| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲི་ག་ན་པ་ཏི་ཤན་ཏ་ན་ས་དྷ་ན་མ། བོད་སྐད་དུ། དཔལ་ཚོགས་ཀྱི་བདག་པོ་ཞི་བའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། དང་པོར་གནས་དབེན ་ཞིང་ཡིད་དུ་འོང་བར། མཎྜལ་གྲུ་བཞི་པ་བ་ཡི་རྣམ་ལྔས་བྱུག་གོ།། སྨན་དང་དྲི་ཞིམ་པོའི་ཆུས་ཆག་ཆག་གདབ། ཙན་དན་དཀར་པོའི་དྲིའི་ཐིག་ལེ་གཅིག་བྱ། མེ་ཏོག་དཀར་པོའི་ཆོམ་བུ་གཅིག་དགོད། མར་མེ་དཔཏྲི ་དང་སྤོས་དང་ལྷ་བཤོས་དགྲམ། གཏོར་མ་ཚན་ནམ་བག་བྱེ་ལ་སྦྲུས་པའི་ཟན་དཀར་གསུམ་མངར་གསུམ། ལ་ཕུག་རེ་རེ། ལ་དུའི་རི་ལུ་རེ་རེ་གཞུག། ལུགས་སྐུ་འམ་བྲིས་སྐུ་ཡོད་ན་བཞུགས་སུ་གསོལ། དེ་ལྟར ་བཤམ་དེ་ནས་དང་པོ་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ་ལ། བདག་ཉིད་ཡི་དམ་ལྷར་བསྐྱེད། དེ་ནས་མདུན་དུ་ཨ་ལས་ཟླ་བའི་སྟེང་དུ་ཡི་གེ་ཧཱུཾ་དཀར་པོ་གཅིག་བསམ། དེ་ལས་དཔལ་ཚོགས་ཀྱི་བདག་པོ་སྐུ ་མདོག་དཀར་པོ་གླང་པོ་ཆེའི་མགྲོ་ཅན་ཕྱག་གཡས་གཉིས་ན། ལ་ཕུ་གླ་དང་དགྲ་སྟ་བསྣམས་པ། གཡོན་གཉིས་ན་ཐོད་པ་ནོར་བུས་བཀང་བ་དང་། ཁ་ཏྲ་ག་བསྣམས་པ། རིན་པོ་ཆེ་དང་ལྷའི་མེ་ཏོག་གིས་བརྒྱན་པ། བྱི་བ ་སྔོན་པོའི་ཁྲི་ལ་བཞུགས་པ་གཅིག་གསོལ་བར་སྒོམ། དེ་ནས་བདག་ཉིད་ཀྱི་ཐུགས་ཁ་ནས། འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་དཔལ་ཚོགས་བདག་སྤྱན་དྲངས་ལ་མདུན་གྱི་དེ་ལ་སྙེམས་ལ། དམ་ཚིག ་གི་ཕྱག་རྒྱ་བསྟན། སྐུ་ཁྲུས་གསོལ། མཆོད་པ་སྔགས་ཀྱིས་དབུལ། དེ་ནས་བཟླས་པ་བྱ་བ་ནི། ཨོཾ་བ་ར་ཏ་ཀ་སྭཱ་ཧཱ། ཨོཾ་བ་ག་བ་ཏྭེ་ཨེ་ཀ་དཾཥྚ་བིན་དྷ་སིདྡྷི་ཧཱུཾ། ཨོཾ་བྲུཾ་ག་ན་པ་ཏི་ཡེ་སྭཱ་ཧཱ། ཞི་བའི་ཡི་གེ་འབྲུ་བདུན ་བ། འབུམ་ཕྲག་གཅིག་བཟླས་པ་བྱས་ན་ཇི་ལྟར་འདོད་པའི་དངོས་གྲུབ་ཀྱང་གཏེར། བསམས་པ་ཡང་འགྲུབ། ལོངས་སྤྱོད་ཆེ། ཡི་ཞེས་བྱད་ཀྱང་འཕེལ་བར་འགྱུར་རོ།། རྒྱས་པ་ཁམས་གསུམ་གྱི་ནོར་དང་ཐམས་ཅད་འོང་སྟེ། ་ཕྱུག་པོར་འགྱུར་རོ།། ཉེ་བའི་སྙིང་པོ་ཟླ་བ་དྲུག་མཆོད་པ་དང་བཟླས་པ་བྱས་ན་མི་ཐ་མལ་པ་ཡང་སྟོང་འཁོར་ལོ་སྒྱུར་བའི་རྒྱལ་པོ་དང་བསོད་ནམས་མཉམ་པར་འགྱུར་རོ།། མིང་གི་སྙིང་པོ་ཟླ་བ་དྲུག་ཏུ་བཟླས་པ་དང ་མཆོད་པ་བྱས་ན། རྒྱལ་པོ་ཐུག་པ་དང་བློན་པོ་དང་། སྐྱེས་པ་དང་། བུ་ད་མེད་ལ་སོགས་པ་ཐམས་ཅད་བདག་གི་དབང་དུ་འགྱུར་རོ།། བཟླས་པ་ཐོན་ནས། དཀར་གཏོར་ལ་སྔགས་ལྡན་པ། བཏབ་སྟེ་དབུལ་བར་བྱའོ།། ་དམ་ཚིག་ནི་ཆོས་ལ་གནས་པར་བྱ་དགོས་སོ།། གཏོར་མ་ནི་ཁམ་ལས་ཁ་ཟས་རོ་བརྒྱ་པ། ན་མཁའ་ཁེངས་པར་སྒོམ་མོ།། དེ་ལ་གསོལ་བར་བསམ་མོ།། ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགྱེས།། ཕྱག་འཚལ ་དཔལ་ལྡན་ཞི་བ་ཆེ།། ཕྱག་འཚལ་དཔལ་ལྡན་ཁྲོ་བོ་ཆེ།། ཚེ་འདི་ཉིད་ལ་དངོས་གྲུབ་ནི།། ཅི་འདོད་པ་ནི་བསྩོལ་བར་མཛོད།། ལྷ་ཡི་རྒྱལ་པོའི་མངའ་ཐང་ནི།། བསྒྲུབ་པ་པོ་ལ་བསྩོལ་བར་མཛོད།། ཤིན་ཏུ་ཐུགས་རྗེའི ་བདག་ཉིད་ལས།། ཚོགས་བདག་ཆེན་པོ་ཐུགས་རྗེ་ཆེ།། ཐུགས་རྗེ་ཆེན་པོས་དབུལ་བ་སྐྱོབ།། ནོར་ལྷ་ཆེན་པོ་ཁྱོད་ཉིད་ལ།། བདག་ཉིད་དང་བས་ཕྱག་འཚལ་བསྟོད།། དཔལ་ལྡན་ཚེགས་བདག་ཆེན་པོ་ནི།། སྐུ་མདོག་དཀར་པོ ་གླང་ཆེན་དབུ།། གཡས་ཀྱི་ཕྱག་ན་ལ་ཕུག་བསྣམས།། གཡོན་ན་ཡིད་བཞིན་ནོར་བུ་བསྣམས།། འོག་མ་དགྲ་སྟ་ཁ་ཏཱཾ་ག། གསུས་ཚན་རྒྱན་རྣམས་ཀུན་གྱི་བརྒྱན།། ཟླ་བ་བྱི་བའི་ཁྲི་ལ་བཞུགས།། ཕྱག་འཚལ་དཔལ་ལྡན་ཚེགས ་བདག་ལའོ།། ལ་ཕུག་གཏོར་མོ་འདི་བཞེས་ལ།། ཚེ་དང་ལོངས་སྤྱོད་འཕེལ་བ་དང་།། ནད་དང་འབྱུང་པོ་ཞི་བར་མཛོད།། མི་དང་ལྷ་ཀླུ་གནོད་སྦྱིན་རྣམས།། བདག་གི་བྲན་དུ་འགྱུར་བར་ཤོག། ལྷ་ཡི་ལོངསོ་སྤྱོད་མང་པོ་ལས།། འདོད ་པའི་ཡོན་ཏན་འབྱུང་བར་ཤོག། དངོས་གྲུབ་སྒྲུབ་པའི་དབང་ཕྱུག་ཅན།། གདུལ་བྱའི་དབང་གི་སྐུ་སྤྲུལ་པ།། ལྷ་ཆེན་ཚོགས་བདག་ཆེན་པོ་ཡོས།། འཇིག་རྟེན་འདིར་ཡང་བསྲུང་ཞིང་དངོས་གྲུབ་སྩོལ།། ཕྱི་མ་བྱང་ཆུབ་ཐོབ་པའི ་གྲོགས་མཛོད་ཅིག། བཟླས་པ་ཐོན་ཁར་གཏོར་མ་སྔགས་ཀྱིས་བཏབ་སྟེ་དབུལ་པོར་བྱའོ།། དེ་ནས་ཡེ་ཤེས་སེམས་དཔའ་གཤེགས།། དམ་ཚིག་པ་བསྡུས་ལ་སྤྱོད་ལམ་བྱའོ།། བསྡུས་པ་ལ་དགའ་བོའི་གང་ཟག་ལ་བསྟན ་བའོ།། འདི་ཇོ་བོས་དངོས་གྲུབ་འབྱུང་བའི་རྒྱུད་ལ་བརྟེན་ནས་མཛད་པའོ།། དེས་འབྲོམ། དེས་སྤྱན་སྔ་པ་ལ་གནང་བའོ།། ན་ཞེས་པའི་གདམས་རིག་ཚིགས་བདོག་མི་གྲུབ་ས་པག་ཛབ་རྫནས་རྒྱུད་པ།། རྒྱ་གར་སྐད་དུ། ཨཱརྱ་ག་ན་བ་ཏི ་