CLOSE WINDOW

GT2976: 'phags pa tshogs kyi bdag po la bstod pa
Wyliee-texts produced with BDRC’s OCR application

གྱིས་གང་བ།། བཞི་པ་ཕུབ་ཆུང་། ལྦུ་པས་བ་དན་རྩེ་གསུམ་པ། དྲུག་པས་འཕང་མདུང་བསྣམས་པའོ།། པདྨ་དམར་པོ་དང་ཉི་མའི་དབུས་ན་ཞབས་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པའོ།། ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་ནག་པོ་པས། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོ་ནས་ཕྱུང་བ་རྫོགས་སྷོ།། །། རྒྱ་གར་གྱི་པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས ་བསྒྱུར་བའོ།། ། ཚིགས་བདག་གི་བསྟོད་པ།། རྒྱ་གར་སྐད་དུ། ཨཱརྱ་གཿན་པ་ཏི་སྟུ་ཏི། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་ལ་བསྟོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་ལོ་ཀ་མགོན་མཛད་གནང་བར་མཛད།། དཔལ་མཛད་དེ་བཞིན་ཕན་པར་མཛད།། མཉམ་པ་མེད་ཅིང་དཔེ་མེད་པ།། ཚོགས་བདག་དེ་ལ་ཕྱག་འཚལ་ལོ།། གསང་སྔགས་དབང་ཕྱུག་རིག་སྔགས་རྒྱལ།། ལོངས་སྤྱོད་འབྱུང་གནས ་གཏེར་གྱི་མཆོག། འབྲས་བུ་མངོན་པར་སྟོན་པ་པོ།། ཚོགས་བདག་དེ་ལ་ཕྱག་འཚལ་ལོ།། དཔའ་བོ་ཆེན་པོ་བདུད་ལས་རྒྱལ།། སྟོབསོ་ཆེན་ཉོན་མོངས་གཡུལ་འཇོམས་ཤིང་།། བགེགས་འཇོམས་དུཿཁ་འཇོམས་མཛད ་པ།། གླང་ཆེན་སྣར་ལྡན་གཙོ་ལ་འདུད།། རིན་ཆེན་ཆེན་པོ་རིན་ཆེན་སྐུ།། རིན་ཆེན་ཆེན་པོ་རིན་ཆེན་འབྱུང་།། རིན་ཆེན་བསྟན་པ་བསྲུང་མཛད་པ།། གླང་ཆེན་སྣར་ལྡན་གཙོ་ལ་འདུད།། ཚོགས་ཀྱི་བདག་པོ་རྫུ་འཕྲུལ་ཆེ།། ལྷ་དམག ་དཀར་པོའི་དབུགས་འབྱིན་ཅིང་།། ལྷ་མིན་ནག་པོའི་གཡུལ་བཟློག་པ།། གླང་ཆེན་སྣ་ལྡན་གཙྪ་ལ་འདུད་།། སྐུ་ནི་ཡོན་ཏན་རིན་ཆེན་ཏེ།། གསུང་ནི་ཡོན་ཏན་ངོ་བོ་ཉིད།། ཐུགས་ནི་ཡོན་ཏན་བདག་ཉིད་ཅན།། གླང་ཚར་སྣར་ལྡན ་གཙོ་ལ་འདུད།། འཕགས་པ་ཚོགས་ཀྱི་བདག་པོ་ལ་བསྟོད་པ། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། ། བ.ལེགས་རྒྱལ་གྱི་བྲིས་བུའི་མན་ངག། རྒྱ་གར་སྐད་དུ། མ་ཧཱ་བི་ན་ཡ་ཀ་རཱུ་པ་ཨུ་པ་དེ་ཤ་རང་ན་ནཱ་མ། ་བོད་སྐད་དུ། བགེགས་བདག་ཆེན་པོའི་སྐུ་བྲི་བའི་མན་ངག་ཡིད་བཞིན་ནོར་བུ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། འཁོར་ལོ་སྡོམ་པ་ལ་བཏུད་དེ།། བགེགས་བདག་ཆེན་པོའི་བྲིས་སྤུ་བྲི།། རོ་ལ་གཡོག ་པའི་རས་སམ་ནི།། མཚོན་གྱིས་བསྣུན་པའི་རས་དང་ཡང་།། བུ་བཙས་ཤྲཱི་བའི་རས་དང་ནི།། བ་གླང་ལྤགས་སོགས་ཁྱུད་པོར་ལས།། ནག་པོའི་བརྒྱད་དང་བཅུ་བཞི་ལ།། འབྱུང་པོའི་དཀྱིལ་འཁོར་བསྒྲུབ་པར་བྱ།། རི་མོ་མཁན ་ཡང་དམ་ཚིག་ལྡན།། སྒྲུབ་པོ་དག་གིས་བྲི་བར་བྱ།། གྲུ་བཞི་པ་ལ་སྒྲོ་བཞི་པ།། སྒོ་བསྲུང་དག་ནི་ཡང་དག་ལྡན།། དངོས་གྲུབ་ཀུན་གྱི་ཡོན་ཏན་གནས།། འདོད་པའི་ཡོན་ཏན་ལྔས་གང་བ།། མཆོད་པ་ལྔ་ཡོས་བརྒྱན་པ་ཡིས།། ་དཀྱིལ་འཁོར་ཉམས་དགའ་བྲི་བར་བྱ།། དབུས་སུ་དཀྱིལ་འཁོར་ཀུན་དུ་ནི།། རེ་ཀས་བསྐོར་ཞིང་ཤིན་ཏུ་མཛེས།། པདྨ་འདབ་མ་བརྒྱད་པ་བྲི།། མེ་ཏོག་དམར་པོས་ལེགས་པར་མཆོད།། དྲི་དང་བདུག་པའི་ཁྱད་པར་དེང ་