| Wylie | e-texts produced with BDRC’s OCR application |
སློབ་དཔོན་ནག་པོ་བྱས་མཛད་པ་རྟོགས་སོ།། པཎྜི་ཏ་གཱ་ཡ་དྷཱ་ར་དང་། ལོ་ཙ་བ་ཛོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའི།། །། རྒྱ་གར་སྐད་དུ། ཧཱུ~ཾ་བཛྲ་ནཱ་ཀཾ་ནི་སཱ་དྷ་ན་མོ། ་བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོའི་བསྒྲུབ་ཐབས་ཞེས་བྱ་བ། ཧེ་རུ་ཀ་དཔལ་ཕྱག་འཚལ་ནས།། རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་བཤད།། འདི་ཉིད་ཆོ་གས་བསྒྲུབས་གྱུར་ན།། མ་མོ་རྣམས་ཀྱང་བསྒྲུབ་པའི ་མཆོག། དེ་དབུས་ཁྲོ་བོ་ཆེན་པོ་ནི།། ཞལ་གཅིག་པ་ལ་ཕྱག་བཞི་པ།། ཞལ་གྱི་མཆེ་བ་ཅུང་ཟད་གཙིགས།། ཁྲོ་བཅས་ཞལ་ནི་བཞད་པ་དང་།། སྐུ་མདོག་སྔོ་ནག་འཇིགས་ཆེན་པོ།། ཐོད་པའི་ཕྲེང་བས་བརྒྱན་པའོ།། རོ་དང ་ཉི་སྟེང་གཡོན་བརྐྱང་ཞིང་།། གཡས་བསྐུམ་སྟག་ལྤགས་ཀྱིས་བརྒྱན་པ།། གར་ལྡན་སུམ་ཅུ་གསུམ་འཇིགས་མཛད།། སྤྱན་གསུམ་ཆེར་བསྐྲད་བགེགས་ཀུན་གནོན།། རྡོ་རྗེ་ཐོང་ཁྲག་ཐུགས་ཁར་འཇིམ།། འོག་མས་མངའ ་གཞུ་རྒྱབ་ནས་འགེངས།། ཚོགས་བདག་སྟོང་པའི་ངང་ཉིད་ན་ལས།། ཨ་ལས་པདྨ་རི་ཉིད་ལས།། ཉི་སྟེངས་ཧཱུཾ་ལས་རྡོ་རྗེ་ལསོ།། རང་ཉིད་ཁྲོ་རྒྱལ་གསལ་བའི་མདུན།། གཿལས་གྱུར་པའི་བགེགས་བདག་བསྐྱེད།། དགུག་སྔགས ་བརྒྱ་ཡིས་སྤྱན་དྲངས་ཏེ།། ཕྱག་མཆོད་བསྟོད་པས་དངོས་གྲུབ་བླངས།། གལ་ཏེ་འགོར་ན་རང་ཉིད་ལུས།། ཧཱུཾ་མཛད་སྐྱེད་རིམ་བརྟན་བྱས་ནས།། གསང་སྔགས་འབུམ་བཟླས་ཞབས་འོག་བཅུག། ཕྱག་གཡས་མཐེ་བོང་མཐེ་ཆུང ་མནན།། མཛུབ་གསུམ་རྡོ་རྗེའི་ཕྱག་རྒྱ་ཡིས།། གཟིར་ཏེ་ཐུགས་ཀའི་པད་སྟེང་གི། རཾ་ལས་མེ་འབར་ཚིག་པ་ཡིས།། སྐྲག་སྟེ་ཐལ་སྦྱོར་གུས་བཏུང་ནས།། བཀའ་ཉན་དངོས་གྲུབ་སྟེར་བར་བསམ།། ལྷ་ཆེན་གཟིར་བའི་མན་ངག ་གཞན།། མོ་བྲི་སྡིག་ཆེ་ནལ་ལོས་ཤོས།། གྲུབ་པ་བརྙེས་པའི་རྣལ་འབྱོར་པ་ནག་པ་སྤྱོད་པའི་ཞལ་སྔ་ནས་མཛད་པ་རྫོགས་ས། རྒྱ་གར་གྱི་པཎྜི་ཏ་ག་ཡ་དྷ་ར་དང་། བོང་ཀྱི་ལོ་ཙཱ་བ། འབྲོག་མཾ་ཤཱཀྱ་ཡེ་ཤེས ་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ། བགེགས་རྒྱལ་གྱི་སྲུ་ས།། རྒྱ་གར་སྐད་དུ། བི་ན་ཡ་ཀ་རཱ་ཛ་སཱ་དྷ་ནཱ་མ། བོད་སྐད་དུ། བགེགས་ཀྱི་རྒྱལ་པོ་བསྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ ་