| Wylie | e-texts produced with BDRC’s OCR application |
བའོ།། འདི་ཇོ་བོས་དངོས་གྲུབ་འབྱུང་བའི་རྒྱུད་ལ་བརྟེན་ནས་མཛད་པའོ།། དེས་འབྲོམ། དེས་སྤྱན་སྔ་པ་ལ་གནང་བའོ།། ན་ཞེས་པའི་གདམས་རིག་ཚིགས་བདོག་མི་གྲུབ་ས་པག་ཛབ་རྫནས་རྒྱུད་པ།། རྒྱ་གར་སྐད་དུ། ཨཱརྱ་ག་ན་བ་ཏི ་ཙིནྟ་རད་ན། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཚོགས་ཀྱི་བདག་པོ་སྒྲུབ་པ་ལ།། ཞི་བ་དང ་ཁྲོ་བོ་གཉིས་ལས། འདི་ཞི་བར་སྒྲུབ་པའོ།། གནས་དབེན་པར་འདུག་སྟེ། མཎྜལ་ཁྲུ་གང་གྲུ་བཞིར་བྱས་ལ། བའི་རྣམ་ལྔས་ཆག་ཆག་བྱས། དབུས་སུ་མེ་ཏོག་དཀོར་པོའི་ཆོམ་བུ་དགོད། ཚོགས་ཀྱི་བདག་པོའི་བྲིས་སྐུ ་འམ། ལུགས་སྐུ་གང་རུང་ཅིག་བཞུགས་སུ་གསོལ། ལ་ཕུག་དང་ལ་དུ་ལས་བྱས་པའི་གཏོར་མ་བཟང་དུ་བཤམས་ལ། གཏོར་གཞོང་དང་། གཏོར་མས་ན་མཁའ་ཁེངས་པ། རོ་མཆོག་བརྒྱ་དང་ལྡན་པའི་ཞལ་ཟས ་སུ་བྱིན་གྱིས་བརླབས་ལ་བཞག། དཾ་ནས་རང་ཡི་དཱམ་བྷི་ཝཱར་བསམས་པའི་མདུན་དུ། པདྨ་དང་ཟླ་བའི་སྟོང་དུ། ཡི་གེ་ག་དཀར་བ་ཤེལ་གོང་ལྟར་དཀར་བ་བསྣམས་ཏེ། དེ་འོད་དུ་རྒྱུ་བ་ལས་ལྷ་ཚོགས་ཀྱི་བདག་པོ། ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གླང་པོ་ཆེའི་མགོ་ཅན། མཆེ་བ་ཡ་ཅིག་ཆག་པ། ཕྱག་གཡས་དང་པོ་ན་དགྲ་སྟ། འོག་མ་ནཱ་ལ་ཕུག། གཡོན་དང་པོ་ན་ཁ་ཊྭཱཾ་རྩེ་གསུམ། འོག་མ་ཐོད་པ་རིན་པོ་ཆེས་གང་པ ་བསྣམས་པ། ལྷ་ཚོགས་ཐམས་ཅད་རིན་པོ་ཆེས་བརྒྱན་པ། བྱི་ལའི་ཁཱི་ལ་བཞུགས་པ་གཅིག་བསྐྱེད་དོ།། དེ་ནས་ལག་པ་གཡོན་པའི་ཁུ་ཚུར་བཅངས་ཏེ། གུང་མོའི་རྒྱབ་དུ་མཛུབ་མོ་བཙུགས་ལ། གཡས་པའི་མ ་གྲུ་མོ་བཙུགས་ནཱས། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས། རཱི་རབ་ཀྱི་རྩེ་མོ་ནས། ལྷ་ཆེན་པོ་ཚོགས་བདག་སྤྱན་དྲངས་པརྱ་བསམས་ལ། མདུན་སྐྱེད་ལ་སྙིམ་མོ།། དེ་ནས་བཟླས་པ་བྱས་ཏེ། ཨོཾ་བ་ར་ཏ་ཀ་སྭཱ་ཧཱ། ་ཞེས་པ་ཉེ་བའི་སྙིང་པོ་དེ་འབུམ་ཕྲག་གཅིག་བཟླས་ནཱ། འཛམ་བུའི་གླིང་གི་ནོར་ཐམས་ཅད་འོངས་ཏེ་ཕྱུག་པོར་འགྱུར་རོ།། ཨོཾ་བྷ་ག་ཝ་ཏེ། ཨེ་ཀ་དཾཥྚ་བིནྡྷ་ཧཱུཾ་ཕཊ། སྙིང་གི་སྙིང་པའོ།། དེ་བཟླས་ནས་ཟླ་བ་དྲུག་མཆོད ་པ་བྱས་ན། མིའི་མཐའ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ།། ཨོཾ་བྲུཾ་ག་ན་པ་ཏི་ཡེ་སྭཱ་ཧཱ། ཞེས་པ་མིང་གི་སྙིང་པོའོ།། དེ་ཟླ་བ་གཅིག་བཟླས་རྒྱས་པའི་ཐུགས་སས་ན། སྐྱེས་པ་དང་བུད་མེད་དང་རྒྱལ་པོ་དང ་བཙུན་མོ་ལ་སོགས་པ་ཐམས་ཅད་བདག་གི་དབང་དུ་འགྱུར་རོ།། དམ་ཚིག་ཏུ་ཆོས་ལ་གནས་པར་བྱའོ།། འཕགས་པ་ཚོགས་ཀྱི་བདག་པོ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། རྣལ་འབྱོར་གྱི་དབང་ཕྱུག་བརྟུལ་ཞུགས ་སྤྱོད་པ་ནག་པོ་པས་མཛད་པ་རྫོགས་སོ།། ། ཤིན་ཏུ་ཟབ་པར་འདག་སྟེ། སྤྱན་སྔ་རྣལ་འབྱོར་གྱི་ཞལ་ནས། ང་ལ་མགོན་པོ་དང་ནོར་ལྷ་མང་པོ་ཡོད་དེ། འདི་ལས་མྱུར་བ་མི་འདུག་གསུང་ངོ་།། ་བྱིན་སྲེག་གམ་ཐག་ཟུང་ལ་རྟེན་ནས་བསྒྲུབ་པ།། རྒྱ་གར་སྐད་དུ། ཨཱརྱ་ག་ན་པ་ཏི། ཧོ་མ་བི་དྷི། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོའི་སྦྱིན་སྲེག་གི་ཆོ་ག། ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ།། དང་པོ་མཎྜལ་གྱི ་