| Wylie | e-texts produced with BDRC’s OCR application |
ཀྱིས་མཛད་པ་རྫོགས་སྷོ།། ། པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙབ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། ། རྒྱན་ཐག་ནམ། རྒྱ་གར་སྐད་དུ། ཧོ་མ་གྣི་བི་དི་ནཱ་མ། བོད་སྐད་དུ། བགེགས་བདག་གི་སྦྱིན་སྲེག ་གི་ཆོ་ག་རབ་ཏུ་བཤད་པ། དང་པོར་སྔོན་དུ་འགྲོ་བ་བརྩམ།། རྒྱས་པར་སེར་པོའི་ས་ལས་ནི།། རིན་ཆེན་རྣམ་པའི་ཐབ་ཁུང་ངམ།། ཡང་ན་གྲུ་བཞི་མཉམ་པར་བྱ།། རྒྱ་རུ་ཁྲུ་དེ་དཔངས་སུ་གང་།། དེ་ཡི་ནང་དུ་སོར་མོ་བརྒྱད།། དོར ་དེར་ནི་ཁ་ཁྱེར་གནས།། ཀུན་ནས་སོར་མོ་བཞི་པ་ནི།། རིན་ཆེན་ཕྲེང་བས་རྣམ་པར་བརྒྱན།། ཐབ་ཁུང་དབུས་ནི་སེར་པོ་རུ།། འཁོར་ལོ་རྩིབས་བརྒྱད་ལྟེ་བ་ལ།། རྡོ་རྗེ་རིན་ཆེན་སེར་པོ་དྲུག། སེར་པོའི་ས་དང་དྲི་ཡིས་མི།། ཐབ་ཁུང་ཀུན ་ཏུ་བྱུག་པར་བྱ།། བུད་ཤིང་ཐབ་ཁུང་བས་ཐུང་ཚང་།། དགོན་པ་ཡི་ནི་གཅི་བ་ཉིད།། འབུ་སྲིན་ཡོངས་སུ་སྤངས་པའོ།། ཡེ་ཤིང་འབྲུ་དང་བསྲེག་པའོ།། ཤིང་ནི་བཤིས་པའི་ཆོ་གའོ།། ཡམ་ཤིང་ཞི་བ་བཞིན་དུ་བཟུང་།། མཛེས་པ་དབུས ་ཀྱི་ཆ་ལས་སྐྱོས།། ཁུ་ཚུར་བཅངས་པའི་ཁྲུ་ཚང་ཙམ།། ཞོ་དང་འོ་མ་མར་ལ་བརྟག། ཟས་ཀྱི་མཆོག་དང་ཞོ་ཡི་ཟས།། མར་ལ་སོགས་པའི་རོ་མཆོག་དང་།། མར་དང་ལྡན་པའི་སྦྲང་རྩི་དང་།། ས་ལེ་ཆུ་བླུགས་པདྨ་དང་།། གྲཱི་ཧ་ཡ་ན་གེ ་སར་དང་།། བིལ་བའི་འབྲས་བུ་དུར་བ་རྣམས།། འབྲས་བུར་བཅས་པའི་ཤིང་སྔོན་བཞིན།། རྒྱས་པའི་ལས་ལ་སྦྱིན་སྲེག་བྱ།། ཙམ་པ་ཀ་དང་ཨ་ཤོ་ཀ། ན་ག་གེ་སར་ཟེ་འབྲུ་ཅན།། ཇི་ལྟར་མེ་ཏོག་ལ་སོགས་པ།། དྲི་མེད་རབ་དངས ་འབྲས་བུར་བཅས།། ལྗོན་ཤིང་དྲི་མ་མེད་པ་ཡིས།། ཤིང་གི་མེ་ཏོག་རབ་ལྡན་པ།། སོར་མོ་ལྔ་པ་རབ་ཏུ་ལྡན།། སེར་པོའི་རྒྱན་བཅས་སྔ་དྲོ་སྟེ།། ནོར་གྱིས་ཕོངས་ནས་རྒྱས་པར་བྱ།། བཟང་པོའི་འདུག ་སྟངས་ཀྱིས་འདུག་སྟེ།། ཡང་ན་རྒྱལ་པོ་རོལ་པས་སོ།། འབུམ་ཕྲག་གཅིག་ཏུ་སྦྱིན་སྲེག་བྱ།། གླིང་ཀུན་དབང་བསྒྱུར་རྒྱལ་པོ་ཡིས།། དཔལ་ཆེན་པོ་ལ་སྤྱོད་པར་འགྱུར།། བརྟུལ་ཞུགས་ཅན་སེམས་མགུ་སེམས་དང་།། བྱང་དུ་ཁ ་བལྟས་དགའ་ལྡན་པས།། རིན་ཆེན་འབྱུང་བའི་སྦྱོར་བ་ཡིས།། རྒྱས་པ་ཡི་ནི་ཆོ་ག་བཞིན།། ཨོཾ་གྱི་མཐའ་ཅན་སྔགས་བཟླས་སོ།། ཐབ་ཏུ་མེ་ལྷ་སེར་པོ་བསྐྱེད།། བསང་སྦྱངས་མཆོད་པས་མཉེས་པར་བྱ།། དེ་རྗེས་བགེགས་བདག ་རྒྱས་པར་བསྐྱེད།། དགང་རིགས་པདས་བླུགས་རྒྱས་པར་འབུལ་གཞན་དུ་བཤད་པའི་བར་བྱ།། དངོས་གྲུབ་ཀུན་དང་ལས་རྣམས་ནི།། སྔགས་པས་སྦྱིན་སྲེག་མེད་མི་འགྲུབ།། དེ་ཕྱིར་སྔགས་དང་སྦྱིན་སྲེག་བྱ།། འབད་དེ་བརྩམ་པར་བྱ་བ། ་ཡིན།། རྒྱས་པའི་ལས་སོ།། དབང་གི་ལས་ནི། དབ་ལ་དམར་བའི་ས་དག་ལ།། ཟླ་གམ་དང་ནཱི་མཚོ་སྐྱེས་འདྲ།། རྒྱལ་ཁྲུ་དོ་དཔངས་སུ་གང་།། བྱུག་པ་དམར་པོ་ཁ་ཁྱེར་ནི།། ལྕགས་ཀྱུ་འབར་བས་རབ་ཏུ་བརྒྱན།། དབུས་སུ ་པདྨ་མཚོ་སྐྱེས་དམར།། དབང་ལ་བཤིས་པའི་ཤིང་བརྩིག་གོ།། འོ་མ་ཅན་དང་དམར་པོའི་ཤིང་།། ལྗོན་ཤིང་དྲི་མ་མེད་པ་ནི།། ཤིང་གི་མེ་ཏོག་ཥད། དམར་པོ་ཅན།། དབང་ལ་བཤིས་པའི་ཤིང་གིས་བརྩིག། མཆོད་རྫས ་མེ་ཏོག་དམར་པོ་སོགས།། ཞལ་ཟས་ལ་སོགས་ཅི་འབྱོར་བཤམ།། སྲེག་རྫས་མིང་གཟུགས་མེ་ཏོག་དམར།། བ་གླང་ཤ་དང་གི་ཧཾ་སོགས།། སྔགས་པའི་ཆ་ལུགས་དམར་ཞིང་མཛེས།། དུས་ནི་ཉི་མ་ནུབ་ཁ་སྟེ།། ཆགས ་ཤིང་གོས་ནི་དམར་པོ་གྱོན།། སེམས་དཔའི་སྐྱིལ་ཀྲུང་དག་གིས་གནས།། ཆགས་པ་རྡོ་རྗེ་སྦྱོར་ལྡན་པས།། ནུབ་ཏུ་ཁ་བལྟས་ཐུན་དང་པོར།། སྔགས་པ་བགེགས་བདག་ང་རྒྱལ་གྱིས།། ཡཾ་ལས་རླུང་གི་དཀྱིལ་འཁོར་ལས།། བཙུན ་མོའི་པདྨ་འཇམ་གནས་པའི།། བསྒྲུབ་བྱ་རྗེས་སུ་ཆགས་པས་དམིགས།། འོད་ཟེར་བསྐུལ་བའི་སྦྱོར་བ་དང་།། སྔགས་པས་ཧོཿཡིག་མཐའ་ཅན་བཟླས།། རྣམ་གཡེང་མིག་ཟུར་གྱིས་བལྟས་པས།། བུད་མེད་སྐྱེ་བོ་རྨོངས་པར ་འགྱུར།། བསང་སྦྱངས་མི་ལྷ་ང་མར་མཆོད་དེ།། རྗེས་ལ་བགེགས་བདག་དམར་པོ་བསྐྱེད།། སྲེག་རྫས་དགང་བླུགས་ལེགས་པར་དབུལ།། ལས་རྣམས་ཐམས་ཅད་འགྲུབ་པ་སྟེ།། ལས་ཀུན་གྱི་ནི་དེ་ཁོ་ན།། བསམ་པའི་ཁྱད ་པར་གྱིས་ནི་བྱ།། སཽ་ལ་ལས་དང་རྗེས་མཐུན་པའི།། ཐབ་ཁུང་ལས་རྣམས་ཐམས་ཅད་ལ།། སྔགས་པས་ཇི་ལྟ་བཞིན་དུ་བྱ།། གཞན་གྱི་དཔུང་གཞོམ་སྦྱིན་སྲེག་ནི།། བསྒྲུབ་པོ་རྒྱལ་པོའི་རྒྱུ་རུ་ནི།། གསང་སྔགས་སྟོང་ཕྲག་བཅུ ་རུ་བཟླས།། ཕེཾ་ཉའི་སྟེང་དུ་རབ་གནས་ཏེ།། སྦྱིན་སྲེག་སྟོང་ཕྲག་ལྔ་རུ་བྱ།། ཤཚན་དང་ནི་འོ་མེར་རྟགས།། དེ་ཡི་དགང་བླུགོས་རིམ་བཞིན་བྱ།། དཔག་ཚད་འབུམ་ཕྲག་བརྒྱ་ཉིད་དུ།། དམག་མིས་གང་བ་བེ་རྙེད་པར་འགྱུར།། ་དཔལ་ཆེན་གྲུབ་པ་རྒྱལ་དབང་ཕྱུག། དེ་བཞིན་གཞན་གྱི་རྔོ་མི་ནུས།། མི་དད་པ་གླང་བ་ཡི་ཤ། དེ་བཞིན་སྲེག་བླུགས་གཞན་དག་ལ།། ཆད་དང་འོ་མར་མཉམ་བཏགས་པ།། འབུམ་ཕྲག་གཅིག་ཏུ་སྤྱན ་སྲེག་བྱ།། གླིང་བཞི་དབང་བསྒྱུར་རྒྱལ་པོ་ཡི།། དཔལ་ཆེན་པོ་ལ་སྤྱོད་པར་འགྱུར།། དེ་ནས་དགུག་པའི་ཆོ་ག་བཤད།། ལི་ཁྲིའི་མདོག་དང་འདྲ་བར་བསྒོམ།། རླུང་དུ་སྟེང་བལྟས་ཕྱོགས་གོས་ཅན།། བསྒྲུབ་བྱ་གཡོ་བ་བསམ་པར་བྱ།། ་རོལ་མོའི་མཚམས་རྔམ་གདན་ལ་གནས།། ཞགས་པ་ལྕགས་ཀྱུའི་སྦྱོར་བར་ལྡན།། ཛ་ཡི་མཐའ་ཅན་སྔགས་བཟླས་ཏེ།། བསྒྲུབ་ཟླཿབྱའི་སྙིང་ཁ་ཆུ་སྐྱེས་དབུག། ན་འཇིག་རྟེན་གསུམ་ཤེས་རིན་པོ་ངེས་པར་དགུག ་དེ་ནས་གཞན་གྱི་ཆོ་ག་བཤད།། དགུག་སོགས་ཇི་ལྟར་གསུངས་པ་ཡི།། ཐོད་པ་དུམ་བུ་གཅིག་པའང་རུང་།། མཉམ་པར་མཛེས་ཤིང་བཟང་པོ་ལ།། བསྒྲུབ་པ་བྱ་བའི་ལུས་བྲི་ཞིང་།། དེ་བཞིན་འདབ་མ་བརླན་ཅན་བརྒྱའི།། སྔགས ་དང་མིང་ནི་ལྷན་ཅིག་ཏུ།། གསེར་གྱིས་ཤིང་གི་སྐྱུག་གུ་ཡིས།། བ་གླང་གི་ཧཾ་ཁྲག་གིས་བྲི།། ཁྲག་གིས་སྦགས་པ་ཡི་ནི་གོས།། བསྒྲུབ་བྱ་ཡི་ནི་སྟེང་དུ་གཡོགས།། སྙིང་ཟེར་མང་གང་མ་མ་ཛུམ་པའི་ཐངས་དུས་ཐུ་གཅིག་པ་ལ་འདི་ཐགས་དང་མ་ང་ཤྲི ་པོའི་སྔགས་ནི་གོ་བཟློག་ལ།། བཟླས་པ་སྦྱིན་སྲེག་བྱ་བ་སྟེ།། སྔགས་དང་འགྱིང་བར་བཅའ་ལུགས་ཀྱིས།། འདབ་མ་ར་རེ་རབ་བླང་སོ་ཤིང་།། ཡིད་ལ་འདོད་པ་མྱུར་དུ་དགུག། དེ་ནས་གཞན་ཡང་ཙན་དན་ཤིང་།། དམར ་པོའི་རང་བཞིན་གཟུགས་བརྙན་གྷ།། རང་གི་ཁྲག་དང་གཏོགས།། བྲིས་ཏེ་སྐྱོང་ཁར་གཟུག་པར་གྷ། ཆབ་གསུམ་གྱི་ལུས་ལ་བྱུག། ཟངས་མའི་ཁབ་ཀྱིས་བསྒྲུབ་བྱཱ་སོ+ོ།། སྐྱོད་ཁྭ་ལྟ་བ་གསང་བ་ཡི།། གནས་གསུམ་པ་ནཱ ་ཕུག་བྱས་ཏེ།། གང་འདོད་མཚན་མོ་ཕྱེད་ན་ནི།། དེ་ནི་མྱུར་དུ་དགུག་པར་འགྱུར།། གསེར་གྱི་ཙག་གཽ་བྷ་ག་ནི།། བྲིས་ཏེ་དེ་སྟེངས་ལག་གཡོན་གྱིས།། མནན་ཏེ་གོང་གཽ་མང་སྨོས་ཏེ།། བརྒྱ་དང་རྩ་བརྒྱད་བཟླས་བྱས་ན།། དེ་ནི ་སྐད་ཙོག་དེ་ལ་འོང་།། སྟེང་དུ་འཁོར་ལོའི་འདབ་བླངས་ཏེ།། བྱཱ་རོག་སྒྲོ་ཡི་སྨུག་གུ་ཡིས།། མིག་གི་ཆུ་ཡི་མིང་དང་ནི།། སྤེལ་བའི་འཁོར་ལོ་བྲི་བར་བྱ།། འབད་དེ་སྟེང་གི་རླུང་སྤུར་ན།། དེ་ནི་སྐྲོང་པའི་ཆོ་ག་ཉིད།། སྤྲེའུའི་ར ་པའི་རང་བཞིན་ལ།། ཕུར་བུ་སོར་ཆད་དྲུག་བྱ་སྟེ།། ལན་བདུན་དུ་ནི་མངོན་བསྔགས་པས།། གང་གི་སྒོ་རུ་བརྐོས་སྦས་ན།། དེ་ཡི་རིགས་ནི་གཅོད་པར་འགྱུར།། བ་གླང་གླང་པོ་རྟ་བོང་དང་།། རྔ་མང་མ་ཧེའི་གནས་རྣམས་སུ།། བརྐོས ་ཏེ་སྦས་ན་བརླག་པར་འགྱུར།། རླུང་གི་དཀྱིལ་འཁོར་ཞོན་ནས་ནི།། མགྲིན་རིངས་སྟེང་དུ་རབ་གནས་པ།། བསྒྲུབ་བྱ་ཕྱོགས་ཀྱི་གོས་ཅན་ལྟ།། སྐྲ་གྲོལ་ཏིལ་གྱི་མར་ཁུས་བྱུག། ལྷོ་རུ་ཕྱོགས་ཤིང་སྐྱ་བས་མེད་པ།། མྱོས་དང ་བཅས་ཤིང་ངུ་བཞིན་པ།། ཞགས་པ་ཡིས་ནི་ལག་བཅིངས་ཏེ།། རྒྱབ་ནས་བསྣུན་བཞོན་པ་ནི་བསམ།། མཁས་པས་དེ་ཚེ་མ་ཁ་ལྟ།། ཁམས་གསུམ་མནན་པའི་བསམ་པ་དང་།། གལ་ཏེ་འདོད་པ་བསྒྲུབ་འདོད་ན།། ཛ་ཡི ་མཐའ་ཅན་སྔག་ས་བཟླས་འགྲུབ།། རྟ་དང་མ་ཧེ་རབ་ཞོན་པས།། གཉིས་པོ་དག་ནི་རྟག་པར་བསམ།། བསྒྲུབ་བྱ་མཚོན་ཆས་རབ་སྤྲས་ལ།། ཕན་ཚུན་དུ་ནི་རྩོད་པར་ལྡན།། བསྒྲུབ་པོ་འཁྲུལ་འཁོར ་བསམ་གཏན་ཕྱོགས།། ཀུན་ཏུ་བརྩི་བ་མེད་སེམས་པར།། མ་ཧེ་རྟ་ལ་ཞོན་པ་ཡིས།། ཆར་བཅས་འཁོར་གྱི་ཁྱད་པར་གྱིས།། མིང་གི་ཡི་གེ་དེ་རྣམས་དང་།། རཾ་དང་ར་གྱིས་ཀུན་ནས་སྤེལ།། དེ་བཞིན་སྤྱི་བོའི་སྟེང་དུ་རཾ།། ཡན ་ལག་ལས་ནི་ཤོས་པར་བྱ།། རྀ་ཡི་རྩེ་མོར་གནས་གྱུར་པ།། རྡོ་རྗེ་སྐྱིལ་ཀྲུང་ངེས་བསྟན་པར།། དེས་ནི་བསྒྲུབ་བྱ་ཡང་དག་མནན།། ལུས་དང་ངག་དང་སེམས་ནི་གཟིར།། དེས་ནི་མ་སྔོན་དུ་གསུངས་པ་བཞིན།། མིང་གི་མཐའ ་མར་སྤེལ་བར་བྱ།། འདི་ནི་མནན་པའི་ཆོ་གའོ།། ལས་མཐའ་བསྲེག་མནན་འཕང་གསུམ་སྦྱར།། བགེགས་ཀྱི་བདག་པོའི་སྦྱིན་སྲེག། དཔལ་ནག་པོ་པས་མཛད་པ་རྫོགས་སྷོ།། ། པཎྜི་ཏ་ག་ཡ་དྷ་ར་དང་། ལོ ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། ། ཤུ་བྷཾ། ཤིན་ཏུ་མྱུར་བའི་ལྷ་ཆེན་པོ་གེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས།། རྒྱ་གར་སྐད་དུ། པུ་ཎ་དེ་ཝ་མ་ཧཱ་བི་གྷ་རཱ་ཛཱ་སཱ་དྷ་ནཱ་མ། བོད་སྐད་དུ། ཤིན་ཏུ་མྱུར་བའི་ལྷ་ཆེན་པོ་བགེགས ་