེན་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཔལ་བཻ་རོ་ཙ་ནའི་ཞལ་སྔ་ནས། བོད་ཀྱི་ལོ་ཙྪ་བ་ལཱི་རཾ་ཆོས་ཀྱི་གྲོགས་པསོ་སྒྱུར་བ་རྫོགས་སོ།། །། བསྟོད་པ་བྱ་བ་ནི། ཧཱུ~ཾ། གསུང་ལས་སྐྱེས ་པའི་མགོན་པོ་ཚིགས་བདག་ནི།། པདྨ་ར་ག་ཉི་མ་གཞོན་ནུའི་གདོང་།། གླང་ཆེན་ཞལ་ལ་ལྷ་ཡི་ནོར་བུས་བརྒྱན།། སྤྱན་གསུམ་རབ་མཛེས་ཨུཏྤལ་ཟེ་འབྲུ་ལྟར།། རབ་རྒྱས་གཟིགས་པས་འགྲོ་བའི་དབུལ་བ་སྐྱོབ།། མཆེ་བ་དཀོར ་པོ་རིན་ཆེན་མདངས་དང་ལྡན།། རིན་ཆེན་ཕྱག་རྒྱ་གཡས་ན་བགྲང་ཕྲེང་དང་།། ཞལ་ཟས་དུ་མ་ལ་དུའི་བཟེད་ཞལ་འཚང་།། གདུག་པ་ཀུན་སྒྲོལ་དགྲ་སྟ་དམར་པོ་འཆང་།། འབྱུང་པོའི་ཁ་ཟས་ལ་ཕུག་གཡོན་ན་འཛིན།། ལྷ་ལས་སྤགས ་པའི་བརྒྱན་དང་ཆ་ལུགས་ཅེན།། རལ་པའོ་ཐོར་ཚུགས་ཁྲོ་བོ་སྤྲིན་ལྟར་འགྲོ།། ཧྲི་ཡི་སྒྲ་འབྱིན་གསུང་གཱི་ང་རོ་ཡིས།། ཁམས་གསུམ་དབང་སྤྱང་ཡིད་ལ་རེ་བ་སྐོང་།། དབང་སྔོན་ནམ་བཟས་སྐྲ་སྨད་མཛེས་པར་བཀླུབས།། པད་དཀར ་ཟླ་བའི་འོད་ཀྱི་གདན་ལ་ནི།། ལོངས་སྤྱོད་བུམ་པ་སྔོན་པོ་བཻ་ཟུར་མདོག། རབ་ཏུ་མནན་ནས་འདོད་པའི་འབྲས་བུ་སྟེར།། ལྷ་ཆེན་འདོད་པའི་དབང་ཕྱུག་ཁྱོད་ལ་བསྟོད།། རྒྱལ་བའི་བསྟན་པ་རབ་ཏུ་སྐྱོང་ལ་སྟོང་།། མུ་སྟེགས ་བྱེད་སོགས་དབང་དུ་བྱེད་ལ་བསྟོད།། ལོངས་སྤྱོད་མི་ཟང་ན་མཁའི་མཛོད་ལ་བསྟོད།། དམ་ཚིག་འཛིན་ལ་དངོས་གྲུབ་མ་ལུས་སྩོལ་ཞེས་བསྟོད་དོ།། བླ་མ་ཆེན་པོ་ཙཎྜཱ་པས་མཛད་དོ།། ། རྒྱ་གར་སྐད་དུ། ག་ཎ་པ་ཏི་ཀྲོ་དྷ ་ཡོ་ས་དྷ་ནཾ། བོད་སྐད་དུ། ཚོགས་ཀྱི་བདག་པོ་ཁྲོ་བོའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དམ་ཚིག་སྡོམ་པ་ལ་གནས་པས།། རང་གཞན་དོན་གཉིས་སྒྲུབ་བྱེད་པའི།། ཚོགས་བདག་ཆེན་པོ་བསྒྲུབ་པར་བྱ།། ་མཎྜལ་གྲུ་བཞི་སེར་པོའི་སྟེང་།། མེ་ཏོག་སེར་པོའི་ཚེམ་བུ་དགོད།། སྤོས་ཀྱི་དྲི་ཆུས་ཆག་ཆག་གདབ།། གུར་གུམ་གླིང་ས་སེར་གྱིས།། པདྨ་འདབ་བརྒྱད་ལེགས་བྲིས་ཏེ།། མ་ཧཱ་ག་ཎའི་རུ་པོ་ནི།། ཙན་དན་ལ་སོགས་ཁྱད་པར་ཤིང་།། རིན་ཆེན ་གསེར་ལ་སོགས་པ་འམ།། ས་ལ་དེ་དག་བརྡར་བཱ་ལ།། སྤྲེའུ་གཟུགས་ཐལ་སྦྱར་ཁོང་སྟོང་ནང་།། སྤྲེའུའི་ཙི་ཏ་གོ་རྀའི་བརྒྱན།། དར་སྣ་ལྔ་དང་ལྡན་པར་བྲི།། ཞབ་སུ་གང་འདོད་མིང་སྤེལ་བྱ།། རཏྣ་འབྲུ་སྣ་དྲི་སྣ་གཞུག། ཞབས་སྡོམས་རབ་གན ་ལེགས་བྱས་ལ།། དངོས་གྲུབ་སྟེར་ཞིང་རང་ལ་གཟིགས།། འདབ་བརྒྱད་འཁོར་གྱི་གནོད་སྦྱིན་བརྒྱད།། སེར་པོ་ཕྱག་གཉིས་ཐལ་མོ་སྦྱར།། རིན་ཆེན་ཐོགས་པ་གཙོ་ལ་འདུང།། ཚད་མེད་བཞི་པོ་བསྒོམ་བྱ་ཞིང་།། བདག་ཉིད་ཡི་དམ་ལྷར་སྒོམས ་ནས།། རང་བཞིན་གནས་ནས་སྤྱན་དྲངས་ཏེ།། ཛཿཧཱུཾ་བཾ་ཧོཿདགུག་གཞུག་བསྟིམ།། དགྱེས་གུར་མཆོད་པ་རྣམ་ལྔ་དབུལ།། ལ་ཕུག་ལ་དུ་གཏོར་མ་དང་།། ཙན་དན་དཀར་པོ་དྲི་བགོས་པར།། མ་ཙ་ར་ཡི་ཧུ་ཀ་དང་།། ཨ་ཀ་རུ་དང་གུ་གུལ་གྱི།། ཁྱད ་