CLOSE WINDOW

GT2983: sngags kyi rgyal po'i dam tshig dngos grub sgrub pa'i thabs shes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མནྟྲ་རཱ་ཛཱ་ས་མ་ཡ་སིདྡྷ་སཱ་དྷ་ནཱ་མ། བོད་སྐད་དུ། སྔགས་ཀྱི་རྒྱལ་པོའི་དམ་ཚིག་དངོས་གྲུབ་སྒྲུབ་པའི་ཐབས་ཞེས་བྱ་བ། དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པ་ལ་ཕྱག་འཚལ ་ལོ།། བྷྲ་མ་དང་ནི་ལྷག་པའི་ལྔ།། མཁའ་འགྲོའི་ཚོགས་ལི་ཕྱག་བཙལ་ནས།། ཐུན་མང་སྒྲུབ་པའི་རིམ་པ་བྲི།། འཕྲིན་ལས་སྒྲུབ་པར་འདོད་པ་ཡིས།། གནས་ནི་ནགས་ཚལ་དུར་ཁྲོད་དམ།། རྩཝ་མཐོ་བྲག་དམར་མེ་ཏོགྷོ་ལྗོངས།། ་དབེན་ཞིང་ཉམས་དགའ་སྒྲུབ་པའི་གནས།། དེ་རུ་འདུག་ལ་སྤྲོས་པ་བཅད།། ཤོག་བུ་གྲོ་ག་དུར་ཁྲོད་རས།། དུང་དང་གུར་ཀུ་སོནྣ་ར།། དུར་ཁྲོད་སོལ་བས་སྣག་ཚའོ།། མུ་ཁྱུད་གསུམ་པ་ཆུ་དཀྱིལ་འཁོར།། དབུས་ཀྱི་རི་མོའི་མཚན ་ཉིད་ནི།། ས་དང་ཆུ་དང་མེ་དབྱེ་ཡིས།། རྡོ་རྗེ་བུམ་པ་ལྕགས་ཀྱུ་ཡི།། བསྣོལ་དང་བརྩེགས་པ་གོ་བར་བྱ།། གྲུ་བཞི་རྡོ་རྗེས་མཚན་པ་ལཾ།། དང་པོའི་རྒྱ་གསུམ་ནང་དུ་བྲི།། དེ་ནས་རེ་ཁ་རྣམ་བཞི་ལ།། མུ་ཁྱུད་གསུམ་དང་ལྡན་པ་ལ།། ཡི་གེ ་སུམ་བརྒྱ་རྩ་གཉིས་ཀྱི།། ཧྱ་ཀྱི་རིམ་པ་བྲི་བར་བྱ།། ཧྱ་རྣམས་ཐམས་ཅད་གཡོན་བསྐོར་བྲི།། ནང་དུ་མིང་ཡིག་བྲི་བར་བྱ།། ཡི་གེ་སུམ་ཅུ་རྩ་བཞི་ལ།། ང་ཉན་མ་བཞི་སྤངས་ནས།། གཞན་རྣམས་འཁོར་ལོར་དགོད་པར་བྱ།། ཀ་ཁ་ག ་གྷ་ང། ཙ་ཚ་ཛ་ཛྙཱ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ། ཀ་ཀཱ་དྷ་ཡ་གཉིས། ཁ་ཁཱ་ཧི་ཁཱ་ཧི། ག་གཱརྞྞ་ཡ་གཱརྟྟ་ཡ། གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། ཙ་ཙཱ་ལ་ཡ་གཉིས། ཚ་ནཱ་ཏ་ཡ་གཉིས། ཛ་ཛཱམྦྷ་ཡ། ཛྙ་ཛྙཱ་ཏ ་ཡཱ་གཉིས། ཊ་ཊཱ་ལ་ཡ་གཉིས། ཛཏཱ་ཀ་ཡ་གཉིས། ཌཱ་ཌཱ་བྷ་ཡ་གཉིས། ཌྷ་ཌྷཱ་ཀ་ཡ་གཉིས། ཎཱ་ཏཱ་ཤ་ཡ་གཉིས། ཏྱཱ་ཏཱ་བྷཱ་ཡ་གཉིས། ཐ་བྷ་བྷཱ་ཡ་གཉིས། ད་དཱ་ར་ཡ་གཉིས། དྷ་དྷ་ར་ཡ་གཉིས། ན་ནཱ་ཤ་ཡ ་གཉིས། བ་པཱ་ཏ་ཡ་གཉིས། པ་པཱ་ཏཱ་ཡ་གཉིས། བ་བཱནྡྷ་ཡ་གཉིས། བྷ་བྷེ་ད་ཡ་གཉིས། མ་མཱ་རི་ཡ་གཉིས། ཡ་ཡོ་ཧ་ཡ་གཉིས། ར་རོ་ཧི་ཡ་གཉིས། ལ་ལོ་བ་ཡ་གཉིས། ཝ་ཝཱ་ཧཱ་ཡ་གཉིས། ཤ་ཤོ་ཥ་ཡ་གཉིས། ཥེ་ཥྭཥྚི ་ཡ་གཉིས། ས་སཱ་དྷ་ཡ་གཉིས། ཧ་ཧཱ་ན་ཡ་གཉིས། ཀྵ་ཀྵོ་བྷ་ཡ་གཉིས། ཆེ་གེ་མོ་ཝ་ཤྱ་ཀྲྀཏྟ་ཝ་ཤྱཾ་ཀུ་རུ་ཧོཿཤཱནྟིངྐུ་རུ། པུཥྚིངྒུ་རུ། ཀྵ་མཾ་ཀུ་རུ། ཀྵོ་བཾ་ཀུ་རུ། མ་རཾ་ཀུ་རུ་སྭཱ་ཧཱ། ཨོཾ་སིདྡྷི་སིདྡྷི་མ་ཧཱ་སིདྡྷི་པཱུ་ཛ་ཨགྣི་ཏ་བྷ་ན་ཏ་མཱི ་ར་ཎི་ཀ་རི་ཎི་བྷྱཱཾ། ཨཾ་ཀུ་སུ་མ་མཱ་ལི་བྷི་ཧཱུ་ཛཿོཾ་བཛྲ་ཀུ་པ་ཛཾ་ཀཾ་བྷཾ་ཋཿཋཿ4\ུ0f7fོཾ་གྲོ་ག་མ་ཀྲྀཏྟེ་སརྦ་ཤ་ཏྲུ་ན་ནཱ་མ། རྩ་བའི་ཏྱེ་དང་ཤམ་བུའི་ཧྱ།། བསྒྱུར་དང་འདོན་དང་འཇུག་པ་གཅེས།། དང་པོ་བསྙེན་ཏེ་སྒྲུབ་པ་བྱ།། ལས་ལ་སྦྱར ་ཏེ་མ་གྲུབ་ན།། འཁོར་ལོ་ཏིང་འཛིན་ཧྱ་ཀྱིས་སྤོགས།། ཌཱ་ཀི་མ་ཡཾ་རྫས་སྒྲུབ་འདི།། སྤོག་མི་དགོས་ཏེ་གདམས་པའི་མཆོག། དུང་དང་ར་གན་ཟངས་དང་ལྕགས།། སྣོད་ཀྱི་བྱེ་བྲག་བསྟན་པའོ།། ལྷ་དང་འོད་ཟེར་འཁོར་ལོ་ལས།། ་སྒོམ་པའི་རིམ་པ་དེ་ཡིས་ཤེས།། ཐུན་མོང་ལྷ་དང་ཁྱད་པར་ལྷ།། མཆོག་ཏུ་ཤིས་པའི་ལྷ་ཞེས་བྱ།། བརྒྱད་དང་ཉེར་ལྔའི་དུས་སུ་ནི།། རབ་ཏུ་གནས་དང་སྒྲུབ་པ་དང་།། སྤོག་པའི་དབྱེ་བ་ཤེས་པར་བྱ།། སྔ་དྲོ་གུང་དང་ཉི་མའི ་ཟེར།། དེ་བཞིན་དུས་ཀྱང་ཤེས་པར་བྱ།། ཆུ་ས་མེ་ཡི་དབྱེ་བ་ཡིས།། བགྲང་ཕྲེང་གོས་དང་རང་མདོག་ཤེས།། མར་དང་སྦྲང་རྩི་བུ་རམ་དང་།། ཞོ་དང་འབྲུ་དང་རིན་ཆེན་ལྔ།། དུག་ཡུངས་ཁྲག་སོགས་དབྱེ་བ་ཤེས།། མ་རླངས་ནི ་དང་ལོངས་སྤྱོད་རྒྱས།། དམིགས་བྱ་དབང་སྡུད་ཚར་གཙོད་པ།། ནང་རེ་དུས་ཀྱི་དང་པོ་ལ།། གསང་སྔགས་ཉི་ཤུ་རྩ་གཅིག་བཟླས།། ཟླ་བ་གཅིག་དང་གཉིས་དང་ནི།། གསུམ་དང་བཞིན་འགྲུབ་པར་འགྱུར་རོ།། གཏོར་མ་མཆོད་པ ་སྦྱིན་སྲེག་གིས།། ཐུན་མོང་ཁྱད་པར་མཆོག་གི་ལྷ།། མཉེས་པར་བྱས་ལ་དངོས་གྲུབ་བླང་།། བར་ཆད་བསྲུང་བའི་ཆོ་ག་ལ།། རབ་ཏུ་འབད་པས་བསྒྲུབ་པར་བྱ།། ལུས་ངག་ཡིད་ཀྱིས་སྦ་བར་བྱ།། ཧོར་བ་མི་རོ་རྒྱལ་པོ་བཞིན།། ཤིན ་ཏུ་གསང་སྟེ་སྤྱད་ན་འགྲུབ།། བླ་མ་དམ་ཚིག་ལྡན་པ་ལ།། ལུང་སྒྲུབ་པས་ནི་འདོད་པ་འགྲུབ།། དེ་ཡིས་མན་ངག་ཤེས་པར་བྱ།། རབ་འབྲིང་ཐ་མའི་དབྱེ་བ་ཡིསོ།། རང་དང་བསྒྲུབ་བྱའི་བསོད་ནམས་བརྟག། བསྒྲུབ་བྱའི་མཚན་ཉིད ་དེ་ཡིས་ཤེས།། གྲུབ་ནས་གཞན་ལ་ལུང་མི་དབོག། སྒྲུབ་པོས་རབ་ཏུ་གནས་པ་དང་།། འཁོར་ལོའི་རབ་གནས་གསོ་བར་བྱ།། ཆོས་དང་ལྡན་པའི་གང་ཟག་གིས།། ཆོས་ཀྱི་དོན་དང་སེམས་ཅན་དོན།། བསྟན་པའི་དོན་དུ་སྤྱད ་པ་ན། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། དེ་ལས་གཞན་པས་མི་འགྲུབ་སྟེ།། ལུས་ངག་ཉོན་མོངས་ཁོ་ནར་ཟད།། རྒྱལ་ཁམས་གཅིག་དང་གྲོང་ཁྱེར་གཅིག། ཕོ་མོའི་དབྱེ་བ་ཤེས་པར་བྱ།། ཆོས་མཁས་དང་ནི་གནས་ལྔ་མཁས ་ས་ཡི་བདག་པོ་ཁྱིམ་གཅིག་གི། དབྱེ་བ་རིམ་པས་ཤེས་པར་བྱ།། མཆོག་ཏུ་འཕགས་པའི་སྒྲུབ་ཐབས་འདི།། རང་དོན་བྲལ་བས་གཞན་དོན་དུ།། བཀོད་པའི་དགེ་བས་སེམས་ཅན་གྱི།། འདོད་པ་འགྲུབ་པས ་ཚིམ་གྱུར་ཅིག། སྔགས་ཀྱི་རྒྱལ་པོ་དམོ་ཚིག་གི་དངོས་གྲུབ་ཀྱི་མཆོག་སྒྲུབ་པའི་ཐབ་སོ་ཞེས་བྱ་བ། སློབ་དཔོན་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། ། རྒྱ་གར་སྐད་དུ། ཀ་ལི་ཙཀྲ་སཱུརྱ་ཝ་ཤཾ་ནཱ་མ། བོད་སྐད་དུ། གསལ ་