| Wylie | e-texts produced with BDRC’s OCR application |
རྒྱ་གར་ཀོ་ས་ལའི་རྣལ་འབྱོར་པ། བརྟུལ་ཞུགས་སྤྱོད་པ་བཻ་རོ་ཙ་ནས་རང་འགྱུར་བྱས་པའོ།། ། འཁོར་མོའི་གསལ་བྱེད་ཌི་བྷི་ཏེ་རུ་གས་མཛད་པ།། རྒྱ་གར་སྐད་དུ། ཤྲི་ག་ཎ་པ་ཏི་ཙཀྲ་སུརྱ། བོད་སྐད་དུ། དཔལ ་ཚོགས་ཀྱི་བདག་པོའི་འཁོར་ལོའི་གསལ་བྱེད། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། བླ་མའི་ཞབས་ཀྱི་ཆུ་སྐྱེས་ལ།། བཏུད་དེ་དེ་ཡི་མན་ངག་ནི།། བྲི་གཞི་རབ་གནས་བསྒྲུབ་པ་དང་།། བགེགས་དབང་འཁོར་ལོའི་གསལ་བྱེད ་བྲི།། སྔགས་པ་བསྐལ་བཟང་ཡོ་བྱད་ཚང་།། རྒྱུ་སྐར་རྒྱལ་ལ་ལས་རྣམས་བརྩམ།། ཐོག་མར་བྲི་བའི་ཆོ་ག་ནི།། ས་དང་ན་མཁའ་བར་དག་གི། འཁོར་ལོ་གསུམ་གྱི་དབྱེ་བ་ཡིས།། བསྒྲུབ་པའི་སྲོག་གི་འཁོར་ལོ་འབར།། ་ཁོར་ཡུག་རིམ་པ་དགུ་ཡི་དབུས།། ཞི་རྒྱས་ཟླ་བ་ནོར་བུ་དང་།། དབང་དྲུག་ཉིད་ཕྱེད་གྲུ་གསུམ་ཉིད།། ཐོག་མའི་སྡེ་ཚན་ཐ་མའི་མཐར།། ཨོཾ་ཡིག་གིས་ནི་རབ་བརྒྱན་པའི།། ཡི་གེ་དྲུག་པ་ནོར་བུའི་གཟུགས།། ་ཨོཾ་ཨ་གཿཧཱུཾ་སྭཱ་ཧཱ། རིམྦུས་ལྡན་ཐོག་མ་མཚེ་སྐྱེས་བརྒྱད།། དང་པོའི་གསུམ་པོ་རེ་རེའི་མཐར།། གང་འདོད་སྦྲེལ་བས་བསྐོར་བའོ།། མིག་མེ་རིག་བྱེད་མངའ་རིམ་བཞིན།། ཨོཾ་གཿགཿསིད་དྷི་སིད་དྷ། སརྦ་ཨརྠ་ས་དྷ་མ~ཾ་པྲ་ས ་དྷ་ཡེ་སྭཱ་ཧཱ། ཨོཾ་བ་ར་ཏ་ཀཾ་ཡེ་སྭཱ་ཧཱ། ཨོཾ་བ་ཀོ་ཏྲེ་དྷཥྚོ་བནྡྷ་ཧཱུཾ་ཕཊ། ཨོཾ་ག་ན་པོ་ཏཾ་ཡེ་སྭཱ་ཧཱ། ཉེ་སྙིང་། སྙིང་པོ་མིང་གི་སྙིང་པོ། རོ་རི་ཀླུ་རྣམས་གོ་རིམ་བཞིན།། དབྱངས་དང་གསལ་བྱེད་སྤེལ་ཚིག་བཅས།། ཨ་ཨཱ་ལ་སོགས ་བ་དབྱངས་ཡིག། ཀཱ་ཁ་ག་ང་སོགས་གསལ་བྱེད།། ཨེ་དྷརྨཱ་སོགས་རྟེན་འབྲེལ་སྙིང་།། བུ་གར་ལས་བཞི་རིམ་པ་ནི།། ཟླ་བ་ཡིད་བཞིན་ཞིར་ལ་མཚོན།། བགེགས་བདག་རོལ་པའི་ལྟོ་བོར་བྲི།། འཕྲིན་ལས་བཞི་ཡི་རིམ་པའོ།། ནམ ་མཁའི་བཟློག་པའི་རིམ་པ་ཡི།། རྒྱ་མཚོ་ཡང་ནི་དེ་བཞིན་ནོ།། དེ་ཉིད་བར་ནང་ཙཀྲའོ།། ན་མཁའ་རྒྱ་མཚོའི་ཙཀྲ་ཡང་། ཁོར་ཡུག་རིམ་པ་ལྔ་དང་ལྡན།། ལྟེ་བར་ག་ལ་སྤེལ་ཚིག་བསྐོར།། དང་པོ་འདབ་བརྒྱད་མཚོ་སྐྱེས་ཏེ།། བརྒྱ་བྱིན ་གཤིན་རྗེ་གནོད་སྦྱིན་ཆུར།། ཡི་གེ་བདུན་པ་སྤེལ་ཚིག་བཅས།། མེ་རླུང་བདེན་བྲལ་བགེགས་ཀྱི་སར།། ཉེ་སྙིང་སྙིང་པོ་ཡང་སྙིང་ངོ་།། རྩ་བའི་སྔགས་རྣམས་རིམ་ལས་བྲི།། མིག་མེ་མཚོ་མཐར་ཨོཾ་དབྱངས་གསལ།། རྟེན་འབྲེལ་སྤེལ་ཚོག ་བཅས་པ་བྲི།། དེ་ལྟའི་བར་མཆོག་འཁོར་ལོ་ཡང་།། ལས་བཞིའི་དབྱེ་བས་སོ་སོར་འགྱུར།། རས་ཀྱི་ནོར་བུའི་མདོག་བཞིན་ནོ།། ཡར་ངོའི་ཆེས་ལ་སྐལ་པ་རང་གིས།། ནྱ་གྲོ་སོགས་དཀར་པོ་ལ།། འདས་ལ་སོགས་པའི་སྣག་ཚ་ལས།། ་སྐུག་སོགས་འཛིན་པས་བྲི།། ཤར་དུ་ཕྱོགས་ཏེ་བྲིས་པས་ནི།། ཞི་བའི་ཆོ་གས་རབ་ཏུ་གནས།། དངུལ་ལ་སོགས་པའི་གའུར་གཞུག། མར་དང་ལོ་སྤྱང་དག་གིས་དགང་།། མཏྤལ་སྟེང་བཞག་རོན་ཆེན་སྣོད།། འབྲུ་བཅས་དབུས ་སུ་གཞུག་པར་བྱ།། རང་ཉིད་ལྷག་པའི་ལྷར་དམིགས་ཏེ།། ཙཀྲ་ཚོགས་བདག་རབ་དཀར་གཟུགས།། ཐུགས་ཀར་འཁོར་ལོས་བརྒྱན་པ་བསམ།། བདག་གི་བཟླས་པས་དེ་ཉིད་བསྐུལ།། བདག་ལྀ་ནང་གདོན་ལྕེ་འབས ་སོགས།། མི་མཐུན་ཕྱོགས་རྣམས་ཞི་བྱེད་ཅིང་།། འདོད་པ་བསྒྲུབ་པར་བསྒོམ་པ་ཉིད།། བཟླས་པའི་སྦྱོར་བ་དང་ལྡན་པས།། ཞག་བདུན་བར་དུ་བསྒྲུབ་པར་བྱ།། དེ་ནས་གའུ་རུ་དར་དཀར་དྲིལ།། མཆན་ཁུང་གཡོན་བཅང ་སྔ་དྲོའི་དུས།། གའུ་མདུན་བཞག་སྔར་བཞིན་བསྒོམ།། དེ་ཡིས་ནང་གདོན་འཇིགས་པ་དང་།། རྒྱལ་པོ་ཆོམ་རྐུན་ལྕེ་འབབ་སོགས།། བསམ་སྦྱོར་ངན་རྣམས་ཞི་བར་བྱེད།། ཞི་བར་བྱེད་པའི་ཆོ་གའོ།། ནྱ་གྲོ་ཏ་སོགས ་སེར་པོ་ལ།། ལྷོ་ཕྱོགས་འཇམ་པའི་སྐུག་གུ་ཡིས།། འབྲས་བུ་ཚེ་དང་བསོད་ནམས་སྟེར།། རྒྱས་པར་བྱེད་པའི་མཐའ་རྟེན་ཅན།། ཆོ་ག་བཞིན་དུ་བྲིས་ནས་ནི།། རྒྱས་པའི་ཆོ་གསོ་རབ་ཏུ་གནས།། གསེར་ལ་སོགས ་པའི་གའུར་གཞུག། མར་དང་འོ་མ་སྦྲང་རྩིས་བཀང་།། མཎྜ་ལ་རཏྣའི་སྣོད་མཛེས་སུ།། བཞག་ལ་གསེར་ལྡན་ཚོགས་བདག་ནི།། བསྐུལ་བས་དོན་ཀུན་འགྲུབ་པར་འགྱུར།། སླར་ཡང་གསེར་མདོག ་ཅན་གྱིས་དྲིལ།། བཅངས་ཞིང་སྤྱང་ལ་མདུན་བཞག་སྟེ།། སྔགས་ཀྱིས་ཚོགས་བདག་བསྐུལ་བ་ཡིས།། འདོད་དགུ་འབྱུང་ཞིང་རྒྱས་པར་བསམ།། བསོད་ནམས་ཆེ་དང་འབྱོར་པ་སོགས།། གྲགས་དང་དཔལ་ནི་རྒྱས ་པར་བྱེད།། རྒྱས་པར་བྱེད་པའི་ཆོ་གའོ།། གྲོ་ག་གུར་ཀུམ་གི་ཧོ་ཆུས།། ཟངས་སོགས་སྐྲག་གུས་ནུབ་བྱང་བྲི།། དབང་དང་དགུག་པའི་སྤེལ་ཚིག་བཅས།། དེ་ཉིད་ཆོ་གས་རབ་ཏུ་གནས།། ཟངས་སོགས་གའུར་པྲ་ཚི་ལ ་བསྡམས།། མར་སྦྲང་བླུགས་ཏེ་བསྡམ་པར་བྱ།། སྣོད་བཟང་མཎྜལ་སྟེང་བཞག་ལ།། ཚོགས་བདག་པད་མ་ར་གའི་མདོག། བདག་གི་བཟླས་པས་བསྐུལ་བ་དང་།། འཇིག་རྟེན་གསུམ་སོགས་འབྱོར་པ་བཀུག། དབང ་དགུག་པའི་དོན་གྲུབ་བསམ།། གང་ཞིག་དབང་དང་དགུག་འདོད་པས།། ཆོ་ག་འདི་ཡིས་འགྲུབ་པར་བྱེད།། དུར་ཁྲོད་རས་སོགས་ནག་པོ་ལ།། མི་རུས་སྒོ་རྐང་སྟུག་གུས་བྲི།། བསད་དང་རེངས་དང་དབྱེ་བ་དང་། ་བསྲུང་དང་བཟློག་པར་རོ་རས་ཉིད།། སྡུག་མས་ལྷོ་ཕྱོགས་སྤེལ་ཚིག་བཅས།། དྲག་པོའི་ཆོ་གས་རབ་ཏུ་གནས།། ཚོགས་བདག་ནག་པོའི་ལུས་ལའོ།། མཎྜལ་སྟེང་བཞག་བསྐུལ་བ་ཡིས།། བདག་ལ་གནོད་པའི ་སྐྱེ་བོ་རྣམས།། བསད་རེངས་རྨུགས་དང་བཟློག་པ་དང་།། མི་མཐུན་བསྲུང་ཞིང་དོན་གྲུབ་བསམ།། སླར་ཡང་ལྕགས་ཀྱི་གའུར་གཞུག། སྲོད་ལ་མདུན་བཞག་སྔར་བཞིན་བྱ།། དེ་ལྟའི་བསྲུང་འཁོར་ཆོ་ག་ཡིས།། ་ལྷོ་ཡང་རུང་སྟེ་བརླག་པར་བྱེད།། ནང་གདོན་འཇིགས་པ་མ་ལུས་བསྲུང་།། བྱང་སྟེམས་རིག་སྔགས་ངན་རྣམས་བཟློག། གསང་སྔགས་མགོ་བོ་ནང་དུ་བསྟན།། བསྲུང་དང་ཞི་རྒྱས་ཕྱི་རུ་སྟེ།། དེ་ལྟའི་ཆོ་ག་བཟང ་བོ་ཉིད།། བརྩམས་པ་ཙམ་གྱིས་ཐུན་མོང་མཆོག། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། སྐལ་བཟང་རྣམས་ཀྱི་དོན་ལྡན་ནོ།། དཔལ་ལྡན་གཉིས་མེད་རོལ་པའི་ཞབས།། བུང་པ་བདུད་རྩིས་ཚིམ་བྱས་པའི།། འཁོར ་ལོའི་ཆོ་གའི་དགེ་བ་དེས།། འགྲོ་ཀུན་ཕུན་ཚོགས་ཉིད་གྱུར་ཅིག། དཔལ་ཚོགས་ཀྱི་བདག་པོའི་འཁོར་ལོའི་གསལ་བྱེད། སློབ་དཔོན་ཆེན་པོ་ཌོཾ་བྷི་ཧེ་རུ་ཀས་མཛད་པ་རྫོགས་སྷོ།། ཤུ་བྷ། ་