| Wylie | e-texts produced with BDRC’s OCR application |
ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ། བགེགས་རྒྱལ་གྱི་སྲུ་ས།། རྒྱ་གར་སྐད་དུ། བི་ན་ཡ་ཀ་རཱ་ཛ་སཱ་དྷ་ནཱ་མ། བོད་སྐད་དུ། བགེགས་ཀྱི་རྒྱལ་པོ་བསྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་བཤད།། ལྷ་མོ་སྐལ་བ་ཆེན་མོ་ཉོམ།། མ་མོའི་ཁྱིམ་དང་ཉམས་ངགའི་གནས།། བློ་ལྡན་མཆོད་པ་སྔོན་འགྲོ་བས།། སྒོམ་པ་བཟོང་པོ་བྱ་བ་ཉིད།། འབད་པས ་བྲིས་སྐུ་དམྱིགས་ནས་ནི།། སྐུ་མདོག་དམར་པོ་ཆེར་འབར་བ།། སྐྱིལ་ཀྲུང་འགྱིང་བའི་གར་གྱིས་བཞུགས།། ཞལ་གཅིག་པ་ལ་སྤྱན་གསུམ་པ།། རལ་པའི་ཐོར་ཚུགས་ངག་གིས་བརྒྱམ། དམར་པོ་འབར་འཁྱིལ་འཇིགས་པའི་གཟུགས། ་མཆེ་བ་གཙིགས་པ་ཡང་དག་བྲི།། དགྲ་སྟ་གཏུན་ཤིང་ཉིད་དང་ཡང་།། དེ་བཞིན་དུ་ནི་མདའ་དང་གཞུ།། ཁ་ཊྭཱཾ་ག་དང་ལྕགས་ཀྱུ་དོང་།། ཐང་ཁྲག་དམར་པོ་འཁྱིལ་བ་དང་།། དེ་བཞིན་རྡོ་རྗེ་རལ་གྲི་དང་།། ཤ་ཚོན་ཐོད་པ་འཛིན་པ་དང་།། ་ཕུབ་ཆུང་བ་ངན་རྩེ་གསུམ་དང་།། འཕང་མདུང་ངག་དང་བཅུ་གཉིས་སོ།། ཨོཾ་གཿགཿསིདྡྷི་སིདྡྷི་སརྦ་ཨཱརྠ་ས་དྷ་མེ་པྲ་ས་དྷ་ཡེ་ཧཱུཾ་ཧཱུཾ་ཛཿཛཿསྭཱ་ཧཱ། ཞེས་སྤྱན་དྲངས་པའི་སྔགས་སོ།། ཨོཾ་ཨ་གཿཧཱུཾ་སྭཱ་ཧཱ། བཟླས་པ་རྩ་བའི་སྔགས་སོ།། ། ་སྟོང་ཕྲག་བརྒྱ་ཡིས་འགྲུབ་འགྱུར་བས།། དེ་ནས་ལས་རྣམས་ཡང་དག་བརྩམ།། ལན་ཅིག་ཡོངས་བཟླས་ཐིག་ལེ་བྱ།། སྔགས་པ་སྐལ་བཟང་མཐོང་ངོ་གར་འགྱུར།། རྒྱལ་པོའི་སྒོ་དྲུང་ཆེས་མཆོད་ཅིང་།། དགྲ་རྣམས་འཇིགས ་པས་འདུན་པར་འགྱུར།། བགེགས་རྣམས་སྐྲག་ཅིང་ཞི་བར་འགྱུར།། འདོད་པ་ཀུན་གྱི་འབྲས་སྟེར་བ་ར།། འགྱུར་བ་འདི་ལ་ཐེ་ཚོམ་མེད།། ཨོཾ་གཿགཿསིདྡྷི་སིདྡྷི་སརྦ་ཨརྠ་ས་དྷ་མེ་པྲ་ས་དྷ་ཡེ་ཧཱུཾ་ཧཱུཾ་ཛཿཛཿསྭཱ་ཧཱ། འགུགས་སྔགས ་ཉེར་གཉིས་པ་ལྕགས་ཀྱུའི་ཕྱག་རྒྱ་བྱས་ལ་བརྒྱ་རྩ་བརྒྱད་བཟླས་ལ་ལྷ་ཡུལ་ནས་དགུག་གོ། ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞེས་ཡི་གེ་བདུན་པ་གསུམ་གྱིས་གདོན་དབུལ་ལོ།། ཨོཾ་ཨ་གཿཧཱུཾ་སྭཱ་ཧཱ། རྩ་བའི་སྔགས་འབྲུ་དྲུག་པ་འབུམ ་བཟླས་སོ།། ཨོཾ་བཛྲ་ཨ་གུ་ཤ། བཛྲ་མོ་ཧཱ་གུ་ཧྱ་སིདྡྷི་ཨ་ཀཱཪྵ་ཡ་ཧཱུཾ་ཛཿཞེས་པ་དངོས་གྲུབ་བླང་བའི་སྔགས་ཡི་གེ་བཅོ་བརྒྱད་པ་བརྒྱ་རྩ་བརྒྱད་བཟླས་སོ།། ཨོཾ་ཨ་མུ་ཀ་ཛ~ཾ་ཝི་མ་ལ་ཡ། མོ་གྷ་ཛཾ་བྷ་ལ་ཨ་བྷ་བྷ་ཡ། ཨ་མུ་ཀཽ་མ་ར་ཡ་ཧཱུཾ ་ཕཊ་སྭཱ་ཧཱ། ཞེས་པ་ནོར་སྤེལ་བའི་སྔགས་ཡི་གེ་ཉྩིར་གཅིག་པ་བརྒྱ་རྩ་བརྒྱད་བཟླས་སོ།། ཨོཾ་མུ་ལེ་བྷྲཱུཾ་ཞེས་པ་བཙུན་པའི་སྔགས་ཡི་གེ་བཞི་པ་བརྒྱ་རྩ་རེ་བཟླས་སོ།། བགེགས་བདག་ཆེན་པོ་སུ་མདོག་དམར་པོ་ཞབས་གཡས ་བརྐྱང་བ། ཞལ་གཅིག་སྤྱན་གསུམ་པ། མཆེ་བ་གཙིགས་པ། སྦོམ་ལ་ཐུང་བ། གསུས་ཁྱིམ་ཆེ་བ། ཐོར་ཚུགས་འཁྱིལ་བ། འཇིགས་ཤིང་རྔམ་པ། གླང་པོའི་གདོང་ཅན། དར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་བཅུ ་གཉིས་ཀྱི་གཡས་དང་པོ་དགྲ་སྟེ། གཉིས་པ་གཏུན་ཤིང་། གསུམ་པ་མདའ་གཞུ། བཞི་པ་ཁ་ཊྭཱཾ་ག། ལྔ་པ་ལྕགས་ཀྱུ། དྲུག་པ་ཐོད་པ་ཁྲག་གིས་གང་བ། གཡོན་གྱི་དང་པོ་རྡོ་རྗེ། གཉིས་པ་རལ་གྲི། གསུམ་པ་ཐོད་པོ་ཤ་ཆེན ་གྱིས་གང་བ།། བཞི་པ་ཕུབ་ཆུང་། ལྦུ་པས་བ་དན་རྩེ་གསུམ་པ། དྲུག་པས་འཕང་མདུང་བསྣམས་པའོ།། པདྨ་དམར་པོ་དང་ཉི་མའི་དབུས་ན་ཞབས་གཡོན་བརྐྱང་བའི་གར་སྟབས་ཀྱིས་བཞུགས་པའོ།། ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་ནག་པོ་པས། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་མཁའ་འགྲོ་ནས་ཕྱུང་བ་རྫོགས་སྷོ།། །། རྒྱ་གར་གྱི་པཎྜི་ཏ་ག་ཡ་དྷ་ར་དང་། ལོ་ཙ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས ་བསྒྱུར་བའོ།། ། ཚིགས་བདག་གི་བསྟོད་པ།། རྒྱ་གར་སྐད་དུ། ཨཱརྱ་གཿན་པ་ཏི་སྟུ་ཏི། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་ལ་བསྟོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་